རྣམ་སྤེལ་ཚང་བློ་བཟང་སྦྱིན་པས
རྣམ་སྤེལ་ཚང་དེ་ལྷག་བསམ་དཀར་བ་ཡིས། །འཁོར་འདས་དབྱེ་བའི་ཉེན་བརྡ་ལན་གཅིག་བཏང། །
༄༅། །ཞྭ་སེར་བསྟན་པའི་གཙུག་ནོར་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང། མཚུངས་མེད་ཤར་བྱང་གི་ཆོས་རྗེེ་རྣམ་གཉིས་ཀྱིས་དབུས་གདན་སའི་སྲོག་ཤིང་མཁན་ལས་ཟུར་ལྷན་རྒྱས་ཀྱི་༸ཞབས་དྲུང་དེུ།
ཞུ་ཧམ་སྙན་བསུན་དུ་མ་དགོངས་པར་དཔྲལ་བ་ཞབས་ལ་གཏུགས་ཏེ་ཕྱག་བཅས་ཞུ་གསོལ་འདེབས་སྙིང། ལྷ་དགོངས་སུ་མངལ་གསལ་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་རྣམས་ནི་སྤྱིར་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་སྤྱི་དང་། ཁྱད་པར་དུ་ཕྱི་རུ་ཉན་ཐོས་སྤྱོད་པ་ཞི་ཞིང་དུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བའི་ལྟ་སྤྱོད་གཙང་མའི་རིང་ལུགས་འཛིན་པའི་བླ་རབས་རིམ་བྱོན་གྱི་གནས་གཞི་ཡིན་པ་དང་། གདན་ས་ཆེན་པོ་དེ་དག་ཏུ་བསླབ་པ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་རྣམས་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་འཁོར་བའི་བྱ་གཞག་ལ་སྙིང་པོ་མེད་པར་གཟིགས་ཏེ་བསྟན་འགྲོའི་དོན་ཆེན་འཁུར་འགན་བཞེས་མཁན་སྐྱབས་གནས་ཀྱི་ཡུལ་ཞིག་ལ་དད་ལྡན་ཀུན་གྱིས་ངོས་འཛིན་བརྩི་བཀུར་ཞུ་གི་ཡོད་པ་ལྟར། ད་ཕན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་རླབས་ཆེན་གྱི་མཛད་རྗེས་ཁ་ཡོད་ལག་ཡོད་རང་གཞན་སྐྱེ་བོ་ཀུན་གྱི་མིག་གི་སྤྱོད་ཡུལ་དུ་གྱུར་པ་དེར་སུའི་ཕྱོགས་ནས་ཀྱང་སྐྱོན་འདོགས་བྱས་པའི་ལག་ཆར་མ་སོང་བ་དགོས་རྒྱུ་ནི་གནད་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ཡང། གནའ་རབས་བོད་ཀྱི་གཏམ་དཔེར། ཆོས་རར་ཆོས་དང་། གཞས་རར་གཞས། ཞེས་བཤད་སྲོལ་ཡོད་པ་བཞིན་ཆོས་སྲིད་ཀྱི་མི་སྣ་གཙོ་བོའི་འགན་ཁུར་ཐ་དད་དུ་ཡོད་རུང་། ད་རེས་སྐབས་འདིའི་བཀའ་ཁྲིའི་འོས་གཞི་དང་འབྲེལ་བའི་གནང་ཕྱོགས་ཐོག་ཆོས་སྒར་ཁག་ནང་དམ་ཆོས་འདུལ་བའི་བཅས་ཁྲིམས་དང་། དགེ་འདུན་གྱི་ནང་ཁྲིམས། འཇིག་རྟེན་ཡ་རབས་ཀྱི་བཟང་སྤྱོད་བཅས་དང་མི་མཐུན་པའི་གནང་ཕྱོགས་ཇི་སྙེད་ཅིག་བྱུང་ཚོད་འདུག་པ་ནང་དོན་མཁྱེན་རྟོགས་སླད་དཔེ་མཚོན་རེ་ཟུང་སྙན་གསེང་ཞུ་རྒྱུར།
གང་ཟག་སོ་སོའི་འོས་ཤོག་སུ་ལ་འཕེན་དང་མི་འཕེན་རང་ཐག་རང་གཅོད་བྱེད་པའི་རང་དབང་དང་ཐོབ་ཐང་རང་ཉིད་ལ་སོ་སོའི་ལག་ཏུ་ཡོང་རུང་། དགོན་གྲྭའི་ནང་འོས་གཞིར་ཡོད་པའི་མི་སྣ་བྱེ་བྲག་པ་ཡོང་དུ་བཅུག་སྟེ་གཏམ་བཤད་ཀྱི་གོ་སྐབས་གནང་ནས་དགོན་སྡེ་གྲྭ་ཚང་སྲིད་དོན་གྱི་ཁྲོམ་ར་ལྟ་བུ་བཙོག་པ་བཟོས་པ་དང་། གདན་སའི་ཁོར་ཡུག་ནང་འོས་གཞིར་ཡོད་པའི་མི་སྣའི་ངོ་སྤྲོད་སྦྱར་འགྲེམས་དང་ཕར་ཕྱོགས་པོའི་ཡིག་ཆ་དབྲལ་བ། གྲྭ་པས་ཁྱིམ་པ་མི་ནག་གི་རྐུབ་གཡོག་རྒྱུགས་ཏེ་གཞིས་ཀེམ་ཁག་གང་སར་རྒྱབ་སྐྱོར་འོས་ཤོག་སྐུལ་སློང་དུ་བསྐྱོད་པ། གྲྭ་པས་འདོད་ཕྱོགས་ཀྱི་བཀའ་ཁྲིའི་འོས་གཞི་བཏོན་པ། འོས་གཞིར་ཡོད་པའི་གང་ཟག་བྱེ་བྲག་པའི་རྒྱབ་སྐྱོར་དུ་གཅིག་བསྟོད་གཅིག་སྨད་ཀྱི་རྩོམ་ཡིག་སྤེལ་བ་དང་གཏམ་བཤད་བྱས་པ། ཕྱོགས་གཏོགས་དཔུང་བསྒྲིགས་ཀྱིས་ཤུགས་སྣོན་བྱས་པ་སོགས་ཁག་གཅིག་གིས་དེང་དུས་གསར་བརྗེའི་ཁུར་ལེན་ལ་བསྙད་དེ་ཧོལ་རྒྱུགས་ཀྱིས་གནའ་རབས་བཟང་པོའི་བསམ་སྤྱོད་དང་བྲལ་བ། འགའ་ཞིག་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་རྣམ་དཔྱོད་ཀྱིས་མི་ལྡེང་བར་གཞན་ཟེར་རྗེས་སུ་འབྲངས་པ། ཁ་ཤས་ཤེས་བྱའི་གནས་ལ་འཕུར་ལྡིང་གི་གཤོག་རྩལ་མ་སྙོབས་པ། ལ་ལས་རང་རེའི་གནས་སྟངས་ངོ་མ་ངོས་མ་ཟིན་པ་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་མ་རྟོགས་པ་སོགས་ཕྱོགས་རིས་འཐེན་འཁྱེར་གྱི་རྣམ་པ་སྔར་བས་མངོན་གསལ་ཇེ་ཆེར་ཐོན་པར་བརྟེན། མང་ཚོགས་ཀྱི་ཁྲོད་དུ་གདན་ས་ཁག་སུས་ཁ་ལོ་བསྒྱུར་ཐུབ་པའི་འོས་མི་དེར་འོས་འཐོབ་རྒྱུར་ངེས་པ་རེད། ཅེས་ཁ་རྒྱུན་དུ་ཆགས་པ་དང་འབྲེལ། གྲྭ་ཚང་འདི་སྐུ་ངོ་གླང་ཆེན་ལགས་ཀྱི་ཕྱོགས་གཏོགས་རེད། དགོན་པ་འདི་ཨ་ཕོ་སྟག་གི་རྒྱུགས་ཁྱི་རེད། ཁང་ཚན་འདི་ཨ་ལྕེ་ཝ་མོས་བེད་སྤྱོད་བྱེད་ས་རེད། མི་ཚན་འདི་ཨའུ་ནེ་ཙོ་དང་ལག་སྦྲེལ་རེད། ཟེར་བ་ལྟ་བུ་འཕགས་པའི་དགེ་འདུན་གྱི་སྡེ་ཕྱོགས་སུ་ལྷུངས་པའི་ཡུལ་ཞིག་ཏུ་ངོས་འཛིན་བྱེད་པ་འདི་དག་འཕྲལ་ཕུགས་ཀྱི་ཁེ་གྱོང་ཇི་བཞིན་མི་རྟོགས་པའི་མྱོང་རྒྱུས་མེད་པའི་གྲྭ་པ་ཉུང་ཤས་ཀྱིས་ཧོལ་རྒྱུགས་བྱས་པའི་བྱ་ལས་ཤིག་ལས་མ་འདས་ཀྱང་། གདན་ས་སྤྱིར་མཐོང་ཕྱོགས་བཟོས་པ་རེད། ལྷག་བསམ་སེམས་ཁུར་ཅན་གྱི་མི་སྣ་ཕལ་མོ་ཆེས་༸སྐྱབས་མགོན་ཐུགས་རྗེའི་བདག་ཉིད་ཀྱིས་ཐུགས་རེ་དང་བཅས་མང་གཙོ་གསོལ་རས་གནང་བ་དེ་བྱིས་པའི་ལག་ཏུ་མཚོན་ཆ་སྦྱིན་པ་ལྟ་བུ་བྱུང་སོང་སྙམ་པའི་བློ་ཕམ་དང་བཅས་སེམས་འཚབ་ཡོང་གཞིའི་རྒྱུ་དེ་ཆོས་བྱེད་དགེ་འདུན་པར་གཏན་ནས་མ་ཕོག་པ་ཅིས་ཀྱང་དགོས་གལ།
དེ་ཡང། སངས་རྒྱས་ཆོས་དང་དགེ་འདུན་སྡེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར། སྐྱབས་གནས་དཀོན་མཆོག་གསུམ་ལ་མཚོན་ན། བདག་སོགས་ལས་ཉོན་སྡིག་སྒྲིབ་དབང་གིས་སངས་རྒྱས་མཇལ་བའི་བསོད་ནམས་ནི་མེད། ཆོས་ཀྱི་གོ་རྟོགས་ཉམས་ལེན་བྱེད་པའི་བློ་གྲོས་ཀྱིས་ཕུང། ཟླ་གྲོགས་དགེ་འདུན་པ་ཉེ་རིང་ཆགས་སྡང་དབང་དུ་སོང་ཚེ། ཡར་འདྲེན་སུ་ལ་བཅོལ་དགོས་སམ།
སྤྱིར་བཏང་དགེ་འདུན་པས་ད་མུས་བཞིན་བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པ་སྤྱིའི་བདེ་རྩ་དང་འབྲེལ་བའི་ལས་འགུལ་ཞུ་ཕྱོགས་ཐད་། ཞི་ཞིང་དུལ་བའི་ངང་ཚུལ་ཐོག་འཕྱར་གྲུ་མཉམ་འདེགས་ཀྱི་ཐུགས་འགན་མཉམ་ལེན་ཐོག་སྤྱི་ཚོགས་ནང་དྲང་དང་མ་དྲང་། འགོ་འདྲེན་ལྟག་སྒོ་བརྒྱུད་པ། ལྐོག་ཟ་རུལ་སུངས་བྱས་པ། ཆོས་ལུགས་ལུང་ཚན་སྐོར་ལབ་རྙོག སྤྱི་དོན་འཐུས་ཤོར། མཐོ་ལ་སྤྲེལ་ལད་དང་། དམན་ལ་མཐོང་ཆུང་ཐུབ་ཚོད་སོགས་ཚུལ་མིན་གྱི་གནས་ཚུལ་ལྷག་ཚེ། བློ་གཟུ་བོར་གནས་པའི་ཐོག་ནས་ཐེར་འདོན་དང་སྦྲགས་ཁུངས་ལུང་རྒྱུ་མཚན་དང་བཅས་པའི་ཐོག་ནས་དགེ་འདོན་ཡོ་བསྲང་གི་དགོངས་འཆར་ལྷུག་པོ་གནང་བའི་འོས་བབ་སྐྱེ་བོ་ཕལ་པ་ལས་ལྷག་པ་ཡོད། འོན་ཀྱང་ཆོས་མིན་གྱི་བྱ་བྱེད་མང་བའི་རྙོག་འཛིངས་ནང་གསུམ་ལྡན་འདུལ་བ་འཛིན་པས་ཐེ་བྱུས་གནང་དྲགས་ན། སྔར་གྱི་ལོ་རྒྱུས་རིམ་པའི་ནང་གནས་རྙོག་བྱུང་བ་བཞིན་ཕུགས་སུ་བསྟན་པ་དེ་འཛིན་དང་བཅས་པར་ཤིན་ཏུ་གནོད་ཚབས་འབྱུང་དོགས་དང།
ལྷག་དོན་འདི་ལོ་རི་བོ་དགེ་ལུགས་པའི་སྤྱི་འཐུས་ཀྱི་འོས་གཞིའི་ནང་། དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་༼ད་ལྟ་བཀའ་བརྒྱུད་སྤྱི་འཐུས་འོས་གཞི་ཨང་གསུམ་པ་ཡིན།༽ དང་། ཆུ་སྒང་ཚོགས་གཙོ་བོན་འཐུས་གཡུང་དྲུང་རྒྱལ་མཚན་༼ད་ལྟ་མདོ་སྟོད་སྤྱི་འཐུས་འོས་གཞི་ཨང་དྲུག་པ་ཡིན།༽ གཉིས་དགེ་འཐུས་འོས་གཞིའི་ཁོངས་ཨང་རིམ་མཐོ་གྲས་སུ་སླེབས་ཡོད་ཚོད་ཀྱང་། དོ་བདག་སོ་སོ་རང་ངོས་ནས་ཕྱིར་འཐེན་གནང་སྐད་འདུག ཆོས་ལུགས་ཀྱི་སྤྱི་འཐུས་ཆོས་ལུགས་དེ་གའི་ཆོས་བྱེད་གྲྭ་བཙུན་གཉིས་ལས། མི་སྐྱས་འོས་འཕེན་བྱེད་པའི་ཐོབ་ཐང་མེད། ཁོང་གཉིས་ཀར་གུས་པ་སྒེར་ངོས་ནས་ཁབ་སྐུད་ཙམ་གྱི་རྩོད་པ་དང་། མི་དགའ་བ་སྡང་ཟུག་བྱེད་པའི་གནས་དོན་ཅི་ཡང་མེད། ཁོང་གཉིས་དགེ་འཐུས་འོས་གཞིར་འདེམས་བསྒྲུགས་བྱས་པ་དེ་ཁོང་གཉིས་ཀྱི་སྐྱོན་ཆ་མིན། འདེམས་བསྒྲུགས་གནང་མཁན་གྱི་བསམ་སྤྱོད་ལ་སྐྱོན་ཞུགས་པའི་རྟགས་རེད། གདན་སའི་ཁོངས་གཏོགས་ཆོས་དང་ཆོས་མིན་གསུང་མཁན་གྱིས་འདི་ལྟའི་གནས་སྟངས་ནི་སྤྱིར་གཞུང་སར་གནས་དུས་ཚོད་རྩིས་ཀྱིས་ཁབ་སྙུང་ནང་འགྲོ་བྱས་པ་དང་། ཡང་སྒོས་དགེ་ལུགས་པའི་བསྟན་པ་དེ་འཛིན་དང་བཅས་པར་ཁྱད་གསོད་ཞབས་འདྲེན་དུ་འགྲོ་གཞིའི་བྱ་སྤྱོད་འདི་རིགས་ཀྱིས་དགེ་ལྡན་བསྟན་ལ་རྨ་འབྱིན་པའི་ཡུལ་ཆགས་ཉེན་ལ་བརྟེན་དམིགས་བསལ་གྱི་ཐུགས་སྣང་ཡོང་བའི་གསོལ་འདེབས་དང་།
དགོངས་གསལ་འདས་པའི་མི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་དུས་ཡུན་ནང་། བོད་འབངས་ཀྱི་སྤྱི་མཐུན་གྱི་ལས་ངན་སྤྱི་དང་། ལྷག་པར་ཆབ་སྲིད་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་འགའ་ཤས་ཀྱིས་བྱས་ཤིང་བསགས་པའི་རྣམ་སྨིན་ད་ལྟ་གཞིས་བྱེས་བོད་མི་ཡོངས་ཀྱིས་མྱངས་དང་མྱོང་བཞིན་པ་འདི་དང་། ད་ལྟ་རང་ཅག་གི་སྒོ་གསུམ་ཚུལ་མིན་མ་རབས་ཀྱི་བྱ་སྤྱོད་དང་། སྤྱི་མཐུན་གྱི་ལས་གསོག་སྟངས་བཅས་པར་གཞིགས་ན། འབྱུང་འགྱུར་བོད་འབངས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོང་སྙམ་པའི་དངངས་སྐྲག་དང་། རང་རེ་རྣམས་ལ་ཀུན་སྙོམས་ཉི་མ་ལྟར་མཛད་མཁན་བླ་ན་མེད་པའི་དབུ་ཁྲིད་འདི་འདྲ་ཞིག་ཡོད་པ་དེ་ཡང་བོད་མིའི་བསོད་ནམས་ཀྱིས་འཆུན་ཨེ་ཡོང་སྙམ་པའི་རི་བོང་གནམ་རྡིབ་ཀྱི་སེམས་ངལ་སྐྱེ་གཞི་ཞར་བྱུང་སྙན་བསྐུལ་དུ་གསོལ་བ་འདི་ཐོག་ལའང་དགོངས་བཞེས་ཟབ་ནན་གནང་སྐྱོང་།
སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོན་མེད་དུ་གནས་སྐབས་སུ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ལས། བསྟན་པ་ཉམས་དམས་པའི་སྐབས་ལ་ཁྲིམས་སྣེ་གཅིག་བསྲུངས་པ་ཕན་ཡོན་ཆེ་བར་གསུངས་པ་ལྟར། ད་ལྟ་བླ་མ་དགེ་བའི་བཤེས་གཉེན་སྐྱེས་ཆེན་བགྲེས་སོང་མང་པོ་འཚོ་ཞིང་གཞེས་པའི་སྐབས་འདིར་འདས་པའི་ཉམས་མྱོང་ལ་གཞི་བཅོལ་ཏེ། སླད་ཕྱིན་ཁྱབ་ཁོངས་དགོན་སྡེ་ལེ་ལག་དང་བཅས་པར་སྐབས་འཚོལ་བ་ཆབ་སྲིད་འཁྲབ་སྟོན་པ་རྣམས་ཀྱི་འཁྲབ་སྟོན་བེད་སྤྱོད་བྱེད་པའི་སྡིངས་ཆ་ལྟ་བུར་མི་འགྱུར་བ་སྔོན་འགོག་དང་། ཆབ་སྲིད་ལ་དོ་སྣང་བྱེད་པ་དང་། ཆབ་སྲིད་ནང་དངོས་སུ་འཛུལ་ཞུགས་བྱེད་པ་གཉིས་ཀྱི་དབར་ཁྱད་པར་ཆེན་པོ་ཡོད་པས་ཆབ་སྲིད་ནང་འཛུལ་ཞུགས་མི་ཆོག་པ།
གདན་སའི་ཁོར་ཡུག་ལ་གཞུང་འབྲེལ་མིན་པའི་འདུ་འཛོམས་དང་ཡིག་ཆ་སྦྱར་འགྲེམས་གཏན་ནས་མི་ཆོག་པ། མདོར་ན་དགོན་པ་གྲྭ་ཚང་ཁག་ཕར་ཕྱོགས་དང་ཚུར་ཕྱོགས་ཟེར་བའི་དབྱེ་མཚམས་མཐའ་གཉིས་སུ་མ་ལྷུངས་པ་དཀྱིལ་དུ་གཙང་མར་གནས་ཐབས་བཅས་ཀྱི་ཐོག་ནས་ཐུགས་རྒྱུས་མངའི་གནང་ཕྱོགས་སྟངས་འཛིན་ཡོང་བའི་ལྷག་བསམ་ཟོལ་མེད་ཀྱི་བསམ་འཆར་འདི་བཞིན། ངག་གཏམ་དྲང་པོར་སྨྲས་ན་ཕལ་ཆེར་ཁྲོ། །སེམས་བཟང་གཏིང་ནས་དཀར་ན་སྐྱོན་དུ་བརྩི། །གསུངས་པ་ལྟར་དངོས་བདེན་གྱི་སྐད་ཆ་སྙན་དབང་དུ་མི་འཇེབས་ཀྱང་། དོན་ལ་ཕན་པའི་ཡིད་ཆེས་དང་བཅས་ཁ་ཚ་དགོས་གཏུགས་ཀྱིས་སྙན་སྐུལ་མི་འབུལ་ཀ་མེད་བྱུང་སོང་བས་དགོངས་འགལ་གྱི་རྣམ་པ་སྐད་ཅིག་ཀྱང་མེད་པ་ཞུ་རྒྱུ་དང་།
དེ་ཡང་གནང་ཕྱོགས་ཐད། འདས་པ་ལས་མ་འོངས་པ་གཙོ་ཆེ་བར་བརྟེན། རིང་མིན་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆ་ཚང་གྲུབ་མཚམས་ཙམ་ནས་གོང་གི་གནས་ཚུལ་ལ་གཞིགས་པའི་ཕྱིས་འབྱུང་གནང་ཕྱོགས་གང་དགའ་ཅི་ལེགས་དགོངས་བཞེས་བཀའ་བསྡུར་གནང་འོས། དེ་མིན་རླུང་རྟ་དང་ལམ་འགྲོ་མེད་དུས་ལྟོ་ལ་མར་བཟས་ཀྱང་། རྐན་ལ་རུས་པ་ཟུག་ཉེན་གྱི་དཔེ་ལྟར་དོན་མེད་བརྒྱུད་སྐུལ་བྱེད་མཁན་ལ་ལན་ཁག་ཕོག་ཉེན་དུ་མངོན།
གོང་དུ་སྙན་གསོལ་ཞུས་པ་འདི་དག་རང་ཉིད་ཀྱིས་དངོས་སུ་མཐོང་བ་མེད་ཀྱང་། ས་ཁུལ་མི་འདྲ་ནས་མི་མི་གཅིག་པའི་བརྒྱུད་ནས་གནས་ཚུལ་ཁག་འགའ་ཐོས་པ་རྩེ་མཐུན་ལྟ་བུ་འདུག་པར་གཞི་བཅོལ་བྱས་ཁུལ་ཡང་ཐག་རིང་གཏམ། ཕྱེད་བདེན། ཕྱེད་མི་བདེན། ཟེར་བ་ལྟར་གལ་ཏེ་བདེན་འབྲེལ་མིན་ཚེ་དམིགས་བསལ་གྱི་དགའ་ཚོར་དཔག་མེད་ཡོང་རྒྱུ། རང་ཉིད་རི་བོ་དགེ་ལུགས་པའི་རྗེས་འཇུག་གྲལ་མཐར་གནས་པ་ཞིག་ཡིན་ཡང་། ཁ་ཕོར་བཙོག་ཀྱང་ཨ་ཕའི་ལྟོ་ཕོར་རེད། ཟེར་ནས་རྨོངས་ཞེན་གྱིས་སྐྱོན་ཆར་མཐོང་ཐོས་རིགས་བཀབ་ན། གནས་སྐབས་རྣ་བར་འཇམ་ཡང་ཕུགས་སུ་རང་དྲིན་རང་ཆུང་དུ་འགྱུར་དོགས་ཀྱིས་རྒྱབ་བཤད་ལྐོག་ལབ་མ་བྱས་པར་ནང་ཚོགས་ཤ་ཚའི་ཚུལ་དུ་གང་བསམ་ནང་སྙན་ཞུས་པ་འདི་བཞིན། གལ་སྲིད་བདག་སྤྲོད་ཆ་འཛིན་གནང་རིན་མཆིས་པ་ཞིག་མ་གཟིགས་ཚེ་དབྲལ་ཏེ་གད་སྙིགས་ནང་གཡུག་པ་ལས་འོས་མེད་པས་དེ་དོན་མཛད་ཕྱོགས་གང་འགབ་དགོངས་རྒྱ་ཆེ་བཞེས་ཡོད་པ་རྣམ་མངའ་མཁྱཻན།
ཨ་རི་ནས་སྐྱབས་འོག་པ་གཞུང་ཞབས་བགྲེས་ཡོལ་བ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པས་༢༠༡༡ ཟླ་༡ ཚེས་༡ ལ་ཕྱག་བཅས། ཕུལ་བའི་ཞུ་སྙན།
གོང་གི་སྙན་ཞུ་འདི་ལྷག་བསམ་དཀར་ལ་ཕྱོགས་རིས་ཀྱི་དྲི་ནག་གིས་མ་གོས་པ་སྐུ་སྒེར་དྲུང་ཟུར་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ནས་ཆེན་པོ་ཁག་ལ་ཕུལ་བའི་སེམས་གཏམ་བླ་མེད་ཅིག་རེད་འདུག ཚང་མས་དཔྱད་གཞིར་མཛོད།
ཨ་ཧོ། འདི་ཕྱི་གཉིས་ཕན་གྱི་ཞལ་གདམས་ཟབ་མོ་ཞིག་འདི་ན་གདའ། སྐལ་ལྡན་ཚོ། ཉམས་སུ་ལོངས་ཤིག
======================================================
༈ རྣམ་དག་ལྷག་བསམ་རྒྱ་མཚོའི་དཔལ་ཡོན་ཀུན་ཕན་གསོས་སུ་སྤེལ་བའི་གཏམ།།
བློ་བཟང་རྒྱལ་བ་རྒྱ་མཚོའི་བསྟན་ལ་ཐོས་བསམ་མཛད་པའི་དགེ་འདུན་ཚོར།།
སྦྱིན་པ་འདི་ཀོ་ཤིན་ཏུ་ལེགས་སོ་ད་དུང་འདི་འདྲའི་གསུང་ཕྲིན་གྱི།།
བདུད་རྩིའི་དགའ་སྟོན་དུས་སུ་འགྱེད་པར་སྙིང་ནས་རེའོ་སྐུ་ངོ་ལགས།།
*********************************************************************************
——————-_____________________________________________________________
སེམས་བཟང་གཏིང་ནས་དཀར་ན་སྐྱོན་དུ་བརྩི། །གསུངས་པ་ལྟར་དངོས་བདེན་གྱི་སྐད་ཆ་སྙན་དབང་དུ་མི་འཇེབས་ཀྱང་། དོན་ལ་ཕན་པའི་ཡིད་ཆེས་དང་བཅས་ཁ་ཚ་དགོས་གཏུགས་ཀྱིས་སྙན་སྐུལ་མི་འབུལ་ཀ་མེད་བྱུང་
gud gud gud . thinking you very mach mr Lobsang la.
ལྷག་བསམ་འོ་མའི་རྒྱ་མཚོ་ལས། །ཐོན་པའི་སྙིང་གཏམ་མར་གྱི་བཅུད། །བསྟན་པ་སྤྱི་དང་དགེ་ལྡན་པ། །ཕྱི་ནང་གཙང་པའི་རྒྱན་ཏུ་ཆེ། །
རང་མི་རིགས་ལ་ལྷག་བསམ་གངས་ལྟར་དཀར་བའི་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ལ་སྙིང་དབུས་ནས་གུས་བཀུར་ཡི་རང་ཞུ་བཞིན་ཡོད་ལ་དུས་ལ་རན་པའི་བཀའ་སློབ་འདི་ལྟ་བུ་སྤེལ་བར་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུའོ། །མ་ཟད་ཁོང་གིས་ཆོལ་ཁའི་ཞེན་ནག་གི་འཆིང་རྒྱ་ཡོངས་སུ་སྤངས་ཏེ་བོད་བསྟན་པ་ཆབ་སྲིད་ལ་ཕན་པའི་སེམས་གཏམ་རིན་ཐང་བྲལ་བ་འདི་ལྟ་བུ་རང་གཟོན་སྤངས་ཏེ་གསུངས་ཕོད་པ་ནི་དཔའ་བོ་ངོ་མ་ཡིན། འོན་ཀྱང་ཡི་གེ་འདི་ཁོང་གིས་སྤེལ་ནས་ཟླ་བ་གཅིག་ལ་ཉེ་བ་སོང་ཟིན་ཡང་ཆེན་པོ་དག་གི་ཕྱག་སྦལ་དུ་ལྷུངས་ནས་ཐར་དཀའ་བའི་གནས་སུ་གྱར་འདུག་པར་སེམས། རང་མི་རིགས་ལ་ཞེན་པ་དཀར་བའི་སྐྱེས་བུ་དགའ་ཞིག་གིས་ཕྱག་སྦལ་ལས་དྲངས་ཏེ་རང་དབང་གི་འཇིག་རྟེན་ཞིག་ཏུ་བསུས་པའི་ལེགས་བྱས་ལ་བསྔགས་བརྗོད་ཞུ། ད་ཆ་ང་ཚོས་ཆོལ་ཁ་ཕྱོགས་རིས་ཀྱི་ཞྭ་ནག་ཕུད་དེ་བོད་སྤྱི་ཡི་དོན་ལ་བསམ་བློ་གཏོང་དགོས་གལ་ཆེར་སེམས་ཤིང་། མགོ་བདེ་བའི་ཆབ་སྲིད་པ་དག་གི་གཡོ་འོག་ནས་ཅིས་ཀྱང་ཐར་ཐུབ་པ་ཞིག་བྱེད་དགོས། གོང་དུ་སྐུ་ངོ་ནས་༼རང་རེ་རྣམས་ལ་ཀུན་སྙོམས་ཉི་མ་ལྟར་མཛད་མཁན་བླ་ན་མེད་པའི་དབུ་ཁྲིད་འདི་འདྲ་ཞིག་ཡོད་པ་དེ་ཡང་བོད་མིའི་བསོད་ནམས་ཀྱིས་འཆུན་ཨེ་ཡོང་སྙམ་པའི་རི་བོང་གནམ་རྡིབ་ཀྱི་སེམས་ངལ་སྐྱེ་གཞི་ཞར་བྱུང་སྙན་བསྐུལ་དུ་གསོལ་བ་འདི་ཐོག་ལའང་དགོངས་བཞེས་ཟབ་ནན་གནང་སྐྱོང་།༽གསུངས་པའི་བཀའ་མོལ་དུམ་བུ་འདི་ཅི་འདྲའི་འཇིགས་སྣང་ཅན་ཞིག་དང་། ཅི་འདྲའི་བློ་ཕམ་དགོས་པའི་དྲང་གཏམ་ཞིག་ཡིན་མ་ཡིན་ནམ། ད་ང་ཚོས་བོད་འདི་མི་ཁྲམ་པ་ཞིག་ལ་རྩིས་སྤྲད་དེ་མཐའ་མར་འགྱོད་པ་རྟས་མི་ཟིན་པ་ཞིག་ཡོང་རྒྱུ་ལས་རྒྱལ་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས། གང་ལྟར་རི་བོ་དགེ་ལྡན་པའི་ཆེན་པོ་དག་ནས་ངེས་པར་དུ་གཟབ་དགོས་པ་མ་ཟད་༸གོང་ས་མཆོག་ཐུགས་མ་ཕམ་པ་ཞིག་བྱ་རྒྱུ་གལ་ཆེ་བར་སྙམ། སྐུ་ངོ་མཆོག་ནས་༸གོང་ས་མཆོག་གི་ཞབས་འགྱུར་ལོ་མང་ཞུས་པའི་བྱིན་མཐུ་ལས་ཐུགས་བསམ་བཞེས་ཕྱོགས་གཞན་དང་མི་འདྲ་བའི་རླབས་ཆེན་ཞིག་ཡོད་པ་ནི་ཕྱག་བྲིས་འདི་ལས་ཤེས་ནུས་སོ། །
ཡིག་ནོར་བཅོས་པ། ཅི་འདྲའི་བློ་ཕམ་དགོས་པའི་དྲང་གཏམ་ཞིག་མ་ཡིན་ནམ།
ཡང་འདི་ན་སྐུ་ངོ་མཆོག་གདན་འདྲེན་ཞུས་འདུག ད་མི་བསམ་ཡོད་ཚང་མས་གབ་ནས་མ་བསྡད་པར་སྐུ་ངོ་བཞིན་ཕྱིར་དོན་ནས་ལེགས་སྤེལ་ཉེན་འགོག་གི་བསམ་ཚུལ་རེ་སྤེལ་རོགས། དེ་མིན་བོད་འདི་སྐྱལ་སྟོང་འགའ་ཞིག་གིས་རླུང་ལ་བསྐུར་ཡས་ཀྱི་ཉེན་ཁ་ཆེན་པོ་འདུག སྐབས་དེ་དུས་གྱོང་རག་མཁན་ནི་ཆེན་པོ་དག་ཡིན་པ་སྨྲོས་མ་དགོས། ཨ་ཁུ་སྟོན་པ་ས་ནས་ས་ལ་ཟག་ཡས་གང་ཡང་མེད། ད་ཆོལ་ཁའི་རྨོངས་ཞེན་དོར་རོགས། མ་ཟད་གནོད་སྐྱེལ་མཁན་ངོ་མ་ནི་བཙན་བྱོལ་ནང་ཆེས་མི་འབོར་ཆེ་ཤོས་ཡིན་པ་མཐའ་མཚམས་ཀྱི་བླུན་ཁྱུ་འདི་ཚོ་རེད། འདི་ཚོ་ངོ་མ་ཕ་ཝང་དང་གཅིག་མཚམས་རེད་འདུག མ་ཟད་བཀྲིས་དབང་འདུས་ཀྱིས་རང་གིས་མི་ཚེར་བཞག་པའི་ལག་རྗེས་རྣམས་ཤི་ཁར་ཆེད་མངགས་མེད་པ་བཟོ་རྩིས་བྱེད་ཀྱི་འདུག ད་བོད་ལ་ཆགས་སྒོ་ཡོང་ས་རེད་དོ།
ཡིག་ནོར་བཅོས་པ། འདི་ཚོ་ངོ་མ་ཕ་ཝང་དང་གཅིག་མཚུངས་རེད་འདུག
ད་བར་གྲྭ་སར་ཉམས་ཆུང་འདུལ་ཁྲིམས་དང་མཐུན་པ་བྱས་ཏེ་བསྡད་པ་ཡིན། གང་སར་ཇུས་གཏོགས་མ་བྱས་པར་བསྡད་པ་ཡིན། འོན་ཀྱང་ད་ལོའི་བཀའ་ཁྲིའི་འོས་བསྡུའི་སྐབས་སྐུ་ངོ་མཆོག་གིས་གསུངས་པ་ལྟར་དངོས་གནས་ཡ་ང་བ་ཞིག་རེད། ཕལ་ཆེར་འདི་གྲྭ་སའི་གཟུགས་བརྙན་སྤྱི་ཚོགས་ཅན་དུ་བྱས་པ་ཐོག་མ་ཡིན་པ་མ་གཏོགས། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་ཤུགས་ཆེ་ས་ནི་གྲྭ་ས་ལས་གཞན་མཚན་གཞི་ཞིག་ཡོད་པ་མ་རེད། མཁྱེན་ལྡན་རྣམས་ནས་ཞིབ་ཏུ་བརྟག་དཔྱད་ཀྱིས་དང། དངོས་གནས་རང་ཞེད་སྣང་ཚ་བོ་ཡོད་པ་རེད།
ཁ་བརྡ་ལགས། གནད་དོན་འདིར་བགྲོ་གླེང་བྱེད་འདོད་ཆེ་བས། དང་པོ་འཛུལ་ཞུགས་བྱེད་སྐབས་དབྱིན་ཡིག་བྲིས་པ་དགོངས་འགལ་མེད་པ་ཞུ། ད་གྲོགས་མོའི་མཐུན་རྐྱེན་འོག་བོད་ཡིག་འགོད་ཕྱོགས་ཤེས་སོང་བས། རྗེས་ནས་བོད་ཡིག་འབྲི་ངེས་ཡིན་ལགས།
ཁ་བརྡ་ལགས། ངའི་མིང་དེ་བོད་ཡིག་ཐོག་བཟོ་རོགས་ཞུ།
ང་ནི། བཀྲ་ཤིས་དབང་འདུས་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན་ཡང་། བཀྲས་མཐོང་བསྟན་རྣམ་ལགས་ནི། མི་བྱས་ཅན་རྒད་པོ་གཅིག་རེད། འོས་ལྡུག་ན། མ་འགྲིགས་པ་རྩ་བ་ཉིད་ནས་མེད། འོན་ཀྱང་ངེས་པར་དུ་རང་དང་རིགས་གཞོན་སྐྱེས་གཅིག་ལ་འོས་བླུགས་འདོད་ཀྱིས། བློ་བཟང་སེང་གེ་ལགས་ལ་བཀའ་ཁྲིར་བསྐོ་འདོད་ཡོད་ན་ངེས་པར་དུ། བསྐོས་དགོས་མང་གཙོ་རེད། འོན་ཀྱང་ཁུངས་མ་འཁྱོལ་ན། ཤ་བཅུས་ཙམ་གྱིས་མི་ཚད་པ་བཀའ་ཁྲི་ནས་མར་འབེབས་ནས། སླར་ཡང་འོས་བསྡུ་བྱ་རྒྱུའི་བཅའ་ཁྲིམས་ནང་ལ་མེད་པ་མ་རེད་སྙམ།
བཀའ་རྡོ་ཁྱེད་རང་གིས་བཀྲ་དབང་ལ་འོས་འཕེན་པ་ཡིན་ན་འོས་བླུགས་སྟངས་མི་འདྲ་བ་ཙམ་ལས་དོན་ལ་བློ་སེང་ལ་འཕངས་པ་རེད། ཁྱོད་རང་བསྐོར་བ་མང་པོ་དེ་འདྲ་རྒྱག་དགོས་མ་རེད། ཐད་ཀར་བློ་སེང་ལ་བླུགས་ཞོག
ལྷག་བསམ་ལ་ལགས། ང་རང་གི་རྩ་བའི་བླ་མ་ལ་མ་གཏོགས། ངས་སུ་་ཅིག་ལ་ཡང་། ལགས་ལགས་སོ་ཟེར་མཁན་ཅིག་མིན་པ་དེ་ཁྱེད་ཀྱིས་མཁྱེན་མི་འདུག བློ་སེང་གིས་མི་འཇོན་པའི་བཀའ་ཁྲི་ལ་ལས་ཀ་ཅིག་མེད་པ་ངས་ཀྱང་ཤེས། འོན་ཀྱང་བློ་སེང་ལགས་ཐོབ་ན། ལས་བྱེད་རྙིང་མང་པོ་ཅིག་སེམས་ཤུགས་ཆགས་གཞིར་འགྱུར་ངེས་འདི་ལ། ང་ལ་སེམས་ཚབས་ཏོག་ཙམ་ཡོད། བཀྲ་ཤིས་དབང་འདུས་ལགས། འཇོན་པོ་མཁས་པོ་ཞེ་པོ་ཅིག་ཡིན་པ་ངས་མི་འདོད་ཀྱང་། མཐའ་གཉིས་བྲལ་བའི་མི་ཡ་རབས་ཅིག་ལ་ཡིད་ཆེས་བྱེད་བགྱིད་ཡོད། ཤེས་སོང་ངེ།
བློ་བཟང་སྦྱིན་པ་ལགས་ཀྱིས་གསུང་པར་རྒྱུ་མཚན་ཆེན་པོ་འདུག་པས་ང་ཚོས་བསམས་གཞིགས་ངེས་པར་་དུ་བྱེད་དགོས་རེད།
བོད་བཙན་བྱོལ་གཞུང་གི་ལས་བྱེད་རྒན་གྲས་མང་ཆེ་བ་འཕྱི་བ་བཞིན་ཁུང་ནང་གབ་ནས་བསྡད་ཡོད་པ་དང་།ལས་དོན་དང་སྤྱི་ཚོགས་ལ་རྒྱུས་མངའ་མེད་པའི་མི་མང་པོ་ཞིག་གིས་ཁ་ནས་ཐོས་གསུམ་བཅོ་བརྒྱད་ཤོད་སྟངས་ལ་བལྟས་ན་སྐུ་ངོ་བློ་སྦྱིན་ལགས་ཁོང་བོད་ལ་གས་ཁོང་བོད་ལ་ཤ་ཚ་ཤིན་ཏུ་ཆེ་བ་ཞིག་ཡིན་འདུག
ཞྭ་སེར་བསྟན་པའི་གཙུག་ནོར་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དོལ་སྒྲུབ་པ་ཞིག ཁ་ཏ་ཅི་བྱས་ན་ཁ་ཉན་ནི་མ་རེད། ད་ཆག་སྒོ་རྒན་པ་དབང་ཆུང་གི་ཉོ་རན་རེད། གྱོང་ཁ་བོད་སྤྱི་ཚོགས་ཡིན་ནི་རེད། བོན་འབངས་ཚོ་སྙིང་རྗེ། །
ལྷག་བསམ་རྣམ་དག་གིས་སྤྱད་གཏམ་སྤེན་མཁན་ཚོར་རྒྱབ་སྐྱོར་དང་བསྔགས་བརྗོད་ཞུ་ཡི་ཡིན། མུ་མཐུད་དེ་སྤེལ་རོགས་གནང་།
ཧ།
ང་ཚོའི་སྤྱི་ཚོགས་འདིར་སྔོན་མ་ནས་བཟུང་ལངས་མི་ཐུབ་པ་བཟོ་མཁན་གི་མགོ་གཅོག་བྱེད་ཀྱི་མཐོ་བ་ཆེན་པོ་གཉིས་ཡོད་རེད།
གཅིག་དེ་རྒྱ་ཐོ་རེད། གཉིས་པ་དེ་བོད་ཐོ་རེད། བོད་ཐོ་འདིས་རང་གི་མགོ་རང་གིས་རྡུང་གི་ཡོད་རེད།
ཡིན་ན་ཡང་གཙོ་བོ་རྒྱ་ཐོ་ཡིན་པ་ཤོད་མ་དགོས་པ་རེད།
བོད་ཐོ་ལ་རིགས་གཉིས་ཡོད། གཅིག ཆོལ་ཞེན་གི་ཐོ་བ་དང་། གཉིས་པ་དེ། ཆོས་ཞེན་གི་ཐོ་བ་རེད།
སྐུ་ངོ་བློ་སྦྱིན་ནས་ཀྱང་བོད་ཐོ་རིགས་དང་པོ་དེ་གནད་ལ་བཟུང་འདུག
བོད་ཐོ་གཉིས་ནས་རྒྱ་ཐོ་ལ་ཕན་རོགས་བྱེད་གི་ཡོད། དོན་དག་དེ་དང་པོ་ནང་དང་པོ་དེ་ཡིན།
བསྟན་པའི་བདག་པོ་བསྟན་པ་རིན་ཆེན་ཆོས།
དགེ་འདུན་དམ་པ་དགེ་འདུན་འཕགས་པའི་ཚོགས།
སངས་རྒྱས་རིན་ཆེན་དཀོན་མཆོག་གསུམ་པོ་ལ།
གཙུགས་སུ་བཀོད་ནས་གུས་པས་ཕྱག་བགྱི་བའོ།
༼ཆབ་སྲིད་ལ་དོ་སྣང་བྱེད་པ་དང་། ཆབ་སྲིད་ནང་དངོས་སུ་འཛུལ་ཞུགས་བྱེད་པ་གཉིས་ཀྱི་དབར་ཁྱད་པར་ཆེན་པོ་ཡོད་པས་ཆབ་སྲིད་ནང་འཛུལ་ཞུགས་མི་ཆོག་པ།༽ཞེས་པ་འདི་ལ་གོ་རྒྱུ་ཆེན་པོ་འདུག འོན་ཀྱང་རང་རེའི་བོད་ཀྱི་ཆབ་སྲིད་འདི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཞིག་ཡིན་པས་༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་ཀྱང་ཆབ་སྲིད་ཀྱི་དབུ་ཁྲིད་གནང་བ་ཡིན་ཚུལ་གསུང་བཞིན་པ་ལྟར། དགེ་འདུན་པ་ཚོ་ཆབ་སྲིད་ནང་འཛུལ་ཞུགས་མི་ཆོག་ཅེས་བརྗོད་རུང་ངམ། དེ་ལྟར་འཛུལ་ཞུགས་མེད་པ་ཞིག་བྱེད་ཐུབ་བམ། དེ་ལྟར་བྱས་ན་འགྲིག་གམ། འདི་དག་ཐད་དཔྱད་པ་གཏོང་དགོས་པ་འདུག
ད་ཡང་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་དམ།
དགེ་ལུགས་པས་ངོ་ནས་རིས་མེད་གནང་རྩིས་ཡོད་པ་འདྲ། དགེ་ལུགས་སྤྱི་འཐུས་ཀྱི་སྐལ་བ་དེ་ཡང་བོན་པོ་ཞིག་ལ་བླུག་པ་རེད་འདུག ཡ་ཡ། ད་མ་ཤི་ན་རིག་རྒྱུ་མང་གི
༡༽ད་ཐེངས་ཀྱི་འོས་བསྡུའི་ལས་རིམ་འདིའི་ཁྲོད་བཙན་བྱོལ་ནང་མི་ཆེན་ཁག་ཅིག་དང་།་ཤེས་ཡོན་པ།་རྩོམ་པ་པོ་སྐོར་ཞིག་གིས་བཏང་སྙོམ་ལ་བསྡད་པ་རེད།་དེ་ནི་ཁོ་ཚོས་ཕྱོགས་རིས་མེད་ཚུལ་རྣམ་པ་བསྟན་ཡང་དོན་དམ་དུ་དེ་ནི་རང་གཟོན་ཞིག་རང་རེད།་དུས་ཚོད་འདི་འདྲ་ཞིག་ལ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་གིས་དུས་ལ་སྨིན་ཞིང་ནད་ལ་འཁེལ་བའི་དགོངས་འཆར་ཞིག་དགའ་ཁྲིར་སྙན་ཞུའི་ཚུལ་དུ་ཕུལ་བ་གནང་བའི་སྙིང་སྟོབས་དང་ལྷག་བསམ་ལ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།
༢༽སྔ་ལོ་བཀའ་ཁྲི་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་སེ་ར་དགོན་པར་དེ་དང་ཕྱོགས་མཚུངས་པའི་བཀའ་སློབ་ནན་ཏན་ཞིག་གནང་འདུག
༣༽ད་ནི་གདན་སའི་མཁན་བླ་དང་།དགེ་བཤེས།གྲྭ་སྐྱུན་བཅས་ནས་སངས་རྒྱས་བསྟན་པ་སྤྱི་དང་རི་བོ་དགེ་ལྡན་པའི་བསྟན་པའི་ལ་རྒྱ་དང་ཆབ་སྲིད་པའི་བེད་སྤྱོད་འོག་སུ་འགྲོ་རྒྱུ་གཉིས་གདམ་ཀ་མ་ནོར་བ་གནང་རོགས།
ང་ཚོས་ལྟ་ཞིབ་བྱས་ནས་ཉི་མ་དེ་རིང་ལ་སླེབས་དུས། བོད་གཞུང་གི་གནད་ཡོད་ལས་ཟུར་ཚོས་དོན་དངོས་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཚོད་དཔག་ཐུབ་པ་ཞིག་རེད་ལ། བློ་སེང་ལྟ་བུས་བོད་གཞུང་གང་དུ་བསྐྱལ་འགྲོ་མིན་ལ་སེམས་ཁྲལ་ཆེ་བ་ནི་རིག་པས་དཔོག་ཐུབ་པ་ཞིག་རེད། དོན་དངོས་བཤད་ན་གོང་གི་སྙན་ཞུ་འདི་བློ་སེང་དང་འབྲེལ་ནས་བྱུང་བ་ཞིག་རེད། འདི་ལ་ཆེན་པོ་དག་གིས་ཐུགས་འཚབ་བྱེད་ཀྱི་ཡོད་པ་རེད།
གལ་སྲིད་གྲྭ་སའི་ཕྱོགས་ལྷུང་གི་ན་ཚ་འདི་སེལ་ཐུབ་པ་ཞིག་དང། གྲྭ་བ་ཚོར་དོན་དམ་གྱི་ཆབ་སྲིད་ཀྱི་བློ་མིག་ཞིག་ཡོད་ན། བློ་སེང་ལྟ་བུར་ཐལ་མོ་ཡུག་གཅིག་ཏུ་སྡེབས་རྒྱུ་ནི་མི་སྲིད་པ་ཞིག་རེད། དཔེར་ན་བློ་སེང་འདི་ག་དགོན་པའི་ནང་ཡར་མར་འགྲོ་དུས་གྲྭ་བ་བྱབ་ཆུང་རེ་འགས་བླ་མར་ཞབས་ཞུ་སྒྲུབ་པ་ལྟར་བྱས་ཡོད་ལ། བློ་སེང་གིས་ཀྱང་རང་ཉིད་བཀའ་ཁྲི་ཡིན་པ་ནང་བཞིན་རྫིགས་ཉམས་དོད་ནས་ཕེབས་ཡོད། དོན་དག་འདི་ལྟ་བུ་ཆུང་ཆུང་ཞིག་གིས་བློ་སེང་གི་ཀུན་སློང་ཟུར་ཙམ་མཐོང་སྲིད་པ་ཞིག་རེད། ད་བས་བོད་མི་ཚོས་གཟབ་མནན་གྱིས་བསམ་བློ་གཏོང་དགོས་པ་ཞིག་རེད།
རིན་པོ་ཆེས་གསུངས་པ་བདེན། རིན་པོ་ཆེ་ཁྱེད་རང་གིས་འོས་སུ་འཕངས་པ་ཡིན། ཁྱེད་རང་གིས་གཟབ་གཟབ་གནང་ཡོད་ན་དེ་གས་འཐུས། ད་རེས་བློ་སེང་གི་དོན་རྐྱེན་འདི་ལ་བརྟེན་ནས་གྲྭ་པ་རྣམས་ནག་པོ་ཆགས་སོང།
ད་ཚང་མས་གཅིག་བཤད་ཀྱིན་འདུག་པ་གདན་ས་ཁག་གིས་བློ་སེང་ལ་རྒྱབ་སྐྱོར་ཡོད་ཚུལ་ལ་ངོ་རྒོལ་གྱི་སྐད་ཆ་མིན་འགྲོ། ཕལ་ཆེར་བློ་སེང་ཁོས་ལམ་བུ་དུ་མ་ཞིག་བརྒྱུད་མ་དགོས་པར་མཆོངས་རྒྱང་ཆེན་པོ་ཞིག་བྱ་རྩིས་ཡོད་པར་བོད་མི་རྣམས་བློ་ཚབས་དང་དངང་སྐྲག་གི་སྐད་ངན་ཤོར་འགྲོ་བ་མིན་ན། ཨ་ལས་མ་རེད་ད་ངས་དྲན་གསོས་སོང་། མི་རབས་གསར་པ་ཞེས་པ་དང་། ༸གོང་ས་མཆོག་གི་དགོངས་གཞི་ཟེར་བ་སོགས་བདེན་མིན་གྱི་སྐད་ཆ་སྣ་ཚོགས་འོག་གཞོན་རབས་པ་དང་དགེ་འདུན་པ་ཚོ་མགོ་བསྐོར་འཐེབ་བཞིན་པར་གང་གཟབ་བྱེད་དགོས་པའི་ཉེན་བརྡ་རེད། བྱས་ཙང་བསམ་བཞེས་ཡོད་མཁན་ཚོས་གནད་དུ་འཁེལ་བའི་བཀའ་མོལ་གསུངས་ཀྱི་འདུག་པ། ད་ང་ཚོ་མི་རེ་ངོ་རེས་ཀྱང་དེ་བཞིན་ལམ་སྟོན་བཀའ་སློབ་ཀྱི་རིན་ཐང་ཤེས་ཐོག་གང་གཟབ་ཀྱི་ལས་དོན་གང་བྱས་མ་ཆུབ་པ་ཞིག་དགོས་ཀྱི་ཡོད་ས་རེད།
ད་ཚང་མས་གཅིག་བཤད་ཀྱིན་འདུག་པ་གདན་ས་ཁག་གིས་བློ་སེང་ལ་རྒྱབ་སྐྱོར་ཡོད་ཚུལ་ལ་ངོ་རྒོལ་གྱི་སྐད་ཆ་མིན་འགྲོ། ཕལ་ཆེར་བློ་སེང་ཁོས་ལམ་བུ་དུ་མ་ཞིག་བརྒྱུད་མ་དགོས་པར་མཆོངས་རྒྱང་ཆེན་པོ་ཞིག་བྱ་རྩིས་ཡོད་པར་བོད་མི་རྣམས་བློ་ཚབས་དང་དངང་སྐྲག་གི་སྐད་ངན་ཤོར་འགྲོ་བ་མིན་ན། ཨ་ལས་མ་རེད་ད་ངས་དྲན་གསོས་སོང་། མི་རབས་གསར་པ་ཞེས་པ་དང་། ༸གོང་ས་མཆོག་གི་དགོངས་གཞི་ཟེར་བ་སོགས་བདེན་མིན་གྱི་སྐད་ཆ་སྣ་ཚོགས་འོག་གཞོན་རབས་པ་དང་དགེ་འདུན་པ་ཚོ་མགོ་བསྐོར་འཐེབ་བཞིན་པར་གང་གཟབ་བྱེད་དགོས་པའི་ཉེན་བརྡ་རེད། བྱས་ཙང་བསམ་བཞེས་ཡོད་མཁན་ཚོས་གནད་དུ་འཁེལ་བའི་བཀའ་མོལ་གསུངས་ཀྱི་འདུག་པ། ད་ང་ཚོ་མི་རེ་ངོ་རེས་ཀྱང་དེ་བཞིན་ལམ་སྟོན་བཀའ་སློབ་ཀྱི་རིན་ཐང་ཤེས་ཐོག་གང་གཟབ་ཀྱི་ལས་དོན་གང་བྱས་མ་ཆུབ་པ་ཞིག་དགོས་ཀྱི་ཡོད་ས་རེད།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྦྱིན་བདག་བྱས་ཏེ་དེ་རིང་བཙུན་དགོན་སྒྲོལ་མ་གླིང་དུ་བཀའ་ཁྲིའི་འོས་མི་གསུམ་ལ་དྲི་བ་དྲི་ལན་གྱི་འདུ་འཛོམས་ཤིག་གནང་སོང་། དེ་ཡང་བོད་ཀྱི་བུད་མེད་ཚོགས་པས་ཕོ་མོ་འདྲ་མཉམ་གྱི་སྐོར་ལ་སྡུག་སྐད་གང་ཙམ་བརྒྱབ་སོང་། འོན་ཀྱང་གཅིན་པ་ལངས་ནས་གཏོང་བའི་སྐོར་ལ་ཁ་ཁུ་མི་འདུག བཀའ་ཁྲིའི་འོས་མི་གཅིག་གིས་སྐད་ཧ་ཅང་རྫབ་ཆེན་པོ་ཤོད་ཀྱི་འདུག ཁྱེད་ཚོས་རྗེས་སུ་ཉན་ན་ཤེས་ཀྱི་རེད། དེ་བས་གཞིས་ཆགས་ཁག་གི་མི་དམངས་གཟབ་དགོས་པ་མ་ཟད། དམིགས་བསལ་ཕྱི་རྒྱལ་ལ་ནང་མི་ཡོད་པ་ཚོ་གཟབ་དགོས།
ལྷག་བསམ་ལ།
ཁྱེད་ལ་དངོས་ནས་ལྷག་བསམ་དེ་འདྲ་ཞིག་ཡོད་ན། བཀའ་ཁྲི་འོས་མི་གཅིག་གིས་སྐད་ཆ་ཧ་ཅང་རྫབ་ཆེན་ག་རེ་ཤོད་སོང་། འདིར་གསུང་ན་ཡོང་གི་རེད་པས། ཤེས་འདོད་ཧ་ཅང་ཆེན་པོ་འདུག
རྗེས་སུ་བསྒུག་ལོངས་མི་འདུག ཅིག་བྱས་ན་དོན་དག་ཧ་ཅང་ཆེན་པོ་ཞིག་ཡིན་སྲིད།
སྟབས་ལེགས་པ་ཞིག་ལ་གདན་སའི་གྲྭ་བླ་ཚོས་ད་གཟོད་གཞི་ནས་གཉིད་སད་ནས་དངོས་ཡོད་གནས་ཚུལ་བསམ་གཞིགས་བྱས་ནས།་བསམ་ཚུལ་དང་ལྟ་ཚུལ་མང་པོ་འགྱུར་བ་འགྲོ་གི་ཡོད་སྐོར་ངའི་ངོ་ཤེས་ཤིག་གིས་བརྗོད་ཀྱི་འདུག
དོན་དག་ཡོད་པའི་BBCལགས། དངོས་གནས་རེད། ངེད་རང་སྤྱིར་བཏང་འདུལ་བར་མོས་པ་ཡོད་པས་མིན་ཀྱང། ད་བར་ཡར་མར་ལ་ཇུས་གཏོགས་མ་བྱས་པར་སྡོད་མཁན་ཞིག་ཡིན། རྒྱུན་ཏུ་བཙན་བྱོལ་གཞུང་གཙོས་ཕྱོགས་ཚང་མར་དོ་སྣང་བྱས་ཡོད་མཁན་ཞིག་ཡིན་ན། ད་རེས་གྲྭ་སའི་གནས་སྟངས་ཡ་ང་བོ་འདི་བྱུང་གི་མ་རེད་ལ། མཁས་དབང་ཟམ་གདོང་ལགས་ཀྱིས་ཀྱང་སྐད་རྒྱག་གི་མ་རེད། ད་ཚར་ཚར་བ་རེད། དེ་བས་སང་ཉིན་དངོས་གཞིའི་འོས་བསྡུའི་སྐབས་སུ་མ་ནོར་བ་ཞིག་བྱེད་དགོས་ཀྱི་རེད་བསམ་གི། བློ་བཟང་སྦྱིན་པ་དོན་དམ་གྱིས་བློ་སེང་ལ་རྒྱབ་སྐྱོར་མི་འདུག། ཁ་སང་སྐུའི་གསུང་བསྒྱུར་མཆོག་གིས་ཡོངས་གྲགས་བྱས་པ་རེད། ད་དུང་མང་པོ་ཡོད་ས་རེད། དེ་དག་ཐུགས་གཞིག་གནང་དགོས་ཀྱི་འདུག མ་རེད་དམ། གྲོགས BBC ལགས།
ཕ་ལམ་སྔོན་པོ་ལགས་སུ་ཆེད་ཞུ། ཁྱེད་ཀྱིས་དྲིས་པ་བཞིན་ངས་བཤད་ཆོག བཀའ་ཁྲིའི་འོས་མི་བློ་སེང་ལགས་ཀྱི་སྐད་ཆ་རྫབ་ཆེན་པོ་ཞིག་བཤད་སོང། དེ་གང་ཡིན་ཞེ་ན། དྲི་བ་འདོན་མཁན་ཞིག་ནས་གཞིས་བཞུགས་བོད་མིའི་མངོན་འདོད་གང་ཡིན་ཞེས་དྲི་སྐབས་བློ་སེང་ལགས་ཀྱིས་བོད་མི་ཡིན་ཕྱིན་མངོན་འདོད་ནི་རང་བཙན་ཡིན་པ་གཅིག་གྱུར་རེད། འོན་ཀྱང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཆོལ་གསུམ་བོད་ཀྱི་ཞི་རྒོལ་ཆེན་མོའི་སྐབས་ཚང་མས་གཅིག་གྱུར་གྱི་འབོད་སྒྱྲ་ནི་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་འབོད་ཀྱི་འདུག འདིས་གང་ཞིག་མཚོན་གྱི་ཡོད་ཅེས་ན་༸གོང་ས་མཆོག་བོད་མི་ཡོངས་ཀྱི་དབུ་ཁྲིད་ཡིན་པ་དེ་གསལ་སྟོན་བྱས་ཡོད། དེ་འདྲ་སོང་ཙང་བཀའ་ཁྲི་སུ་ལ་ཐོབ་ཀྱང་དབུ་མའི་ལམ་གྱི་ཐོག་ནས་འགྲོ་དགོས་པ་རེད་ཅེས་བཤད་སོང། དེར་བརྟེན་བོད་མི་ཡོངས་ཀྱི་མངོན་འདོད་རང་བཙན་ཡིན་ཀྱང་༸གོང་ས་མཆོག་གི་དགོངས་པར་བསྟུན་ནས་དབུ་མའི་ལམ་གྱི་ཐོག་མི་འགྲོ་རང་འགྲོ་ཡིན་པ་ལྟ་བ་ུདང་། བཀའ་ཁྲི་སུ་ལ་འཁེལ་ཡང་འདོད་པ་ཡོད་མིན་ལ་མ་བལྟོས་པར་དབུ་མའི་ལམ་གྱི་ཐོག་འགྲོ་དགོས་ཀྱི་རེད་མདོག་མདོག་བཤད་སོང། དྲི་བ་དང་དྲི་ལན་རྒྱས་པ་བོད་ཀྱི་དུས་བབ་གསར་ཤོག་ཐོག་མགྱོགས་མྱུར་ཐོན་རྒྱུར་དེ་ལ་གཟིགས།
ལྷག་བསམ་ལགས། དྲིས་ལན་དུས་ལྟར་གནང་བར་་་ཐུགས་ཆེ་གནང་།
ཁྱེད་ཀྱི་དོགས་གཞི་དེར་གནས་ལུགས་གང་འཚམ་འདུག སྐད་ཆ་དེའི་གནད་འགག་ལ་བརྡར་ཤ་བཅད་ན་གཅོད་རིན་འདུག་ཡ།
བསྟན་པའི་གཙུག་རྒྱན་རྣམས་ད་ལྟ་གང་བྱེད་ཀྱི་འདུག་མཁྱེན་བྱུང་ངམ། སྐུ་ངོ་ཡི་འབོད་སྐུལ་འདི་ཁོང་རྣམས་པས་གསན་ཡོད་ཀྱི་མ་རེད། ཁོང་རྣམ་པ་དེང་སང་༸གོང་ས་མཆོག་གི་དྲུང་ནས་བཀའ་ཆོས་ཟབ་མོ་ཞུས་ནས་དུས་འདའ་བཞིན་འདུག་གོ །
དེང་སང་ཁོང་རྣམ་པ་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐེག་པ་ཆེན་པོའི་གདམས་ངག་ཟབ་མོ་རྣམས་གསན་བཞིན་འདུག་གོ །