སྐྱོ་བྲག་དགའ་དབང་།
རང་རེ་བོད་གངས་ཅན་པའི་ན་གཞོན་ཤེས་ཡོན་ཅན་ཤར་གླིང་ཟླ་སྒྲོན་གྱི་སྐྱེས་ཚེས་ཡིག་ཆར་འཁོད་པ་ནི། སྤྱི་ལོ་ ༡༩༨༡ ཟླ་ ༩ ཚེས་ ༢༣ དང་། བོད་ལྕགས་བྱ་ཟླ་བ་ ༧ ཚེས་ ༢༥ ཉིན་རེད། ཁོང་སྐྱེས་ནས་སྤྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ དང་། བོད་མེ་སྤྲེལ་ཟླ་བ་ ༤ ཚེས་ ༢༦ ཉིན་བར་ལོ་ཟླ་ཇི་སོང་གི་ཐད། ང་ཚོས་གླེང་སློང་བྱ་བ་ན། རགས་ཞིབ་གཉིས་ཀྱི་སྒོ་ནས་བྱ་དགོས་པ་ཡིན།
རགས་པར་རྩིས་ན། སྤྱི་ལོ་ ༡༩༨༡ ནས་སྤྱི་ལོ་ ༢༠༡༦ བར་དང་། བོད་ལྕགས་བྱ་ནས་མེ་སྤྲེལ་བར་དུ་རྩིས་ན་ཁོང་གིས་རང་ལོ་ ༣༦ ཟིན་པ་སྟེ། ལོ་རྗེས་མ་མེ་བྱ་ནི་ཁོང་གི་རང་སྐེག་ཏུ་བསླེབས་པ་རང་ལོ་ ༣༧ པ་རེད། འདི་ནི་འཛམ་གླིང་སྤྱི་ལ་གྲགས་པའི་ལུགས་སྲོལ་ཏེ། དིང་སང་དུས་རབས་ཉེར་གཅིག་པ་ཟེར་བ་དང་། དེ་རིང་སྤྱི་ཚེས་ ༢༣ རེད་ཟེར་བ་ན། ལོ་བརྒྱ་ཕྲག་གཅིག་གི་ཡུན་དང་། ཆུ་ཚོད་ ༢༤ ཡུན་གྱི་དུས་ཚོད་ཆ་ཚང་ལ་གོ་དགོས་པ་ལས། དེའི་སྔོན་གྱི་ལོ་དང་ཆུ་ཚོད་དག་ཀྱང་མ་རེད་ལ། དེའི་རྗེས་ཀྱི་ལོ་དང་ཆུ་ཚོད་དག་ཀྱང་མིན་པ་ནི་ང་ཚོར་མངོན་སུམ་པ་ཡིན།
ཞིབ་མོར་རྩིས་ན། ཁྱིམ་ལོ་གཅིག་གི་ཡུན་ལ་ཚེས་ཞག་སུམ་བརྒྱ་བདུན་ཅུ་དོན་གཅིག་ལྷག་དང་། ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་ལྷག་ཡོད་པས། ཤར་གླིང་ཟླ་སྒྲོན་སྐྱེས་ནས་སྤྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ བར་ཚེས་ཞག་ ༡༢༨༧༡ ལྷག་དང་། ཉིན་ཞག་ ༡༢༦༦༡ ལྷག་སོང་བ་ལོ་ཟླར་སྒྲིལ་ན། ཚེས་ལོ་ ༣༥ ཟླ་ ༩ ལྷག་དང་། ཉིན་ལོ་ ༣༥ ཟླ་ ༢ ལྷག་ལ་བསླེབས་ཡོད་པས་རང་ལོ་ ༣༥ མ་ཟིན་པའི་སྐྱོན་མེད་པ་རེད།
གང་ལྟར་ཤར་གླིང་ཟླ་སྒྲོན་ནི་ཤེས་འཇོན་གཉིས་ལྡན་གྱི་མཛངས་མ་དངོས་ཤིག་ཡིན་པའི་དབང་གིས་དགུང་ལོ་གཞོན་དུས་ནས་འབུར་དུ་ཐོན་ཏེ་བཀའ་བློན་ལས་ཐོག་ཏུ་བསླེབས་པ་ནི། ལོ་སོང་གི་ཟས་གོས་གྲོན་བྱེད་ཙམ་གྱི་མི་བུ་དཀྱུས་མ་ཞིག་མིན་པར་རང་རེ་གངས་ཅན་པ་རྣམས་སྤོབས་པ་སྐྱེ་འོས་ཀྱི་ན་གཞོན་མཛངས་མ་སྨོན་རེ་ཡོད་པ་ཞིག་ཡིན་པར་བསྟན་པ་རེད། གལ་ཏེ་བཀའ་བློན་གྱི་ལས་གནས་མིན་ནའང་། སྤྱི་སྒེར་གྱི་ལས་ཀ་གང་མང་ཡོད་ཕྱིར་ཁོང་ལས་མེད་དུ་འགྱུར་གྱི་མ་རེད་དེ། ཤེས་འཇོན་ལྡན་པའི་སྐྱ་སེར་ཕོ་མོ་གང་ཞིག་ཡིན་ནའང་། ང་ཚོའི་སྤྱི་དོན་དུ་བཀོལ་ཤེས་དགོས་ཀྱི། གཉའ་གཅོག་ཐབས་བྱེད་པ་ནི་རང་མགོ་རང་གིས་རྡུང་བ་ཡིན་པ་རང་རེ་ཚང་མས་ནམ་རྒྱུན་ནས་ཤེས་ན་ཡག་པོ་རེད་སྙམ་མོ། །
ཧཧཧཧཧ ད་བོད་པས་ཚན་རིག་མ་ཡོང་ཐག་ཆོད་རེད་འདུག ལོ་སོ་ལྔ་ལོན་མ་ལོན་ལའང་མི་མཐུན་པ་རྫོགས་ཡག་མི་འདུག མདོར་ན་ཡག་པོ་བརྩིས་ཐུབ་ཀྱི་མེད་པས་རེད།
སྐྱོ་བྲག་དགའ་དབང་ལགས་ཀྱི་རྩིས་སྐོར་སྟངས་འདི་སྐུ་ཞབས་བློ་བཟང་སེང་གེ་ཡིས་ཁས་ལེན་གནང་གི་མ་རེད། གང་ཡིན་ཟེར་ན་རྩི་སྲོལ་འདི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་འབྲེལ་བ་ཡོད་དོ།
སྲིད་སྐྱོང་བློ་སེང་གིས་ཁས་ལེན་ནས་བཀའ་བློན་ལ་གདམས་མ་སོང་ངམ། ལས་མཐའ་འདིར་མ་བྱུང་བར་གྲོས་ཚོགས་ནང་འཐུས་མི་འགའ་ཤས་ཀྱིས་རྙོག་གླེང་མང་པོ་བསྐོར་ནས་བཤད་མ་སོང་ངམ། ཞྭ་ར་ཡིན་ན་མཐོང་ཚོད་དང་འོན་པ་ཡིན་ནའང་གོ་ཚོད་མ་རེད་དམ། ད་ངན་ཁག་ཚང་མ་སྲིད་སྐྱོང་ལ་དཀྲིས་འདོད་འདི་དུས་ནམ་ཡང་འགྲུབ་ཀྱི་མ་རེད་ཤེས་ཨེ་སོང་ངམ།
ད་དྲ་འབུ་ཚོས་ཇུས་གཏོགས་བྱེད་དགོས་པ་ཡོད་མ་རེད།གང་ཡིན་ཟེར་ན།དེ་ཁྲིམས་དང་མཐུན་པའི་སྒོ་ནས་ཏག་ཏག་བཟོ་གི་རེད།ལས་མེད་འདི་ཚོས་ག་ས་ག་བར་ཇུས་གཏོགས་བྱེད་ཀི་རེད།བསྡད་མི་ཐུབ་ན་མ་ཎི་ཅུང་ཙམ་བསགས་ཐུབ་ནའང་བོད་སྤྱི་ལ་ཕན་ནོ།།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ལོ་ཚད་མ་ཚང་བའི་རྐྱེན་གྱིས་བཀའ་ཤག་ལྷན་རྒྱས་བཀའ་བསྡུར་གནང་ནས་ཁོང་བཀའ་བློན་ནས་ཕྱིར་འཐེན་གནང་བ་ཡིན་ཞེས་གསུངས་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཀའ་བློན་གང་ཞིག་འཕོ་འགྱུར་གཏོང་ཕྱོགས་ལམ་སྟོན་གསལ་པོ་གནང་ཡོད་ནའང་། བཀའ་བློན་ནས་ཕྱིར་འཐེན་ཞེས་པའི་ཐ་སྙད་དེ་བཅའ་ཁྲིམས་ཀྱི་དོན་ཚན་གང་དུའང་གསལ་མེད། དེ་བཞིན་བཀའ་བློན་འོས་གཞིར་འདོན་མཁན་སྲིད་སྐྱོང་ཡིན་པ་ལས་བཀའ་ཤག་མིན་པས་དེར་བཀའ་ཤག་ལ་བཀའ་བསྡུར་གནང་བའི་འགན་དབང་བཅའ་ཁྲིམས་ནས་བསྐུར་མེད་པས་གནང་ཕྱོགས་དེ་དག་བཅའ་ཁྲིམས་དང་མཐུན་པར་གནང་ཡོད་མེད་གྲོས་ཚོགས་རྗེས་མའི་ནང་དྲི་བརྩད་ངེས་པར་གནང་དགོས་ལ། གནང་ངེས་ཀྱང་རེད།
གང་ཟག་གི་གདོང་ལ་བལྟས་ནས་བཤད་ཀྱི་མེད་ ཁྲིམས་དང་སྒྲིག་གཞི་ལ་བལྟས་ནས་བཤད་ཀྱི་ཡོད་ཕྱི་ལོ་1981ལ་སྐྱེས་པ་དེ་ལོ་36 ལོན་མེད་ན་ འདི་ལོ་འོས་བསྡུའི་དེབ་སྐྱེལ་ནང་བཀོད་པའི་ཕྱི་ལོ་
1998 ཕྱི་ཟླ་3 པའི་ཚེས་19 སྔོན་དུ་སྐྱེས་པ་ཚོ་ལོ་18 ལོན་མེད་ན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་སྒྲུབ་འབྲས་ཡོངས་རྫོགས་བརྩི་མེད་གཏོང་རྒྱུ་ཡིན་ནམ་གསུང་དང་མི་མང་གི་འཐུས་མི་སྤྱི་འཐུས་ཚོ་བོད་མི་རིགས་ཆོས་རིག་ནམ་ཡང་རྩིས་མེད་གཏོང་མི་ཉན་ཕ་བཟང་གི་བུ་མ་བཟང་གི་བུ་མོ་ཚོ་ཟབ་ཟབ་གནང་རོགས་ཁ་བྲོ་།
སྤྱི་འཐུས་ཚོའི་ཁྲིམས་དང་སྒྲིག་གཞི་གལ་
ཆེར་བརྩི་གི་ཡོད་ན་ཚོགས་གཙོ་གཉིས་
རེ་མོས་བྱ་རྒྱུ་དེ་བཅའ་སྒྲིག་གང་གི་ནང་གསལ་ཡོད་འོས་འཕེན་མི་མང་ལ་གསལ་བཤད་གནང་དང་ཕོ་ཁྱོ་ག་རེད་།
རང་གི་ཆོས་རིག་རང་གི་མ་སྲུང་ན་།
རང་གི་རང་ལ་མགོ་སྐོར་མིན་ན་གང་།
རང་གི་ཕ་མེས་བརྒྱུད་པའི་རིག་གཞུང་ལ་།
རང་གི་མ་སྲུང་དགྲ་ཡིའི་རླག་ལ་བརྔམས་།
ཏྲེ་ཧོར་བྱམས་པ་རིན་ཆེན་ལགས། གྲོས་ཚོགས་ནས་སྐུ་ཞབས་ཕུན་སྐྱིད་ཟླ་བ་ལགས་ཀྱིས་ཉེ་རིང་ཆགས་སྡང་དང་འཇིགས་ཞུམ་མེད་པར་དངོས་ཡོད་གནས་ཚུལ་མ་བསྒྲགས་སྔོན་ནས། བློ་སེང་ལགས་ཀྱིས་བོད་ཀྱི་ལོ་རྩིས་ཁས་མ་བླངས་པར་དོ་བདག་ཁྲིམས་འགལ་བཀའ་བློན་ལས་གནས་དང་ཁ་བྲལ་དུ་བཅུག་ཟིན་པ་རེད། དེ་ཡང་མི་ཤེས་སམ། ཞྭ་ར་ཡིན་ན་མཐོང་ཚོད་དང་འོན་པ་ཡིན་ནའང་གོ་ཚོད་མ་རེད་དམ། གྲོས་ཚོགས་ལས་རིམ་ལ་གཟིགས་དང་། སྐུ་ཞབས་བློ་སེང་རང་གིས་གསུངས་སོང་དཱ། བཀའ་བློན་ལྷན་རྒྱས་ཀྱིས་གྲོས་བསྡུར་བརྒྱུད་ཕྱིར་འཐེན་བྱས་ཟིན་པ་ཡིན་གསུངས་མ་སོང་ངམ།
བོད་ལུགས་ལྟར་ན། ཟླ་སྒྲོན་མོ་རང་ལྕགས་བྱ་ལོ་སྐྱེས་འདུག་པས། ད་ལོ་སྤྲེལ་ལོར་ ༣༦ ཏག་ཏག་རེད་འདུག། 1981 ལོར་སྐྱེས་ཚད་བོད་ཀྱི་ལོ་ངོ་ ༣༦ རང་རྩིས་བཞིན་ཡོད་། རྩ་ཁྲིམས་ནང་ལོ་ངོ་ཧྲིལ་པོ་༣༥ ཟིན་དགོས་པ་ཡིན་གསུངས་པ་ལས། ངེས་པར་ཕྱི་ལུགས་ཀྱི་ལོ་ལྟར་བརྩི་དགོས་པ་གསུངས་མི་འདུག བོད་ལུགས་ཟེར་ན་འདྲ། ནང་པ་སངས་རྒྱས་པའི་ཆོས་འདུལ་བ་ནང་བཞིན་བྱེད་ན་མངལ་གྱི་གནས་སྐབས་ཟླ་བ་དགུ་ཡང་བརྩི་ན་འགྲིག་གི་རེད། དེ་ལྟར་མ་རྩིས་ན་བོད་ལུགས་ཀྱི་ལོ་ཟླ་ཚེས་གྲངས་བརྩི་མཁན་ཕལ་ཆེར་མེད་པ་ཆགས་པའི་ཉེས་ཁ་འདུག དཔེར་ན་རྩོམ་འབྲི་བ་ཞིག་ཡིན་ན་རེད། སྤྱི་ལོ་སྤྱི་ཚེས་་ཁོ་ནར་ལྟར་འབྲི་བཞིན་འདུག དེ་བཞིན་གཞུང་ཞབས་པ་ཡིན་ན་འདྲ། བླ་ཆེན་མི་ཆེན་ཡིན་ན་འདྲ་སྤྱི་ལོ་སྤྱི་ཚེས་ཁོ་ནར་ལྟར་འབྲི་བ་ལས། བོད་ལུགས་ལྟར་འབྲི་མཁན་ཆེས་དཀོན། དེ་ལྟར་རྒྱུན་འབྱམས་སུ་སོང་ན་ནམ་ཉི་མ་ཞིག་ལ་བོད་ལུགས་ཀྱི་ལོ་ཟླ་ཚེས་གྲངས་བརྩི་ལུགས་རྣམས་ཟ་རྒྱུ་ཡིན་ནམ་འཐུང་རྒྱུ་་ཡིན་མི་ཤེས་པ་རེད་གཏན་ཁེལ་རེད།
གཞུང་པ་ཚེ་དབང་དང་བོད་ལོོ་རྩི་དགོས་མི་རྣམ་གྱི་སྙན་ལམ་དུ།
ད་ཐེངས་བཀའ་ཟུར་ཤར་གླིང་ལག་གུང་ལོ་སོ་ལྔ་མ་ལོན་པ་དེ་སྤྱི་འཐུས་ནས་ཕྱིར་འཐེན་བྱས་དགོས་མ་གསུངས་སྔོན་བཀའ་ཤག་ནས་དེ་ལྟར་བྱེད་རྒྱུ་གྲོས་ཚོགས་ནང་གསལ་སྒྲགས་བྱས་སོང་ལ་དོ་བདག་བཀའཟུར་མཆོག་ནས་ཀྱང་ངོ་དེབ་ནང་གུང་ལོ་༣༥ཟིན་པའི་རྐྱེན་གྱི་ཕྱིར་འཐེན་ལ་ངོ་ལེན་བྱས་འདུག་པར་ཁྱེད་ཀྱི་མ་མཐོང་ངམ།།་་ཡང་ཁྱེད་རང་འདྲ་བའི་དྲྭ་གྲོགས་གས་བོད་པའི་བོད་ལོ་རྩིས་དགོས་བཤད་ཀྱི་འདུག་པ་དེ་ད་བར་བཙན་བྱོལ་ནང་གཞུང་འབྲེལ་དུ་ཚེས་དང་སློབ་འཇུག་དེ་བཞིན་སྐྱེ་ཚེས་ལག་འཁྱེར་ཚང་མ་སྤྱི་ལོ་སྤྱི་ཚེ་རྩིས་བར་དེར་འགག་པ་སྣེ་ཅིག་ཡང་བྱེད་མི་འདུག་པའི་ཉིད་ཁུག་སོང་བ་ཡིན་ན་ཡང་ན་སོ་སོར་ཁེ་ཕེན་མེད་པ་ཡིན་ནམ།།།
ཏྲེ་ཧོར་བྱམས་པ་རིན་ཆེན་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་།ཕོ་ཆོ་ག་ཡིན་་་
༡༩༨༡ ལོའི་ཟླ་ཞག་ཚེས་ཆ་གང་དུ་སྐྱེས་མིན་བལྟས་ཏེ་དེ་ནས་ད་ལོའི་སྤྱི་ཟླ་དྲུག་པའི་ཚེས་༡ ཉིན་མོར་གཏུག་ནས་ལོ་སོ་ལྔ་ཧྲིལ་ཁ་ལོན་མེད་པའམ། ཟླ་བ་གསུམ་དང་ཞག་པོ་ཉེར་བདུན་ལོན་མི་འདུག་ཟེར་བ་དེ། ཕྱི་ལུགས་ཡེ་ཤུའི་ལོ་ལྟར་དུ་རྩིས་པ་རེད། དོ་བདག་རང་གིས་ཁས་ལེན་དེ་འདྲ་གནང་བ་རེད། དེ་དོ་བདག་ཡིན་ན་འདྲ་སུ་ཡིན་ན་འདྲ་མ་ཤེས་པ་རེད། ནར་བ་ནོར་བ་མི་ལ་ཡོད་པའི་དཔེ་བཞིན། ནོར་འཁྲུལ་རེད། དོན་ངོ་མ་བཙན་བྱོལ་བོད་མིའི་རྩ་ཁྲིམས་གཞིར་བཞག་ན་ལོ་ཧྲིལ་པོ་སོ་ལྔ་ལོན་དགོས་ཟེར་བ་དེར། བོད་ལོ་དང་ཡེ་ལོ་གང་ཡིན་གསལ་ཁ་མེད། དེས་ན་རྩ་ཁྲིམས་གཏན་འབེབས་བྱེད་མཁན་ཚོ་ལ་སྐད་ཆ་དྲིས་ནས་ལོ་ཧྲིལ་པོ་ཟེར་བ་དེ་གང་ཡིན་བལྟས་ཏེ་གཞི་ནས་བཀའ་བློན་གྱི་ལོ་ཚད་ལོན་མིན་ལྟ་ཡ་རེད།
༡༩༨༡ལོའི་གནམ་གང་ཉིན་མོའི་ཆུ་ཚོད་དང་པོར་སྐྱེས་པའི་ཕྲུ་གུ་དེ་ལ་༡༩༨༢ལོའི་ཚེས་གཅིག་ཉིན་མོའི་ཆུ་ཚོད་དང་པོ་ལ་ཕྲུ་གུ་དེ་སྐྱེས་ནས་ཉིན་གཅིག་ཟིན་པ་རེད། སྐྱེས་ནས་ཉིན་གཅིག་མ་གཏོགས་མ་ཕྱིན་པའི་ཕྲུ་གུ་ཞིག་ལོ་གཅིག་ཡིན་ཟེར་བའི་ལུགས་སྲོལ་དེ་ནི་ཡིག་རྨོངས་ཀྱི་སྤྱི་ཚོགས་དང་། ཀླ་ཀློའི་སྤྱི་ཚོགས་ནང་དུ་མ་གཏོགས་འཛམ་གླིང་འདིའི་ཐོག་ཏུ་མེད་ངེས་ཡིན།
ཀླ་ཀློ་ཡི་རིགས་རྒྱུད་རྣམས་ཀྱི་ཀླད་པའི་ནང་དུ་ཡིག་རྨོངས་ཀླ་ཀློའི་བག་ཆགས་ཟབ་མོ་སྟབས་སྐྱེས་ནས་ཉིན་གཅིག་མ་གཏོགས་མ་ཕྱིན་པའི་ཕྲུ་གུ་ལ་ལོ་གཅིག་ཡིན་ཟེར་བཞིན་གདའ། འདི་འདྲ་བའི་ལོ་བརྩི་སྟངས་ཤིག་ཀླ་ཀློ་ཁྱོད་ཚོ་ལ་ཡོད་ན་མ་གཏོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཐོག་ནས་མེད། ཐུགས་རྗེ་གཟིགས་་་འཛམ་གླིང་མི་དམངས་ཀྱི་མིག་མདུན་དུ་བོད་པ་ཟེར་བ་དེ་སྐྱེས་ལོ་ཡང་གྲངས་ཀ་རྒྱབ་མི་ཤེས་པའི་ཀླ་ཀློ་ཞིག་ལ་མ་བསྒྲུབ་རོགས།
གཞུང་པ་དང་སྐྱོ་བྲག་གཉིས་ལ་ལབ་བཞིན་ཡོད། དེ་མིན་ན་བོད་ཀྱི་ལོ་རྩིས་རིག་གནས་ཀྱི་ཁུངས་དང་ལུང་སྟོན་རོགས་བྱོས། དེ་འདྲ་མེད་ན་ཁ་བཙུམ་ན་མི་དགའ་འམ།
སྤྱི་སྟངས་ནས་་་གཞུང་པ་དང་སྐྱོ་བྲག་ཁྱོད་གཉིས་ཀྱིས་རང་གི་སྐྱེས་ཚེས་ཏག་ཏག་ཞིག་ཤེས་ཡོད་དམ། ཡོད་ན་མཆོག་གསུམ་དཔུང་དུ་བཙུགས་ནས་རང་གི་སྐྱེས་ཚེས་འདི་ཡིན་ཞེས་གསུང་རོགས་བྱོས་དང་། བོད་མི་བརྒྱ་ཆ་ལྔ་བཅུས་རང་གི་སྐྱེས་ཚེས་ཤེས་ཀྱི་མེད་པ་དངོས་ཡོད་ཡིན། ཁྱོད་གཉིས་ཡང་དེ་བཞིན་ཡིན་གྱི་རེད་འདོད།
ལོ་ཚད་གཡུག་ཞོག་ཚར་སོང་། ད་བསྐྱར་ཏུ་མོ་འདེམས་སྲིད་པ་རེད་དམ
ཆབ་ས྄ྲིད་ཟེར་ཡ་དེ་ཡོས་བར྄ྔོ་ས྄ྟངས་དང་གཅིག་པ་ཡིན་ས་རེད།
དོན་མེད་དང་དགོས་མེད་ཀྱིས་ཁ་རླང་འབུད་མ་སྡོད། ཟླ་ངོ་གཉིས་གསུམ་གྱི་དུས་ཡུན་ཞིག་གི་དོན་དུ་སྲིད་སྐྱོང་དང་དོར་བདག། སྤྱི་འཐུས་རྣམ་པ་ཚང་མས་ནོར་སོང་ནི་རེད། འོན་ཀྱང་ནོར་ཚབ་ཆེ་པོ་མ་རེད། གྲོས་ཚོགས་རྗེས་མའི་སྐབས་སུ་མོ་རང་སླར་ཡང་བཀའ་བློན་ལ་ཐོན་ཡོང་གི་རེད། ཤེས་འཇོན་རྣམ་དཔྱོད་དང་ལྷག་བསམ་སྤྱི་སེམས་སོགས་ཇི་ཡོད་ག་ལེ་མཐོང་ཡོང་གི་རེད། འགག་ལ་ཐུག་དུས་བདེ་སྐྱིད་ཆོས་གཡང་མོ་ཧྲིང་མ་དང་འབྲུང་ཆུང་དངོས་སྒྲུབ་རྣམ་གཉིས་ཀྱིས་སྤྱོད་ངན་དང་སྒྲིག་ངན་བཞིན་མི་གནང་བའི་རེ་བ་ཡོད།
ཅོ་རི་ཁྱོད་རང་ཡང་ཀླ་ཀློའི་རྒྱུད་པ་ཡིན་པ་མ་བརྗེད།
སྙིང་རྗེ་་་ཕྱོགས་རིས་དང་ཕྲག་དོག་དབང་གིས་བཅའ་ཁྲིམས་ཡང་རྩིས་མེད་གིན་འདུག མི་འདིའི་རིགས་ལ་གཟབ་གཟབ་བྱ་དགོས་ཡ།
ཨ་ལས། སྐྱོ་བྲག་ལགས་ཀྱིས་གསུངས་སྟངས་ལ་གཞིགས་ན། ཁ་སྔོན་ཟླ་སྒྲོན་ནས་གསར་འགོད་པ་དང་ལྷན་དུ་དྲི་བ་དྲིས་ལན་སྐབས་”རང་ལོ་༣༥ཧྲིལ་པོ་ཟེར་པ་དེ་ལ་འགྲེལ་བཤད་ད་་་་རྒྱབ་ཡག་ཡོད་རེད་བསམ་གྱི་འདུག”ཅེས་བཤད་འདུག་པ་དེར་འགྲེལ་བཤད་རྒྱབ་ཁུལ་བྱས་པ་འདྲ། འགྲིག་གི་རེད། ད་ནས་བཟུང་བོད་ལུགས་བརྩི་སྲོལ་ལ་ཆ་བཞག་ནས་འགྲོ་ན་འགྲིག་གི་རེད། འོན་ཀྱང་ད་ལྟ་བར་བོད་གཞུང་གི་ལས་བྱེད་འདེམས་བསྐོ་དང་། སློབ་ཡོན། དངས་སླང་དཔྱ་དངུལ། དེ་བཞིན་འོས་འཕེན་གྱི་ལོ་ཚད་སོགས་ཀྱི་ཆ་རྐྱེན་ཚང་མ་ལ་སྐྱེས་ལོ་ནས་ལོ་གྲངས་རྩིས་པ་ལས་བོད་ལོ་གཅིག་བརྩི་སྲོལ་བྱུང་མེད། བསྟན་པ་མགོ་ནས་བཤིག་ན་འགྲིག་གི་རེད། ད་དུང་ཡ་མཚན་པ་ཞིག་ལ་མོ་རང་སྐྱེས་སྒར་དང་དེ་འདྲ་སྲུང་བརྩི་བྱེད་སྲོལ་མེད་པ་འདྲ། རྒྱ་གར་དུ་ཚར་ལོངས་བྱུང་ཞིང་ཕྱི་རྒྱལ་ལ་སློབ་སྦྱོང་བྱས་མྱོང་ཡོད་པའི་སྤྱི་བའི་འཐུས་མི་ཞིག་གི་རང་ལོ་ཡག་པོ་རྩིས་མ་ཤེས་ན་གད་མོ་ཤོར་བའི་སྐད་ཆ་རེད།
ད་དུང་སྐད་ཆ་གཅིག་ཡོད། བོད་ཀྱི་ཐབས་རྩོད་པ་ཡོད་དོ་ཅོག་ཆབ་སྲིད་དང་འཛིན་སྐྱོང་ནང་བཞུགས་ནས་བསྡད་ན་མ་འོངས་པའི་གཞོན་སྐྱེས་ཚོར་དམིགས་དཔེ་གང་འདྲ་ཞིག་འཇོག་རྒྱུ་ཡིན་ནམ། བོད་ཀྱི་གཞོན་ནུ་དང་། བུད་མེད། སློབ་ཕྲུག་རང་བཙན་ཚོགས་པ་དེ་ཚོ་ཚང་མ་རྐུབ་སྟེགས་དང་སྲིད་དབང་གི་ཐེམ་ཁའི་ངོ་བོར་འགྱུར་ན། མ་འོངས་པར་བོད་ཀྱི་ཐབས་རྩོད་པ་ཚོར་ཇི་ལྟར་ཆ་བཞག་དགོས་བསམ།
སྐབས་རེ་བཙན་བྱོལ་ནང་གི་ཐབས་རྩོད་པ་ཉུང་ཤས་ལས་མེད་པ་དེ་དག་རིམ་པས་གཞུང་གི་གོ་ས་ལ་དམིགས་ནས་བསྡད་མེད་དམ་བསམ་བསམ་དྲན་གྱི་འདུག
བཀའ་སྤྱི་གཉིས་དང་བོད་མི་མང་ནས་རང་གི་རིག་གཞུང་ལས་ཕྱིའི་འགྲོ་ལུགས་དེ་གལ་ཆེར་བརྩི་གི་ཡོད་ན་འདི་ལོའི་འོས་བསྡུའི་ནང་ཕྱི་ལོ་
1998 ཕྱི་ཟླ་3 པའི་ཚེས་20སྔོན་ལ་སྐྱེས་པ་དེ་ཚོ་ལོ་18ལོན་མེད་ན་
བཀའ་སྤྱིའི་འོས་བསྡུ་བརྩི་མེད་བཏང་ནས་འོས་གསར་པ་བསྡུ་དགོས་པ་
ཡིན་ནམ་ཧཧཧཧཧ་ད་ཁྲིམས་དང་སྒྲིག་གཞི་ལ་འབྲེལ་བཤད་མང་པོ་རྒྱབ་ན་ཧ་ལོག་ཡོང་ངོ་ཐུགས་རྗེའི་གཟིགས་ཕ་བཟང་གི་བུ་དང་མ་བཟང་གི་བུ་མོ་ཚོ་དགོང་པ་ཡག་པོ་བཞེས་རོགས་ཁ་བྲོ་།
བཅའ་ཁྲིམས་ནང་རང་ལོ་ཧྲིལ་པོ་35ལོན་པ་གསལ་བ་ལས་ལོ་35ལོན་ཡོད་མེད་ཉི་མ་དང་ཆུ་ཚོད་སྐར་ཆ་སོགས་རྩི་དགོས་གསལ་མི་འདུག་ན་ གསལ་ཁ་མེད་པའི་གནད་དོན་དེ་གསལ་པོ་ཡོང་ཆེད་སྨན་རྩིས་ཁང་གི་ལོ་ཐོ་ལ་གཞི་བཅོལ་དགོས་པ་དེ་བོད་མི་རིགས་ཀྱིས་རིག་གཞུང་སྲུང་སྐྱོབས་དང་རང་གི་རིག་གཞུང་ལ་བརྩི་བཀུར་ཞུས་ནས་ལྷག་བསམ་རྨ་མེད་ཀུན་ཕན་དཱངས་པ་ཆེན་པོས་ཞུས་པ་ལས་རང་ཉིད་སྒེར་ལ་ཐེབ་ཤོར་ཀར་ལི་ཙམ་མེད་པ་དེ་ཡང་མཁྱེན་པ་གནང་རོགས་ཐུགས་རྗེའི་གཟིགས་།
སྙིང་རྗེའི་སྲིད་སྐྱོང་སློབ་བཟང་སངས་རྒྱས་ཀྱི་གསུང་ལྟར། སྙིང་རྗེ། མི་འདི་ཚོའི་གྲས་སྤྱི་ཚོགས་ནང་ཤེས་ཡོན་ཅུང་ཟད་ཡོད་པའི་མིའི་གྲས་ཡིན་ཁུལ་ཡང་། རྨོངས་གཉིད་མ་སངས་པར་རྨོངས་སྐད་མགལ་མེ་ལྟརའཁོར་ཏེ་འདོན་པ་ནི། བོད་པ་ཚང་ད་དུང་མི་རྗེས་ཟིན་མེད་པ་གསལ་པོ་སྟོན་གྱིན་འདུག །
རང་གི་རིག་གཞུང་རང་གི་མ་སྲུང་ན་།
མི་ཡུལ་ས་མཐར་ཁྱམས་པ་དོན་རེ་ཆུང་།
རང་གི་རིག་གཞུང་རང་གི་མ་སྲུང་ན་།
ཆོས་རིག་ལྷན་ཁང་བཙུགས་པ་དོན་རེ་ཆུང་།