བོད ལྷ་ཀླུ་གཉན་གསུམ།
ང་དང་གྲོགས་པོ་རྡོ་རྗེ་གཉིས་ཀྱིས་ཁོ་རང་གི་ནང་དུ་གློག་བརྙན་ལ་བལྟས་དེ་ བསྡད་ཡོད། སྐབས་དེར་ང་རང་གི་ལག་ཁྱེར་ཁ་པར་གྱི་སྒྲ་གྲགས་སོང་། ངས་ཁ་པར་ནང་གི་མིང་ལ་གཅིག་བལྟས་དུས། ངའི་གྲོགས་པོ་བློ་བཟང་རེད།
ཁོང་གིས་ང་རང་ལ་ཁྱེད་རང་དོ་ནུབ་ངའི་ལྷན་དུ་ཤར་པ་ཚོས་སྟོན་པའི་འཁྲུངས་ སྐར་སྲུང་བརྩི་བྱེད་སར་འགྲོ་འདོད་ཡོད་དམ། ཡོད་ན་ཤོག་དང་། ང་རང་དེར་འགྲོ་རྩིས་ཡོད། ཕྱི་དྲོ་ཆུ་ཚོད་དྲུག་པའི་རྒྱབ་དུ་རླངས་འཁོར་འབབ་ཚིགས་སུ་ཐུག་ཆོག
ཕྱི་དྲོ་གྲོགས་པོ་རྡོ་རྗེ་ནས་ང་རང་ཁོ་རང་གི་ལས་ཀའི་རླངས་འཁོར་གྱི་ནང་དུ་ བསྐྱལ་ནས་རླངས་འཁོར་འབབ་ཚིགས་སུ་འབྱོར་དུས་སུ། གྲོགས་པོ་བློ་བཟང་བོད་པའི་བུད་མེད་ཅིག་དང་རྒྱ་གར་བུད་མེད་གཅིག་བཅས་མོག་མོག་ ཟ་ཁང་ཞིག་གི་ནང་དུ་བསྡད་འདུག
དེ་ནས་ཅུང་མ་འགོར་བར་ང་ཚོའི་འཁྲིས་སུ་བོད་ལྭ་གྱོན་པའི་བུད་མེད་མཛེས་མ་ མང་བོ་ཞིག་སླེབས་སོང་། ཕར་བལྟས་ཚོད་ཀྱིས་བོད་ཀྱི་བུད་མེད་ཤ་སྟག་འདི་རུ་འཛོམས་སོང་སྙམ་པའི་སྣང་བ་ འགོག་མེད་དུ་སྟེར་གྱི་འདུག ཁོང་ཚོས་འཁྲིས་སུ་བཅར་ནས་སྐད་ཆ་དྲིས་དུས་སུ། ཁོང་ཚོ་ཡང་སྟོན་པའི་འཁྲུངས་སྐར་བརྩི་སྲུང་བྱེད་སར་འགྲོ་མཁན་རེད་འདུག ཡིན་ཡང་། བོད་སྐད་ཤེས་མཁན་གཅིག་ཀྱང་མི་འདུག
ང་ཚོ་བུད་མེད་གཉིས་དང་བཅས་མི་བཞིའི་གླ་བྱེད་རླངས་འཁོར་ཞིག་གླས་དེ་ཚོགས་ ཁང་ཡོད་སར་ཕྱིན་པ་ཡིན། ཚོགས་ཁང་དེ་ཡི་འགྲམ་དུ་སླེབས་དུས་སུ་སྔ་ས་ནས་དེ་རུ་བོད་ལྭ་གྱོན་པའི་བུད་ མེད་མང་བོ་ཞིག་འཛོམ་འདུག་ལ། མཉམ་དུ་ཕོ་གསར་ཡང་བོད་པའི་ངོ་གདོང་འཁུར་བ་མི་ཉུང་བ་མང་བོ་ཞིག་འཛོམ་འདུག
ང་ཚོ་ཚོགས་ཁང་དུ་འཛུལ་བ་ལ། ཤས་ཀར་ལྔ་བཅུ་རེ་སྤྲོད་དགོས་ཀྱི་འདུག་ལ། ང་རང་གི་འཛིན་བྱང་གྲོགས་པོ་བློ་བཟང་གིས་སྤྱིན་བདག་བྱས་སོང་། ཚོགས་ཁང་ནང་དུ་ཡར་འཛུལ་དུས་སུ། སྒོ་འགྲམ་དུ་བུད་མེད་བོད་ལྭ་གྱོན་པའི་མཛེས་མ་མི་ཉུང་བ་ཞིག་གིས་ལག་དུ་ནང་ བའི་དར་ཆ་ཆུང་ཆུང་རེ་ཡི་སྟེང་དུ་ཤོག་བུའི་བཟོས་པའི་མེ་ཏོག་ཡོད་པ་རེར་མི་རེ་ ཡི་བྲང་ཁར་འདོག་བཞིན་འདུག་པ་མ་ཟད། ལག་ཟུང་ཐལ་མོ་སྤྱར་ནས་བཀྲ་ཤིས་བདེ་ལེགས་ཞུ་བཞིན་འདུག
ཚོགས་ཁང་ནང་གི་གར་སྟེགས་སྟེང་དུ་སྟོན་པའི་སྐུ་བརྙན་ཞིག་གི་མདུན་དུ་མངར་ ཆུ་དང་མངར་ཟས། ཤིང་ཏོག་གི་རིགས་མི་ཉུང་བ་ཞིག་གཤམ་འདུག་པ་མ་ཟད། ཁ་བཏགས་ཀྱང་གཏན་ནས་མི་ཉུང་བ་ཞིག་འདུག་པ་མ་ཟད། མཆོད་མེ་རྐང་བུ་ཆེན་པོ་གསུམ་ཡང་འདུག ཚོགས་ཁང་དེ་རུ་འབྱོར་བའི་མི་གྲངས་ཀྱང་ཕལ་ཆེར་མི་ཉིས་བརྒྱ་ལས་བརྒལ་འདུག མང་ཤོས་ནི་བུད་མེད་རེད། དེ་ཡི་ཁྲོད་དུ་བོད་པ་ང་དང་བློ་བཟང་། བལ་ཡུལ་ནས་འབྱོར་བའི་བུད་མེད་པདྨ་དང་ཚེ་རིང་། ཅུང་ཙམ་རྗེས་སུ་བློ་བཟང་དོན་འགྲུབ་འབྱོར་བ་བཅས་མི་ལྔ་མ་གཏོགས་མེད།
ཁོང་ཚོས་སྐུ་མགྲོན་དེ་དག་ལ་བོད་ཇ་གྲ་སྒྲིག་བྱས་འདུག མི་རེ་ལ་བོད་ཇ་འདྲེན་མཁན་དེ་དག་ཡང་བུད་མེད་སྙིང་རྗེ་བོ་བོད་ལྭ་གྱོན་པ་ཤ་ སྟག་རེད་འདུག་ན་ཡང་། བོད་སྐད་ཤེས་མཁན་མི་འདུག དེ་ནས་ཁོང་ཚོས་སྟོན་པའི་འཁྲུངས་སྐར་འགོ་འཛུགས་བྱས་སོང་། ཐོག་མར་ཁོང་ཚོས་ཡོལ་མོའི་ཚོགས་པའི་མིང་ཐོག་ནས་མི་རེ་ལ་འཚམས་འདྲི་དང་བཀའ་ དྲིན་ཆེད་ཞུ་དང་ཤོག་བྱང་རེ་དང་ཤོག་བཟོས་མེ་ཏོག་རེ་བཅས་སྤྲད་སོང་། སྐུ་མགྲོན་ཁ་ཤས་ཤིག་གདན་འདྲེན་བྱས་འདུག་ལ། དེ་དག་ཡང་བལ་ཡུལ་གཞུང་གི་ལས་བྱེད་ཁག་གཅིག་ཡིན་འདུག
མི་སྐྱ་ཁ་ཤས་ཤིག་གིས་གཟན་གཅིག་བུ་གོན་ནས་སྐྱབས་འགྲོ་ནས་འགོ་བཟུང་དེ་ ལྟུང་གཤེགས་དང་བཅས་བོད་སྐད་སྟེང་ནས་འདོན་འགོ་བཙུགས་སོང་། གཤམ་དུ་མི་མང་ལ་ཇ་འདྲེན་པ་ཟས་སྣ་འདྲེན་པ་བཅས་ཀྱི་འགོ་བརྩམས་སོང་། མི་སྐྱ་དེ་དག་གིས་ཞལ་འདོན་ཆུ་ཚོད་གཅིག་ཙམ་རིང་བཏོན་རྗེས་སུ། ཁོང་ཚོས་ཕོ་མོ་གཉིས་ཀ་འགྲོག་ནས་སྐོར་བྲོའི་འགོ་བཙུགས་སོང་། སྐོར་གཞས་ཀྱང་བོད་སྐད་ཚིག་འདྲེས་ཡོད་པ་དང་། དམིགས་བསལ་གྱིས་སྟོད་པའི་སྐོར་བྲོའི་ཞིག་འཁྲབ་ཀྱི་ཡོད་པ་ལྟ་བུའི་ངང་ཚུལ་ ཞིག་ལས་གཞན་སྣང་བ་གང་ཡང་སྟེར་གྱི་མི་འདུག ཡིན་ཡང་། ཁོང་ཚོས་བོད་སྐད་བཤད་ཀྱི་མི་འདུག བོད་ལྭ་གྱོན་པའི་ངང་ཚུལ་དེ་མཐོང་དུས་སུ་དངོས་ནས་བོད་མི་སྐོར་ཞིག་འདི་རུ་ འཛོམས་པའི་སྣང་བ་ལས་གཞན་གང་མི་སྟེར།
ཁ་ལག་ཚང་མ་ཤ་མེད་རེད་ལ། ཚོགས་ཤིག་ཀྱང་བཀྲམ་སོང་། མི་རེ་ལ་འགྱོག་ཤོག་ཁུག་མ་གཅིག་རེ་སྤྲད། འཐུང་ཆུ་མངར་མོ་དཀར་དམར་སེར་གསུམ་གྱིས་སྒྲོག་རྩེ་ཚང་མ་བཀང་འདུག སྟོན་པའི་འཁྲུངས་སྐར་གྱི་དུས་ཡུན་ནི་ཕྱི་དྲོ་ཆུ་ཚོད་དྲུག་དང་ཕྱེད་ཀ་ནས་མཚན་ དཀྱིལ་ཆུ་ཚོད་གཉིས་པ་བར་དུ་རེད། ཟླ་ཚེས་ནི་༢༩།༥།༡༠རེད། ཚེས་གྲངས་དེ་ལྟར་བྱེད་དོན་ནི་ཚང་མའི་གུང་གསེང་ལ་བསྟུན་འདུག
ཁོང་ཚོས་སྟོན་པའི་འཁྲུངས་སྐར་འདི་འགོ་ཉིས་སྟོང་དྲུག་ནས་བཙུགས་འདུག ཚོད་དཔག་བྱས་པ་ཡིན་ན། ས་ཁུལ་འདིར་ལས་ཀའི་ཆེད་དུ་འབྱོར་བའི་ཤར་བའི་མི་གྲངས་ནི་བཞི་བརྒྱ་ནས་ལྔ་ བརྒྱའི་བར་ཡིན་རབས་འདུག ཡིན་ཡང་། ཁོང་ཚོས་ནང་བ་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་ན་ཡང་། ལོ་རྒྱུས་ཀྱི་སྟེང་ནས་བོད་མི་ཡིན་པ་གཏན་ནས་ཤེས་ཀྱི་མེད་པ་རེད་དམ། ཡང་ན། ཁོང་ཚོ་བོད་མི་མ་རེད།
བལ་ཡུལ་གྱི་རྒྱལ་ཁབ་ནང་དུ་འདི་འདྲའི་མི་རིགས་མང་པོ་ཡོད་པ་རེད། དཔེར་ན། དོལ་པོ་དང་། གློ་བོ། སྙེ་ཤང་། མུ་ཁུམ། འུམ་གློ། ནུབ་རི། ཙུམ། ཡོལ་མོ། སེ་རིབ། ད་དུང་འདིར་མིང་མ་བགྲངས་པ་དུ་མ་ཞིག་ཡོད་པ་རྣམས་དོན་ཐོག་ཏུ་དེ་རྣམས་གནའ་སྔ་མོ་ནས་བོད་མི་ཡིན་པས་མ་ཚད་ཁོང་ཚོའི་ལོ་རྒྱུས་སུའང་བོད་དང་ཆོས་སྲིད་གཉིས་ཙམ་གྱིས་མི་ཚད་པར་མི་རྒྱུད་ཀྱི་འབྲེལ་བ་ཡོད་རབས་གསལ། ད་ལྟའང་དེ་ཚོ་ད་དུང་རོང་པ་ཆ་ཚ ང་དུ་མ་འགྱུར་བར་གདན་ས་ཁག་དང་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་རྣམས་སུ་གྲྭ་བཙུན་དང་སློབ་གྲྭ་ཁག་ཏུ་སློབ་ཕྲུག་དུ་མ་ཡོད། འོན་ཀྱང་། ང་རང་ཚོ་བོད་མིའི་ངོས་ནས་སྐབས་འགར ་དེ་ཚོར་ལྟ་སྟངས་ལོགས་ཁར་བྱེད་པས། ཁོང་རྣམ་པས་ཀྱང་རང་བཞིན་གྱིས་ང་ཚོ ་བོད་པ་མིན་ཟེར་མཁན་ཡང་མང་དུ་འགྲོ་བཞིན་འདུག
ལྷག་པར་རང་གཞུང་ནས་གདན་ས་ཁག་ཏུ་སོག་པོ་དང་བྷུ་རི་ཡད། དེ་བཞིན་ཁལ་མི་ཁིའི་མི་རིགས་སམ་གྲྭ་བཙུན་རྣམས་ལ་སློབ་ཡོན་གནང་བ་ཇི་བཞིན། མི་རིགས་དེ་དག་གི་གྲྭ་བཙུན་རྣམས་ལའང་སློབ་ཡོན་བསྩལ་ ན་མ་འོངས་པར་མུ་ མཐུད་ནས་འདི་དག་གི་སེམས་པར་ཡང་རང་ཉིད་བོད་རིགས་དང་འབྲེལ་བ་ཇེ་དམ་དུ་འགྲོ་བའི་ཡིད་ཆེས་བདག་ལ་ཡོད། དེའི་སྐོར་སྔོན་མ་ཞིག་ལ་བེ་རི་འཇིགས་མེད་ཀྱིས་གྲོས་ཚོགས་སུ་བཤད་པའང་དྲན་གྱི་འདུག
གཞན་ནི་དེ་ཚོ་བོད་རིགས་གཙང་མ་ཡིན་མིན་སྐད་ཆ་མེད་ཀྱང་། རིམ་པས་རང་རིགས་དང་འབྲེལ་བ་ཇེ་འགྱངས་སུ་ཕྱིན་ན་ནམ་ཞིག་ཁོ་ཚོ་ཡང་ལོགས་ཀ་ཞིག་ཡིན་རབས་ཚོར་ཉེན་ཡོད། ཕྱི་རྒྱལ་ན་སྐད་གྲགས་ཆེ་བའི་བླ་མ་བཟོད་པ་རིན་པོ་ཆེ་ཟེར་བ་དེའང་ཤར ་པའི་མི་རིགས་ཤིག་རེད། སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ཀྱང་དོལ་པོའི་མི་རིགས་ཤིག་རེད ། དེ་བཞིན་ཆོས་བརྒྱུད་གཞན་རྣམས་ལའང་དེ་འདྲ་མང་པོ་འདུག དཔེར་ན་ས་སྐྱའི་ངོར་ཞབས་དྲུང་དག་ཀྱང་གློ་བོ་ནས་རེད། འོན་་ཀྱང་། ང་ཚོ་དང་ཁོ་ཚོའི་འབྲེལ་བ་དེ་ཇེ་འ གྱངས་སུ་ཕྱིན་ན། ནམ་ཞིག་མི་འདྲ་བ་ཡིན་མདོག་གི་གནས་སུ་སྡོད་ཉེན་ཡོད། ཤར་པ་དེ་ཚོ་ལ་རང་སྐད་ཅིག་ཀྱང་འདུག་མོད། མ་རྩ་དེ་བོད་སྐད་རང་རེད་འདུག
བདག་གི་གྲོགས་པོ་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་ཡང་ དོལ་པོ་ནས་ཡིན་པས། ཁོང་གིས་ནམ་རྒྱུན་རྩེད་མོ་དང་སྦྲགས་ནས་ང་བོད་རིགས་ཡིན། བོད་པ་མ་ཡིན། བལ་པོ་ཡིན། ཟེར་གྱི་འདུག དེ་ལ་ངས་གོ་རྒྱུ་མི་འདུག་ལབ་མྱོང་ཡང་། ཁོ་རང་རྒྱལ་ཁབ་དེའི་མི་ཁོངས་ཡིན་པས། དེ་ལྟར་འདོད་ཀྱིན་འདུག
ངས་ད་དུང་ཡང་ཁོང་གིས་སེམས་ན་བོད་རིགས་དང་འབྲེལ་བ་ཡོད་རབས་ཀྱི་ཚོར ་སྣང་ཞིག་ལྷག་ཡོད་པར་མཐོང་བས་ཤར་པ་སོགས་ལ་དེ་ལྟར་ཡོད་ངེས་རེད་བསམ ་གྱིན་ཡོད།
གཞན་ནི་ཤར་པའི་མི་རིགས་ཀྱི་ལོ་རྒྱུས་ཤིག་ཏུ་ཁོང་རྣམས་ཁམས་མེ་ཉག་ན ས་གྲོལ་རབས་ཀྱང་ཡིག་ཐོག་ཏུ་འདུག་པས། བོད་མི་ཡིན་མིན་ལ་ལོ་རྒྱུས་ཀྱིས་ ཀྱང་གསལ་འདུག་མོད། ད་ནི་མི་རིགས་དེ་དག་བལ་ཁོངས་སུ་ཡོད་པས། ཅུང་ཟད་འགྱུར་བ་འགྲོ་བཞིན་ཡོད་ངེ ས་རེད།
ཁྲི་གཡང་དྲུང་གི་ཟིན་བྲིས་ལས་དྲངས།
དོལ་པོ་དང་། གློ་བོ། སྙེ་ཤང་། མུ་ཁུམ། འུམ་གློ། ནུབ་རི། ཙུམ། ཡོལ་མོ། སེ་རིབ་བ་སོགས་ཁོང་ཚོ་ཚང་མ་བོད་རིགས་ཡིན་པ་རྩོད་མེད་རེད། བོད་མི་ཡིན་མིན་གྱི་ས་མཚམས་ངས་མི་ཤེས་ཀྱང་། གལ་སྲིད་བོད་མི་ཡིན་ན། བལ་པོའི་བོད་མི་རེད། དཔེར་ན་ལ་དྭགས་པ་རྣམས་རྒྱ་གར་གྱི་བོད་མི་ཡིན་པ་བཞིན་ནོ།
རིག་གཞུང་གི་དབང་དུ་བྱས་ན་གོང་གི་དེ་དག་བོད་མི་ཡིན་ཀྱང་། ཆབ་སྲིད་ཀྱི་དབང་གིས་བལ་པོ་ཡིན་ཟེར་ན་མི་འགྲིགས་པ་མེད་སྙམ། འཛམ་གླིང་གི་ས་ཁྲ་ནང་ལ་བོད་ཀྱི་རིག་གཞུང་ཁྱབ་ཡུལ་གྱི་ས་ཁྲ་འབྲི་སྐབས་གོང་གི་མི་རིགས་དེ་དག་གནས་ཡུལ་གྱི་ས་ཆ་རྣམས་བོད་ཀྱི་ཁོངས་སུ་གཏོགས་པ་བྱེད་ཀྱི་འདུག
དོལ་པོ་དང་། གློ་བོ། སྙེ་ཤང་། མུ་ཁུམ། འུམ་གློ། ནུབ་རི། ཙུམ། ཡོལ་མོ། སེ་རིབ་བ་སོགས་ཁོང་ཚོ་ཚང་མ་བོད་རིགས་ཡིན་པ་རྩོད་མེད་ཡོངས་གྲགས་རེད། གཙོ་བོ་མི་དེ་དག་གི་སེམས་ནང་བོད་རིགས་ཡིན་མཉམ་པའི་བོད་ཞེན་ཡོད་མེད་ལ་བལྟ་རྒྱུ་རེད། མི་ལོ་བཅོ་བརྒྱད་ཉི་ཤུ་བོད་པའི་སྤྱི་ཚོགས་ནང་བཟས་བཏུང་བྱས་སློབ་ཡོན་སྒོར་གཅིག་ཀྱང་སྤྲོད་མི་དགོས་པར་སློབ་སྦྱོང་བྱས་ནས་ཐ་མ་བོད་གཞུང་དང་བོད་མིར་སྡང་ཟུག་བྱ་མཁན་ཞིག་ཡིན་ན་བོད་རིགས་མ་རེད་ཟེར་ཀྱང་ཆོག
སྤུན་ཟླ་ཚོ། དེང་སང་གི་ཤར་པ་གཙོ་བའི་གཞོན་རབས་དེ་དག་ལ་ང་ཚོས་འབྲེལ་འདྲིས་བྱེད་རྒྱུ་གལ་ཆེན་པོ་རེད་ལ། ཁོང་ཚོས་ཀྱང་སེམས་ཁོང་དུ་རང་ཉིད་མི་རིགས་གང་གི་ཁུངས་སུ་གཏོགས་མིན་དེ་ཤེས་པར་དངོས་ནས་འབད་བརྩོན་བྱེད་དགོས་ཀྱི་འདུག གཅིག་བྱས་ན། དེ་དག་གི་སེམས་ཁོང་གི་འདོད་པ་ཆེ་ཤོས་དེ་ནི་རང་ཉིད་མི་རིགས་གང་གི་ཁུངས་སུ་གཏོགས་མིན་དེ་ཤེས་འདོད་ཡོད་ཤས་ཆེ།
ཤར་པའི་རིགས་རྣམས་བོད་པ་མ་ཡིན་ན། བཙན་བྱོལ་བོད་མི་རྣམས། བོད་མིར་འཇོག་རྒྱུའི་དཀའ་ངལ་འཕྲད་པའི་དུས་ཚོད་ཤར་སྲིད་པས། བསམ་བློ་གུ་ཡངས་དཀྱེལ་ཆེ་གནང་ནས། བོད་རིགས་གཞན་རྣམས། བོད་མིར་འཇོག་ཐབས་ལ་བརྩོན་དགོས་བགྱིད་རེད་སྙམ། མི་སེར་སུས་ཁོངས་ཡིན་མིན་ནི། སོ་སོའི་ལག་འཁྱེར་དང་། སྐབས་ཐོབ་གནས་ཚུལ་ཐ་དད་རེད། རྗེའུའི་མི་རིགས་བཞིན་ནོ། བོད་རིགས་ས་ཡ་དྲུག་ལོངས་མི་ལོངས་ལ་ཡང་རྩོད་པ་ཞིག་ཡོད་བཞིན་པ་རེད། དེ་དོན་བསམ་བློ་ཐོངས་བར་ཞུ།
བོད་རིགས་ས་ཡ་དྲུག་དེ་བོད་མི་ས་ཡ་དྲུག་ལ་བཅོས་རོགས།
བོད་མི་ཡིན་མིན་གྱི་ཚད་འདི་རྒྱལ་ཁབ་གཅིག་གི་མངའ་ཁོངས་དང་ཆབ་སྲིག་ཀྱི་ལྟ་སྟངས་ནས་བཤད་ན་ཤར་པ་བོད་མི་མ་རེད་ཅེས་བཤད་ཆོག་ལ། ཁོང་རང་ཚོས་ཀྱང་བལ་པོའམ་ནེ་པ་ལི་ཡིན་པ་ལས་བོད་མི་ཡིན་གཏན་ནས་མི་ཟེར། ་འདི་གོང་གི་བལ་ཡུལ་གྱི་བོད་དང་ས་འབྲེལ་གྱི་མི་རིགས་མང་ཆེ་བ་དང།
རྒྱ་གར་གྱི་བོད་དང་འབྲེལ་བའི་ས་ཁུལ་ལ་དྭགས། འ༜༜བྲས་འྗོངས། མོན་སོགས་ཀྱི་མི་རིགས། འབྲུག་ཡུལ་བཅས་འདི་དག་ཚང་མ་གཅིག་མཚུངས་རེད། ཁོང་ཚོའི་རིགས་བརྒྱུད་བོད་ནས་མཆེད་མིན་བཤད་ཚུལ་མང་ཞིང་། རྒྱ་ལ་ཡིན་དུ་ཆུག་ཀྱང་དེ་ཙམ་གྱིས་བོད་མི་ཡིན་པ་ཇི་ལྟར་འགྲུབ་སྟེ། བོད་མི་སྤྲ་དང་སྤྲེའུ་ནས་མཆེད་པའི་རྒྱུ་མཚན་བོད་མི་སྤྲ་སྤྲེལ་ཡིན་ཞེས་བཤད་མི་རུང་བ་དང་འདྲ། དེ་བཞིན་བོད་ཀྱི་གཙན་པོ་རྒྱ་གར་ནས་མཆེད་པའི་རྒྱུ་མཚན་མེས་དབོན་གསུམ་བོད་མི་མ་ཡིན་པར་རྒྱ་གར་བ་ཞེས་འུ་ཅག་གིས་མི་སྨྲ་་བ་བཞིན་ནོ། །འོན་ཀྱང་ཆོས་དང་རིག་གཞུང་གི་ཆ་ནས་བཤད་ན་བོད་མི་རིགས་ཞེས་བཤད་ན་མི་རུང་ཨ་ཡོད་སྙམ། ཡིན་ནའང་ཁྱོད་ཚོ་བོད་མི་རེད་ཅེས་ང་ཚོས་བཙན་པོ་དབང་ཡོད་ག་ནས་བཤད་ཐུབ། ནེ་པལ་ནང་ན་རྒྱ་གར་བ་སྣ་རིང་བཀྲུས་ནའང་དག་རྒྱུ་མེད་པ་དེ་ཚོ་དུས་ནམ་ཡང་ང་རྒྱ་གར་བ་ཡིན་ཞེས་བཤད་གི་མེད་ལ་རིག་གཞུང་ནི་ཤིན་ཏུ་མཐུན་ཚབས་ཆེ་བ་ཡོད། ད་ལྟའི་བལ་པོའི་སྲིད་འཛིན་ལ་གཟིགས་དང་ཁོང་གི་མཚན་དང་རྒྱ་གར་མ་རིགས་་རྩོད་མེད་ཅིག་རེད། ཡིན་ནའང་ནེ་པ་ལི་རེད་མ་གཏོགས་རྒྱ་གར་བ་མ་རེད།
གལ་ལྟར་འདི་དག་ཚོར་བ་རྣོན་པོའམ་ཕོག་ཐུག་ཅན་གྱི་བརྗོད་གཞི་ཡིན་དུས་སེམས་ནས་དྲན་པའི་སྐད་ཆ་ཀླད་པའི་ནང་སྐོར་ཞིག་བརྒྱབ་ཏེ་གཞི་ནས་ཁ་ནས་འདོན་དགོས་པ་ལས་གང་བྱུང་གསུངས་མི་ཉན་སྙམ་མོ།།
མདོ་སྨད་ཟུང་ཆུའི་ཤར་བ་དང་། བལ་ཡུལ་ཤར་བ་གཉིས་ཀྱི་བར་ན་ལོ་རྒྱུས་ཀྱི་དྲ་བ་ཞིག་མེད་དམ་སྙམ། ཆོས་ལུགས་ཆོ་ག ཡུལ་སྲོལ་གོམས་གཤིས། གང་ཅིའི་ཐད་ནས། འོག་ཏུ་ངས་མདོ་སྨད་ཟུང་ཆུའི་ཡུལ་དང་དགོན་པ། དེ་བཞིན་ཆོས་གོས་སོགས་ཀྱི་པར་ཁ་ཤས་མཁོ་སྤྲོད་བྱས་ཡོད།
http://www.facebook.com/profile.php#!/photo.php?pid=10697&id=100001029458432
གཞོན་ནུ་ལགས། དེ་ཡིས་ཅི་ཞིག་འགྲུབ་རྒྱུ། སྤྱིར་ཧི་མ་ལའི་མི་རིགས་ཕལ་ཆེ་བ་ཆོས་དང་རིག་གཞུང་གི་ཕྱོགས་ནས་བོད་དང་ཁ་བྲལ་ནས་རང་རྐང་ཚུགས་པ་སྡོད་མི་ཐུབ་ཅེས་ཚིག་ཐག་བཅད་ནས་བཤད་ན་མི་འགྲིག་པ་མེད། ཡིན་ནའང་བོད་པ་རེད་དམ་མ་རེད་སུས་བཤད་ཐུབ། ལྷག་པར་རྒྱལ་ཁབ་གི་ཆ་ནས་བཤད་ན་བོད་པ་མ་རེད་ཅེས་ཁོང་རང་ཚོས་བཤད་གིན་ཡོད་ལ། ང་ཚོས་ཀྱང་དེ་རང་ངོས་ལེན་ན་ཡག་ནི་རེད།
སྔ་མོ་ཞིག་ལ་འབྲུག་མི་རིགས་ཨ་མདོ་ནས་མཆེད་ཅེས་བཤད་སོང་། ད་རེས་ཤར་པ་ཨ་མདོ་ནས་མཆེད་པར་བཤད་གིན་འདུག
སང་ཉིན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྔར་ཆོས་རྒྱལ་སྐབས་ཀྱི་སྐབས་ཀྱི་བོད་མི་ནི། མདོ་དབུས་ཁམས་གསུམ་སྒང་སྟོད་ལ་དྭགས་ནས་འབྲས་ལྗོངས་དང་ཤར་མོན་བར་གྱི་ནང་པ་ཚང་མ་དང་། “བལ་ཡུལ་གྱི་ཤར་པའི་རིགས་ཚང་མ་དང་། དེ་དུས་ཤར་པ་ཡོད་མེད་མི་ཤེས།” འབྲུག་གི་མི་སེར་ནང་པ་རྣམས་ཀྱང་བོད་མི་རེད།
༥༩འི་སྔོན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཆབ་འབངས་་འོག་གི་བོད་མི་ཁག་གཅིག་གི་རྩིས་སྟངས་ཡོད་རེད།
ད་ཆ་ནི་རྒྱ་བལ་རྒྱ་གར་འབྲུག་ཡུལ་བཅས་རྒྱལ་ཁབ་བཞི་དང་། དེ་མིན་པའི་ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཞེས་སྔར་ཆོས་རྒྱལ་སྐབས་ཀྱི་བོད་ཡིག་བོད་སྐད་དར་མི་རྣམས་ལ་བོད་ཀྱི་མིའམ། བོད་མི་རེད་ཅེས་བརྗོད་ཆོག འོན་ཀྱང་བོད་ཡིག་བོད་ཆོས་དར་བའི་སོག་པོ་རྣམས་བོད་མི་རེད་ཟེར་ན་ཅུང་མི་འགྲིག་སྙམ། ཆབ་སྲིད་ལས་མི་རིགས་གལ་གནད་ཆེ་བ་རྩིས་ནས་བོད་མི་ཡིན་མིན་ཁུངས་བཙལ་ན་ཁུངས་བཙན་པར་སེམས།
གཞོན་ནུ་ཟླ་མེད་ལགས། http://www.facebook.com/profile.php# ནང་གི karma dorje nyerchagpa དང་ཀརྨ་རྡོ་རྗེ། སྨུག་མིང་། རྡོ་རྗེ་དྲིལ་བུ་པ། རྡོར་དྲིལ་རིན་པོ་ཆེ། ད་ལྟའི་ཀརྡོ་རབ་འབྱམས་པ་རྣམས་ང་མི་གཅིག་ཡིན། ད་དུང་རིས་མེད་བླ་མ་སོགས་མིང་བེད་སྤྱོད་བྱེད་བགྱིད་ཡིན། འོན་ཀྱང་སྐབས་དོན་ང་ཤར་པའི་རིགས་རེད་སྙམ་ན་ནི་ནོར་བ་རེད། ང་ནི་སྟོད་འབ་ཆེན་པའི་འབྲོག་ཕྲུག་བཀྲུས་ན་དག་རྒྱུ་མེད་པའི་བོད་མི་ཅིག་ཡིན། འདི་ནི་དྭོགས་སེལ་དང་གསལ་བཤད་ཙམ་མོ།
ཁྱེད་ཚོས་རྩོད་བཞིན་པ་འདིར་བལྟ་ཙམ་ལས་མ་བྱས་ན། དོན་དག་ཆོ་མེད་ཅིག་རྩོད་བཞིན་པ་འདྲ་པོ་འདུག འདིར་བསམ་བློ་ཞིག་བཏང་བ་ཡིན་ན། དངོས་གནས་གནད་འགག་ཅན་གྱི་ཚིག་ཅིག་རེད། དེ་ཡང་གཙོ་བོ་ང་ཚོར་གཏན་ཁེལ་བའི་ཐ་སྙད་ཅིག་མེད་པས་ཡིན་པ་འདྲ།
བོད་མི་དང་བོད་མི་རིགས་ཞེས་པའི་ཐ་སྙད་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནམ། ཡང་ན། བོད་མི་ཟེར་ན་བོད་ཀྱི་སྤྱི་འབངས་མི་རིགས་ཡོངས་དང་། བོད་རིགས་ཟེར་ན། བོད་ཀྱི་མི་རིགས་མི་འདྲ་བ་ཁག་ལས་མི་རིགས་གཅིག་ལ་གོ་རྒྱུ་ཡིན། རྩོད་གཞིའི་རྩ་བ་ཐ་སྙད་འདི་གཉིས་ཀྱི་གོ་དོན་ལ་དབྱེ་བ་འབྱེད་རྒྱུ་ཡིན་མིན་ལ་ཐུག་འདུག་སྙམ།
དེ་ནས་མི་རིགས་ཟེར་བ་འདི་ཡང་རྙོག་གཞི་ཅུང་ཟད་ཡོད་པ་ཞིག་རེད། མི་རིགས་གང་ཡིན་མི་རིགས་ཤིག་གི་རྒྱུད་པ་གང་ཡིན་ཁོ་ན་ལ་ལྟོས་ཏེ་འཇོག་གི་ཡིན་ནམ། ཡང་ན་སྐད་དང་གོམས་སྲོལ། བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་ཀྱིས་མཚོན་པའི་རིག་གནས་ཀྱི་རྒྱབ་ལྗོངས་ལ་ལྟོས་ཏེ་འཇོག་གི་ཡིན།
གནའ་དེང་གཉིས་ཀའི་ལྟ་ཚུལ་གཞིར་བཟུང་ནས་བལྟས་ན་DNAསྟེ་ཁྲག་གི་གྲུབ་ཆ་ཡིས་མི་རིགས་གང་དང་གང་ཞིག་ཡིན་མིན་གཏན་འཁེལ་བྱེད་པ་མ་ཡིན་ནམ།
ཀརྡོ་རབ་འབྱམས་པ་ལགས།
ཁྱེད་རང་གིས་ལས་ཡག་པོ་མང་པོ་ཞིག་བགྱིས་དང་བགྱིད་གི་ཡོད་པ་ལྟར། མ་འོངས་པ་ནའང་བགྱི་གི་ཡིན་ནམ། དེ་ལྟར་གྱིས་ཤིག
ཡིན་ནའང་། བགྱི་བགྱིད་བགྱིས་གྱིས་བྱ་བའི་དོན་ཅན་དང་གི་གྱི་ཀྱི་འི་ཕྲད་ཀྱི་དོན་ཅན་གཉིས་ནམ་ཡང་བསྲེ་བར་མི་བགྱི་བར་འཚལ།
ངས་བོད་ཀྱི་ཆོས་དང་སྐད་གཉིས་ཀྱི་ནང་། ད་བར་དུ་བྱེད་བགྱིད་ཟེར་ནས་བྱ་ཚིག་ཉིས་རྐྱ་དེ་འདྲ་རྩ་ནས་མཐོང་མ་མྱོང་། སྐབས་ཐོབ་ཀྱིས་བྱས་ཡོང་། བྱེད་འགྲོ། ཟེར་བ་ལྟ་བུ་དང་། ག་ཚོད་བྱས་བྱས། ག་པར་འགྲོ་འགྲོ་ཟེར་བ་འདི་འདྲ་མཐོང་མྱོང་། དེ་ཡིན་ན། རབ་འབྱམས་པ་ཁྱེད་ཀྱིས། མ་དག་པའི་རིགས་རབ་ཏུ་རྒྱུན་འབྱམས་པར་མི་བགྱི་བརརིགས་སོ། བགྱིས་པ་རྣམས་ཀུན་གྱི་མདུན་དུ་མཐོལ་བཤགས་བགྱིད་འཚལ། སླན་ཆད་ཀྱང་མི་བགྱི་བར་དམ་བཅའ་བར་རིགས་སོ།
གོང་དུ་མང་པོ་ཞིག་ནས་བོད་རིགས་དང་། བོད་པ་ལ་ཁྱད་པར་འབྱེད་ཀྱི་ཡོད་པ་འདྲ། བོད་པ་ཞེས་པའི་ཚིག་ཟུར་གྱི་པ་དེ་བདག་སྒྲ་སྟོན་པ་ཡིན། དེ་ཡང་བོད་རིགས་ལ་བྱས་ནས་བདག་སྒྲ་སྟོན་པ་དང་། བོད་རྒྱལ་ཁབ་ལ་ལྟོས་ནས་བདག་སྒྲ་སྟོན་པའི་ཚིག་གཉིས་ལ་གོ་བ་ལེན་རྒྱུ་ཡོད། བོད་རིགས་ལ་ལྟོས་ནས་བོད་པ་ཟེར་ན་བལ་ཡུལ་གྱི་ཤར་པ་དང་། དེ་བཞིན་དུ་ལ་དྭགས་པ་ཚང་མ་བོད་པ་རེད་སྙམ། འོན་ཀྱང་བོད་རྒྱལ་ཁབ་ལ་ལྟོས་ནས་བོད་པ་ཟེར་ན་དེ་ཚང་མ་བོད་པ་མ་རེད། མདོར་བསྡུས་ནས་བཤད་ན་བོད་རིགས་སྟེ། རང་གི་རྒྱུད་པའི་མཆེད་ཁུངས་ལ་ལྟོས་ནས་བོད་པ་ཟེར་བ་དང་། དེ་བཞིན་དུ་བོད་རྒྱལ་ཁབ་ཀྱི་འབངས་མི་ལ་བོད་པ་ཟེར་བ་གཉིས་ཀ་ལ་བདག་སྒྲ་འདི་འཇུག་རྒྱུ་རེད།
རབ་འབྱམས་པ་ལགས། ངོ་དེབ་ནང་གི་ས་ཆ་དེ་ཚོ་མདོ་སྨད་ཟུང་ཆུ་ནས་ཡིན་པའི་བླ་མ་ཞིག་གི་ངོ་དེབ་ནས་བླངས་པ་ཡིན། ཁྱོད་ཀྱི་ངོ་དེབ་ནས་བླངས་པ་མིན། ཁོང་སྐྱེས་ས་ཡང་མདོ་སྨད་ཟུང་ཆུའི་ཤར་བ་རེད་ལགས།
མདའ་ཚན་པ་ལགས།
ཁྱེད་ཀྱི་གསར་བཟོ། ཁྱེད་རང་གིས་ལས་ཡག་པོ་མང་ པོ་ཞིག་བགྱིས་དང་བགྱིད་གི་ཡོད་པ་ལྟར། མ་འོངས་པ་ནའང་བགྱི་གི་ཡིན་ནམ། དེ་ལྟར་གྱིས་ཤིག འདི་ང་ལ་ནི་ཤིན་ཏུ་བློ་ལ་ཐད་བྱུང་། འོན་ཀྱང་། དེང་སང་སྤྱི་སྐད་དུ།
བྱ་བྱེད་བྱས་བེད་སྤྱད་པའི་དུས་རབས་སླེབས་ཚར་བ་རེད། བྱ་ཚབ་ལ་མིང་གཞི་བ་དོར་ནས་ཡ་བཏགས་ཡ་ཙམ་བེད་སྤྱོད་བྱས་འགྲིག་པ་བྱེད་བགྱིད་ཡོད་རེད། དཔེར་ན། བཟའ་བྱ་། ལ། བཟའ་ཡ།
ཡང་།
བགྱི་བགྱིད་ཀྱིས་ བྱ་བའི་དོན་ཅན་དང་གི་གྱི་ཀྱི་འི་ཕྲད་ཀྱི་དོན་ཅན་གཉིས་ནམ་ཡང་མི་བསྲེ་མི་དགོས་པའི་ཆེད་དུ་ཡིན། དཔེར་ན། ང་འགྲོ་གི་ཡིན། ཚབ་ལ། ང་འགྲོ་བགྱི་ཡིན། ང་འགྲོ་གི་ཡོད། ལ། ང་འགྲོ་བགྱིད་ཡོད།
ཁྱེད་ཀྱིས་གཞན་གྱི་སྐད་ཡིག་བསྡུར་ནས་དཔྱད་ན་ང་གཉིས་གཅིག་མོས་ཡོང་ངེས་ཞུ།
གཞོན་ནུ་ཟླ་མེད་ལགས།
facebook:Karma Dorje Nyerchhagpa དཔར་ནང་གཡས་ལ་རྔ་ཆུང་ཐོན་ལ་མི་སྐྱ་བོ། གོས་སེར་པོ། མིག་ལ་མིག་ཤེལ་ཅན་ནི་ང་ཡིན། དེ་མིན་དོ་སྨད་ཟུང་ཆུའི་ཤར་བ་ཨ་མདོའི་བླ་མ་མཐོང་བའི་ངོ་དེབ་འཕྲུལ་ཅན་དེ་ངའི་ལེབ་ཊོབ་ནང་ལ་ཐོན་བགྱིད་མི་འདུག ང་རང་ལས་མ་དག་པ་ཡིན་པ་འདྲ། སྐུ་རྩེད་ཞུ།
རབ་འབྱམས་པ་ཅུང་ཟད་སྒུགས་འ། ངས་ཡང་བསྐྱར་གཅིག་བལྟ་དང་། ངས་ཆ་ཚང་ཞིག་བཏང་ཡོད་མོད། གཅིག་བྱས་ན་དེང་སང་གི་གློག་ཀླད་འདི་ཐང་ཐང་མེད་པ་ཆགས་སོང་ན་ཡང་ཐང་། ངས་གཅིག་བལྟ་ནས་ཡོང་།
ཀརྨ་རྡོ་རྗེ་ལ་ངས་ཀྱང་ལན་ཞིག་འབུལ་དགོས་ཡོད་མོད། དུས་ཀྱིས་རྔོ་མ་ཐོགས་ནས་ལྷག་ཡོད། ཤེས་ནས་བྲིས་པ་ཞིག་ཡིན་ན་དེ་ལ་དེ་མཐུན་གྱི་མོས་གུས་ལོས་བྱེད། འོན་ཀྱང་། བྱ་ཚིག་གི་དུས་གསུམ་སྟོན་པའི་ཕྲད་ལྟ་བུའི་ཆེད་དུ་ བགྱི་དང་བགྱིད་སོགས་འབྲི་བ་ནི་ཧ་ཅང་གིས་མ་འགྲིག་པ་ཞིག་རེད། བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི༎ ཞེས་པ་ནི། བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱ༎ ཞེས་པའི་གོ་དོན་སྟོན་པ་རེད། འདི་ནི་བྱ་ཚིག་འཕར་མའི་གོ་དོན་ཡོད་པ་ཞིག་རེད། བྱང་ཆུབ་སེམས་རང་གི་རྒྱུད་ལ་སྐྱེ་བར་འགྱུར་བའི་ལས་ཀ་དག་བྱེད་དགོས་ཞེས་པའི་དོན་ཞིག་རེད། འདིའི་གནད་གཞན་ཞིག་ནི། བྱེད་པ་པོ་དངོས་སུ་མེད་པའི་བྱ་ཚིག་ དཔེར་ན་ སྐྱེ་ ཤི་ མཐོང་ གོ་ ལྟ་བུ་ལ་བགྱི་ལྟ་བུའི་བྱ་ཚིག་སྦྱར་ནས་བྱེད་པ་པོ་དངོས་སུ་ཡོད་པའི་དོན་བསྒྲུབས་པར་སྣང་སྟེ། དཔེར་ན། ངས་བཤད་པ་རྣམས་ཁྱེད་ཀྱིས་གོ་བར་གྱིས་ཞེས་པ་ལྟ་བུ་རེད། ཚིག་གྲུབ་འདི་ལྟ་བུ་ལ། བྱ་ཚིག་གཞན་གྱི་ཚིག་གྲོགས་མེད་ཚེ། “ངས་བཤད་པ་རྣམས་ཁྱེད་ཀྱིས་གོ་ཞིག་”ལྟ་བུའི་སྐུལ་ཚིག་འབྲི་སྲོལ་ཡང་མེད་པས་སོ༎ མདོར་ན། བགྱི། བྱ་ མཛད། གནང་། སོགས་ནི་བྱ་ཚིག་འཕར་མའི་ཚུལ་དུ་ཡོད་པ་ལས། ཕྲད་ཀྱི་དོན་ཅན་མིན་ལ། ང་ ཤི་བགྱི་རེད་ཅེས་བཤད་ཚེ། ང་ཤི་བའི་ལས་ཀ་དེ་བྱེད་རྒྱུ་ཡིན་ཞེས་པའི་དོན་སྟོན་པས་ན། ང་ཤི་བགྱི་ཡིན་ཞེས་ཡིན་གྱི་ཕྲད་སྦྱོར་བ་ལས་རེད་ཅེས་བྲིས་བརྗོད་མི་འོས་པ་ལྟ་བུའོ༎
རབ་འབྱམས་པ་གློག་ཀླད་ནོར་མི་འདུག ཁྱོད་ཀྱིས་ངའི་ཁ་བྱང་དེའི་ཕྱེད་ཀ་ཙམ་ཁ་ཕྱེ་འདུག ངས་བཏང་བའི་ཁ་བྱང་དེ་ཡོངས་སུ་རྫོགས་པ་བསྐྱར་པར་བྱས་ནས་སྟེང་གི་དྲ་མིག་ནང་བླུགས་རྗེས་ཁ་ཕྱེ་དགོས་འདུག དེ་མིན་ཁ་བྱང་ཕྱེད་ཀ་ཆགས་འགྲོ་གི་འདུག དེ་ཙམ་ཡིན།
གཅིག འགྲོ་གི་ཡིན་ལབ་ན།
༡ ཁ་སྐད་དང་མཐུན།
༢ གོ་བདེ།
༣ སོར་ཡང་།
༤ སྐད་ཀྱི་བརྡ་སྤྲོད་དང་མཐུན།
༥ བགྱི་བྲིས་ན་གོང་གསལ་དོན་ཚན་བཞི་པོ་ལས་ལྡོག་འདུག་ན། ད་རུང་ཨུ་ཚུགས་བྱེད་དགོས་དོན་ཅི་རེད།
གཉིས།
༡ སྐད་ཆ་བཤད་སྐབས། འདོགས་ཅན་གྱི་སྒྲ་མ་གཏོགས་མི་ཡོང་བ་ཨམ་སྐད་ནང་ཡང་ཡོད་པ་རེད་དེ་སྤྱི་སྐད་ལ་བསྟུན་ཐབས་བྱས་ན་བཟང་སྙམ། དཔེ་བཞག་ན། ཨམ་སྐད་དུ། བྱེད་པ་ལ་ཡེད། བྱས་པ་ལ་ཡས་ལྟ་བུ། དང་། ཡང་འབྲེག་སྡེ་འགའ་ན། སྦྲ་ལ་བརའ། སྦྲིད་ལ་བརིད། གྲོད་ཁོག་སྦྲོས་ལ་བརོས་ཟེར་ནས་ར་སྒྲ་མ་གཏོགས་མེད། རོང་སྡེ་འགའ་ན། སྦྲ་ལ་སྦ། སྦྲིད་ལ་སྦིད། གྲོད་ཁོག་སྦྲོས་པ་ལ་སྦོས་ཟེར་ནས་ར་སྒྲ་མེད་པར་ཀློག གང་ལྟར། སྤྱི་སྐད་དང་མཐུན་པ་བྱེད་རྒྱུ་གལ་ཆེ། ཡིན་ནའང་། ཡིག་སྐད་ནང་འབྲི་རྒྱུན་མེད་པའི་ཁ་སྐད་དེ་ཚོ་ངེས་པར་དུ་ཡིག་སྐད་ནང་འབྲི་ཁྱབ་གཏོང་དགོས་པར་མཐོང་།
༢ བཟའ་ཡ་སོགས་སྤྱི་སྐད་དང་འཚམ་མིན་ལ་མ་ལྟོས་པར་ཁྱེད་རང་ལ་སྐད་ཀྱི་ཁུངས་གཏུག་ས་དང་སྟབས་བདེ་མིན་གྱི་རྒྱུ་མཚན་འདུག ཡིན་ནའང་། བགྱི་བགྱིད་སོགས་ནི་དེ་ལྟར་མ་ཡིན་ནོ། དགོས་པ་ཡང་མ་མཐོང་ངོ།
འབྲེག་སྡེ་འབྲོག་སྡེར་བཅོ་འཚལ། རའི་སྔོན་འཇུག་བ་དེ་ཚོ། གནས་སྐབས་སྒྲ་གདངས་ཀྱི་ཆེད་དུ་སྐབས་འདི་ཁོ་ནར་གསར་བཟོ་བྱས་པ་དགོངས་འཇགས་ཞུ།
ངས་མི་ཚེའི་ནང་ལ་མི་རྟག་སྡུག་བསྔལ་སྟོང་བདག་མེད་ལ་དཔྱད་སྒོམ་མ་གཏོགས་འཇོག་སྒོམ་བྱས་མ་མྱོང་ཡང་། དེང་དུས་བོད་ཀྱི་སྤྱི་སྐད་ནང་ལ་བགྱི་བགྱིད་བེད་སྤྱད་དགོས་མིན་སྐོར་ལ་འཇོག་སྒོམ་བྱས་ནས་ཀྱང་དཔྱད་པ་བྱས་ཡོད་ཟེར་ནའང་རྫུན་མི་འགྲོ དེས་ན་བགྱི་བགྱིད་བྱེད་སྤྱད་ནས་བྱེད་ཚིག་གཉིས་བརྩེགས་ཤོར་བའི་སྡིག་པ་ངས་ཁུར་ཐུབ། བྱེད་ཚིག་འཕར་མ་སྦྱར་ནས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སུ་བྱུང་བ་ཡིན་ན། ཕན་མ་ཐོགས་ཁ་ཡི་སོ་ཡང་གཡུགས། ཕན་ཐོགས་ན་ལམ་ཁའི་རྡོ་ཡང་སྒྲུགས་ཀྱི་དཔེ་ལྟར་རོ། །
ཡིན་ནམ། ཡོད་དམ། སོགས་ཀྱི་འདྲི་ཚིག་དེ་ཚོ་ཡང་ཐོན་མི་བཀའ་དྲིན་ཅན་གྱིས་སུམ་རྟགས་ཁྲིམས་ཀྱིས་བཅོས་པ་མ་གཏོགས། ཐོན་མིའི་སྔོན་ལ་འདུག་གེ བྱུང་ངེ་། བྱེད་དེ། ཡིན་ནེ། ཨ་ནུ་རང་གི་འཁྲུངས་ཡུལ་དང་གཡས་གཡོན་ཡུལ་མི་རང་བཞིན་གྱི་སུམ་རྟགས་ཞིག་ཡོད་བཟོ་འདུག
༥༩འི་རྗེས་ལ་རྡ་སར་ལས་དབང་གིས་མདོ་དབུས་ཁམས་གསུམ་ཡུལ་དུས་གཅིག་ཏུ་བཙན་ཐབས་སུ་འཛོམས་ནས་དེང་སང་རྡ་སའི་སྤྱི་སྐད་དེ་ཡང་སྔར་གྱི་རང་བཞིན་དང་མཐུན་པ་རང་བཞིན་གྱིས་འགྲུབ་པ་ཅིག་རེད།
དཔེ་གཞན་ཞིག་བརྗོད་ན། དེ་ལས་འདི་ཡག་པ། དང་། དེ་འདི་ལས་བཟང་བ། འདི་ཐོན་མི་མ་ཕེབས་སྔོན་ནས་འདི་ཡག་ག འདི་བཟང་ང་རེད། ལབ་སྲོལ་ཡོད་དགོས།
ད་དུང་འདི་རིང་ངས་རྙོག་དྲ་གསར་པ་ཅིག་ཤོད་བགྱིད་ཡིན། རེད་ཚབ་ལ་ཡིན་བེད་སྤྱོད་ཆེ་དྲགས་པའི་སྐྱོན་འདུག དཔེར་ན། ང་དང་། ང་ཚོ་བོད་མི་ཡིན། ཟེར་ན་འགྲིག་ཀྱང་། ཁོ་ངའི་སྤུན་མཆེད་རེད། ཚབ་ལ། ཁོ་ངའི་སྤུན་མཆེད་ཡིན། ཟེར་བ་ནི། ནོར་བའི་གྲོང་སྐད་ཅིག་རེད། མཚན་དཀྱིལ་ཆགས་འགྲོ་བགྱིད། ད་དེ་ཙམ་མོ། །