ཚེ་རིང་ལོ་བརྒྱ།
ང་ཤར་ཕྱོགས་ཁུག་རྟར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། དེ་རིང་སྤྲོ་ཚིགས་ཆོས་གྲགས་ལགས་ལའང་རྒྱབ་སྐྱོར་པ་མི་དྲུག་གིས་ངོ་སྤྲོད་བྱས་འདུག་པ་བཞིན། ངས་དེར་ཆ་འཇོག་གིས་ཤར་ཕྱོགས་ཁུག་རྟ་དང་བཤིབ་བསྡུར་བྱེད་འདོད་བྱུང། དེ་ནི་ངས་ཅི་ཙམ་དོ་ནན་ཞིབ་ཚགས་ཀྱིས་སྤྱི་འཐུས་ཀྱི་གལ་ཆེའི་རང་བཞིན་ལ་བསམ་བློ་བཏང་བ་མཚོན་ཞིང། ལྷག་པར་ད་ལྟའི་ཛ་དྲག་གི་གནས་བབ་དང་མཐུན་པར་ཤུགས་བསྐྱོན་ཐུབ་མཁན་ཞིག་དང། ཤུགས་བསྐྱོན་ཤེས་མཁན་ཞིག དེ་བཞིན་ཤུགས་བསྐྱོན་རྒྱུར་བློ་ཁོག་ཡོད་པ་ཞིག་བཅས་ཡོང་ཆེད་འགན་ཁུར་བླངས་པ་རྒྱ་ཆེའི་མདོ་སྨད་མི་མང་ལ་གསལ་པོར་བསྟན་ཐུབ་པ་བྱ་རྒྱུ་དེ་ཡིན། དེས་ན་གཤམ་ནས་ཕྱོགས་མང་པོའི་ཐོག་ནས་ངས་ཁོང་གཉིས་བཤིབ་བསྡུར་བྱེད་རྒྱུ་ཡིན།
༡ ལོ་ཚད་དང་བྱད་བཞིན།
ལོ་ཚད་ནི་གལ་ཆེན་ཞིག་ཡིན། ལྷག་པར་དུ་ཆབ་སྲིད་ལས་དོན་ནང་ཞུགས་མཁན་ཞིག་ཡིན་ན་ལོ་ཚད་ནི་འཆར་གཞི་ཐམས་ཅད་ཀྱི་མ་རྩ་ལྟ་བུ་ཡིན་པས། ལོ་ཚད་ཀྱི་ཆ་ནས་སྤྲོ་ཚིགས་ཆོས་གྲགས་ལས་ཤར་ཕྱོགས་ཁུག་རྟ་ཆུང་བ་འདུག དེ་བཞིན་བྱད་བཞིན་རྣམ་འགྱུར་སོགས་མཐོང་ཙམ་ནས་རྣམ་དཔྱོད་ཡོད་པའི་བཟོ་ལྟ་དང་དང་མཁས་ཉམས། ཡང་ན་མགོ་ཁྲིད་ཀྱི་ཉམས་བཅས་ཤར་ཕྱོགས་ཁུག་རྟ་ཡོད་པ་གསལ་བོ་རེད། དེ་རྩོད་མེད་ཡོངས་གྲགས་རེད། འདི་བོད་ཀྱི་ནང་དོན་རིག་གནས་ནང་གི་མཚན་བཟང་རྩ་གཉིས་ཀྱི་རིགས་པའི་འགྲོས་དང། རྒྱ་ནག་དམངས་ཁྲོད་དུ་ཁྱབ་པའི་མིའི་བྱད་བཞིན་རྣམ་འགྱུར་ལས་མི་དེའི་མི་ཚེ་གཟི་བརྗིད་དང་ལྡན་མིན་ཞིག་ཡོང་བར་བརྟག་ཐབས་གཉིས་ལ་གཞི་རྩ་བཟུང་ཡོད།
༢ འཚར་ལོངས་ཀྱི་ཁོར་ཡུག
འདི་གལ་ཆེན་ཞིག་རེད། ངས་མ་བཤད་ཀྱང་ཁོང་གཉིས་གྲྭ་ལོག་དགེ་བོ་གཉིས་རེད། ཡིན་ནའང། གྲྭ་བ་མ་བཟོས་སྔོན་ཤར་ཕྱོགས་ཁུག་རྟའི་ལོ ༡༨ བར་གྱི་མི་ཚེ་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བསྐྱལ་ཅིང། སྐབས་དེར་ཁོང་ཉིད་རིག་པའི་མེ་འབར་བ་ཞིག་ཡིན་པའི་གཟེངས་རྟགས་རྣམས་ཁོང་གི་སློབ་གྲོགས་བཙན་བྱོལ་ནང་འབྱོར་བ་ཚོས་བཤད་ཅིང། དམིགས་བསལ་རེབ་གོང་དབྱི་ཧྥུ་མི་རིགས་སློབ་འབྲིང་དུ་བོད་ཀྱི་སྐད་ཡིག་ཐད་མིག་དཔེར་འོས་པ་དང། དེང་སང་ཡང་དགེ་རྒན་ཚོས་མཚན་གཞི་བཞག་སྟེ་བསླབ་བྱ་རྒྱག་སྤྱད་ཅིག་ཆགས་པ་དེའི་སྟེང་ནས་ཤེས་ཡོན་གྱི་ཚད་གཞིའི་ཆེ་ཆུང་འབྱེད་ཀྱི་མེད་ཀྱང། ཆུང་དུས་དེ་འདྲའི་ཁོར་ཡུག་ནས་ནར་སོན་ཞིང་དེའི་རྗེས་གྲྭ་བ་བཟོས་པ་ཞིག་ཡིན་ན་ཅུང་མ་འདྲ་བ་ཞིག་ཡིན་ཁས་མི་ལེན་རང་ལེན་རེད། ཡིན་ནའང། དོན་ངོ་མར་སྤྲི་ཚིགས་ཆོས་གྲགས་ལགས་སློབ་ཆུང་ཏག་ཏག་ཅིག་ཐོན་མིན་ཙམ་རེད། ལོ་ཅུང་ཙམ་ཡོལ་མཚམས་གྲྭ་བ་ལོག་པ་དེས་ཁོང་གཉིས་ཀྱི་ཆོས་དང་སྤྱི་ཚོགས་ཀྱི་བརྒྱུད་རིམ་མི་འདྲ་ཞིང། དེའི་ཆ་ནས་ཤར་ཕྱོགས་ཁུག་རྟར་གྲྭ་བའི་སློབ་གསོའི་མྱོང་གོམས་དེའི་ཁར་མི་སྐྱ་ཁྱིམ་པའི་མྱོང་རྒྱུས་ཀྱང་ཆུང་དུས་ནས་ལྷད་མེད་པ་ཞིག་ཡོད་སྟབས་གནད་འགག་འདི་ཆབ་སྲིད་ནང་ཞུགས་མཁན་ཞིག་ཧ་ཅང་གལ་ཆེན་རེད་འདོད།
༣ ཤེས་ཚད།
སྦྱངས་སྟོབས་ཀྱི་ཡོན་ཏན་མི་ཚང་མར་འདྲ་མཚུངས་སུ་ཡོད་པ་ལྟར། བོད་རིག་པ་དང། ཆབ་སྲིད། སྤྱི་ཚོགས། ཚན་རིག་བཅས་རིག་ཚན་བྱེ་བྲག་པར་འབུར་དུ་ཐོན་མིན་གྱི་ཐུག་ས་ཉག་ཅིག་ནི་དེའི་ལྷན་སྐྱེས་ཀྱི་ཤེས་ཡོན་ལ་རག་ལས་སྟབས། དེ་གཉིས་ཟུང་དུ་འབྲེལ་ན་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཐོན་གྱི་ཡོད་པ་ཧ་ཅང་གསལ་བོ་རེད། ཁོང་གཉིས་ཀྱི་རྩོམ་ཡིག་གི་གྲངས་ཚད་ཕལ་ཆེར་གཅིག་པ་ཡིན་ངེས་རེད། དེབ་བཏོན་གྲངས་ཀྱང་གཅིག་པ་ཡིན་པའི་ཆགས་ཞོག ཡིན་ནའང། སྤྱི་ཚོགས་དང་ཆོས་ལུགས། ཆབ་སྲིད་གང་ཡང་རུང་བའི་གནད་འགག་གླེང་ཐུབ་ཀྱི་ཡོད་མེད་ཀྱིས་བརྩམས་ཆོས་ཀྱི་རིན་ཐང་འབྱེད་པ་བཞིན། ཤར་ཕྱོགས་ཁུག་རྟ་ལ་མཚོན་ན་ཁོང་གི་ལོ་ཚོད་ལས་བརྒལ་བའི་རྩོམ་ཡིག་དག་གིས་སྤྱི་ཚོགས་ནང་བསམ་གཞི་སྣ་ཚོགས་བསྐྲུན་མྱོང། ཆེ་ཆུང་ཚང་མས་དོ་སྣང་བྱས་ཏེ་སྒུལ་ཤུགས་ཐོན་ཡོད་པ་ནི་ཧ་ཅང་གསལ་བོ་རེད། བརྡ་སྤྲོད་རིག་གནས་དང་ལོ་རྒྱུས་སོགས་ཀྱི་ཐད་བཤིབ་བསྡུར་བྱེད་འདོད་མེད་ཀྱང། བཙན་བྱོལ་བོད་མིའི་བྱུང་རབས་གནས་སྟངས་ལ་ཡིག་ཆ་གལ་ཆེན་བརྒྱུད་ཞིབ་འཇུག་བྱས་པ་དང། དབུ་མའི་ལམ་གྱི་སྐོར་ཡུན་རིང་སློབ་སྦྱོང་དང་དེའི་ཤེས་ཚད་ཐད་སྤྱི་ཚོགས་ཀྱིས་གདེང་འཇོག་ངེས་ཅན་བྱེད་བཞིན་པ། ཐ་ན་རྒྱ་ནག་གཞུང་གིས་ཀྱང་ལན་འདེབས་བྱེད་པས་དོ་སྣང་བྱེད་ཡུལ་དུ་གྱུར་པ། དེ་བཞིན་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་སྤྱི་ལ་དུས་ཚོད་ལྟར་ལན་འདེབས་བྱས་ཤིང། ལན་འདེབས་བྱེད་སྐབས་བཙན་བྱོལ་བོད་གཞུང་གི་གནད་ཡོད་ཚོ་དང་མཉམ་གོ་བསྡུར། བཀའ་ཤག་ལ་ལམ་སྟོན་བྱས་པ་སོགས་ཀྱི་ཉམས་མྱོང་ཤེས་ཚད། གཞན་ཡང་འཛིན་སྐྱོང་དང་བཅའ་སྒྲིག་ཁག་གི་གལ་གནད་གོ་བ་ལེན་ཕྱོགས་བཅས་ཚང་མར་སྤྲོ་ཚིགས་ཆོས་གྲགས་ལ་མེད་པའི་ཤར་ཕྱོགས་ཁུག་རྟ་ཐུན་མིན་དུ་ཡོད་པའི་ཁྱད་ཆོས་འཛོམས་ཤིང། འདི་དག་ནི་ཡོངས་གྲགས་ཆགས་ཟིན་སྟབས་ངས་བསྟོད་བསྔགས་ཀྱི་ཟོལ་མིན་ལ། སྤྱི་འཐུས་ལ་དགོས་ངེས་ཀྱི་ཆ་རྐྱེན་ཁྲོད་འདི་དག་ཚུད་དགོས་པ་ཚང་མས་ཤེས་གསལ་རེད །
༤ བཙན་བྱོལ་བོད་མིའི་ཆབ་སྲིད་ཐད་ཀྱི་མཁྱེན་རྒྱ།
ཧ་ཅང་གལ་ཆེ་ཤོས་དེ་འདི་རེད། ཤར་ཕྱོགས་ཁུག་རྟ་ནི་ལོ་མང་པོའི་སྔོན་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ནང་ཞུགས་ཤིང། སློབ་སྦྱོང་དང་ལས་དོན་དངོས་ཀྱི་ཉམས་མྱོང་བཅས་གདོང་ཐུག་རྒྱབ་སྟེ་ཐོབ་པའི་འབྲས་བུ་ནི་ཁོང་ཉིད་རྩོམ་པ་པོ་ཁེར་རྐྱང་ཞིག་མིན་པར། ཆབ་སྲིད་དཔྱད་བརྗོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་རེད། བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་གི་དུས་དེབ་ཀྱི་ལམ་ནས་༼ ཆབ་སྲིད་དཔྱད་གླེང་༽ཐོག་མར་འདོན་མཁན་ནི་ཁོང་རེད་ལ། འདིའི་སྟེང་བཀའ་སྤྱི་གཉིས་ཀྱི་བགྲོ་གླེང་ཚད་མཐོར་གྱུར་རིགས་ལ་ཁོང་གིས་དཔྱད་གླེང་བྱས་ཡོད་པས། སྤྱི་འཐུས་ཁ་ཤས་ཀྱིས་ཁོང་གི་དབུ་མའི་ལམ་གྱི་གལ་གནད་གསེད་དཀྲོལ་དང། ཆབ་སྲིད་ལས་དོན་གནང་ཕྱོགས་སྐོར་གྱི་སྐྱོན་བརྗོད་ལ་དོ་སྣང་ཤུགས་ཆེར་གནང་ནས། གྲོགས་ཚོགས་ཀྱི་སྡིངས་ཆའི་སྟེང་ཤར་ཕྱོགས་ཁུག་རྟའི་དཔྱད་རྩོམ་རྣམས་སྤོབས་པས་སླེབས་ཡོད་ལ། དེ་ཙམ་དུ་མ་ཟད། ཁོང་གིས་རྒྱ་ནག་ལ་ལན་འདེབས་དུས་ལྟར་བྱས་པ་དེས་བོད་མི་ཚང་མར་བློ་བསྐྱེད་གསར་པ་ཞིག་བསྐྲུན་ཡོད། ཕྱོགས་འདི་དག་གི་ཐད་ནས་སྤྲོ་ཚིགས་ཆོས་གྲགས་ལགས་ལ་ཉམས་མྱོང་དང་འབུར་ཐོན་དུ་བགྲང་རུང་པའི་དངོས་པོ་གང་ཡང་མི་འདུག་སྙམ།
༥ ལས་ཀ་བྱེད་ཕྱོགས་དང་ཉམས་མྱོང།
ལས་ཀའི་ཐད་ནས་ཞུས་ན་ཤར་ཕྱོགས་ཁུག་རྟས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་ཆབ་སྲིད་དང་ཞིབ་འཇུག་གི་ཕྱག་ལས་གཙོ་བོར་གྱུར་པའི་ཐད ༢༠༠༧ ནས་དངོས་སུ་ཞུགས་ཡོད་ལ། སྤྲོ་ཚིགས་ཆོས་གྲགས་ལགས་ནི་༢༠༡༢ ཙམ་ནས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་གྱི་ལས་ཁུར་ཞུས་པ་ལས། གཞན་རྣམས་དུས་དེབ་སོགས་ཀྱི་རྩོམ་སྒྲིག་པ་དང་དང་བླངས་ལས་ཀ་ཞེ་གཅིག་རེད། སྤྲོ་ཚིགས་ལགས་སྤྱི་ཚོགས་ཡོངས་ཁྱབ་ཀྱིས་ངོས་འཛིན་ཡོད་པའི་ལས་ཀར་ཐོག་མར་ཞུགས་དུས་ཤར་ཕྱོགས་ཁུག་རྟ་ལགས་ནི ༢༠༡༢ ལོར་དབུ་མའི་ལམ་གྱི་གཞོན་སྐྱེས་ཚབ་མཚོན་མི་སྣ་ཞིག་ཆགས་ཏེ་སྙན་གྲགས་འབར་བཞིན་པའི་སྒང་རེད། ལས་ཀ་བྱས་པའི་ཉམས་མྱོང་ནང་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་མགོ་བཀའ་བློན་ཁྲི་པ་དང་ཡིག་སྐྱེལ་བར་གྱི་ལས་དོན་སྣ་མང་དངོས་མཐོང་བྱུང་བ་དང། ཁོང་གི་ལས་འགན་དང་འབྲེལ་ཏེ་གྲོས་བསྡུར་སྙན་གསེང་ཞུས་པ་སོགས་དང། གཞུང་འབྲེལ་མིན་པའི་ཚོགས་པའི་ལས་དོན་བྱེད་ཕྱོགས་གང་སར་རྒྱུས་མྱོང་ཆེ་པ་དང། ལས་ཀ་བྱས་པའི་ནང་དྲང་པོ་དང། སྙིང་སྟོབས་ཆེ་པ། ཁེ་ཕན་དོན་དུ་མི་གཉེར་པ། ཐག་གིས་ཆོད་པ་བཅས་ཀྱིས་གཟེངས་བསྟོད་དང་གདེང་འཇོག་ཐོབ་ཡོད་པ་ནི་ཡིག་ངག་གཉིས་ན་ཡོད་ཅིང། ཐ་ན་ཕྲག་དོག་ཅན་དག་གིས་ཀྱང་གང་ལྟར་དོ་སྣང་གནང་ས་དང། དམིགས་བསལ་སྣང་མེད་དུ་འཇོག་མ་ཐུབ་པའི་མི་ཞིག་ཡིན་པ་མཁྱེན་གསལ་དེ་རེད།
གཞན་ཤར་ཕྱོགས་ཁུག་རྟ་ནི་ལས་ཀའི་ཆེད་དུ་ལས་ཀ་འཚོལ་མཁན་དང། ལས་ཀར་བརྟེན་ནས་རང་ཉིད་བཟོ་མཁན་ཞིག་མ་རེད། ཁོང་ནི་མཉམ་རུབ་གནང་མཁན་དང། དོན་དག་ཡོད་ན་སུས་ལས་ཀྱང་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། དཔེར་ན་དབུ་མའི་ལམ་གྱི་སྐབས་གསུམ་པའི་ཚོགས་ཆེན་རྗེས་ཁོང་ཉིད་རྩོད་མེད་ལྟ་བུར་དྲུང་ཆེ་ཆགས་ཡོད་ཀྱང། ཁོང་གིས་བུད་མེད་གཞོན་སྐྱེ་ཞིག་ཡོད་པ་ངོ་སྤྲོད་དང་དྲུང་ཆེར་མོ་རང་བསྡད་ན་ཡག་ཚུལ་ཞུས་ཏེ་རང་གི་མིང་གྲགས་ལ་བསམ་བློ་བཏང་མི་འདུག ༼ སྐབས་དེར་དབུས་རྒྱུན་ལྷན་འཛོམས་ཐོག་ཁོས་དེ་ལྟར་བཤད་འདུག༽། སྤྲོ་ཚིགས་ལགས་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས་ནས་རང་ཉིད་ཕྱི་རྒྱལ་ཁག་ཏུ་ཚོགས་འདུར་འགྲོ་བ་དང། བགྲོ་གླེང་ཐམས་ཅད་དུ་རང་གིས་གཏམ་བཤད་གནང་བ་བཅས་རང་ཉིད་ག་དུས་ཡིན་ནའང་ཡོད་ཡོད་པ་ལྟ་བུའི་ཕྱག་ལས་གནང་སྟངས་ནི་ ཁོང་གཉིས་ཀྱི་བར་ཁྱད་ཆེན་པོ་ཞིག་རེད། ཟུར་འདིས་གནད་འགག་ཆེན་པོ་ཞིག་མཚོན་གྱི་རེད་འདོད།
༦ སྙིང་སྟོབས་དང་རང་ཁེ་དོན་དུ་གཉེར་མིན།
བློ་ཁོག་དང་གནད་འགག་འཛིན་སྟངས། དེའི་ཐད་སྤྱི་ཚོགས་ཕྱི་ནང་གང་སར་རྣམ་འགྱུར་དང་བརྡ་ལན་གང་ཞིག་སྤྲོད་དགོས་མིན་ཤར་ཕྱོགས་ཁུག་རྟ་ས་རྒྱག་རྡོ་རྒྱག་ཡུན་རིང་བྱས་མྱོང་ཙང། ཁོང་ལ་སྲོག་གི་འཇིགས་སྐུལ་བྱས་ཀྱང་ཞུམ་པ་མེད་པའི་སྙིང་སྟོབས་ཤིག་ཡོད་པ་ནི་རྒྱུས་ཡོད་ཙམ་དུ་མ་ཟད། དོ་སྣང་ཅན་ཚོས་ཤེས་གསལ་རེད། ཁོང་ནི་གནད་དོན་གང་ཅིར་ལོ་རྒྱུས་དང་རྒན་པར་བརྩི་བཀུར་བྱེད་མཁན་ཞིག་ཡིན་སྟབས། མགོ་ན་ཀ་དང་མཇུག་ཧ་ཡོད་མཁན་གྱི་ལར་རྒྱ་ཅན་ཞིག་ཀྱང་ཡིན་ཐག་ཆོད་རེད། རྒྱ་ནག་གཞུང་གི་འཁྱོག་བརྗོད་དང་གོང་ས་མཆོག་ལ་མཚན་སྨོད་ཞུས་རིགས་རྣམས་ལ་ཁོང་ཉིད་མདུན་དུ་ཐོན་ནས་རང་གི་ཁེ་ཕན་དོར་ནས་མཐའ་གཅིག་ཏུ། དུས་ནས་དུས་སུ་དགག་པ་མཐའ་འཁྱོངས་རྒྱག་དང་རྒྱགས་བཞིན་པ་ནི་ད་བར་སྤྲོ་ཚིགས་ཆོས་གྲགས་ལགས་ལ་དྲི་ཙམ་ཡང་མེད་པའི་ལས་དོན་དག་རེད།
༧ མདོ་སྨད་ལ་སུས་ཕན་ཐོག་གི་རེད་དམ།
ཤར་ཕྱོགས་ཁུག་རྟ་ལགས་ནམ་རྒྱུན་དོན་དག་མེད་སར་མདོ་སྨད་ཀྱི་ཕྱོགས་རིས་དང་ཁེ་ཕན་ལ་བསམ་བློ་གཏོང་མཁན་ཞིག་མ་རེད། ཡིན་ནའང། ཁོང་གིས་བཙན་བྱོལ་ནང་གི་མདོ་སྨད་ཀྱི་གནས་བབ་གང་འདྲ་ཞིག་ཡིན་མིན་གསལ་བོ་ཤེས་ཀྱི་ཡོད་པ་དེ་རེད། གནད་འགག་གང་གི་སྐབས་སུ་རྣམ་འགྱུར་སྟོན་སྟངས་བཀའ་མོལ་ཅི་ཞིག་གནང་དགོས་མིན་སོགས་ནི་ཁོང་གིས་བཙན་བྱོལ་ནང་གི་མདོ་སྨད་ཀྱི་ལོ་རྒྱུས་ཆ་ཚང་ཧ་གོ་བ་དང། མི་ཐོག་རྒན་པ་ཚོས་དཀའ་ལས་རྒྱབ་པའི་འབྲས་བུ་ལ་ལྟ་དགོས་ཞེས་བཤད་ཅིང། མདོ་སྨད་ལ་རྩ་དོན་གཅིག་ཡོད་པ་ན་གོང་ས་མཆོག་གི་དགོངས་གཞི་ཉམས་ལེན་ཞུ་རྒྱུ་དེ་རེད་ཅེས་ཞུས་དང་ཞུ་བཞིན་པ་དེ་རེད། ངས་ཤེས་ཚོད་བྱས་ན་མདོ་སྨད་ཀྱི་གནད་ཡོད་གཟུར་གནས་བྱས་རྗེས་ཅན་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་སོགས་མང་ཆེ་བར་ཤར་ཕྱོགས་ཁུག་རྟས་བོད་སྤྱིའི་རྩ་དོན་སྒྲུབ་ཕྱོགས་དང། སྔོན་མའི་མདོ་སྨད་ཀྱི་གནས་བབ་བཀའ་འདྲི་ལམ་སྟོན་མ་ཞུས་པ་ཕལ་ཆེར་མེད་ཚོད་དེས་ཀྱང། ཁོང་ནི་ལྷན་སྐྱེས་ནས་ལས་ཀ་ཅི་ལྟར་བྱེད་དགོས་མིན་དང། གནད་འགག་གང་ཡིན་ཚང་མ་གསལ་རྟོགས་ཐུབ་ངེས་ཀྱི་གཞོན་སྐྱེས་ཤིག་རེད། རང་གི་མི་ཆེན་རྣམས་ལ་རྩ་བ་ནས་རྒྱབ་བཤད་རྒྱག་མཁན་ཞིག་མིན་པས་ཤར་ཕྱོགས་ཁུག་རྟས་སྒམ་མདོག་དང་ཡིན་མདོག་གནང་གི་འདུག་ཅེས་ཀྱང་ཟེར་སྐད།
དཔེར་ན། ཁོང་གིས་ཐེངས་དང་པོར་”བོད་མི་ཆིག་སྟོང་ཨ་རིར་བཏང་བ་བཙན་བྱོལ་ལོ་རྒྱུས་ནང་གི་ནོར་འཁྲུལ་དང། གསར་འབྱོར་ཚོར་ཡང་དག་པའི་སྲིད་བྱུས་ཤིག་འཛིན་དགོས་པ་ནི་མ་འོངས་བོད་ཀྱི་མདུན་ལམ་དང། བཙན་བྱོལ་སྒྲིག་འཛུགས་ལ་བོད་ཀྱི་ངོ་བོ་ཡོད་པའི་ཐོག་རྒྱུན་གནས་ཐུབ་མིན་གྱི་འགག་རྩ་རེད་”༡ཅེས་བཤད་འདུག་པ་དེས་མཚོན། ༼ མཆན། ༡ དབུ་མའི་ལམ་གྱི་སྲིད་བྱུས་བཟུང་རིང་གི་རང་ཕྱོགས་ཀྱི་འཐུས་ཤོར་ཞེས་པའི་ནང་གསལ། ༽
༨ རྒྱབ་སྐྱོར་བྱེད་མཁན་དག་ཉུང་ཙམ་བསྡུར་པ།
ཤར་ཕྱོགས་ཁུག་རྟ་ལགས་ལ་དང་པོར་རྒྱབ་སྐྱོར་བྱེད་མཁན་ཁོང་གི་ཕ་ཡུལ་གཅིག་པ་རེབ་གོང་པ་མ་རེད། ཡི་གེ་འབྲི་མཁན་ཁོང་གི་ཕ་ཡུལ་གཅིག་པའི་རྩོམ་པ་པོ་དང་ཉམས་ཞིབ་པ་དེ་ཚོའང་མ་རེད། ད་དུང་ཁོང་གི་ལས་རོགས་ལས་ཁུངས་གཅིག་པ་དེ་ཚོའང་མ་རེད། འདི་གནད་འགག་ཅིག་རེད་བསམས། འདི་ཤར་ཕྱོགས་ཁུག་རྟ་དང་ཁོང་གི་ཕ་ཡུལ་གཅིག་པ་ཚོས་སྤྱི་ཚོགས་དང་མདོ་སྨད་ལ་འགན་ཁུར་པ་རེད་བསམས། འདི་ཤར་ཕྱོགས་ཁུག་རྟ་དང་ཁོང་གི་ཕ་ཡུལ་གཅིག་པ། ལས་རོགས་བཅས་ཚང་མའི་བཟང་སྤྱོད་བླ་མེད་ཅིག་ཏུའང་མཐོང་སོང། དེ་མིན་ཤར་ཕྱོགས་ཁུག་རྟའི་སྤུན་མཆེད་༼ བདེ་ཆེན་སྒྲོལ་མ།༽ཀྱང་རྩོམ་པ་པོ་ཞིག་རེད། གཉིས་ནས་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་དང་སློབ་ཆེན་ཁག་གི་སློབ་མ་དེ་དག་གིས་ཁོང་ལ་རྒྱབ་སྐྱོར་ཞུ་དགོས་དོན་གཙོ་བོ་དབུ་མའི་ལམ་གྱི་སྐོར་ནས་རེད། ཡིན་ནའང། སྤྲོ་ཚིགས་ལགས་ལ་རྒྱབ་སྐྱོར་ཞུ་མཁན་དེ་ཁོང་གི་ཕ་ཡུལ་གཅིག་པ་གཉིས་དང་ལས་གྲོགས་བཅས་ཁ་ཤས་རེད། ངྷ་སའི་ཨ་མདོ་ཚོའི་ཤེས་གསལ་ལ། འཇུ་བསྟན་སྐྱོང་ལགས་ནི་ཀླུ་མཁར་བྱམས་ཀྱི་གྲོགས་མཆོག་རེད། ཁོས་དེ་སྔ་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱས་པ་རེད། ད་ཐེངས་ག་རེ་བྱས་ནས་རྒྱབ་སྐྱོར་མ་བྱས་པ་རེད། འདི་འདྲའི་གློ་བུར་བའི་བྱེད་ཕྱོགས་ཀྱི་ཆ་ནས་ཀྱང། སྤྲོ་ཚིགས་ཆོས་གྲགས་ལགས་ཀྱི་ལས་དོན་གནང་བ་དག་གིས་མི་མང་པོར་སྤྱི་འཐུས་སུ་རུང་པའི་བག་ཆགས་གང་ཡང་བཞག་མེད་པ་མཚོན་གྱི་རེད། གལ་སྲིད་བཞག་ཡོད་ན་ཐག་རིང་ནས་རྒྱབ་སྐྱོར་བྱས་ཡོང་གི་རེད། དེའི་རྐྱེན་ཁོང་ལ་རྒྱབ་སྐྱོར་བྱས་པ་རང་བྱུང་ལྷུན་གྲུབ་ཅིག་མིན་པ་ཚང་མས་ཤེས་གསལ་རེད།
༩ མི་གཤིས་ཅུང་ཙམ་བསྡུར་པ།
ཤར་ཕྱོགས་ཁུག་རྟ་ཡོ་རོབ་དང་ཨེ་ཤ་ཡ་སོགས་སུ་ཐེངས་མང་ཕྱིན་པ་རེད། ཁོང་གི་དམ་བཅའ་”ངྷ་ས་ནས་གད་སྙིགས་མ་ཆགས་པར་ངས་ཤུགས་རྒྱག་གི་ཡིན། ཕྱི་རྒྱལ་ལ་འགྲོ་གི་མིན་”ཞེས་པ་དེ་རེད། སྤྲི་ཚིགས་ལགས་ཕྱི་རྒྱལ་ལ་ཕྱིན་པ་རེད། དེ་ནས་ཡུན་རིང་བསྡད་པ་རེད། འདིའི་ཐད་རྩ་བ་ནས་བསྡུར་ཐབས་མེད་ལ་གསལ་བོ་ཞུ་དགོས་དོན་ཀྱང་མི་འདུག གཉིས་ནས། གྲོགས་པོ་ངོ་ཤེས་ནང་ཁུལ་དུ་ཤར་ཕྱོགས་ཁུག་རྟར་དབང་བ་ཅི་ཞིག་ཡོད་ན་ཕངས་མེད་གཞན་ལ་གཏོང་རྒྱུར་སེར་སྣ་མི་བྱེད་པ་དེ་རེད། འདི་ནི་ཁོང་གི་ཆུང་དུས་ནས་བཟུང་གི་གཤིས་ཀ་ཞིག་རེད། ངྷ་སའི་སྲང་བར་གྱི་བོད་པའི་སྤྲང་པོ་རེ་འགའ་དང་རྒན་གསོ་ཁང་གི་རྒས་ཁོག་ཁ་ཤས་བཅས་ཀྱིས་ཁོང་སླེབས་ན་དངུལ་ཏོག་ཙམ་སྤྲོད་རྒྱུ་ཡིན་ཤག་ཤག་བརྩི་གི་རེད། ཁོང་ལ་གང་ཡང་མེད་ཀྱང། ཡོད་ཚད་གཏོང་བ་ལ་ཐེ་ཚོམ་གང་ཡང་མེད་པ་ནི་ཁོང་གི་ཁྱད་ཆོས་ཤིག་རེད། ཁོང་བོད་ཁྱིམ་དབང་བོ་སྐྱོན་ཅན་སྡོད་གནས་དང། མེག་གྷན་རྒས་གསོ་ཁང། གཞིས་ཆགས་ཁག་གི་རྒས་གསོ་ཁང་དང། གཞིས་ཆགས་སྐྱོ་བོ་བཅས་ཀྱི་མི་ཚང་དུ་འཛུལ་ནས་པར་བླངས་པ། ཉམས་ཞིབ་བྱས་པ། སྐད་ཆ་བཤད་པ་སོགས་ནི་ལོ་གཅིག་གཉིས་སྔོན་ནས་ལོ་ལྟར་ཁོང་གིས་པང་སྒྲིག་སྟེ་གནང་བསྡད་པ་ཞིག་ཡིན་པ་འདིས། ཁོང་ཉིད་བོད་ཀྱི་རྩ་དོན་ལ་སེམས་ཁུར་ཆེ་བ་དང། དངོས་ཡོད་ག་རེ་ཡིན་མིན་ཞིབ་ཚགས་ཤེས་རྟོགས་བྱེད་རྒྱུའི་གཤིས་ཀ་ཡོད་པ་མཚོན་པ་མ་ཟད། མདོར་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་སྟངས་ཞིབ་ཚགས་ཤིག་ཁྱོན་ཡོངས་ཤེས་པ་བྱེད་རྒྱུ་དེ་རེད། དེ་ནི་ཤར་ཕྱོགས་ཁུག་རྟའི་དགའ་ཕྱོགས་དང། ལོ་མང་པོར་གནང་ཟིན་པའི་ཕྱག་ལས་དང་ཉམས་མྱོང་ཁག་རེད། འདི་དག་ནས་བལྟས་ན་ངས་སྤྲི་ཚིགས་ཆོས་གྲགས་ལགས་ཕལ་ཆེར་ངྷ་སའི་རྒས་གསོ་ཁང་དུའང་མི་ཐོག་རྒན་པ་ཚོར་རྒྱུས་ལོན་ཆེད་ཕེབས་མྱོང་ཡོད་པ་མ་རེད་དྲན།
༡༠ ཁོང་གཉིས་ཀྱི་ཕུགས་བསམ་འཛིན་ཕྱོགས།
ཚང་མས་ཤེས་གསལ་མ་ཟད། ངྷ་སའི་སྨྱུག་འཛིན་པ་ཚོར་དེ་བས་ཀྱང་རྒྱུས་མངའ་གསལ་བོ་ཡོད་པ་བཞིན། ཤར་ཕྱོགས་ཁུག་རྟས་ཤེས་ཡོན་ཅན་གྱི་ཆབ་སྲིད་པ་ཞིག་ཏུ་འགྱུར་ཆེད་ལྟ་བུར་ཕྱག་ལས་གནང་གི་ཡོད་ལ། ཁོང་གི་དཔྱད་རྩོམ་དང་དཔྱད་གཏམ། གཏམ་བཤད། སྙན་ངག ངོ་དེབ། རྩེད་དགོད་བྱེད་སྟངས། རྒྱུན་གྱི་གླེང་སློང་ཡོད་ཚད་རྒྱ་ནག་དང་བོད་ཀྱི་སྐོར་ཡིན་ལ། དེ་བས་ཀྱང་ཆབ་སྲིད་ཡིན། དེའི་ནང་ནས་ཀྱང་ཡང་ཡང་གླེང་པ་ནི་དབུ་མའི་ལམ་གྱི་སྲིད་བྱུས་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་སྐོར་རེད། ཁོང་གསར་འབྱོར་ཞིག་ཡིན་ནའང། དབུས་སྒྲིག་འཛུགས་དང་གཞིས་ཆགས་དགོན་སྡེ་ཁག་བཤད་པ་ཡིན་ན། གཞིས་ཆགས་གཞུང་ཞབས་པ་དེ་ཚོས་ཁོང་ལ་ཆ་འཇོག་བྱེད་ཀྱི་ཡོད། ཁོང་གི་གྲོགས་པོ་མང་ཆེ་བའང་གཞུང་ཞབས་རེད། སྤྲོ་ཚིགས་ཆོས་གྲགས་ལགས་ཀྱི་དཔྱད་རྩོམ་དང་རྩོམ་ཡིག་ཡོད་ཚད་བོད་རིག་པའི་སྐོར་ཡིན། ཁོང་ཉིད་བོད་རིག་པ་གཤའ་མ་ཞིག་ལས་ཆབ་སྲིད་པ་ཞིག་བྱེད་འདོད་པ་མེད་པ་ཤར་ཕྱོགས་ཁུག་རྟས་ཕྱི་རྒྱལ་ལ་མི་འགྲོ་གསུངས་པ་ལྟར་སྤྲོ་ཚིགས་ཆོས་གྲགས་ཀྱིས་ཀྱང་ལན་མང་གསུངས་ཟིན་པ་ཞིག་རེད། དེའི་ཆ་ནས་སྤྱི་འཐུས་སུ་སླེབས་རྒྱུ་ནི་ཁོང་གི་ད་བར་གྱི་ཕུགས་བསམ་འཛིན་ཕྱོགས་དང་འབྲེལ་བ་མེད་ལ། ཆབ་སྲིད་ཀྱི་ལས་དོན་ལ་མི་དགའ་བའི་ཚུལ་སྟོན་པ་ནི་ཁོང་གིས་རང་དབང་གིས་བསྟན་པའི་རྣམ་འགྱུར་ཞིག་ཀྱང་རེད། དེའི་ཆ་ནས་བརྟན་ཚིགས་དང་ལངས་ཕྱོགས་བརྟན་པོ། ཡང་ན་དགའ་སྣང་ལྡན་ལ་ཤེས་ཚད་ཀྱི་ཆ་རྐྱེན་ཡོད་པའི་ཕུགས་བསམ་གྱི་ཕྱོགས་སུ་ཤར་བསྐྱོད་བྱེད་པ་ནི་མི་ལྟ་གྲུབ་ཅན་ཞིག་གི་འགྲོ་སྲོལ་ཡིན་སྟབས། ཆབ་སྲིད་ཀྱི་ལས་ཀ་ནི་ཁོང་ལས་ཤར་ཕྱོགས་ཁུག་རྟར་འོས་ཤིང་འཚམས་པ་ཞིག་རེད་ལ། དེར་ཞུགས་རྒྱུ་ནི་ཤར་ཕྱོགས་པའི་ཕུགས་བསམ་རེད་ཅེས་ཀྱང་བརྗོད་ཆོག
༡༡ དམིགས་བསལ་ཞིག
དེང་སྐབས་ཁོང་སྤྱི་འཐུས་འོས་མིར་བསྟོད་བཞིན་པའི་སྐབས་འདིར། ངྷེ་ར་ངྷུན་གྱི་ཕྱོགས་ནས་རྒན་ཁོག་ཁ་ཤས་ཀྱིས་ཁོ་ངོ་ཤེས་ཀྱི་ཡོད་སྐད་ཟེར། དེ་ནི་རྒྱུ་མཚན་གཞན་ཅི་ཡང་མིན་སྟེ། ཁོང་གིས་ལོ་གསུམ་གྱི་སྔོན་ནས་གུང་ཐང་ཚུལ་ཁྲིམས་སྐོར་ལ་དུས་ཚོད་དང་གུང་གསེང་ནམ་ཡོད་ལ་ཞིབ་འཇུག་བྱས་འདུག་པ་དང། སྐབས་དེར་ཁོང་དེ་གར་ཕྱིན་ནས་གུང་ཐང་ཚུལ་ཁྲིམས་ཀྱི་སྐྱེད་དམན་སོགས་ལ་ཐུག་ཅིང། དེའི་སྐོར་གང་ཐུབ་ཤེས་རྟོགས་བྱས་འདུག་པས་ཡིན་བཟོ་འདུག ངས་སྐད་ཆ་འདི་ཐོས་མ་ཐག་ན་གཞོན་ཤར་ཕྱོགས་ཁུག་རྟ་ཁོང་ལ་ཡིད་སྨོན་དང་ལས་སླ་བོ་ཞིག་མ་རེད་བསམས་པའི་ཚོར་སྣང་བྱུང། ངས་མ་ཤེས་པ་མིན་ན། སྤྲོ་ཚིགས་ཆོས་གྲགས་ལགས་ཁོ་ན་ཟེར་གྱི་མེད། མདོ་སྨད་ཀྱི་གཞོན་སྐྱེས་ཚང་མའི་ནང་ཕལ་ཆེར་འདིའི་སྐོར་ཁོང་ལྟར་ཞིབ་འཇུག་བྱས་ཡོད་པ་མ་རེད་བསམས་ལ་གོའང་མ་མྱོང། སོང་ཙང། ཁོང་ལ་མདོ་སྨད་ཀྱི་བཙན་བྱོལ་ནང་གི་རྒན་རབས་པ་ཚོའི་སྐུ་དྲིན་ཤེས་འདོད་མེད་ན་ཁོས་འདི་ལྟར་གནང་གི་རེད་དམ། འདི་ནི་ཁོང་ལ་མ་གཞི་ནས་གནད་དོན་ག་རེ་ཡིན་ན་འཐུས་ཚང་ཞིག་ཤེས་དགོས་པའི་ལྟ་བ་ཚད་ལྡན་ཞིག་ཡོད་པས་རེད་བསམས།
༡༢ མཇུག་སྡོམ་དང་ཞོར་དུ་ཞུ་ཚིག་འགའ།
ངས་སྤྲོ་ཚིགས་ཆོས་གྲགས་ལ་ཁྱད་ཡོན་མེད་ཅེས་ཞུས་པ་མིན་ལ། ངས་རྒྱབ་སྐྱོར་བྱེད་ཡུལ་ཤར་ཕྱོགས་ཁུག་རྟ་དང། ལྷག་པར་དམིགས་ཡུལ་སྤྱི་འཐུས་དང་འབྲེལ་ནས་བསྡུར་ན་ཧེ་བག་ཧ་ཅང་ཆེན་པོ་འདུག་པ་བཅས་ཀྱིས། གནད་དོན་འདི་མདོ་སྨད་མི་མང་ལ་ངེས་པར་དུ་བཤད་དགོས་པར་བསམས་ཏེ་བྲིས་པ་ཡིན། ལར་ནས། ངའི་བསམ་ཚུལ་འདིར་དགག་གཞག་ཞུ་མཁན་ཡོད་ན་ཡིག་ལམ་ནས་ཞུས་ན་ལན་འདེབས་དགོས་ངེས་ལ་དུས་ལྟར་ཞུ་རྒྱུ་ཡིན་པ་ལས་གཞན་དུས་ཚོད་ནམ་ཡོད་ལ་སྣེ་ལེན་དང་ཡ་བྱེད་ཁོམ་མི་འདུག་པས་དེ་ཡང་ཐུགས་ཉར་གནང་རོགས།
དེ་བཞིན་ཚོགས་འདུ་ལ་ཞུགས་པ་དང་རྒྱ་རིགས་རྩོམ་པ་པོ་དང། བོད་རིག་པའི་ཉམས་ཞིབ་པ། དབུ་མའི་ལམ་ལ་དོ་སྣང་ཡོད་མཁན་ཚོས་ཁོང་ལ་ཡིག་ངག་སྣ་ཚོགས་ནས་དྲི་བ་བཏང་བ་སོགས་སྐབས་འདིར་བྲིས་མེད། དེ་དག་ནི་ཤར་ཕྱོགས་ཁུག་རྟ་ལ་མཚོན་ན་རྒྱུན་ལྡན་ཞིག་རེད། དཔེར་ན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སོགས་ཚོགས་ཆེན་རིམ་པར་ཚོགས་ཞུགས་པ་ཙམ་མིན་པར་ཚོགས་དྲུང་དུ་སྤྱི་མོས་འོས་འདེམས་བྱུང་བ་སོགས་འདྲ་འདྲའི་ནང་ནས་མ་འདྲ་བ་གནང་བ་སོགས་ངས་འདིར་བྲིས་ན་ཡིག་ཚོགས་མང་སྟབས་བྲིས་མེད། གང་ལྟར་འོས་བསྡུའི་འགྲན་རྩོད་སྐབས་རྩོམ་ཡིག་སྤེལ་ཏེ་འགྲན་རྩོད་བྱེད་པ་འདི་མང་གཙོ་ཡང་དག་གི་མཐུན་འགྱུར་ཞིག་ཏུ་འགྱུར་སྲིད་པས་དགའ་བ་ཆེ་ནའང། དེ་ལས་ཀྱང་རང་གི་ལྗིད་ཁོག་དང་རྒྱུན་གྱི་འགན་ཁུར་ཞུ་ཕྱོགས་ངོས་ཟིན་པའི་ཐོག་སྤྱི་འཐུས་སུ་ལངས་དགོས་པ་འདི་དེ་བས་ཀྱང་གལ་ཆེན་ཡིན་སྟབས། གལ་སྲིད་ཁོང་གཉིས་སུ་ལའང་སྤྱི་འཐུས་མ་ཐོབ་ཀྱང། མིས་བཞག་པའི་གདེང་འཇོག་འདི་བཀླགས་པ་ཡིན་ན། ཡང་རྒྱས་འགྲོ་རྒྱུ་ཡིན་པ་ཚིག་ཐག་ཆོད་ཀྱི་རེད་ལ། རང་ལྗིད་ལོན་པ་ལའང་མཐུན་འགྱུར་ཞུ་ཐུབ་ངེས་རེད་བསམས་པས་སྨྲས་པའོ།།
མང་གཙོ་རྒྱལ་ལོ། བདེན་པ་རྒྱལ་ལོ། དབུ་མའི་ལམ་རྒྱལ་ལོ། ཤར་ཕྱོགས་ཁུག་རྟ་རྒྱལ་ལོ།།
༢༠༡༣། ༡༢། ༢༢། ཉིན།
ཧ་ཧ་ཚེ་རིང་ལོ་བརྒྱ།ངོ་མ་ཁྱོད་ཁོམ་ཡོད་ས་རེད།ཤར་ཁུག་གི་དང་སྤྲོ་ཚིགས་གཉིས་བསྡུར་ཡོད་གི།ངོ་མ་དགོད་སྤྲོ་བ་རེད།ཤར་ཁུག་ལ་རང་ཚུགས་ཡོད་དམ་མེད།ཡོད་ན་ལས་ཁུངས་ག་ཚོད་ནས་ཕྱིར་འཕུད་སོང།དེ་ནི་ཁོ་རང་གི་ཁྱད་ཆོས་ཡིན་ནམ།ལོ་བརྒྱ་ལགས་ཁྱོས་ཤར་ཁུག་མ་བསྟོད་དེ་ལབ་ན་མདོ་སྨད་སང་གི་ཞབས་འདྲེན་རེད།རྒྱ་ནག་གི་རྒྱ་དར་ཁྱེར་ནོ་ཧ་ཧཧ་ཧ་་ངོ་མ་ངོ་ ཚ་དགོས་ནི་རེད་ལོ་
རྩོམ་པ་པོ་ཚེ་རིང་ལོ་བརྒྱས་དངོས་གནས་ཡག་པོ་བྲིས་འདུག ཉིད་ཀྱི་དམིགས་ཡུལ་དང་ལངས་ཕྱོགས། རྒྱུ་མཚན་བཅས་པ་ཧ་ཅང་གསལ་བོ་རེད། ཡིན་ནའང་བཤིབ་བསྡུར་མ་བྱས་པ་ད་དུང་གཉིས་འདུག
ཤར་ཕྱོགས་ཁུག་རྟ་དང་སྤྲོ་ཚིགས་ཆོས་གྲགས་གཉིས་ཀ་སྒྲིག་འཛུགས་ཤིག་གི་ཁོངས་ནས་མར་ཐོན་དུས་སྐད་ཆ་ལྷག་ཡོད་པ་དེ་ཚང་མས་ཤེས་གསལ་རེད། ༼ སེང་གེ་བཀའ་ཤག་གི་མདུན་ལམ་༽བླང་དོར་སྒྲིག་གཞིར་འགལ་འདུག་ཅེས་ཉིན་གླའི་ལས་བྱེད་ཀྱི་དུས་ཡུན་ཕར་འགྱངས་མ་བྱས་པ་དེ་ཤར་ཕྱོགས་ཁུག་རྟའི་སྐོར་རེད། མཁྱེན་ལྡན་ཚང་མས་ཉིན་གླའི་ལས་བྱེད་ཅིག་ལ་བླང་དོར་སྒྲིག་གཞིས་ཁྱབ་ཀྱི་མེད་པ་སྒྲིག་གཞི་རང་དུ་གསལ་འདུག་ཅེས་སྐབས་དེ་དུས་དགག་གཞག་ཚ་ནན་བྱས་ཡོད་པ་རེད། འདིའི་ཆ་ནས་ཤར་ཕྱོགས་ཁུག་རྟ་དང་སྲིད་སྐྱོང་རྣམ་པ་གཉིས་ཀྱི་རྙོག་གླེང་དེ་ཕྱི་གསལ་ནང་གསལ་རེད། འོན་ཀྱང། སྤྲོ་ཚིགས་ཆོས་གྲགས་ལགས་བྱེས་པ་གྲྭ་ཚང་ནས་ཐོན་ལུགས་ཐོན་སྟངས་ཁ་གསལ་བོ་ཁྱོན་ནས་ཡོད་པ་མ་རེད། ངས་འདིར་གོ་ཐོས་ཙམ་བྲིས་ན་ཡག་པོ་མི་འདུག་ལ། བྱུང་ན་ཁོང་དང་ཁོའི་རྒྱབ་སྐྱོར་པ་ཚོས་གསལ་བཤད་བྱེད་རྒྱུ་གལ་ཆེན་རེད་འདོད། གཉིས་ནས་ཁོ་ཕྱིར་ཐོན་མཚམས་ནས་གྲྭ་ཚང་གི་འགན་ལས་སྣེ་དང་སྐྱབས་རྗེ་རིན་པོ་ཆེ་བཅས་ཀྱིས་འཛིན་སྐྱོང་གནང་སྟངས་དང་སློབ་གསོའི་ཁ་ཕྱོགས་འགྲིག་གི་ཡོད་པ་མ་རེད་ཅེས་བཤད་སྐད་ཀྱང་ཐོས་ལ། མ་གཞི་ནས་བྱེས་པ་གྲྭ་ཚང་གི་གྲྭ་ལོག་ཁ་ཤས་ཀྱིས་ཕྱིར་དྲིན་ལན་ལོག་མཇལ་བྱེད་པའི་ངང་ཚུལ་ཀྱང་ཡོང་གི་ཡོད་ཚོད་འདུག ཡང་གྲྭ་ལོག་གཞན་ཞིག་གིས་ཉེ་ཆར་སྒོ་ཤེས་རབ་དང་འབྲེལ་ནས་གཞིས་བྱེས་གྲྭ་ཚང་དང་སྐྱབས་རྗེ་རིན་པོ་ཆེ་བཅས་པ་སྣང་མེད་དུ་ག་ཚོད་བཞག་ཡོད་མེད་ཚང་མས་མཁྱེན་གསལ་རེད། གོ་ཐོས་ལ་གྲྭ་ལོག་དེར་ཕྱི་རྒྱལ་ནས་སྒོ་ཤེར་གྱི་ཉེ་འབྲེལ་ཞིག་གིས་ཧིན་སྒོར་ཁྲི་གཅིག་ཡས་མས་ཤིག་གི་རྔན་པ་ཡང་སྤྲད་རབས་ཟེར། སོང་ཙང། འདི་འདྲ་ཡིན་ན་ཡག་པོ་མི་འདུག་བསམས། འདི་ནི་ངས་གནད་འགག་ཅིག་ཏུ་མཐོང་གི་ཡོད།
གསུམ་པ་དེ་སྐད་ཡིག་གཞན་གྱི་ཤེས་ཚད་སྐོར་རེད། ཤར་ཕྱོགས་ཁུག་རྟས་ལྡི་ལིར་དབྱིན་ཡིག་ཆེད་གཉེར་ཟླ་བ་བརྒྱད་ལྷག་ལ་སྦྱངས་པ་དང། སྐབས་དེ་དུས་ནས་ཟ་སྐད་འཐུང་སྐད་ཆུ་རྒྱུག་རྒྱུག་བཤད་པ་ཁོང་གི་ཕ་ཡུལ་གཅིག་པ་ཚོས་བཤད། དེའི་རྗེས་ནས་གསར་འགོད་པ་མང་པོར་ཁོང་གིས་དབུ་མའི་ལམ་དང་བོད་ནང་གི་གནས་སྟངས་སྐོར་ཨིན་སྐད་ཐོག་འགྲེལ་བཤད་རྒྱག་གི་འདུག ཚད་ལྡན་ཧ་ལས་པ་ཞིག་ཡིན་མིན་མི་ཤེས་ཏེ། སྐད་བསྒྱུར་མེད་སར་ཁོང་རང་འདི་ལྟར་འགྲོ་དང་འགྲོ་བཞིན་པ་རེད། སྤྲོ་ཚིགས་ཆོས་གྲགས་ལགས་ཀྱང་ཨིན་སྐད་ལ་གང་འཚམས་ཡག་པོ་ཡོད་ཚུལ་ཐོས་ལ། ཚོགས་འདུ་ཁ་ཤས་སར་ཨིན་སྐད་གསུང་ཚུལ་ཡང་ཐོས། འོན་ཀྱང། ཁོང་ལ་མེད་པ་ཞིག་ནི་ཤར་ཕྱོགས་ཁུག་རྟར་རྒྱ་སྐད་ཀྱི་གནས་ཚད་ཡག་པོ་ཡོད་ས་རེད། རང་རྐྱ་འཕེར་པ་མིན་ཡང། ཐའེ་ཝན་ནས་ཆེད་མངགས་ལོ་གཅིག་རིང་རྒྱ་སྐད་ཡར་རྒྱས་བཏང་བ་དང། སྐབས་དེར་འཛིན་གྲྭའི་ནང་རྩེ་གྲས་ཡིན་འདུག་པ་དང་དགེ་རྒན་གྱི་ངོས་སྦྱོར་སྟེང་ཕྱོགས་གང་ཅིར་བསྟོད་བསྔགས་གནང་འདུག་པ་མ་ཟད། ཁོང་གང་དུ་འགྲོ་ན་བོད་དོན་སྐོར་བཤད་ཀྱི་ཡོད་སྟབས་ཚོགས་འདུའང་གང་མང་ལ་མཉམ་ཞུགས་བྱས་འདུག མ་ཟད། ཁོང་གི་ལངས་ཕྱོགས་ཀྱང་ཨིན་སྐད་ལས་རྒྱ་སྐད་གལ་ཆེ་བ་དང། བཙན་བྱོལ་སྒྲིག་འཛུགས་ནང་ལས་ཀ་བྱེད་མཁན་ཡང་རྒྱ་ཡིག་ཤེས་མཁན་མང་པོ་སླེབས་དགོས་ཚུལ་ཐེངས་མང་པོར་གསུངས་ཟིན་པ་དེའི་མཚོན་ནུས། དེའི་ཆ་ནས་འདིའི་ཐད་ནས་ཀྱང་ཤར་ཕྱོགས་ཁུག་རྟར་འོས་ཆས་ཚད་མཐོའི་ངང་ཚང་འདུག་སྙམ།
མ་གཞི་ནས་སྤྲོ་ཚིགས་ལགས་ཤར་ཕྱོགས་ཁུག་རྟ་ལགས་དང་མཉམ་དུ་བསྡུར་ན། ཤར་ཕྱོགས་ཁུག་རྟ་ཐུགས་མཉེས་པོ་ཡོང་གི་ཡོད་མེད་ཐེ་ཚོམ་རེད། ཁོང་ལ་ཆོག་མཆན་མ་ཞུས་པར་མགོ་ཐོག་ཚད་ཚང་མའི་མཉམ་དུ་བསྡུར་ན་ཁོང་གི་མི་གཤིས་ཁོ་རང་ནས་དགའ་བོ་མེད་པ་དེ་འདྲ་ཡིན་སྟབས། ངས་ཀྱང་བཤིབ་བསྡུར་བྱས་པ་འདི་དགོངས་པར་འགལ་ཚེ་དགོངས་དག་ཞུ་རྒྱུ་ལས་ཐབས་གཞན་མེད་པས། བཟོད་པར་གསོལ་ལོ།།
ཁ་སྔོན་ནས་རྒན་ཆབ་བྲག་གིས་ཚད་གཞི་མཐོ་པའི་ངང་ནས་འོས་མི་མཚམས་སྦྱོར་དང་ཡིག་ཐོག་གི་འགྲན་རྩོད་ཀྱི་རྣམ་པ་གསར་པ་ཞིག་མགོ་བླངས་པ་དེ་ཡག་པོ་རེད་བསམས།
ཡིན་ནའང། ད་ལྟ་མགོ་ཐོག་ཚད་ཚང་མས་གན་ཡག འདི་ཡག་ཟེར་ཚུལ་ལ་བལྟས་ན་ཡང་དགོད་བྲོ་བ་ཞིག་ཀྱང་རེད། དེ་བས་མགོ་ཐོག་ཚད་ཚང་མ་དང། རྩོམ་འབྲི་མཁན་ཚང་མ་གླེང་པ་ཡིན་ན། ཨ་མདོ་སྤྱི་འཐུས་འོས་མི་ས་ལ་ཤོང་ས་མིན་སྟབས། དེ་ངེས་པར་དུ་གཟབ་དགོས་པར་སྣང།། གཙོ་བོ་ང་དང་འདྲ་བའི་ཨ མདོ་བ་ཚོ་ཚང་མར་ཞུས་པ་ཡིན།།
ད་བསྡུར་ཨ། ཤར་ཁུག་སྤྱི་འཐུས་ལ་སླེབས་ན་བཀའ་ཤག་ལ་བྱ་བ་ལམ་འགྲོ་ཡོང་གི་འཇུག་ནི་མ་རེད། ཧ་ཧ་ཧ། ད་བསྡུར་ཨ། བསྡུར་ནས་མྱི་ཀླུད་འདི་ཚོ་མཐོ་ས་མཐོ་ས་ཞིག་ལ་སྐྱེལ་ཞོགས། རྒྱ་ནག་གི་རྒྱལ་དར་དམར་པོ་དེ་ཡང་བརྩན་ས་བརྩན་ས་ཞིག་ལ་ཕྱོར་ཞོགས། ད་བསྡུར་ཨ།
ད་མང་པོ་བཤད་དགོས་པ་མི་འདུག ཤར་ཕྱོགས་ཁུག་རྟར་བསྟད་ན་མི་ཁ་ཤས་གཉིས་ཁུག་གི་མེད་པ་འདྲ། དེ་ལས་སྡིངས་ཆ་ཞིག་ཏུ་སྤྲོ་ཚིགས་ཆོས་གྲགས་སོགས་ལང་གི་ཡིན་ཟེར་མཁན་རྣམས་ཁོའི་མཉམ་དུ་གཏམ་བཤད་དང་དྲི་བ་དྲིས་ལན་བྱེད་བཅུགས་ན་གསལ་བོ་ཤེས་གི་རེད།
གང་ལྟར་ང་ནི་ཤར་ཕྱོགས་ཁུག་རྟ་ལས་སླ་པོ་ཞིག་མིན་པ་སྔ་མོ་ནས་ཤེས་ཡོད། སྤྲོ་ཚིགས་ཆོས་གྲགས་ལགས་སྤྱིར་བཏང་གི་རྩོམ་པ་པོ་ཞིག་རེད་བ། དཀའ་ལས་ཏོག་ཙམ་མ་རྒྱབ་པ་དང།་སློབ་སྦྱོང་ཞེ་དྲག་མ་གནང་བར། ཉམས་མྱོང་གང་འཚམས་མ་བསགས་པར། ཐད་ཀར་འགྲོ་འདོད་བྱེད་པ་འདི་ཡག་པོ་ཁྱོན་ནས་མ་རེད་དྲན།
གནད་འགག་རྡོག་རྡོག་ཁོང་གིས་གསུངས་འདུག
# 58 འབྲས་སྤུངས་བློ་བཟང་ཐུབ་བསྟན།་ལགས་ཀྱིས་མཆན་བཏབ་པ།:
December 23rd, 2013 at 1:07 AM
ཤེས་ཡོན་ཅན་ཡིན་ལ། རྩོམ་པ་པོའང་ཡིན་པ། ཆབ་སྲིད་པའང་ཡིན་པ། བཅའ་ཁྲིམས་དང་སྒྲིག་གཞི་ཁག་ལ་ཤེས་རྟོགས་ཀྱང་ཡོད་པ། གཞིས་དགོན་ཁག་གི་གནས་སྟངས་ཀྱང་ཤེས་པ་ནི། ཤར་ཕྱོགས་ཁུག་རྟ་ལགས་རེད་ལ།་སྤྱི་ཚོགས་ཞབས་ཞུའི་ཐད་ནས་ཀྱང་ཤར་ཕྱོགས་ཁུག་རྟ་གྲགས་ཆེན་ལྟ་བུ་རེད།
དེ་བས་ཕ་ཡུལ་གཅིག་པ་གྲོགས་པོའི་ཞེན་ཁོག་གིས་མི་འདྲ་མི་འདྲ་ངོ་སྤྲོད་བྱེད་ཀྱི་བསྡད་ན། མདོ་སྨད་ལ་ཕན་གི་མ་རེད་ལ། ཁྲིམས་བཟོ་ལྷན་ཚོགས་ལའང་ཕན་གི་མ་རེད། དཔེར་ན། ཤར་ཁུག་ལྟ་བུར་མཚཽན་ན་བཅའ་ཁྲིམས་བསྒྱུར་བཅོས་ཀྱི་གཞུང་མང་ཚོགས་ཆེན་སྐབས་ཚོགས་དྲུང་རེད། སྤྱི་མོས་ཀྱིས་འོས་འདེམས་བྱུང་བ་རེད། སྤྲོ་ཚིགས་ལགས་ཡག་པོ་ཡོད་ནའང། ཤར་ཁུག་དང་བསྡུར་ན་བུ་གུ་བུ་གུ་རེད་བསམས།
འོས་ཆོས་ཚང་པའི་མདོ་སྨད་སྤྱི་མཐུས་སུ་འདེམས་ན་ཆོག །གཙོ་བོ་བཙན་བྱོལ་བོད་མའི་སྒྲིགས་འཛུགས་ཀྱི་ལངས་ཕྱོགས་གཞིར་བཟུང་ཐོག་ལྷག་བསམ་རྣམ་དག་གི་ངང་ནས་ཕྱག་ལས་གནང་མཁན་ཞིག་དགོས། དེ་མིན་རང་ལྟ་མཆོག་འཛིན་ཁོ་ནའི་ཡོད་ཚད་ལོག་འགྲེལ་བཟོས་བསྡད་པ་ཡིན་ན་སུ་ལ་འང་ཕན་ལས་གནོད་གཞིར་ཆེ་བ་མཐོང་།
རེད་རེད། ཡག་པོ་བཤིབ་བསྡུར་བྱས་འདུག་་་ད་འབྲི་རུའི་མི་མང་ཚོ་དང་ཤར་ཁུག་གཅིག་བསྡུར་ནས་གཅིག་བརྗོད་དང་། དེ་གཉིས་ལ་ཁྱད་པར་གང་ཡོད་པ་དེ་ཡང་གཅིག་བཤད་ན་ཡག་པོ་ཡོང་ས་རེད། ད་ལྟ་ཚང་མ་བཤད་རྒྱུའི་དུས་ཚོད་རེད།
རྩོམ་ཡིག་འདི་ནི་མངོན་སུམ་འཛེམ་མེད་ངང་ཕྱོགས་ལྷུང་གིས་བྲིས་པའི་གཤིབ་སྡུར་བྱས་ཚུལ་གྱི་རྩོམ་ཡིག་ཅིག་རེད། གཙོ་བོ་ཁུག་རྟ་དང་ཁུག་ཚོགས་སྤྲོ་ཚིགས་ཆོས་གྲགས་ལ་སྐྲག་གི་ཡོད་པ་འདྲ། གལ་ཏེ་གཤིབ་བསྡུར་བྱེད་ན། ཕྱོགས་གཉིས་ཀའི་ལྟ་བ་ལངས་ཕྱོགས་དང་། སློབ་སྦྱོང་གི་བརྒྱུད་རིམ། ལས་ཀའི་གྲུབ་འབྲས། སྤྱི་ཚོགས་ཀྱི་ཆེ་མཐོང་སོགས་ཕྱོགས་ཡོངས་ལ་གཟུ་བོར་གནས་བའི་སྒོ་ནས་དཔྱད་པ་བྱས་ན་ཡག་ཤོས་རེད། གཞན་ཕྱོགས་གཅིག་ལ་ལངས་ནས་གཤིབ་བསྡུར་བྱས་ཟེར་བ་དེ་། རང་དང་རིགས་མཐུན་ཁ་ཤས་ཀྱིས་ཡག་གི་དང་ལེགས་སོ་ཟེར་ན་ལས། བསམ་བློ་ཡོད་པའི་མི་དྲང་མོ་ཞིག་གིས་ཁས་ལེན་མི་སྲིད། སྤྲོ་ཚིགས་ཆོས་གྲགས་ངོ་སྤྲོད་བྱེད་མཁན་ནང་དུ་ཁོང་གི་ཕ་ཡུལ་གཅིག་པ་ཙམ་མིན་པར་ས་ཕྱོགས་གཞན་གྱི་གནད་ཡོད་མང་པོ་ཡོད་པ་མཐོང་ལ། དེ་དག་ནི་ཁོང་ལ་རྒྱུས་ཡོད་མཁན་ཚོས་མཐོང་དང་ཆ་འཇོག་བྱས་པ་རེད། ཤར་ཁུག་ལགས་ལ་ཁོ་རང་གི་གྲོགས་པོ་དང་ལས་རོགས་ཚོས་དེ་འདྲ་མཐཽང་ཆེན་བྱས་ཏེ་ངོ་སྤྲོད་བྱེད་ཐུབ་ན་དེ་ཡག་པོ་རེད། འོན་ཀྱང་དེ་ཁག་པོ་ཆགས་ཡོད།
གཞན་ལྟ་བ་དང་ལངས་ཕྱོགས་སོགས་མི་སོ་སོར་འདྲ་མི་འདྲ་ཡོད་ཆོག་གི་རེད། ང་ཚོས་ཁྱབ་བསྒྲགས་ཀྱི་ཡིག་ཆ་དང་ནམ་རྒྱུན་གྱི་གནས་ཚུལ་ཐོག་ནས་བལྟས་ན་ཁོང་གཉིས་ཀྱི་ཤེས་ཚད་ཧེ་བག་ཆེན་པོ་ཡོད་པ་དང་། མི་གཤིས་ལའང་ཁྱད་པར་ཆེན་པོ་ཡོད་པ་རེད་བསམ། སྤྲོ་ཚིགས་ཆོས་གྲགས་ནི་ཡོངས་གྲགས་ཀྱི་མཁས་པ་ཞིག་རེད། དེ་ཡིན་མིན་ཁོང་གི་གྲོགས་པོ་རྒྱུས་ཡོད་་ཁག་དང་ཁོང་གི་སློབ་མ་ཚོར་སྐད་ཆ་དྲིས་དང་ཤེས་ཐུབ། དེ་བཞིན་ཁོང་གིས་བྲིས་པའི་རིག་གནས་དང་ལོ་རྒྱུས་ཆབ་སྲིད་སོགས་ཀྱི་སྐོར་གྱི་དཔྱད་རྩོམ་སྤུས་ལེགས་ཁག་ལ་གཟིགས་དང་ཧ་གོ་ངེས་རེད། དེ་བཞིན་སྤྲོ་ཚིགས་ཆོས་གྲགས་ལགས་རང་འཁྲིའི་ལས་ཀར་ཤུགས་རྒྱག་ནས་སྡོད་མཁན་གྱི་ཤེས་ཡོན་པ་ཉམ་ཆུང་ཞིག་རེད། ཆབ་སྲིད་པའི་ལག་ཆ་བྱེད་པར་མི་མོས་མཁན་ཞིག་དང་། ལྟ་བ་དང་ལངས་ཕྱོགས་འདྲ་མིན་ཁུར་མཁན་གྱི་མི་སུ་ལའང་གུས་ཞབས་ཡོད་མཁན་ཞིག་རེད། དེ་གཉིས་མི་སློབ་སྦྱོང་དང་མི་གཞིིའི་ཁྱད་པར་ཙམ་རེད། དེ་མིན་ཚེ་རིང་ལོ་བརྒྱས་བྲིས་བྲིས་བྱས་ན་ངས་ཀྱང་སྤྲོ་ཚིགས་ཆོས་གྲགས་ལགས་ཤེས་ཡོན་དང་། མི་གཞི། སེམས་ཤུགས། ལས་ཀའི་གྲུབ་འབྲས། ཕོ་སྒོ། མཐུན་ལམ། ཆབ་སྲིད་གོ་རྟོགས་སོགས་ཁུག་རྟ་ལགས་ལས་ལྡབ་མང་པོའི་ལེགས་པའི་རྩོམ་ཡིག་འབྲི་ཐུབ། འོན་ཀྱང་དེ་དག་ནི་རིན་ཐང་མེད་པའི་རྩེད་མོ་ཙམ་ཞིག་ལས་ཅང་མཐོང་མ་སོང་།
ངས་འདི་ལྟར་ཟེར་དོན་ནི། མི་ཞིག་དང་ལྷག་པར་དུ་ཤེས་ཡོན་པ་དང་རྩོམ་པ་པོ་ཚོ་དྲང་མོ་དགོས་ཟེར་བ་དེ་ཡིན། སྐད་ཆ་འཁྱོག་པོ་བརྗོད་རྒྱུ་དང་རྫུན་བཤད་རྒྱུ་དེ་ཤེས་ཡོན་པའི་ལས་ཀ་མ་རེད། དེ་ཆབ་སྲིད་པའི་ལས་ཀ་བྱེད་སྟངས་རེད། ཚེ་རིང་ལོ་བརྒྱས་སྤྲོ་ཚིགས་ཆོས་གྲགས་ལགས་ངོ་ཤེས་ཀྱི་ཡོད་དམ། གལ་སྲིད་མེད་ན་སྐད་ཆ་འདི་རིགས་བཤད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། དེ་གཅིག་ཡིན། དེ་ནས་རྫུན་ཨ་བྲ་གཉིས་ལ་རྔ་མ་ཐུང་ཟེར་བ་ལྟར། གོང་དུ་བྲིས་པའི་ནང་དུ་སྐྱག་རྫུན་གྱི་ཆ་དང་ངོ་ཚ་མེད་པའི་སྟོང་ལབ་ཀྱི་ཆ་མང་པོ་འདུག་ཀྱང་གཅིག་གཅིག་བྱས་ནས་ཐེར་འདོན་བྱེད་རྒྱུ་དགོས་པ་མ་མཐོང་། གཙོ་བོ་རྒྱ་ཆེའི་མི་མང་དང་བསམ་ཡོད་ཚོས་ཤེས་རྒྱུ་གལ་ཆེན་པོ་རེེད་བསམ། ངས་ནི་ཤར་ཁུག་ལའང་སྐྱོན་བརྗོད་བྱེད་འདོད་མེད
ཚང་མས་གནད་ཀྱི་དོན་དངོས་བཤད་ན། སྤྱི་འཐུས་ཟེར་བ་ནི་བཀའ་ཤག་འཛིན་སྐྱོང་ལ་སྟངས་འཛིན་བྱེད་དགོས་པ་ཞིག་ཡིན་པས། ཤར་ཁུག་སྤྱི་འཐུས་ལ་སླེབས་ན་བཀའ་ཤག་འཛིན་སྐྱོང་བཙར་བཙར་ནས་སྤར་མོ་་གང་གི་གཏོང་ཐུབ་ནི་རེད། དངོས་ནས་ཀླུ་སྨྱོན་གྱིས་བཤད་པ་དེ་བདེན་པ་རེད། སྤྲོ་ཚིགས་ཆོས་གྲངས་བོད་རིག་པ་གནད་མ་ཞིག་ཡིན་པས། ཁོའི་གྲོགས་དང་ལས་གྲོགས་ཚོས་ཁ་རོགས་བོད་རིག་པའི་ལས་ཀ་འདྲ་བྱས་ནས་བཞག་ན་ཡག་པོ་མེད་འགྲོ། གང་ལྟར་རྒྱབ་ཀྱི་ལས་ཀ་ཞིག་ཡོད་ན་མི་ཤེས། མདོ་སྨད་ཀྱི་སྤྱི་བའི་འཐུས་མི་འོས་ཐོབ་ན་ཤར་ཁུག་ལྟ་བུ་ད་སྔ་བྱུང་མྱོང་ཡོད་པ་མ་རེད་ལོ། བྱས་ཙང་། ཁཽ་གཉིས་ཀྱི་ལས་གནས་ལས་སྤྱི་བའི་འཐུས་མི་སུའི་ཁྱད་ཆོས་ད་བར་ས་རླུང་ལ་འཕྱར་ན་རྡོ་ལྷང་ལ་བུད་པ་དེ་རེད།
འཇུ་བསྟན་སྐྱོང་ནི་མ་གཞི་ནས་སྐྱ་མིན་སེར་མིན། སྤྱོད་པ་འདྲ་མིན་བསྟན་སྟེ་སྨྱོན་པ་དང་ཆ་མཚུངས་པ་ཞིག་ཡིན་པ་ཤེས་གསལ་རེད། ཁོས་ད་ཐེངས་ཀླུ་མཁར་བྱམས་ལ་ཐོབ་རྒྱུ་མིན་པ་ནི་ཤེས། དེའི་སྙིང་ནད་ཀྱིས་སྤྲོ་ཚིགས་ལ་ངོ་བསྟོད་རྒྱབ་ནས་ཁྱབ་བསྒྲགས་བྱས་ཏེ། མདོ་སྨད་ནང་ཅ་མ་བདེ་བ་ཞིག་ཡོང་ན་བསམ་གི་ཡོད་པ་རེད་ལ། བོད་གཞུང་བདེ་སྲུང་ལས་ཁུངས་སོགས་ཀྱིས་ཀྱང་དེ་སྔ་ནས་ཀླུ་མཁར་བྱམས་ཀྱི་གླུད་བསྟན་སྐྱོང་གིས་ཚ་འདེབས་ཀྱི་ཡོད་པ་མཁྱེན་བསྡད་པ་རེད། ཁོང་དབུ་མའི་ལམ་དང་༸གོང་ས་ཆེན་པོ་སོགས་དད་དམ་གཙང་མ་ཞིག་མེད་སྟབས། ཁོས་གཟས་ནས་སྤྲོ་ཚིགས་ཆོས་གྲགས་ཟེར་པའི་ད་ལྟ་གཞི་ནས་མགོ་བཀྱག་ཙམ་ཡིན་པ། སྡུག་ས་ནས་བཤད་རང་གི་གྲྭ་ཚང་གི་ལས་སྣེ་༸སྐྱབས་རྗེ་རིན་པོ་ཆེ་ལའང་མངོན་ལྐོག་ཡོད་མཁན་ཞིག་རྩེད་སྤྱད་བྱས་པ་ཙམ་རེད། སོང་ཙང། ད་མི་ཚང་མ་གད་མོ་བགད་ཡོད་དོན་དེ་ག་རང་རེད། མ་གཞི་ནས་སྤྲོ་ཚིགས་འདི་མིང་ལ་ཅིག་རྔམས་ནོ་ད་ཞེ་དྲག་ཧ་ལས་པ་དེ་འདྲ་རེད། ད་གང་ལྟར་སོ་སོ་ཁྲོམ་སྟོན་བྱེད་ན་འདོད་པ་རེད་མོད། ངས་ཤ་ཚ་ཞིང་སྙིང་རྗེ་པ་ནི་རྒྱུ་མ་བསགས་པར་འབྲས་བུ་ཆེན་པོ་ཞིག་ཐོབ་རེ་འདོད་པ་དག་སྟེ། ཨ་མདོའི་གཏམ་དཔེར་་་མགོ་མ་གཡུག་པར་ལྷ་འབབ་ན་འདོད་མཁན་་་་གྱི་གྲས་འདི་རེད།། དགོངས་ཕོག་ཁྱོན་ནས་མེད་པ་ཞུ།
དགའ་ན་མི་དགའ་ན་བཙན་བྱོལ་མདོ་སྨད་པའི་ཁྲོད་ན་ལོ་ཚད་དང་བསྟུན་ནས་བཤད་ན་ཤར་ཁུགས་ལགས་དར་ཆེན་གྱི་རྩེ་མོ་ལྟ་བུ་ཡིན།
ཀིརྟི་བྱེས་པ་གྲྭ་ཚང་གི་ལས་སྣེ་དང་༸སྐྱབས་མགོན་རིན་པོ་ཆེར་ལྐོག་ནས་ཅིག་བཤད་བསྡད་ཀྱི་ཡོད་པ་ཟེར་པ་འདི་ལ་ཁུངས་ལུང་ཏན་ཏན་ཡོད། རྒྱུ་མཚན་ཤར་མཚམས་ས་གནས་དུས་ཚོད། མི་སྣ་སུ་དང་སུ་ལ་བཤད་མིན་བཅས་ཡོད་པས། ཁོ་པོས་མིང་རྫུན་མ་ཞིག་གི་འོག་ཏུ་དེ་ག་ཟིག་ཆོས་གྲགས་ལ་སྐྱོན་འདོགས་བྱེད་ཀྱི་མེད། དཀོན་མཆོག་གསུམ།
ཆོས་གྲགས་ལ་རླུང་རྟ་རྒྱུག་རེད་མ་གཏོགས། ཤར་ཕྱོགས་པའི་མཉམ་བསྡུར་ཚད་ཅིག་ལ་ད་དུང་རྩ་བ་ནས་སླེབས་ཡོད་པ་མ་རེད།།
གོང་དུ་མི་གཞན་གྱི་མིང་བར་དུ་དྲུད་ཡོང་ནས་མི་ལ་སྐྱོན་འདོགས་བྱེད་ཀྱི་འདུག། མ་གཞི་ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པ་ཁུག་རྟ་སོགས་ཡིན་ཚུལ་ཐོས་པས་རང་ལག་ཏུ་ཡོད་པ་རེད་པ། འོན་ཀྱང་མི་སྐྱོན་གི། གཙོ་བོ་མི་ལ་སྐྱོན་བརྗོད་ཀྱི་སྐད་ཆ་ག་རེ་བཤད་ནའང་། རྒྱུ་མཚན་དགོས་པ་གལ་ཆེན་པོ་རེད།
འཇུ་བསྟན་སྐྱོང་ལགས་ནི། གསེར་རྟ་སྒར་ནས་མཁན་པོ་ཐོན་པའི་རྩོད་མེད་ཡོངས་གྲགས་ཀྱི་མཁས་པ་ཞིག་རེད། མཁས་པ་མཁས་པའི་ནང་ན་མཛེས་ཟེར་བ་ལྟར། མཁས་པའི་ནང་དུ་ཁོང་ལ་མཐོང་ཆེན་པོ་རེད། དེ་ཡང་ལྷན་སྐྱེས་ཀྱི་རིག་སྟོབས་དང་། ནང་ཆོས་དང་ལོ་རྒྱུས་ཀྱི་ཤེས་བྱ། ཕུལ་དུ་བྱུང་བའི་སྙན་རྩོམ་སོགས་འགྲན་ཟླ་བྲལ་བ་རེད། དེ་ཤེས་མཁན་ཚོའི་ཤེས་ཀྱི་ཡོད་པ་རེད།
ཀླུ་མཁར་བྱམས་ཁོང་གཉིས་གྲོགས་པོ་ཡིན་པ་བདེན་སྲིད། འོན་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་ག་རེ་ལ་རྒྱབ་སྐྱོར་བྱེད་མིན་དེ་ཁོ་རང་གི་ཐོབ་ཐང་རེད། མ་གཞྀ་འཇུ་བསྟན་སྐྱོང་ངོ་ཤེས་མཁན་ཞྀག་ཡིན་ན། ཁོང་ལ་དགའ་བོ་མི་བྱེད་མཁན་དང་། བརྩི་མཐོང་མི་བྱེད་མཁན་དཀོན། དེ་ནི་ཁོང་གི་ལྷད་མེད་དྭངས་གཙང་གི་མི་གཤིས་དང་། དོན་དམ་གྱི་མཁས་པའི་ཁྱད་ཆོས་ལ་བརྟེན་ནས་བྱུང་བ་ཞིག་ལས། འཁྲབ་ནས་བཟོས་པ་དེ་འདྲ་མིན།
དེ་ནི་སྤྲོ་ཚིགས་ཆོས་གྲགས་ལགས་དང་འབྲེལ་ཡོད་བླ་གྲའི་བར་དཀྲུག་ཤིང་རྒྱག་འདོད་ཀྱི་ཀུན་སློང་གིས་ཅིག་ཅིག་དང་མུག་མུག་ཟེར་བ་ནི། དངོས་ནས་སྐྱུག་བྲོ་བའི་ལས་ཀ་རེད། དེ་འདྲ་མ་བྱས་ན་ཡག་གི་རེད། ཆོས་གྲགས་དང་ཤར་ཁུག་སུ་ཡིན་རུང་། ད་དུང་སྤྱི་ཚོགས་ནང་ཐོན་ཙམ་གྱི་མདོ་སྨད་གཞོན་སྐྱེས་རེ་བ་ཅན་རེད། ང་ཚོས་མི་ཡག་པོ་རེད་དགོས་པའི་དུས་ཚོད་རེད་མ་གཏོགས། འདི་ཡར་བཞག་ནས་གན་མར་ཕབ་ཐབས་ཀྱི་ཐ་ཤལ་བྱེད་ཚུལ་དེ་རིགས་མེད་ན་ཡག་གི་རེད། དེ་ནི། དྲང་ཚུགས་དང་ངོ་ཚ་ཡོད་པའི་མི་ཞིག་གི་བྱེད་སྟངས་གཏན་ནས་མ་རེད།
ཁུངས་ལུང་མེད་པའི་སྐད་ཆ་འདྲ་མིན་དྲ་རྒྱའི་ངོས་སུ་སུས་ཀྱང་འཁུར་ཤེས་ཀི་རེད་ལ་། འཁུར་རྒྱུ་ཡང་ཏན་ཏན་ཡོད་པ་་རེད། འོན་ཀྱང་ཁ་བརྡ་དྲ་བའི་སྒྲིག་གཞི་དང་། དེ་བཞིན་མི་སོ་སོའི་རང་གི་བཟང་སྤྱོད་ལ་འགན་ཁུར་དགོས་པ་གལ་ཆེན་པོ་རེད། ང་ལྟ་བུར་མཚོན་ན་བསམ་ཚུལ་བཤད་བསྡད་པ་དེ། སྤྱི་ཡོངས་ཀྱི་ལྟ་ཚུལ་ཞིག་གི་ཐོག་ནས་གཟུ་བོར་གནས་ཏེ་ཤོད་ཀྱི་ཡོད། དེ་ཡོད་མེད་དྲ་གྲོགས་གཞན་ཚོས་བལྟས་ན་ཤེས་ཐུབ་ཀི་རེེད། དེ་ཙམ་ཡིན།
སྤྲོ་ཚིགས་ཆོས་གྲགས་ཀྱི་ངོ་སྤྲོད་ནང་། ཁོང་གིས་རེ་སྐོང་གི་མཁས་དབང་འཇིགས་མེད་ཐེག་མཆོག་དགེ་རྒན་དུ་བསྟེན་ཚུལ་བཀོད་འདུག་པས། དེ་འདྲ་ཡིན་ན། ཁོང་ཡང་རེ་སྐོང་གི་སློབ་བརྒྱུད་ཅིག་རེེད་འདུག་པས། ཤར་ཁུག་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་དེ་ཙམ་དོགས་འདྲོགས་བྱེད་དགོས་དོན་ཨེ་ཡོད་བསམ། ཧཧཧཧཧ།
རྒྱབ་སྐྱོར་ཡོད་མེད་ཚང་མར་ཞུ་འདོད་པ་གཅིག་ནི། སྐབས་འདིར་གཅིག་ཕམ་གཅིག་རྒྱལ་ལྟ་བུའི་འགྲན་རྩོད་ཆེན་པོ་དེ་འདྲ་རང་གནང་དགོས་དོན་མེད། གང་ཡིན་ཟེར་ན། སྤྱི་འཐུས་གཅིག་གི་འོས་གཞི་ཡིན་པ་ལས་བཀའ་ཁྲིའི་འོས་གཞི་མ་རེད། དེ་བས་སེམས་ཁྲལ་ཆེན་པོ་དེ་རིགས་ཀྱང་གནང་དགོས་དོན་མེད་སྙམ།
ཡིན་ན་ཡང་རང་རང་གི་འོས་འགན་ཁུར་དུ་བཞེས་ཏེ་གཟུ་བོའི་དཔྱད་བརྗོད་རེ་གནང་བ་འདི་དགའ་འོས་པ་ཞིག་ལོས་ཡིན།
ཚེ་རིང། ལོ་བརྒྱ།
སྐུ་ཞབས་ཆབ་བྲག་ལགས། ཁྱེད་ཀྱིས་ཤར་ཁུག་ལ་རྒྱབ་སྐྱོར་བྱེད་དོན་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་པས་ཡིན་ཟེར། དེ་ལྟ་ན། ངོ་སྤྲོད་བྱས་པའི་འོས་གཞི་གཞན་གྱི་ནང་ལའང་ཡོད་པ་རེད། དཔེར་ན། སྤྲོ་ཚིགས་ཆོས་གྲགས་ལྟ་བུ་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཐོག་མཐའ་བར་གསུམ་དུ་རྩོམ་བྲིས་དང་གཏམ་བཤད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། དེ་ཙམ་མ་ཟད། ཁྱེད་ཅག་རྩོམ་པ་པོའིམཐུན་ཚོགས་ཀྱི་ཚོགས་གཞོན་ཡང་རེད། འདིའི་ཐད་ཁྱེད་ལ་ལྟ་ཚུལ་ཅི་ཡོད། ཁོང་གཉིས་ཀ་གཞོན་སྐྱེས་ཤེས་ཡོན་ཅན་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་རེེད། ཁྱེད་ཀྱིས་སྤྲོ་ཚིགས་ཆོས་གྲགས་སྐོར་ལ་རྒྱབ་སྐྱོར་སྐད་ཆ་ཅི་ཡང་མི་ཤོད་དོན་ཅི་ཡིན། ཁྱེད་ཚོཾའི་ལས་གྲོགས་གཡུ་སྒང་འོད་ཟེར་དང་། སྨན་ཤེར་བློ་གྲོས། གངས་དཀར་རྒྱལ་སྲས་སོགས་ཀྱིས་མངོན་གསལ་དོད་པོར་ཁོང་ལ་རྒྱབ་སྐྱོར་བྱེད་བཞིན་འདུག།
ཧཧཧཧཧཧ ལྷ་མོ་ལགས་དེ་གསལ་བོ་རེད། ཆོས་གྲགས་ད་དུང་ཤར་ཁུག་གི་རྗེས་ཆོད་ཀི་མ་རེད། གཉིས་ནས་དཀྲུགས་ཤིང་མ་རེད་འདོད།
ད་ཐེངས་འདིར་མདོ་སྨད་སྤྱི་འཐུས་ལ་སུ་སླེབས་མིན་བསམ་ཚུལ་བྲིས་ཏེ་ཁྱབ་བསྒྲགས་བྱེད་ཀྱི་འདུག་པ་འདི་གསར་བ་ཞིག་རེད། ཁོང་ཚོའི་ནང་གི་སུ་སླེབས་ཐུབ་མིན་རྡ་སའི་རི་གྲོང་ནས་མདོ་སྨད་པ་ཚོགས་ནས་ཁོ་ཚོའི་བར་དྲི་བ་དྲིས་ལན་དང་།མི་དམངས་ཀྱིས་ཁོང་ཚོར་དྲི་བ་དྲིས་ལན་འདེབས་གནང་བཅུགས་ན་ད་གཟོད་སུ་རྣམ་དཔྱོད་དང་ལས་ཀའི་ཉམས་མྱོང་ཡོད་མེད་ཤེས་ཐུབ་ཀྱི་རེད།དེ་མིན་དྲ་ཐོག་ནས་དགའ་ཕྱོགས་བཟུང་སྟེ་བསྟོད་སྨད་ཀྱི་ལམ་ནས་ཐག་ཆོད་བྱེད་མི་ཐུབ་པ་མཟད།མདོ་སྨད་ནང་ཁུལ་ལ་དཀྲུགས་ཤིང་འགྲོ་བའི་ཉེན་ཁ་འདུག་སྙམ།
ཧ་ཧ་ཧ་་དེ་འདྲ་ཨེ་ཡིན་ན།
ངས་མཚམས་སྦྱོར་ནང་ན་ཆ་རྐྱེན་འགའ་ཞིག་བརྩིས་ཡོད། དབུ་མའི་ལམ་གཅིག་པུ་བཤད་མེད།
ད་ཐེངས་སྤྱི་འཐུས་གཅིག་གི་འོས་གཞི་རེད། གཉིས་གསུམ་ཡོད་མ་རེད། གཅིག་པུ་དེ་ངས་བདམས་ཟིན། ད་གཉིས་པ་ཞིག་འདེམས་རྒྱུ་ལྷག་མེད།
འོན་ཀྱང་ངས་སྤྲོ་ཚིགས་ལགས་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ་ཞུས་ཡོད། དེས་དགག་བྱ་མེད་པ་བསྟན་པ་ཡིན། ད་དུང་འོས་གཞི་གཞན་དག་ཀྱང་ཡོད་པའི་དཔེ་མཚོན་རེ་འགའ་རེ་དྲངས་ཡོད།
གོང་དུ་ངས་དཔེ་ཞིག་བཞག་ཡོད། རྟ་རྒྱུགས་སྐབས་སུ་རྟ་བདག་སོ་སོར་རྟ་རེ་ཡོད་པ་རེད། སོ་སོས་རང་རང་གི་རྟ་ཨང་དང་པོ་འཐོབ་འདོད་ཡོད། རྒྱུགས་རོགས་དེ་ཚོ་ཡང་ངར་ན་བསམ་གི་རེད། ཨང་དང་པོ་རྟ་གང་ཞིག་ལ་ཐོབ་ན་དེ་ལ་ཡང་དགའ་དགོས་པ་རེད། རིན་ཐང་ཁས་ལེན་གི་རེད། ང་ལ་མཚོན་ན་དཔེ་དེ་དང་གཅིག་པ་ཡིན།
ད་བར་དུ་ཁོང་གཉིས་ཀྱིས་སྤྱི་ཚོགས་ནང་ནུས་པ་ག་རེ་ཐོན་ཡོད་མེད་དེར་རག་ལས་ཡོད། ད་གཏམ་བཤད་གཅིག་གཉིས་རེས་ཐག་གཅོད་དགོས་པ་ཞིག་ཆགས་མེད། གཅོད་ཐུབ་པ་ཞིག་ཀྱང་མ་རེད་འདོད།
ཆབ་བྲག་ལྷ་མོ་ལགས་ཀྱིས་གསུངས་པ་དོན་ལ་གནས།
ལྷ་མོ་ལགས། ངས་ཀྱང་འདི་བཤད་ན་འདོད་དེ་བསྡད་ཡོད། ཆབ་བྲག་ལྷ་མོས་སྤྲོ་ཚིགས་ཆོས་གྲགས་བརྗེད་སོང་བ་གཏན་ནས་མ་རེད། རྒན་ཁོང་བསམ་བློ་མ་བཏང་བར་ཕྱག་ལས་གནང་མཁན་ཞིག་ཀྱང་མ་རེད། ཤར་ཁུག་དང་སྤྲོ་ཚིགས་གཉིས་ཀ་རྒྱུས་ཁོང་ལ་ཡོད་པ་རེད། སོང་ཙང། ད་གསལ་བོ་བཟོས་བཞག་པ་རེད། འདི་ལ་ད་དུང་དོགས་འདྲི་ཞིག་དགོས་དོན་ཨེ་ཡོད།
གཉིས་ནས། ཁྱེད་ཀྱིས་ཁ་བརྡའི་རྩོམ་སྒྲིག་པ་ཤར་ཁུག་ཡིན་ཚུལ་དང་རེབ་གོང་གི་མིས་ཁོང་ལ་རྒྱབ་སྐྱོར་བྱས་ཏེ་ཕྱོགས་ཁག་སྒྲིལ་གྱི་ཡོད་མདོག ད་དུང་ཁོས་རྒྱབ་སྐྱོར་པ་ཚོས་སེམས་ཁྲལ་བྱེད་ཀྱི་ཡོད་ཚུལ་ཟེར། འདི་དག་ཁྱེད་ཀྱི་རི་བོང་གནམ་ལྡིབ་དང་རྣམ་རྟོག་རང་རེད། འདི་ལ་བལྟས་ན་ཁྱེད་རང་སྤྲོ་ཚིགས་ཁོ་རང་ཡིན་པ་འདྲ་བོ་ཞིག་འདུག མི་ཚང་མར་དེའི་དོགས་པ་འབྱུང་གི་རེད།
ཁ་བརྡའི་རྩོམ་སྒྲིག་པ་སུ་ཡིན་མིན། གཡས་ངོས་ཀྱི་ཁ་བརྡ་ལ་འབྲེལ་བ་བྱེད་ཅེས་པའི་ནང།
ཁ་བརྡ་ལ་འབྲེལ་བ་བྱེད་པ།་་་་་་་་་་དེར་བལྟས་ན་ཤེས་ཡོང་།
གཞན་ང་རེབ་གོང་པ་ཞིག་མིན། འོན་ཀྱང་རེབ་གོང་པ་ཚོས་ཁྱེད་ཚོ་ལྟར་ཕ་ཡུལ་གཅིག་པའི་ཞེན་ཁོག་བྱེད་ཀྱི་འདུག་ཅེས་པ་བདེན་པ་མ་རེད། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་སྣེ་ཁྲིད་དང་རྐང་འཛིན་པ་ཚང་མ་རེབ་གོང་པ་རྐྱང་རྐྱང་རེད། བྱས་ཙང། ཁོང་ཚོས་དོན་དག་གང་དུ་ལྡན་ན་དེར་རྒྱབ་སྐྱོར་བྱེད་ཀྱི་རེད། ཐུགས་ཁྲལ་མ་གནང་རོགས།།
ནམ་མཁའ་ལགས་ཀྱི་དགོངས་ཚུལ་དེ་ཡག་པོ་རེད། མདོ་སྨད་དབུས་རྒྱུན་ལྟ་བུ་ཞིག་གིས་ཁོ་ཚོ་མི་དམངས་མཉམ་དུ་སྐོང་ནས་སྐད་ཆ་བཤད་བཅུག་ན་ད་གཟོད་ཆབ་བྲག་གིས་བཤད་པ་ལྟར། རྟ་མགྱོགས་དང་བུ་སུ་སྲ་ཤེས་ཀི་རེད།
ཆབ་བྲག་ལགས་ཀྱིས་ལན་གནང་བ་ཐུགས་རྗེ་ཆེ། འོན་ཀྱང། དེ་ཙམ་རང་ད་ཨེ་ཡིན་ན་བསམ་གི་འདུག། གང་ལྟར་གཅིག་པ་རེད། མི་སྐྱོན་གི། ཧཧཧཧ།
གཏམ་བཤད་གནང་དགོས་ན་འདྲ། རྒྱུན་ཏུ་གནད་འགག་ལ་དོ་སྣང་གནང་དགོས་ན་འདྲ། བཙན་བྱོལ་སྤྱི་ཚོགས་ཙམ་རེད་གདའ། བོད་ཕྱི་ནང་གཉིས་ལ་ཤར་ཁུག་གིས་ཤུགས་རྐྱེན་ག་ཚོད་ཐེབས་ཡོད་མེད་བརྒྱུད་ལམ་ཁག་ཏུ་གསལ་བོ་རེད། རྒན་ཆབ་བྲག་སོགས་ཀྱིས་ཞེ་དྲག་ཁོང་སྤྲོ་ཚུགས་མཉམ་བསྡུར་ན། ཁོང་གི་བྱས་རྗེས་ལ་མཐོང་ཆུང་བཏང་བ་རེད་དྲན་གི།
ལྷ་མོ་ལ། ཁ་བརྡའི་རྩོམ་སྒྲིག་པ་གཡས་ངོས་ཀྱི་ཁ་བརྡ་ལ་འབྲེལ་བ་བྱེད་པ་ཞེས་པའི་གནང་གསལ་བོ་བཀོད་འདུག མི་ལ་དོན་མེད་པར་གླེང་འདེབས་ཀི་མ་འདུག
ཤེས་ཚད་ཐད་བརྡ་སྤྲོད་རིག་གནས་ཙམ་གྱིས་མི་ཡོང་བར། ཤར་ཁུག་ལ་གཞུང་ཆེན་མོའི་སློབ་སྦྱོང་དང་གོ་བ་ཡག་ཐག་ཆོད་ཡོད་པ་རེད། འཛིན་གྲྭའི་ནང་རྟགས་གསལ་གཏོང་སྐབས་རིག་པ་ཡག་ཤོས་རེད།
ནུབ་ཕྱོགས་ལུང་པ་ནས་སྤྱི་འཐུས་འགྲོ་ན་འདྲ།སྲིད་འཛིན་འགྲོ་དགོས་ན་འོས་གཞི་འཐུས་མི་ཚོས་མི་དམངས་ཀྱི་མཐོང་སར་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས་ཏེ་འགྲོ་གི་འདུག འདི་ནི་དམངས་གཙོའི་འགྲོ་ལུགས་ཞིག་རེད། ད་ཐེངས་འདི་ལྟར་བྱེད་ཐུབ་ན་རྗེས་ཕྱོགས་ཕན་གྱི་རེད་འདོད།
དྲ་གྲོགས་འཕྲིན་ལས་ལྷུན་གྲུབ་ལགས། ཁྱེད་སྐུ་རླུང་བཞེངས་ནས་ཅི་བྱེད། ངེད་གཉིས་སུ་ཡིན་ཡང། སྤྱི་བའི་ཆེད་དུ་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད་དམ། གཞན་ཁོང་གཉིས་སུ་ཡིན་ཡང་མདོ་སྨད་ཀྱི་རྐང་འཛིན་མི་རབས་གསར་པ་རེད། རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་རེེད། དེ་ལྟར་བྱས་ན་ཚང་མར་ཕན་གི་རེད། གཞན་ངའི་དེ་ལེགས་པ་དང་ཕ་རོལ་བ་སྡུག་རབས་རྐྱང་ལབ་བསྡད་ན། མི་རྣ་བར་འགྲོ་གི་མ་རེད་ལ། དེས་དོན་དངོས་དེ་འདྲ་ཞིག་ཡིན་པའམ་སྒྲུབ་ཐུབ་ཀི་མ་རེད། དེ་མཁྱེན་པར་མཛོད། ཤེས་ཚད་སོགས་ལོང་བས་བལྟས་ཀྱང་འཇིག་རྟེན་ཟེར་བའི་དཔེ་བཞིན་རྒྱུས་ཡོད་ཚང་མས་ཤེས་པ་ཞིག་ལ། ཁྱེད་ཀྱིས་དཀྱོག་བཤད་ག་འདྲ་བཤད་ཀྱང་དོན་དངོས་བསྒྱུར་ཐུབ་ཀི་མ་རེེད་ལགས། གང་ལྟར་བསམ་བློ་ཡངས་མོའི་སྒོ་ནས་གནད་སྨིན་གྱི་དགོངས་ཚུལ་གསུངས་ཐུབ་ན་ལེགས། དེ་མིན་ཁ་འཛིང་ཚིག་འཛིང་ཙམ་བྱས་ན་ཕན་ཐོགས་སུའང་མེད་པར། ཨ་མདོ་སྤྱི་ལའང་མི་བཟང་། དེ་ཡང་ཤེས་པར་གྱིས།
ནམ་མཁའ་ལགས། འགྲོ་སྟངས་གཅིག་དེ་རེད། ཤར་ཁུག་ལྟ་བུར་མཚོན་ན་གཏམ་བཤད་གནང་རྒྱུར་ཆེས་སྤྲོ་བ་འཕེལ་བ་དེ་འདྲ་རེད་མོད། ཁོང་ལག་ནས་ལས་མཁན་ཁ་ལག་མཚུངས་མཁན་དེ་འདྲ་རེད། དེ་འདྲ་ཡིན་ཙང་སྤྱི་ཚོགས་ཀྱིས་ཁོང་ངོ་ཤེས་ཤེས་པ་རེད་ལ། ཐུགས་རེ་གནང་སའི་མི་དེ་འདྲ་འང་ཡིན་སྟབས། ཁོང་སྤྲོ་ཚིགས་འདྲ་བོའི་མཉམ་དུ་བཞག་ན་ལན་པོ་ཁྱོན་ནས་མི་འདུག ཁོང་ལ་ཁོང་དང་འདྲ་བོ་ཆབ་བྲག་གིས་ཁ་སྔོན་གསུངས་པ་དེ་འདྲའི་མཉམ་ཡོང་ཐུབ་ན་ཡག་གི་བསམས། དེ་མིན། མདོ་སྨད་ཀྱི་མགོ་ཐོག་ཚད་སྤྱི་འཐུས་ལ་ལངས་ན་ཕྲན་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་ངོ་ཚ་གི
ལྷ་མོ་ཁྱོས་ཅིག་ཡིན་མདོག་ཅན་པོ་མ་བཤད། ཤར་ཁུག་ཁ་བརྡ་རྩོམ་སྒྲིག་པ་རེད་ཟེར་མཁན་ཁྱེད་རེད། ཤེས་ཚད་དབྱེ་འབྱེད་བྱེད་མཁན་ཁྱེད་རེད། འོ་ན། དང་པོར་ཁྱེད་ནས་དེ་ལྟར་བཤད་དུས་མདོ་སྨད་བརྗེད་སོང་ངམ། སྐྱག་ཁ་གདང་གི་ཡིན་ན་བསམ་བློ་ཐོངས་ནས་ཤོད་ལོ།
ད་ནས་བཟུང་ཁྱོད་ཀྱི་མཉམ་ཆོ་མེད་བརྩད་དེ་བོད་ཀྱི་ཡི་གེ་འདི་འཕྲོ་བརླག་ལ་མ་གཏོང། གཟུར་གནས་དྲ་གྲོགས་གཞན་རྣམས་དང་བགྲོ་བར་བྱའོ། ལྷ་མོས་གང་འདོད་བྱོས། ད་ང་ཁྱེད་ལ་ཞེ་མེར་ལངས་སོང།
ཤར་ཁུག་བལྟ་བུ་མདོ་སྨད་སྤྱི་འཐུས་ལ་བཟང་གི་ཟེར་བ་དེ་མདོ་སྨད་ཚང་ལ་མཐོང་ཆུང་བྱས་བ་རེད་བསམ་གི་ཡོད།ཤར་ཁུག་ལས་ཡག་མདོ་སྨད་ཚང་ལ་གྲངས་ཀ་ལོན་གི་མ་རེད་།རང་ཚུགས་མེད་ནོ་ཞིག་སྤྱི་འཐུས་ག་འདྲ་སླེབས་གི་རེད།
དུད་ནག་འདི་དུད་ནག་གི་བཟི་བོ་རང་རེད། ཤར་ཕྱོགས་ཁུག་རྟ་ལས་ལྷག་ཅིག་ཆབ་སྲིད་ཀྱི་རང་ཚུགས་འཛིན་ཤེས་མཁན་དཀོན་པོ་རེད། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་འབྲེལ་བའི་ཆབ་སྲིད་ཀྱི་རང་ཚུགས་འཛིན་སྟངས། དབུ་མའི་ལམ་གྱི་དངོས་ཐོག་བདེན་འཚོལ་གྱི་སྲིད་བྱུས་དང་འབྲེལ་བའི་རང་ཚུགས་འཛིན་ཕྱོགས། མདོ་སྨད་ཀྱི་མི་མང་གི་ལོ་རྒྱུས་དང་དམ་ཚིག་དང་འབྲེལ་བའི་རང་ཚུགས་འཛིན་ཕྱོགས་ཁོང་ལ་ཕུན་སུམ་ཚོགས་ཤིང། རི་རྒྱལ་ལྷུན་པོ་བཞིན་བརྟན་པོ་རེད།
གལ་ཏེ་ང་རང་མདོ་སྨད་པ་ཞིག་ཡིན་ཚེ་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལ་འོས་ལྡུག་ངེས་ཡིན། ང་རང་ཁོང་ལ་རྒྱུས་ཆེན་པོ་མེད་ང་ནམ་རྒྱུན་རྡ་རམ་ས་ལར་སྡོད་མཁན་ཞིག་ཡིན་པ་སོང་ཙང་ཁོང་གིས་གསུང་བཤད་གནང་གི་ཡོད་པ་ཁག་ཅིག་ཐོས་མྱོང་ཡོད་ཧ་ཅང་ཤེས་ཡོན་པ་རྣལ་མ་དང་ཆབ་སྲིད་རིག་པའི་གོ་རྟོགས་གཏིང་ཟབ་པོ་ཡོད་པ་ཞིག་རེད་འདུག ལྷག་པར་དུ་ད་ལོའི་པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཉིན་རྡ་རམ་ས་ལ་གངས་ཅན་སྐྱིད་གཤོངས་སུ་གཏམ་བཤད་ཅིག་གནང་པ་དེས་བག་ཆགས་ཆེན་པོ་ཞིག་བཞག་སོང་།
ད་བཀྲ་མི་ཤིས་པ་ཞིག་ཡོང་གི་འདུག རེབ་གོང་དང་རྔ་བ་གཉིས་བར་འགལ་ཟླ་ཞིག་བཟོས་ཀྱི་འདུག འདི་ཚོ་ཧ་ལས་པ་ལྟོས་ངན་རེད།
ཤར་ཁུག་འདྲ་བའི་རྒྱ་དར་འཁྱེར་མཁན་ཞིག་མདོ་སྨད་ཀྱི་སྤྱི་འཐུས་འོས་ཚུལ་བཤད་པ་ནི་རྒྱལ་ཚོང་པ་ནི་བྱ་དགའ་སྤྲད་པ་རང་རེད། མ་གཞི་ཨ་མདོ་བ་ལ་དཔལ་འབྱོར་ཚེ་རིང་གཙོ་བོ་བྱས་བའི་དེང་སྐབས་རྒྱལ་ཚོང་བ་རྒྱལ་གཅེས་བའི་གྲངས་འབོར་ལྟར་འཕེལ་བཞིན་ཡོད་པས་བློ་ཕམ་གྱི་གཞི་རེད། ཨ་མདོ་བ་ལ་རྒྱལ་ཞེན་པ་མང་ལ་རྒྱལ་ཚོང་པ་མང་། མི་དྲང་པོ་ཞིག་དཀོན་པ་གོང་གི་རྩོམ་འབྲི་མཁན་ལྟ་བུ་རེད། སྤྲོ་ཚིགས་ཀྱིས་རིག་རམས་པ་ཐོན་ཡང་ཟུར་ཙམ་ཡང་མ་གླེང་བ་ནི་ཕྱོགས་ལྷུང་གི་སྐད་ཆ་རེད། ཕྱོགས་ལྷུང་མཁན་འདི་ཚོ་མཐོང་དུས་ཡིད་ཆད་བྱུང་བ་རེ་ཟུང་མིན། འདི་འབྲི་མཁན་ཡང་ཤར་ཁུག་གི་གྲོགས་པོ་ཞིག་རེད། ངན་པ་རང་བསྟོད། ཤར་ཁུག་སྤྱི་འཐུས་གྱུར་ན་ཤར་ཁུག་གིས་བྱེད་རྒྱུ་ཁས་ལེན་བྱེད་དགོས། དེ་ནས་མི་མང་གིས་འོས་ཤོག་འཕེན་དགོས་མིན་བསམ་བློ་གི་རེད།
ཆབ་ལྷ་ཡི་ཤར་ཁུག་ངོ་སྤྲོད་བྱས་པ་རེད་དེ་ཁོའི་ཐོབ་ཐང་རེད་ཡིན་ཡང་ཆབ་ལྷ་ཡིས་ཆབ་སྲིད་མི་ཤེས་པ་དངོས་ཡོད་ཡིན་པ་ཁོས་རང་འགྲེལ་བྱས་པ་རེད་འདི་གཅིག་རེད། སྤྲོ་ཚིགས་ཁོང་དང་འབྲེལ་བའི་མི་ཁ་ཤས་ཤིག་གིས་དྲུད་ནས་ཡོང་བ་རེད་དེ་ཡང་མང་གཙོའི་འགྲོ་སྟངས་ཤིག་རེད། གསུམ་ནས་ཚེ་ལོ་བརྒྱ་ཡིས་ཁོང་གཉིས་ཅིག་བསྡུར་ཁུལ་བྱས་པ་རེད་རང་གི་འདོན་མདུན་གཙོ་བོ་བྱས་པ་རེད། འདི་ཡང་འོས་བསྡུ་རིམ་པའི་འགྲོ་སྟངས་ཤིག་ཡིན་པ་ལས་དྲང་བོོ་མ་བྱས་དེ་འདྲ་གནས་ལུགས་ལ་འགྲོ་གི་མ་རེད། སྐད་ཆ་དེ་ལྟར་བཤད་མཁན་ཞིག་ཡོད་ན་ཆབ་སྲིད་ཀྱི་འགྲོ་སྟངས་མ་ཤེས་པའི་རྟགས་མཚན་གསལ་བོ་རེད། འུ་ཚོ་སྲིད་དོན་ལ་རྨོངས་དྲགས་པས་ས་མཐར་གྱར་བ་རེད། དེ་ཤེས་བཞིན་དུ་ད་དུང་འོས་མི་ངོ་སྤྲོད་བྱེད་བཞིན་ལུང་ཚན་བར་ལ་འགལ་བ་སྨོང་གི་འདུག འདི་ཡག་པོ་མ་རེད།
གོང་གི་འོས་མི་དེ་གཉིས་ཀྱི་ནང་ནས་ཆབ་སྲིད་ལ་ཏོག་ཙམ་རྒྱུས་མངའ་ཡོད་པ་ཤར་ཁུག་རེད་དེ་ལ་ལོག་འགྲེལ་བྱེད་ས་ཡོད་མ་རེད་ཡིན་ཡང་ཤར་ཁུག་ལ་མི་གཞི་དང་རང་ཚུགས་མེད་པ་དེ་ཡང་དངོས་ཡོད་རེད། མདོ་སྨད་མི་མང་གི་ཚབ་མཚོན་བྱེད་མཁན་ཞིག་ཡིན་ན་མ་མཐར་ཡང་མི་གཞི་ཡག་པོ་ཞིག་དགོས་པ་རེད། སྤྲོ་ཚིགས་ཀྱང་དེ་བཞིན་རེད་མཁས་པ་ཞེས་ན་མི་ཤེས་མོད་གང་ལྟར་བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཡོད་མཁན་ཞིག་ཏུ་བསམ་ན་འགྲིག་པ་རེད་མ་གཏོགས་ཆབ་སྲིད་པ་ཞིག་བྱེད་རྒྱུ་འགྲིག་པོ་རང་མི་འདུག སྤྱི་འཐུས་འོས་མི་ཞིག་གི་ཆ་རྐྱེན་ཅིག་ནས་དགེ་རྒན་བྱས་པ་རེད་ཉིག་ནས་རྩོམ་སྒྲིག་པ་བྱས་པ་རེད་གན་ནས་ཆོས་གྲྭར་འགྲིམས་པ་རེད་ཟེར་ན་གང་འདྲ་འདུག འདི་ཨ་མདོ་བ་ཚོའི་དགའ་ཕྱོགས་གླེང་བ་ཙམ་རེད། ཆ་རྐྱེན་དེ་ཙམ་གྱིས་འཐུས་པ་་ཡིན་ན་ད་དུང་མང་པོ་ཡོད་རེད། གང་ལྟར་ངའི་འོས་ཤོག་འདི་གཉིས་སུ་ལ་ཡང་སྤྲོད་ཀྱི་མིན།
གསར་བུའམ་སྐྱི་སེར་ཀླུ་སྒྲུབ་ཁུ་སིམ་སིམ་ངང་ཐོན་འདུག ཧཧཧཧཧ ད་ཅི་ཕན། སྙིང་རྗེ།
དགེ་བསྐོས་སྤྲོ་ཚིགས་ཆོས་གྲགས་ལགས་ནས་སྐྱི་སེར་ཁྱེད་ལ་གདུང་སེམས་མཉམ་བསྐྱེད་བྱས་པ་བརྗེད་མེད་པ་ནི་ཡག་པོ་ཡིན་ནའང། སྤྱིའི་རྩ་དོན་དང་འབྲེལ་བ་ཆགས་དུས་ཧམ་པ་བཤད་ན་ཡག་པོ་མ་རེད་གདའ།།
འཕྲིན་ལས་ལགས། ང་སུ་ཡིན་མིན་མི་གཙོ། ཡིན་ཡང་ཧམ་བཤད་ཟེར་བ་ཁྱོད་ཀྱིས་ཟེར་ན་གང་རེད།
འཕྲིན་ལས་ལགས། ཁྱོད་རང་དོན་མེད་དུ་ཀླན་ཀ་འཚོལ་བར་གོམས་བསྡད་ཡོད་པ་འདྲ་མོད་ང་དེ་ལ་མི་སྤྲོ། གནས་ལུགས་དང་རྒྱུ་མཚན་བཤད་རྒྱུ་ཡོད་ན་དགའ་བསུ་ཡོད། ཁྱོད་ཀྱིས་ཀྱང་རང་གི་འདོད་མོས་བཞིན་འོས་མི་སུ་ལ་རྒྱབ་སྐྱོར་བྱེད་ན་ལོས་ཆོག་དེ་ཁྱོད་མང་གཙོའི་གཞུང་གི་ཆབ་འབངས་ཤིག་གི་སྐྱེས་བ་བླངས་ཡོད་པའི་ཁ་སྟབས་ཡོད་ན་མེད་ན་དེ་རེད། ཕ་རོལ་བ་ཕམ་པར་བྱེད་རྒྱུ་དེ་ཡང་རྩ་བའི་དམིགས་ཡུལ་རེད། འོན་ཀྱང་དེ་ལ་ཚད་དང་ཚོད་ཅིག་ཡོད་པའི་སྒོ་ནས་བྱེད་སྟངས་ཤིག་ཀྱང་ཡོད་པ་རེད། འདི་སེམས་ལ་ཟུངས། ངས་གོང་གི་ཁྱོད་ཀྱི་མཆན་ཁ་ཅིག་ལ་བལྟས་པ་ཡིན། སྐད་ཆ་བཤད་སྟངས་ཡག་པོ་རང་མི་འདུག དེ་ལ་ཁྱོད་ཀྱི་ཀུན་སྤྱོད་ཟེར་གི་རེད།
དང་པོ། ཚེ་རིང་ལོ་བརྒྱས་དཔྱད་པ་གཏོང་སྟངས་དང་རྩོམ་ཡིག་འབྲི་ཡག་གི ཡིག་ནོར་ཡང་མི་ཉུང་བ་ཞིག་འདུག འོན་ཀྱང་སྐྱོན་ཆ་ཞིག་མཐོང་བ་ནི་དངོས་པོ་གང་ཡིན་རུང་གཤིབ་བསྡུར་བྱེད་པའི་ཚེ་གཤིབ་སའི་ཕྱོགས་གཉིས་ཆ་ལ་རྒྱུས་ལོན་གཏིང་ཟབ་ཞིག་དང་། ཞིབ་འཇུག་རྣལ་སྨིན་ཞིག་དགོས་པ་ནི་མ་མཐའི་གཤིབ་བསྡུར་གྱི་དཔྱད་གཞིའི་ཆ་རྐྱེན་གལ་ཆེན་ཏེ་རེད། གཤིབ་བསྡུར་གྱི་གོ་རིམ་ཁྲོད་ན་ཕྱོགས་ལྷུང་གི་རྣམ་པ་སླེབས་འདུག་པས། གཤིབ་བསྡུར་བ་ཞིག་བྱེད་ན་ངེས་པར་དུ་ཕྱོགས་སུ་མ་ལྷུང་བ་ཞིག་ཡིན་དགོས་ངེས་རེད། ཕྱོགས་གཅིག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་གིས་གཤིབ་བསྡུར་ཚད་ལྡན་ཞིག་མི་ཡོང་བ་ཆོས་ཉིད་རེད། གཉིས་པ། སྤྱིར་མི་དང་མི་གཤིབ་བསྡུར་བྱེད་རྒྱུ་ནི་མི་ཆོས་རིག་པའི་སྟེང་ནས་བཤད་ན་དེ་ཙམ་ཡག་པོ་ཞིག་ལ་བརྩི་རུང་བ་ཞིག་མ་རེད། མི་ཚང་མ་ཕྱོགས་གང་ཐད་ནས་སོ་སོར་ཁྱད་ཆོས་མི་འདྲ་བ་རེ་ཡོད་པ་རེད། དེར་བརྟེན་འདྲ་མཉམ་ཟེར་བ་ཞིག་མེད་སྟབས་ཕྱོགས་གཅིག་ལ་རང་བཞིན་གྱིས་མཐོང་ཆུང་དང་དམའ་འབེབས་སླེབས་ཡོད་པའི་རྒྱུ་མཚན་གྱིས་མི་འོས་པ་ཞིག་ཏུ་མཐོང་། ཡིན་ནའང་ཆབ་སྲིད་པའི་འོས་གཞིའི་ནང་དུ་སོ་སོའི་རྒྱབ་སྐྱོར་བྱེད་སའི་འོས་མིའི་ཁྱད་ཆོས་དང་ཡོན་ཏན་བརྗོད་པ་ནི་སོ་སོའི་ཐོབ་ཐང་དང་ལས་འགན་རེད། གཤིབ་བསྡུར་གྱིས་རྣམ་པའི་གཅིག་ཤས་ཕམ་པར་བྱེད་འདོད་པ་ནི་ཡག་པོ་ཞིག་ཏུ་མཐོང་མ་སོང་། གསུམ་པ། སྤྱིར་སྲིད་སྟེགས་སུ་ལངས་ན་འགྲན་རྩོད་དང་རྒྱལ་ཕམ་གྱི་རྣམ་པའི་ལངས་དགོས་པ་ཞིག་ཡིན་ནའང་། ང་ཚོ་རང་བཙན་ཡོད་པའི་དམངས་གཙོའི་རྒྱལ་ཁབ་གཞན་དང་མི་འདྲ་བར་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་གྱི་ཚོར་བ་རྣོ་བའི་འཐེན་འཁྱེར་ཕྱོགས་ལྷུང་གི་དཀྲུགས་གཞིའི་རིགས་ལ་ཧ་ཅང་གཟབ་ཙམ་བྱ་དགོས་པ་ནི་སྤྱི་འཐུས་འོས་གཞི་ལས་ཀྱང་གལ་ཆེན་ཡིན་སྙམ། སྲིད་དོན་པ་མི་དམངས་ལ་ངོ་སྤྲོད་བྱ་ཐབས་གཅིག་ནི་འདས་པའི་ལོ་རྒྱུས་ལ་གཤིབ་བསྡུར་བྱ་རྒྱུ་ལས་ད་ཡོད་འཆར་སྒོ་དང་མ་འོངས་པའི་འཆར་གཞིའི་ཕྱོགས་ལ་གདན་གཅིག་ཏུ་འཛོམས་ནས་བགྲོ་གླེང་བྱ་རྒྱུ་ནི་མི་དམངས་ལ་སུ་མཁས་སུ་ཡག་ངོ་སྤྲོད་བྱ་ཐབས་ལེགས་ཤོས་སུ་མཐོང་། བཞི་པ། གང་ཟག་ལ་མི་བལྟས་ཆོས་ལ་བལྟས་ཟེར་བ་བཞིན་རྩོམ་མཁན་དང་མཆན་མཁན་སུ་ཡིན་རུང་དགའ་ཁ་ཕྱོགས་ལྷུང་དང་ཅོལ་ཆུང་བྱིས་པའི་སྐད་ཆ་མ་བཤད་པར་མཁྱེན་ཡོན་དང་འཇོན་ཐང་རྣམ་དཔྱོད་སོགས་ཡོན་ཏན་ཆ་ནས་གླེང་དགོས་པ་ནི་བདག་གཞན་གཉིས་ཀའི་གཡོལ་དུ་མེད་པའི་བླ་མེད་ཀྱི་འོས་འགན་ཉག་ཅིག་ཡིན།
རང་ཉིད་ཀྱི་འོས་མིར་རྒྱབ་སྐྱོར་གྱི་རྩོམ་ཡིག་འབྲི་ན་འདི་ལྟར་ཕྲིས། ཕྱོགས་ལྷུང་མེད་པ་དང་དོན་དངོས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་འདུག འོས་གཞི་གཞན་ལའང་ངན་སྨོད་དང་གཞི་མེད་སྐྱོན་བརྗོད་བྱས་མེད། འདིའི་ཐོག་ནས་སྤྲོ་ཚིགས་ལགས་སུ་རྒྱབ་སྐྱོར་གནང་མཁན་ཚོའི་ཕྱི་གསལ་ནང་གསལ་དང་བཟང་སྤྱོད་མཚོན་ཐུབ་ཀྱི་འདུག ཐུགས་རྗེ་ཆེ། དེ་མིན་ཚེ་རིང་ལོ་བརྒྱས་ཟེར་བ་དང་ཕོ་སྒོ་སུ་ཡག་དང་གུང་ཐང་ཚུལ་ཁྲིམས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་ཡོད་མེད་ཟེར་བ་སོགས་ནི་མི་ཚང་མ་གད་མོ་འཆོར་བའི་བུ་གུའི་སྐད་ཆ་རང་རེད། དེ་ཡིན་མིན་གཟུར་གནས་དྲ་གྲོགས་ཚོས་མཁྱེན་ངེས།
སྤྲོ་ཚིགས་ཆོས་གྲགས་ལགས་ཀྱི་ཁྱད་ཆོས་གཙོ་བོ་ཁག་དགུ།
ཐེ་བོ་ཤེས་རབ་རྒྱ་མཚོ།
ཕྲན་ནི་སྤྲོ་ཚིགས་ཆོས་གྲགས་ལགས་མདོ་སྨད་སྤྱི་འཐུས་སུ་འོས་སྦྱོར་དང་རྒྱབ་སྐྱོར་བྱེད་མཁན་གྲས་ཤིག་ཡིན། འོན་ཀྱང་ང་ཁོང་གི་ཕ་ཡུལ་གཅིག་པ་དེ་འདྲ་མིན་ལ། ང་ཚོ་འོས་སྦྱོར་བྱེད་མཁན་གྲས་སུ་ཁོང་གི་ཕ་ཡུལ་གཅིག་པ་རེ་གཉིས་ལས་མེད། ངས་ཁོང་ལ་རྒྱབ་སྐྱོར་བྱེད་དོན་ནི་ཤེས་འཇོན་ལྷག་བསམ་གང་ཅིའི་ཆ་ནས་ཁོང་ལྟ་བུ་མདོ་སྨད་སྤྱི་འཐུས་སུ་སླེབས་ན་བོད་མི་རིགས་དང་མདོ་སྨད་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ས་རེེད་བསམ་པ་ཡིན། གཤམ་དུ་ངས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཁག་འགའ་གླེང་རྒྱུ་ཡིན། ཡིན་ནའང་ཕྲན་གྱིས་སྤྱི་འཐུས་འོས་གཞིར་བཞེངས་མཁན་གཞན་དག་གི་མི་གཞི་སོགས་དང་བསྡུར་ནས་བཤད་རྒྱུར་འདོད་མོས་མེད། གང་ཡིན་ཟེར་ན། གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁའ་ཟེར་བའི་དཔེ་བཞིན་སུ་ཞིག་མཁྱེན་རྒྱ་ཆེ་མིན་དང་། སུ་ཞིག་ལངས་ཕྱོགས་ལེགས་མིན། སུ་ཞིག་སྤྱི་སེམས་ཆེ་མིན། སུ་ཞིག་ལྷག་བསམ་ཆེ་མིན་སོགས་རྒྱ་ཆེའི་མདོ་སྨད་མི་དམངས་ཀྱིས་བལྟས་ནས་ཐག་གཅོད་དགོས་པ་ཞིག་རེད།
ཁྱད་ཆོས་དང་པོ། ཤེས་ཡོན་ཚད་ལྡན་ཞིག་ཡོད་པ།
ཤེས་ཚད་ཡག་པོ་ཞིག་མེད་ན་ལྷག་བསམ་ག་འདྲ་ཡོད་ཀྱང་རླབས་ཆེན་ལས་ཀ་བྱེད་མི་ཐུབ། དེས་ན་སྤྱི་འཐུས་སུ་བཞེངས་མཁན་ཞིག་ཡིན་ན་ཤེས་ཚད་ཡག་པོ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྤྲོ་ཚིགས་ཆོས་གྲགས་ལགས་ནི་བོད་ཕྱི་ནང་གཉིས་ཀར་སློབ་གླིང་ཆེ་འབྲིང་ཆུང་གསུམ་རིམ་པར་འགྲིམས་ཏེ་སློབ་སྦྱོང་ཚད་ལྡན་དང་གྲུབ་འབྲས་ལྡན་པ་བྱས་ཡོད་མཁན་ཞིག་ཡིན། དེ་ནི་ཁོང་གིས་སྔ་ཕྱིར་བྲིས་པའི་བོད་ཀྱི་རིག་གནས་དང་། རྒྱལ་རབས་ལོ་རྒྱུས། སྐྱེ་ཁམས་ཁོར་ཡུག ཆབ་སྲིད་བཅས་ཀྱི་སྐོར་ལ་བྲིས་པའི་དཔྱད་རྩོམ་ཁག་ལས་རྟོགས་ཐུབ་པ་མ་ཟད། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དང་། རྡ་ས་རིགས་ལམ་སློབ་གཉེར་ཁང་སོགས་བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་གྱི་བསྟི་གནས་གལ་ཆེན་ཁག་ཏུ་ཁོང་གིས་སློབ་སྦྱོང་དང་ཕྱག་ལས་གནང་སྐབས་འབྲེལ་ཡོད་ཚང་མར་ངོས་འཛིན་གཅིག་གྱུར་ཡོད་པ་ཞིག་ཡིན། དཔེར་ན་ཁོང་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་གནང་རིང་སློབ་གཉེར་བ་ཡོངས་རྫོགས་ལས་རྒྱུགས་འབྲས་ཨང་དང་པོ་བསྟུད་མར་བླངས་ཡོད་ལ། མཐར་ཕྱིན་སྐབས་ཀྱང་མཐོ་རིམ་རིག་གནས་རབ་འབྱམས་པ་རྒྱུགས་འབྲས་ཨང་དང་པོ་བཅས་ཐོན་ཡོད། མདོར་ན་ཁོང་ནི་བཙན་བྱོལ་ཁྲོད་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་ཡིན་ཟེར་མཁན་བྱིངས་དང་མི་འདྲ་བར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གནས་སོགས་ལ་གཞན་དྲིང་མི་འཇོག་པའི་གཞོན་སྐྱེས་མཁས་པ་ཞིག་དང་། གཞོན་སྐྱེས་བོད་རིག་པ་ཞིབ་འཇུག་མཁས་ཅན་ཞིག་ཀྱང་རེད།
ཁྱད་ཆོས་གཉིས་པ། བོད་ཕྱི་ནང་གི་གནས་ཚུལ་མྱོང་རྒྱུས་གཏིང་ཟབ་ཡོད་པ།
བོད་ནང་གི་གནས་ཚུལ་ལ་ཉམས་མྱོང་དང་ཤེས་རྟོགས་ཡོད་པ་དང་། བཙན་བྱོལ་གཞུང་དམངས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཡག་པོ་དགོས་པ་ནི་བོད་མི་དམངས་སྤྱི་འཐུས་ཤིག་གི་མ་མཐའི་ཆ་རྐྱེན་ཞིག་ཆགས་ཡོད། སྤྲོ་ཚིགས་ཆོས་གྲགས་ལགས་ལ་བོད་ཕྱི་ནང་གི་གནས་ཚུལ་རྒྱུས་མངའ་དང་ཉམས་མྱོང་གཏིང་ཟབ་ཡོད། ཁོང་དགུང་ལོ་བཅོ་བརྒྱད་བར་ཨ་མདོ་རྔ་བར་སློབ་སྦྱོང་དང་ལས་ཀ་བྱས་ཤིང་། ཆབ་སྲིད་ཀྱི་ཚོར་ཤུགས་དང་དཀའ་ངལ་ཧ་ཅང་ཆེ་བའི་ས་གནས་དེ་འདྲ་ཞིག་ནས་འཚར་ལོངས་བྱུང་བས། གཞིས་ལུས་བོད་རིགས་མི་མང་གི་དཀའ་ངལ་དང་གནས་སྟངས་གསལ་པོར་ཤེས་རྟོགས་ཡོད་པར་མ་ཟད། ལྷག་པར་དུ་ཉིས་སྟོང་བརྒྱད་ནས་ཁོང་སྒེར་གྱི་གཉེན་ཉེའི་ནང་ཆབ་སྲིད་ཀྱི་དཀའ་ངལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བས་ད་ལྟའི་བོད་ནང་གི་དཀའ་ངལ་རྣམས་མྱོང་ཐོག་ནས་ཀྱང་ཤེས་ཀྱི་ཡོད། དཔེར་ན། ཉིས་སྟོང་བརྒྱད་ལོའི་ཨ་མདོ་རྔ་བའི་ཞི་རྒོལ་སྐབས་ཁོང་གི་སྤུན་མཆེད་རང་ལོ་བཅུ་དྲུག་ཅན་ལྷུན་འགྲུབ་མཚོར་མགོ་ལ་མེ་མདའ་གཞུས་ནས་དམར་གསོད་བཏང་ཡོད་པ་དང་། དེ་བཞིན་རང་སྲེག་ངོ་རྒོལ་གནང་མཁན་ཁྲོད་ཀྱི་མཁའ་དབྱིངས་དང་བློ་བཟང་ཐོགས་མེད་གཉིས་ཀྱང་ཁོང་གི་སྤུན་མཆེད་དུ་འགྲོ་གི་ཡོད། དེ་བཞིན་ཁོང་ཕྱི་ལོ་༡༩༩༨ ལོར་རྒྱ་གར་དུ་འབྱོར་བ་ནས་བཟུང་། ལོ་རེ་ཟུང་ཙམ་མ་གཏོགས་རྒྱ་གར་རྡ་རམ་ས་ལར་སློབ་སྦྱོང་དང་ཕྱག་ལས་གནང་ནས་བསྡད་པ་ཡིན་པས་བཙན་བྱོལ་གཞུང་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང་། བཙན་བྱོལ་བོད་མིའི་གནས་སྟངས་ཐད་མྱོང་རྒྱུས་གཏིང་ཟབ་ཡོད་པ་རེད།
ཁྱད་ཆོས་གསུམ་པ། ཆབ་སྲིད་ཀྱི་གོ་རྟོགས་མཐོན་པོ་ཡོད་པ།
བོད་མི་དམངས་སྤྱི་འཐུས་ཤིག་ཡིན་ན། སྤྱིར་ཆབ་སྲིད་ཀྱི་མཁྱེན་རྒྱ་དང་། ལྷག་པར་དུ་བོད་དོན་ཆབ་སྲིད་སྐོར་ལ་གོ་རྟོགས་ཡག་པོ་ཡོད་དགོས་པ་གལ་ཆེ་ཞིང་། ཆབ་སྲིད་ཀྱི་གོ་རྟོགས་ཟེར་བའང་གནས་ཚུལ་ལམ་གསར་འགྱུར་ཁ་ཤས་ཤེས་པ་ཙམ་དང་། ཡང་ན་ཆབ་སྲིད་སློབ་ཚན་སྦྱངས་ཡོད་མེད་ཙམ་ཞིག་མ་རེད་འདོད། གཙོ་བོ་མི་དེར་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་གང་ཅིར་རང་ངོས་ནས་དབྱེ་ཞིབ་དང་ཕྱོགས་བསྡོམས་ཀྱི་ནུས་པ་ཡག་པོ་ཞིག་ཡོད་མེད་དེ་རེད། སྤྲོ་ཚིགས་ཆོས་གྲགས་ལགས་ལ་དེ་ལྟ་བུའི་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡོད། ཁོང་ནམ་རྒྱུན་བོད་རྒྱའི་ཆབ་སྲིད་གནད་དོན་སྐོར་ལ་དོ་སྣང་ཤུགས་ཆེན་པོ་ཡོད་མཁན་ཞིག་དང་། ད་ཕན་ཆབ་སྲིད་སྐོར་ལ་རྩོམ་བྲིས་སོགས་མང་པོ་བྱེད་མྱོང་ཡོད་མཁན་ཞིག་ཡིན། དཔེར་ན། ཕྱི་ལོ་ཉིས་སྟོང་གསུམ་ལོར་བོད་ཀྱི་དུས་བབ་གསར་ཁང་གིས་ <> ཅེས་པའི་ཆབ་སྲིད་ཀྱི་རྩོམ་ཡིག་འགྲན་བསྡུར་ཞིག་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་ཁྲོད་རྩོམ་ཡིག་འགྲན་བསྡུར་ཞིག་བྱེད་སྐབས་ཁོང་གིས་བྲིས་པའི་ཆབ་སྲིད་དཔྱད་རྩོམ་ལ་ཨང་དང་པོའི་བྱ་དགའ་སྤྲད་ཡོད། སྐབས་དེར་རྩོམ་དཔྱད་པ་རྣམས་ཀྱི་ཁྲོད་དུ་བཀའ་བློན་ཁྲི་ཟུར་དམ་པ་བསོད་ནམས་སྟོབས་རྒྱལ་དང་སོགས་ཡོད། རྩོམ་ཡིག་དེའི་ནང་བོད་དོན་འཐབ་རྩོད་ཀྱི་དགོས་དམིགས་དང་། འཐབ་རྩོད་ཀྱི་རྨང་གཞི། གོམ་པ་ཞིབ་བགྲོད་ཀྱི་འཆར་གཞི། དབུ་མའི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་བཅས་ཀྱི་ཐད་བསམ་ཚུལ་གནད་སྨིན་བཏོན་ཡོད། རྩོམ་ཡིག་དེ་ནི་ལོ་བཅུའི་སྔོན་ལ་བྲིས་པ་ཞིག་ཡིན།
སྐབས་དེ་དུས་བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་ཅན་མང་ཆེ་བ་སྙན་ངག་དམ་དུམ་རེ་དང་སྒྲུང་ཐུང་རེ་བྲིས་ནས་བསྡད་པའི་སྐབས་ཤིག་རེད། དེ་བཞིན་ཁོང་གིས་བྲིས་པའི་<>ཞེས་པའི་རྩོམ་ཡིག་ལ་རྡ་ས་སྣ་འཛོམས་ཤེས་ཡོན་རྭ་བས་སྤེལ་བའི་ཡོངས་ཁྱབ་རྩོམ་འགྲན་ནང་ཨང་དང་པོའི་བྱ་དགའ་ཐོབ་ཡོད། དེ་བཞིན་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོར་ཁོང་གིས་བོད་ཀྱི་དུས་བབ་ཐོག་བའི་བྲིས་པའི་ཆབ་སྲིད་དཔྱད་རྩོམ་<>ཞེས་པའི་དཔྱད་རྩོམ་ལྟ་བུར་མཚོན་ན། ད་ཕན་རང་སྲེག་ངོ་རྒོལ་སྐོར་ལ་བྲིས་པའི་རྩོམ་བྲིས་ཁག་ལས་་ཤུགས་རྐྱེན་ཐེབས་པའི་ཆབ་སྲིད་རྩོམ་ཡིག་ཡག་ཤོས་ཤིག་ཡིན། རྩོམ་ཡིག་དེར་བོད་ཕྱི་ནང་གི་གནད་ཡོད་མང་པོས་གདེང་འཇོག་དང་བསྔགས་བརྗོད་གནང་ཡོད། གོང་སྨོས་དེ་དག་ནི་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་མཚོན་བྱེད་དུ་ཟུར་ཙམ་སྨོས་པ་ཡིན། ཞིབ་རྒྱས་མཁྱེན་འདོད་ན་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན་པའི་ཁོང་གི་དཔྱད་རྩོམ་ཕྱོགས་བསྒྲིགས་<>ཞེས་པའི་ནང་། ༸གོང་ས་མཆོག་གི་དགོངས་གཞིའི་སྐོར་དང་། དབུ་མའི་ལམ་གྱི་སྐོར་དང་། བོད་ནང་གི་རང་སྐྱོང་གི་གནད་དོན་སྐོར། བོད་ཀྱི་ཁོར་ཡུག་གི་སྐོར་སོགས་ཀྱི་ཐད། ཞིབ་འཇུག་འཐུས་ཚང་དང་གནད་ལ་སྨིན་པའི་རྩོམ་ཡིག་ཁག་བརྒྱད་ཡོད་པ་དེ་དག་ལ་གཟིགས་རོགས་ཞུ།
ཁྱད་ཆོས་བཞི་པ། གཏམ་བཤད་ཚད་ལྡན་བྱེད་ཐུབ་པ།
སྤྱི་འཐུས་ཤིག་ཡིན་ན་གཏམ་བཤད་ཚད་ལྡན་བྱེད་ཐུབ་པ་དང་། གནད་དོན་གང་ཅིར་སྦྱངས་བཤད་དང་དྲི་བ་དྲིས་ལན་སོགས་ག་རེ་གནང་ཡང་སྐད་ཆ་ཡག་པོ་ཞིག་བཤད་ཤེས་པ་དང་བཤད་ཐུབ་པ་ཧ་ཅང་གལ་ཆེན་ཆགས་ཡོད། ལྷག་པར་དུ་མདོ་སྨད་ཀྱི་སྤྱི་འཐུས་ཚོའི་ཉམས་མྱོང་ལྟར་ན་དེ་ལས་ཀྱང་གལ་ཆེན་པོ་ཆགས་ཡོད། སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་རིག་གཞུང་དང་ཆབ་སྲིད་གང་ཅིའི་ཐོག་གཏམ་བཤད་ཚད་ལྡན་བྱེད་ཐུབ་མཁན་ཞིག་ཡིན། དེ་ནི་ཕལ་ཆེར་རྡ་རམ་ས་ལ་དང་རྒྱུས་ཡོད་ཚོར་ཡོངས་གྲགས་ཤིག་ཡིན། ཁོང་ནི་གཏམ་བཤད་ག་རེ་བྱས་ནའང་གུ་ཡངས་ཀྱི་ལྟ་ཚུལ་དང་། རྒྱུ་མཚན་བགྲང་རྒྱུ་གཙོ་བོར་བྱེད་མཁན་ཞིག་ལས་ཚོར་སྣང་ཙམ་གྱིས་གཞན་ལ་ཁ་གཏོང་བ་དང་། ཧམ་པ་ཤོད་མཁན་ཞིག་རྩ་བ་ཉིད་ནས་མིན། ཚོགས་འདུ་དང་ཟབ་སྦྱོང་སོགས་སུ་ཁོང་གིས་གཏམ་བཤད་བྱས་པ་ཁག་ལ་རྒྱུས་ཡོད་ཚང་མས་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་ལ། ཨ་རིའི་བརྙན་འཕྲིན་གྱི་ཀུན་གླེང་ནང་ཁོང་གིས་བོད་ནང་གི་བཙོན་འོག་རྩོམ་པ་པོ་རྣམས་ཀྱི་སྐོར་དང་། རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག་བོད་དོན་སྐོར་གྲོས་ཆོད་བཞག་ཚུལ་སོགས་ཀྱི་སྐོར་གཏམ་བཤད་བྱས་པས། བོད་ཕྱི་ནང་གི་མི་མང་པོར་བག་ཆགས་གཏིང་ཟབ་བཞག་ཡོད། དེ་བཞིན་ཁོང་གིས་འདི་ལོའི་ཕྱི་ཟླ་ལྔ་བའི་ནང་པོ་ལན་ཌིར་འཚོགས་པའི་རྒྱལ་སྤྱིའི་བཙོན་འོག་རྩོམ་པོའི་སྡེ་ཚན་གྱི་ཚོགས་ཆེན་ཐེངས་བཅུ་པའི་ཐོག དབྱིན་སྐད་ལམ་ནས་བོད་ནང་གི་རང་སྲེག་ངོ་རྒོལ་དང་། བཙོན་འོག་ཏུ་ཚུད་པའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་སྐོར་ལ་སེམས་འགུལ་ཐེབས་པའི་གཏམ་བཤད་གནང་ཡོད་ལ། དེའི་སྐོར་འདི་ལོའི་ཕྱི་ཟླ་དགུ་བའི་ནང་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུའང་བསྔགས་བརྗོད་གནང་འདུག
ཁྱད་ཆོས་ལྔ་པ། ལྷག་བསམ་གཡོ་བ་མེད་པ་ཡོད་མཁན་ཞིག་ཡིན།
ཤེས་ཡོན་དང་འཇོན་ཐང་སོགས་ཅི་ཙམ་ཡོད་ཀྱང་། སྤྱི་དོན་ཆེད་ཞབས་འདེགས་སྒྲུབ་པའི་ལྷག་བསམ་ཡག་པོ་ཞིག་མེད་ཕྱིན། རང་མགོ་གར་ཐོན་བྱེེད་པ་ནི་ཀུན་གྱིས་ཤེས་གསལ་ཡིན། སྤྲོ་ཚིགས་ཆོས་གྲགས་ལགས་ནི་མི་སྐྱེས་ཀྱི་རིན་ཐང་དང་། བྱ་བ་གཙོ་བོར་འཛིན་མཁན་ཞིག་ཡིན། ཁོང་དེ་སྔ་དབྱིན་ཡུལ་དང་། ཨི་ཌ་ལི་སོགས་ཕྱི་རྒྱལ་མང་པོར་འགྲོ་མྱོང་ཡོད་ནའང་། རང་མགོ་གར་ཐོན་གྱིས་ཕྱི་རྒྱལ་དུ་མ་བསྡད་པར་རྡ་རམ་ས་ལར་ཡོང་ནས་རང་གི་ཤེས་ཡོན་དང་། འཇོན་ཐང་ལ་བརྟེན་ནས་བོད་མི་རིགས་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད། དབྱིན་ཡུལ་གྱི་སློབ་གྲྭ་དེ་འདྲ་ནས་ཁོང་དགེ་རྒན་ལ་གདན་ཞུས་གནང་འདུག་ནའང་། ཁོང་གིས་ཕྱི་རྒྱལ་པ་ཁག་གཅིག་ལ་སྐད་ཡིག་ཙམ་བསླབ་ནས་སྡོད་རྒྱུར་འདོད་མོས་བྱས་མེད། དེ་ལས་ལྡོག་སྟེ་རྡ་རམ་ས་ལར་ཕྱིར་ལོག་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་ཞོར། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་འཛིན་གྲྭ་མཐོ་རིམ་རྣམས་ལ་བོད་ཀྱི་རྒྱལ་རབས་དང་། རྩོམ་རིག་སྐོར་ལ་སློབ་ཁྲིད་བྱེད་ཀྱི་ཡོད། དེ་བཞིན་ཁོང་གིས་ད་ཕན་བྲིས་པའི་རྩོམ་ཡིག་ཁག་དང་། ཁོང་གི་གཏམ་བཤད་ཁག་ལ་བལྟས་ན་བོད་མི་རིགས་ལ་བཅངས་པའི་ལ་རྒྱ་དང་ལྷག་བསམ་རྨ་མེད་པ་ཡོད་པ་གསལ་པོར་རྟོགས་ཐུབ་པ་ཞིག་ཡིན།
ཁྱད་ཆོས་དྲུག་པ། ༸རྒྱལ་བ་རིན་པོ་ཆེའི་དགོངས་གཞིའི་ཐོག་ལྟ་བ་དང་ལངས་ཕྱོགས་བརྟན་པོ་ཡོད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི་ཁག་ཤེས་རྟོགས་དང་། ལག་ལེན་ལ་འཁེལ་མིན་ནི་བོད་མི་རིགས་ཀྱི་ཚེ་སྲོག་དང་། མདུན་ལམ་ལ་ཐུག་པའི་གནད་དོན་གལ་ཆེན་ཞིག་ཆགས་ཡོད། སུ་ཞིག་གིས་༸རྒྱལ་བ་རིན་པོ་ཆེ་ཁ་ལ་ཁྱེར་ནས་དཀྲུག་ཤིང་རྒྱག་པ་དང་། སུ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་ལོག་འགྲེལ་བརྒྱབ་ན་དེ་ནི་ལོ་རྒྱུས་ཀྱི་ཉེས་ཅན་ཆགས་རྒྱུ་ཡིན། སྤྲོ་ཚིགས་ཆོས་གྲགས་ལགས་ནི། སྒེར་ངོས་ནས་༸རྒྱལ་དབང་སྐུ་འཕྲེང་རིམ་བྱོན་དང་འབྲེལ་བའི་བོད་ཀྱི་ཉེ་རབས་ལོ་རྒྱུས་སྐོར་ལ་ཆེད་ལས་ཞིབ་འཇུག་གནང་མཁན་ཞིག་ཡིན་ལ། ལྷག་པར་དུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་དགོངས་གཞིའི་སྐོར་ཤེས་རྟོགས་དང་། ལངས་ཕྱོགས་བརྟན་པོ་ཡོད་མཁན་ཞིག་ཡིན། ཕྱི་ལོ་ཉིས་སྟོང་བདུན་ལོར་བཏོན་པའི་ཁོང་གི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་མཇུག་གཏམ་ནང་འདི་འདྲ་ཞིག་བྲིས་ཡོད། “བོད་དོན་ཆབ་སྲིད་ཐད། དེང་སྐབས་བོད་ནང་ལ་མི་རིགས་རང་བདག་གི་ཐོབ་ཐང་མེད་པའི་ཉེར་ལེན་གྱིས་ཚབས་ཆེའི་གནད་དོན་གནས་ཡོད་པར་བརྟེན་བོད་དོན་འདི་ཉིད་ནར་འགྱངས་མེད་པར་ཐག་གཅོད་ཡོང་ཐབས་བྱ་རྒྱུ་དང་། དེ་ཡང་༸གོང་ས་ཏཱ་ལའི་བླ་མས་འདོན་གནང་མཛད་པའི་དབུ་མའི་ལམ་ནི་བོད་ཀྱི་དོན་དངོས་དང་འཚམ་ཞིང་བོད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོས་སུ་འདུག་པས་དེ་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་དེ་ཡིན། ” ཞེས་བྲིས་ཡོད། ཚིག་འདིའི་ཐོག་ནས་ཁོང་གི་ལངས་ཕྱོགས་གསལ་བོར་མཚོན་ཐུབ། འོན་ཀྱང་ཁོང་གིས་རྒྱལ་བ་རིན་པོ་ཆེ་དང་། དབུ་མའི་ལམ་ཁ་ལ་ཁྱེར་ནས་གཞན་ལ་སྡང་ཟུག་དང་ངན་སྨོད་བྱེད་མྱོང་གཏན་ནས་མེད།
ཁྱད་ཆོས་བདུན་པ། རྒྱལ་སྤྱིའི་ཚོགས་འདུའི་ཐོག་བོད་དོན་དྲིལ་ལས་འགུལ་སྤེལ་བའི་ཉམས་མྱོང་ཡོད་པ།
རྒྱལ་སྤྱིའི་གནས་ཚུལ་ཤེས་རྟོགས་དང་། རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུ་ཁག་ལ་མཉམ་ཞུགས་བྱེད་རྒྱུ་ནི་སྤྱི་འཐུས་ཚོའི་ལས་འགན་གལ་ཆེན་ཞིག་རེད། སྤྲོ་ཚིགས་ཆོས་གྲགས་ལགས་ནི། རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུར་འཛུལ་ཞུགས་བྱས་པའི་ཉམས་མྱོང་དང་། རྒྱལ་སྤྱིའི་ཚོགས་འདུར་ཞུགས་རྒྱུར་སྐད་ཡིག་སོགས་ཀྱི་དཀའ་ངལ་མེད་པ་ཞིག་ཡིན། དེ་ཡང་ཕྱི་ལོ་ ༢༠༡༠ ལོར་ཁོང་གིས་དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་འགར་བོད་དོན་ངོ་སྤྲོད་ཀྱི་གཏམ་བཤད་བྱས་ཡོད་ལ། ལྷག་པར་དུ་ཕྱི་ལོ་༢༠༡༣ ལོར་པོ་ལན་ཌི་དང་། ཨེ་སི་ལན་ཌིར་འཚོགས་པའི་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་མཉམ་ཞུགས་བྱས་ཤིང་། བོད་དོན་སྐོར་ལ་གཏམ་བཤད་དང་། དྲིལ་བསྒྲགས། དྲི་བ་དྲིས་ལན་བྱས་མཐར་བོད་ཀྱི་གནད་དོན་སྐོར་ལ་དོན་ཚན་བདུན་ཅན་གྱི་གྲོས་ཆོད་ཅིག་སྤྱི་མོས་ཀྱི་འཇོག་ཐུབ་པ་བྱུང་ཡོད། དེ་ནི་དེང་སྐབས་ཀྱི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བསམ་ན་གྲུབ་འབྲས་ཆེན་པོ་ཞིག་ཡིན། ཚོགས་འདུ་དེ་དག་སྐབས་ཕྱི་རྒྱལ་པ་དང་། རྒྱ་རིགས་ཀྱི་མཁས་པ་མང་པོར་ཟུར་འཕྲད་ཀྱིས་བོད་ནང་གི་གནས་ཚུལ་སོགས་ངོ་སྤྲོད་བྱས་ཡོད་ལ། ཁོང་གིས་རེ་སྐུལ་ཞུས་པ་བརྒྱུད་རྒྱལ་སྤྱིའི་གྲགས་ཅན་རྩོམ་པ་པོ་མང་པོས་བོད་དོན་སྐོར་ལ་རྩོམ་ཡིག་འབྲི་རྒྱུའི་ཁས་ལེན་བྱས་ཡོད་ལ། ཨེ་སི་ལན་ཌིའི་རྒྱལ་སའི་སྤྱི་ཁྱབ་པ་སོགས་གནད་ཡོད་མང་པོས་རྒྱ་ནག་གཞུང་ལ་བོད་དོན་གླེང་སློང་བྱེད་རྒྱུའི་ཞལ་བཞེས་ཐོབ་ཡོད།
ཁྱད་ཆོས་བརྒྱད་པ། ཚོགས་པ་གལ་ཆེན་འགར་འཛིན་སྐྱོང་གི་ཉམས་མྱོང་ཡོད་པ།
ཁོང་གིས་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་སྤྱི་ལས་ཁུངས་སུ་ལས་ཀ་བྱས་ཡོད་པ་དང་། དེ་བཞིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འཛིན་སྐྱོང་དྲུང་ཆེའི་ལས་ཀ་དང་། རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཛིན་སྐྱོང་དང་གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་རྒྱུན་མཐུད་བྱེད་ཀྱི་ཡོད། ཁོང་གི་ཁྱད་ཆོས་གཙོ་བོ་ཞིག་ནི། གང་དུ་ལས་ཀ་བྱས་ཀྱང་ལས་རོགས་རྣམས་དང་མཉམ་དུ་མཐུན་གཤིབ་ཡག་པོ་བྱེད་ཐུབ་པ་དང་། གུ་ཡངས་ཀྱི་འཛིན་སྐྱོང་དང་། ལས་རོགས་ཁག་དང་མཉམ་འབྲེལ་བྱེད་རྒྱུར་བརྩོན་ལེན་བྱེད་པ་དེ་ཡིན། སྤྱི་འཐུས་ཤིག་ཡིན་ན་དེ་ནི་ཆ་རྐྱེན་གལ་ཆེན་ཞིག་རེད།
ཁྱད་ཆོས་དགུ་པ། གཞོན་སྐྱེས་ཡིན་པ།
གཞོན་སྐྱེས་ཡིན་པ་དེ་སྤྱི་འཐུས་ཤིག་ལ་ཚང་དགོས་ངེས་ཀྱི་འོས་ཆོས་ཤིག་མིན་ཡང། སྙིང་སྟོབས་དང་སེམས་ཤུགས་ཡོད་པའི་གཞོན་སྐྱེས་ཤིག་བྱུང་ན་གང་ཅིའི་ཐད་ཡག་གི་རེད། སྤྲོ་ཚིགས་ཆོས་གྲགས་ནི་ལོ་གཞོན་སེམས་ཤུགས་ཅན་ཞིག་ཡིན་ལ། དཀའ་ངལ་ག་ཚད་འཕྲད་ཀྱང་སྙིང་སྟོབས་ཞུམ་པ་མེད་མཁན་ཞིག་དང་། མཁས་དཔོན་གྱི་སྒམ་ཉམས་དང་གཞན་ལ་བསམ་པ་རྣམ་དག་འཆང་མཁན་ཞིག་ཀྱང་ཡིན།
མཇུག་གཏམ།
གོང་དུ་ངས་སྤྲོ་ཚིགས་ཆོས་གྲགས་ལགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ཁག་ཅིག་བྲིས་ཡོད། དེ་ཡང་རང་ཉིད་ལ་རྒྱུས་ཡོད་པའི་ཆ་ནས་བཤད་པ་མ་གཏོགས། མི་གཞན་གྱིས་རྒྱུད་སྐུལ་བྱས་པ་དེ་འདྲ་མིན། གང་ལྟར་སྤྲོ་ཚིགས་ཆོས་གྲགས་ལགས་ལའང་མ་ལྡེང་ས་དང་ཞན་ཆ་ཡོད་ངེས་རེད། འོན་ཀྱང་ཤེས་ཚད་དང་། མི་གཞི། འཇོན་ཐང་། ལངས་ཕྱོགས་དང་བསམ་བློ་གཏོང་སྟངས་སོགས་གང་ཅིའི་ཆ་ནས་བལྟས་ན་ད་ལྟའི་སྐབས་སུ་ཁོང་ལྟ་བུའི་འོས་ཆོས་ཚང་མཁན་ཞིག་མདོ་སྨད་པའི་ཁྲོད་དུ་ཧ་ཅང་དཀོན་པར་མཐོང་། དེས་ན་རྒྱ་ཆེའི་མདོ་སྨད་མི་དམངས་ཀྱིས་རང་རང་གི་རྣམ་དཔྱོད་བེད་སྤྱད་དེ་འདེམས་ཀ་མ་ནོར་བ་ཞིག་བྱེད་རྒྱུ་གལ་ཆེན་ཡིན་ནོ།
# 13 འཕྲིན་ལས་ལྷུན་གྲུབ་་ལགས་ཀྱིས་མཆན་བཏབ་པ།:
December 23rd, 2013 at 11:51 PM
ངས་ཐེ་བོ་ཟེར་པ། ནོར་གླིང་དུ་གནས་བཞུགས་གྲྭ་པ་དེ་དངོས་གནས་གཟུར་གནས་ཤིག་ལ་ངོས་འཛིན་བྱས་ཏེ་དྲི་བ་བཀོད་ཡོད། ཁོས་ང་ལ་ལན་བཏབས་མ་སོང། དེའི་རྒྱུ་མཚན་ཚང་མས་ཤེས་གསལ་རེད།
སྤྲོ་ཚིགས་ཆོས་གྲགས་ཀིརྟི་བྱེས་པ་གྲྭ་ཚང་གི་སྒྲིག་འགལ་བ་ཞིག་རེད། བཟང་སྤྱོད་ཁྱོན་ནས་མེད་པ་དེ་འདྲ་རེད། ཁོང་སྔ་མོར་དགེ་བསྐོས་ལ་སྡོད་སྐབས། སྒྲིག་ལམ་མགོ་ནས་བཤིག་སྟབས་ཁྲིམས་ལ་སྦྱར་བ་རེད། ཁོས་ཁྲིམས་མ་ཁུར་པ་མ་ཟད་ལས་གནས་གཡུག་སྟེ་དགོངས་ཞུ་སོགས་གང་ཡང་མ་ཞུས་པར་གྲྭ་ཚང་གཡུག་ནས་ཕྱིར་ཐོན་བཞག་པ་རེད། འདི་ནི་ཁོང་གི་ལྷན་སྐྱེས་ཀྱི་གཤིས་བབ་དང་བསམ་བློའི་རྒྱ་ཁྱོན་རེད། མདོ་དོན་སྒྲིག་འགལ་ངོ་ལོག་པ་ཞིག་ལ་སྤྱི་འཐུས་ཀྱི་འོས་ཆོས་རྩ་བ་ནས་ཚང་མེད་པ་ཚང་མས་ཐུགས་ལ་འཛིན་པར་ཞུ།།
དྲང་མོ་ཞུས་ན་ཐེ་བོ་དང་ཚེ་རིང་ལོ་བརྒྱའི་རྩོམ་རྩལ་ལ་གནམ་སའི་ཁྱད་པར་འདུག་པ་མ་ཟད། ཚེ་རིང་ལོ་བརྒྱས་བཤད་པ་དེ་དག་ལྷུན་ཆགས་རང་བྱུང་ལྟ་བུའི་བཟོ་ལྟ་འདུག་ལ། ཚང་མར་རྒྱུས་མངའ་ཡོད་སྟབས་ཆུ་ལ་ཆུ་བཞག་པ་ལྟར་ར་འཕྲོད་ཡ་ལས་སླ་པོ་འདུག སྤྲོ་ཚིགས་ཆོས་གྲགས་ལ་བསྟོད་པའི་ཁྱད་ཆོས་དེ་དག་ལྷུན་ཆགས་བབ་ཆགས་ཤིག་ཁྱོན་ནས་མི་འདུག་ལ། ཀློག་པ་པོ་ལའང་དཀའ་ངལ་ཞིག་སྤྲོད་པ་འདིས་ཀྱང་འུར་བསྟོད་དང་བཙན་སྦྱར་གྱི་ཆ་ཡོད་པ་བློ་ལྡན་ཀུན་གྱིས་མཁྱེན་གསལ་ཡིན་སྟབས། ང་ནི་བྱིས་པ་ལས་དང་པོ་བ་འདི་ཚོར་གད་མོ་གཏིང་ནས་ཤོར་གི
གང་ལྟར་ཆབ་སྲིད་པ་ཟེར་པ་འདི་ཤར་ཕྱོགས་ཁུག་རྟ་ལ་འོས་ཤིང་འཚམས་པ་དེ་ཤེས་ན་དགའ་བ་ལ། གོང་དུ་ལྷ་མོ་སོགས་ཀྱིས་གསུངས་པ་དེ་ག་རང་རེད།
བོད་པ་ཟེར་མཁན་དེ་དངོས་གནས་ཁྱད་མཚར་བོ་རེད། གང་ཟག་ཅིག་འོས་མིར་ཐོན་ཡོང་དུས་ཁོའི་ཡོན་ཏན་དང་འཇོན་ཐང་ཙམ་མཐོང་བ་ལས་སྐྱོན་གང་ཡང་མི་མཐོང། གོང་གི་ཚེ་རིང་ལོ་བརྒྱས་བྲིས་པའི་རྩོམ་འདི་ནང་ཤར་ཕྱོགས་ཁུག་རྟའི་འདི་འཇོན་ཡོད་གན་འཇོན་ཡོད་སོགས་བཤད་པ་ཙམ་ལས་ཁོའི་འདས་ཟིན་པའི་བྱས་ཉེས་སོགས་ཀྱི་སྐོར་ལ་གང་ཡང་བཤད་མི་འདུག སྔོན་མ་ཁུག་རྟ་སྨྱོན་པས་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་བོད་དར་དང་ལྷན་དུ་རྒྱ་དར་དམར་པོ་འཕྱར་བའི་ཟློས་གར་སྐྱུག་བྲོ་བོ་དེ་བརྗེད་འདུག་གམ། བྱས་ཉེས་འདི་ཡིས་ཁོ་མདོ་སྨད་སྤྱི་འཐུས་འོས་མི་ཡི་ཁོངས་སུ་འོས་པ་ཞིག་མ་མཐོང་། རྗེས་སོར་ཁོ་དངོས་གནས་སྤྱི་འཐུས་ལ་བསྒྱུར་སོང་ཚེ་ཁོ་དེ་ལས་སྡུག་པ་གང་ཞིག་བྱེད་ཡོང་མིན་ད་ལྟ་ནས་སེམས་ཁྲལ་འདུག འདི་རང་ཉིད་ཀྱི་བསམ་ཚུལ་ཙམ་ཡིན་པ་ལས་ཁོ་ལ་སྒེར་གྱི་འཁོན་འཛིན་དང་ཕྲག་དོག་སོགས་གང་ཡང་མེད།
་་་་དེ་བཞིན་བྱད་བཞིན་རྣམ་འགྱུར་སོགས་མཐོང་ཙམ་ནས་རྣམ་དཔྱོད་ཡོད་པའི་བཟོ་ལྟ་དང་དང་མཁས་ཉམས། ཡང་ན་མགོ་ཁྲིད་ཀྱི་ཉམས་བཅས་ཤར་ཕྱོགས་ཁུག་རྟ་ཡོད་པ་གསལ་བོ་རེད། དེ་རྩོད་མེད་ཡོངས་གྲགས་རེད། འདི་བོད་ཀྱི་ནང་དོན་རིག་གནས་ནང་གི་མཚན་བཟང་རྩ་གཉིས་ཀྱི་རིགས་པའི་འགྲོས་དང། རྒྱ་ནག་དམངས་ཁྲོད་དུ་ཁྱབ་པའི་མིའི་བྱད་བཞིན་རྣམ་འགྱུར་ལས་མི་དེའི་མི་ཚེ་གཟི་བརྗིད་དང་ལྡན་མིན་ཞིག་ཡོང་བར་བརྟག་ཐབས་གཉིས་ལ་གཞི་རྩ་བཟུང་ཡོད།་་་་ཞེ་སྐྲག་་་རྒྱབ་སྐྱོར་གནང་འདུག
རྒྱ་གར་གྱི་བྱད་བཞིན་བརྟག་ཐབས་ཧཧཧ་་་་་ རྒྱ་ནག་གི་་་་་དེ་འདྲ་ཡིན་ས་རེད། བཙན་བྱོལ་དུ་རྒྱ་ནག་གི་དར་དམར་སུས་ཕྱར་རེད། བོད་དུ་དགྲ་ནག་གི་མེ་མདའི་ཁ་ནས་དམར་དར་ཕབ་ནས་བཙན་དར་བསྒྲེངས་སོང་། སེམས་ལ་ཁྲིགས་སེ་ཡོད་པ། དངོས་དོན་ཐོག་བཀའ་མོལ་གནང་རོགས་་་སྐུ་མཁྱེན།
རྩོམ་འདིའི་ནང་གི་མཆན་ཆ་ཚང་བཀླགས་པ་ཡིན། རྒན་མོ་གྱོད་འཛིངས་རྐྱང་རེད། སེམས་ལ་འབབ་ཤོས་དང་བློ་གཟུར་བོར་གནས་བའི་གཏམ་ཁོ་ན་གཅིག་སྟེ།ནམ་མཁས་བསམ་བློ་དེ་ཁོ་ན་རེད།དེ་མིན་རྒན་མོ་ཁ་ངར་རྐྱང་རེད།
ཨ་རོགས་ཀླུ་འབུམ་བྱམས་པ། ཁྱོད་གསར་འགྱུར་དང་ཚགས་པར་སོགས་ཀློག་གིན་ཡོད་ན་གཞི་ནས་ཧ་གོ་ཐུབ།
ཤར་ཕྱོགས་ཁུག་རྟར་རྒྱབ་སྐྱོར་གྱི་ཁྱབ་བསྒྲགས་བྱས་པ་རྗེས་སུ་འབྲངས་ནས་ལད་མོ་བྱས་པ་འདི་ཁོ་ནས་རིག་པས་ཕོངས་ཡོད་པ་བསྟན་ཚར་བ་རེད། ཤར་ཕྱོགས་ཁུག་རྟ་ནང་བཞིན་སྔ་ས་ནས་གྲ་སྒྲིག་དགོས་པ་རེད་མ་གཏོགས། ཧེབ་ལངས་ནས་ཡོང་གི་མ་རེད། ད་ཅང་མི་བཤད།
གོ་ཐོས་བྱས་ན། ཆོལ་ཁ་གཞན་གཉིས་ཀྱིས་ཀྱང་ཤར་ཕྱོགས་ཁུག་རྟའི་དབུ་མའི་ལམ་གྱི་ཕྱག་ལས་གནང་བ་དང་རྒྱ་ནག་ལ་ལན་འདེབས་བྱས་པའི་སྐོར་བསྟོད་བསྔགས་དང། གྲོས་ཚོགས་ནང་ཁོང་ལྟ་བུའི་གཞོན་སྐྱེ་འཐུས་མི་ཤེས་འཇོན་གཉིས་ལྡན་ཞིག་སླེབས་རྒྱུར་འབོད་སྐུལ་ཞུས་ཡོད་པ་འདྲ།
དེས་ན། ཤར་ཕྱོགས་ཁུག་རྟ་བསྡུར་ན་ཆབ་སྲིད་པ་ཀླུ་མཁར་བྱམས་ལྟ་བུ་ལན་པོ་འདུག་པ་ལས་གཞན་ཁག་པོ་རེད། གང་ལྟར་ཤར་ཕྱོགས་ཁུག་རྟ་ཐོབ་རྒྱུ་ཡིན་པའི་རྟགས་མཚན་མང་པོ་འདུག་གཱ ཧཧཧཧ འོས་མི་ཚང་མ་གུས་བརྩི་ཡོད།
དེངསངས་དྲྭ་གྲོགས་མང་པོ་ཞིག་གི་མདོ་སྨད་ཀྱི་སྤྱི་མཐུས་སུ་ཞིག་འོས་མི་ལ་དཔྱད་པ་དང་བགྲོ་གླེང་མང་པོ་ཞིག་བྱས་ནོ་དྲྭ་ཐོག་ནས་མཐོང་ཡོང་དུས་ང་ལ་ཡང་སྐད་ཆ་ཁ་ཤས་བཤད་པའི་འདོད་པ་སྐྱེས ། དངོས་གནས་སྤྱི་མཐུས་ཟེར་དུས་ན་སྤྱི་བའི་དོན་དག་ཆེ་མ་ཆུངགསུམ་འགན་དུ་བླང་ཞིང་དོན་རྣམས་བསྒྲུབས་པའི་སྤོ་པ་དང་སྙིང་སྟོབས་ད་དུང་དྲང་བདེན་གྱི་ཉམས་ཆུང་སྤྱི་ཚོགས་གི་ཆེད་དུ་ལྷག་བསམ་རྣམ་དག་གི་ལས་ཀ་ནི་ཞིག་དགོས་ནི་རེད་།
ང་ནམ་ཡིན་ན་ཡང་ཨ་ཚོགས་ཀླུ་མཁར་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་། རྒྱུ་མཚན་ནི་ཀླུ་མཁར་བྱམས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་དང་བྱ་བའི་ཉམས་མྱོང་རྒྱལ་སྤྱིའི་ཆབ་སྲིད་གི་གོ་རྟོགས་མི་གཞི་དང་གང་ཅི་ཐད་ལ་བལྟས་ན་མདོ་སྨད་ལ་ཆེས་འོས་ཤིང་འཚམས་པའི་མཐུས་མི་ཀླུ་མཁར་བྱམས་མ་གཏོགས་སུ་ཡང་ད་རུང་མེད་གི་།
ངའི་འདི་ནས་ཨ་ཚོགས་ཀླུ་མཁར་བྱམས་ལ་སྐད་ཆ་འགའ་ཞིག་བཤད་པའི་འདོད་སྐྱེས ། ང་ཚོ་ལ་གཞོན་སྐྱེས་ཚོ་ལ་མཐུས་མི་ཁྱོད་མ་གཏོགས་མི་དགོས ། ཁྱོད་ལ་དབང་ཡོད་ཀྱི་གཉའ་གནོན་ཡིག་སྨོང་བ་དག་གི་འཇིགས་སྐུལ་ ། དེ་དག་ནི་ཁྱོད་ཀྱི་སྤྱི་ཚོགས་ནུས་པ་ཐོན་གི་ཡོད་ནས་རྟགས་རེད་། ཕམ་ཁ་ནི་རྒྱལ་ཁའི་སྔོན་འགྲོ་ལས་ཡིན་།
ཨ་མདོའི་མི་ལ་སྤྱི་ཚོགས་ལ་སྣེ་འཁྲིད་པའི་འཇོན་ཐང་ཡོད་ནི་དཀོན་པོ་རེད། དེང་སང་གི་སྤྱི་འཐུས་མང་ཆེ་བས་སྤྱི་འཐུས་ཚོགས་དུས་རེ་རེའི་གོ་སྐབས་དམ་འཛིན་གྱིས་ཚོགས་འདུའི་སྟེང་ཡར་ལངས་ཏེ་སྐད་ཆ་སྤོམ་པོ་འདྲ་ཆགས་པོ་ཞིག་བཤད་ཐུབ་སོང་ན་རང་ཉིད་བོད་མི་དམངས་ཀྱི་སྤྱི་འཐུས་ཡིན་པའི་ལས་འགན་འགྲུབ་སོང་བསམ་གྱི་ཡོད་པ་འདྲ། སྤྱི་འཐུས་ཀྱི་འོས་ཆོོས་ནི་བཤད་པ་གང་ཞིག་ལག་ལེན་ཐོག་འབབ་རན་དུས་ཐབས་ལ་མཁས་ནི་ཞིག་དང་ནུས་པ་ཡོད་ནི་ཞིག འབྲེལ་ལམ་སྲ་ནི་རེད་ཞིག བསྟུན་མཁས་ཤེས་ནི་ཞིག ལས་རིགས་བྱེ་བྲག་པ་ཆེད་གཉེར་གྱིས་མིག་སྔའི་སྤྱི་ཚོགས་སྟེང་གི་བྱ་བ་སྒྲུབ་ཤེས་ནི་ཞིག ཁ་ནས་རིག་གཞུང་ཆབ་སྲིད་སྐད་ཡིག་གླེང་ནས་མི་མང་ལ་མགོ་སྐོར་བཏང་ནས་མི་འདུག་མཁན་ཞིག་ཡོད་ན་མདོ་སྨད་ཙམ་དུ་མ་ཟད་བོད་ཆོལ་ཁ་གསུམ་ལ་མཁོ་བའི་སྤྱི་འཐུས་དེ་ཡིན། ཨ་མདོ་བ་ལ་འཇོན་ཐང་ཡོད་ནི་མ་རེད། ང་རྒྱལ་དང་རང་རློམ་ཆེ་ནི་རེད། ཕྲག་དོག་ཆེ་ནི་རེད། སྤྱི་ཚོགས་སྟེང་གི་ལས་རིགས་ཤེས་ནི་མ་རེད། གོང་གི་འོས་གཞི་གཉིས་ཀའི་སུ་ཡིན་རུང་ཁ་ནས་ཆེན་པོ་ཞིག་བཤད་ཀྱི་ཡོད་པ་མ་གཏོགས་མི་གཅིག་གི་དཀའ་ངལ་ཡང་སེལ་ཐུབ་པའི་འཇོན་ཐང་ཡོད་ནི་མ་རེད། མཁས་པ་ཡིན་ན་ཐང་ར་མིན་ན་ར་ཐང་ཁྱད་པར་ཞེ་དྲགས་མཐོང་གི་མི་འདུག སྤྱི་འཐུས་ལས་ཐོགས་པའི་ནང་ན་ཁོ་གཉིས་ལས་ལྡབ་འགྱུར་གྱིས་མཁས་པ་མང་ནི་རེད། གྲོས་གཞི་ཙམ་ཡིན
# 4 བསོད་ནམས།་ལགས་ཀྱིས་མཆན་བཏབ་པ།:
December 24th, 2013 at 11:19 PM
ཁུག་རྟ་ནི་སྤྲོ་ཚིགས་ཆོས་གྲགས་དང་བསྡུར་ས་ཞིག་མེད་སྙམ། ཁུག་རྟ་ལ་སློབ་ཆུང་གི་ལག་འཁྱེེར་ཙམ་ཞིག་མི་ཚེ་ལ་ཡོད་པ་མ་རེད། སྤྲོ་ཚིགས་ནི་རམ་འབྱམས་པ་ཐོན་རེད། ཁུག་རྟ་ནི་ཟམ་གདོང་གི་བཀའ་ཤག་གི་དྲ་འབུའི་མྱུལ་མ་ཡིན་པ་ལས། ཉམས་ཞིབ་པའི་གོ་རིམ་དང་ཆ་རྐྱེན་གང་ཡང་མེད་མཁན་ཞིག་རེད། དེ་ལས་སྤྲོ་ཚིགས་ནི་བོད་དང་བོད་ཀྱི་ཁྱད་ནོར་གླེང་བ་ལས་ཤེས་ཐུབ། ཁུག་རྟ་ནི་དབང་བསྒྱུར་གྲལ་ར་གྱི་ལག་ཆ་ཙམ་རེད། སྤྲོ་ཚིགས་ནི་མཐོ་སློབ་དགེ་རྒན་དང་ཉམས་ཞིབ་རང་ཚུགས་ཐུབ་མཁན་ཞིག་རེད། ཁོ་གཉིས་འདྲ་ས་ཞིག་ཡོད་པ་ནི་གྲྭ་ལོག་ཡིན་པ་དེ་རེད།
ལས་ཀའི་ཐད་ནས་ཞུས་ན་ཤར་ཕྱོགས་ཁུག་རྟས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་ཆབ་སྲིད་དང་ཞིབ་འཇུག་གི་ཕྱག་ལས་གཙོ་བོར་གྱུར་པའི་ཐད ༢༠༠༧ ནས་དངོས་སུ་ཞུགས་ཡོད་ལ། སྤྲོ་ཚིགས་ཆོས་གྲགས་ལགས་ནི་༢༠༡༢ ཙམ་ནས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་གྱི་ལས་ཁུར་ཞུས་པ་ལས། གཞན་རྣམས་དུས་དེབ་སོགས་ཀྱི་རྩོམ་སྒྲིག་པ་དང་དང་བླངས་ལས་ཀ་ཞེ་གཅིག་རེད། སྤྲོ་ཚིགས་ལགས་སྤྱི་ཚོགས་ཡོངས་ཁྱབ་ཀྱིས་ངོས་འཛིན་ཡོད་པའི་ལས་ཀར་ཐོག་མར་ཞུགས་དུས་ཤར་ཕྱོགས་ཁུག་རྟ་ལགས་ནི ༢༠༡༢ ལོར་དབུ་མའི་ལམ་གྱི་གཞོན་སྐྱེས་ཚབ་མཚོན་མི་སྣ་ཞིག་ཆགས་ཏེ་སྙན་གྲགས་འབར་བཞིན་པའི་སྒང་རེད། ལས་ཀ་བྱས་པའི་ཉམས་མྱོང་ནང་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་མགོ་བཀའ་བློན་ཁྲི་པ་དང་ཡིག་སྐྱེལ་བར་གྱི་ལས་དོན་སྣ་མང་དངོས་མཐོང་བྱུང་བ་དང། ཁོང་གི་ལས་འགན་དང་འབྲེལ་ཏེ་གྲོས་བསྡུར་སྙན་གསེང་ཞུས་པ་སོགས་དང། གཞུང་འབྲེལ་མིན་པའི་ཚོགས་པའི་ལས་དོན་བྱེད་ཕྱོགས་གང་སར་རྒྱུས་མྱོང་ཆེ་པ་དང། ལས་ཀ་བྱས་པའི་ནང་དྲང་པོ་དང། སྙིང་སྟོབས་ཆེ་པ། ཁེ་ཕན་དོན་དུ་མི་གཉེར་པ། ཐག་གིས་ཆོད་པ་བཅས་ཀྱིས་གཟེངས་བསྟོད་དང་གདེང་འཇོག་ཐོབ་ཡོད་པ་ནི་ཡིག་ངག་གཉིས་ན་ཡོད་ཅིང། ཐ་ན་ཕྲག་དོག་ཅན་དག་གིས་ཀྱང་གང་ལྟར་དོ་སྣང་གནང་ས་དང། དམིགས་བསལ་སྣང་མེད་དུ་འཇོག་མ་ཐུབ་པའི་མི་ཞིག་ཡིན་པ་མཁྱེན་གསལ་དེ་རེད།
གཞན་ཤར་ཕྱོགས་ཁུག་རྟ་ནི་ལས་ཀའི་ཆེད་དུ་ལས་ཀ་འཚོལ་མཁན་དང། ལས་ཀར་བརྟེན་ནས་རང་ཉིད་བཟོ་མཁན་ཞིག་མ་རེད། ཁོང་ནི་མཉམ་རུབ་གནང་མཁན་དང། དོན་དག་ཡོད་ན་སུས་ལས་ཀྱང་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། དཔེར་ན་དབུ་མའི་ལམ་གྱི་སྐབས་གསུམ་པའི་ཚོགས་ཆེན་རྗེས་ཁོང་ཉིད་རྩོད་མེད་ལྟ་བུར་དྲུང་ཆེ་ཆགས་ཡོད་ཀྱང། ཁོང་གིས་བུད་མེད་གཞོན་སྐྱེ་ཞིག་ཡོད་པ་ངོ་སྤྲོད་དང་དྲུང་ཆེར་མོ་རང་བསྡད་ན་ཡག་ཚུལ་ཞུས་ཏེ་རང་གི་མིང་གྲགས་ལ་བསམ་བློ་བཏང་མི་འདུག ༼ སྐབས་དེར་དབུས་རྒྱུན་ལྷན་འཛོམས་ཐོག་ཁོས་དེ་ལྟར་བཤད་འདུག༽། སྤྲོ་ཚིགས་ལགས་རྩོམ་པ་པོའི་མཐུན་ཚོགས་སུ་ཞུགས་ནས་རང་ཉིད་ཕྱི་རྒྱལ་ཁག་ཏུ་ཚོགས་འདུར་འགྲོ་བ་དང། བགྲོ་གླེང་ཐམས་ཅད་དུ་རང་གིས་གཏམ་བཤད་གནང་བ་བཅས་རང་ཉིད་ག་དུས་ཡིན་ནའང་ཡོད་ཡོད་པ་ལྟ་བུའི་ཕྱག་ལས་གནང་སྟངས་ནི་ ཁོང་གཉིས་ཀྱི་བར་ཁྱད་ཆེན་པོ་ཞིག་རེད། ཟུར་འདིས་གནད་འགག་ཆེན་པོ་ཞིག་མཚོན་གྱི་རེད་འདོད།
གྲྭ་པ་ཞིག་གི་ངོས་ནས་བཤད་ན། རང་གི་དགོན་པ་དང་བླ་མར་ངོ་རྒོལ་རྒྱབ་སྟེ་སྒྲིག་ཁུངས་ནས་རང་སྣང་གང་དྲན་གྱིས་ཕྱིར་ཐོན་པ་ནི་ཡག་པོ་ཞིག་ལ་མི་བརྩི། ཆོས་ཕྱོགས་ནས་བཤད་ན་དམ་ཚིག་ལོག་ཚར་བ་རེད། སྲིད་ཕྱོགས་ནས་བཤད་ན་ཀླད་པ་ཁྱོན་ནས་མེད་མཁན་དང། འཇིག་རྟེན་ཡོངས་གྲགས་ལྟར་ན་བཟང་སྤྱོད་དང་ཡ་རབས་ཟེར་པ་དེ་ཁྱོན་ནས་མེད་པའི་རྟགས་རེད། སྤྲོ་ཚིགས་དགེ་བསྐོས་ཡིན་བཞིན་པའི་སྐབས་ཁྲིམས་རང་གིས་མགོ་ནས་མ་བརྩིས་པའི་ཁར། ད་དུང་བཟང་སྤྱོད་ཁྱོན་ནས་མེད་པར་དགོངས་ཞུ་ཚུལ་མཐཱུན་ཞིག་ཀྱང་མ་གནང་བར་ཕྱིར་ཐོན་པ་ནི་དངོས་གནས་ཡག་པོ་མ་རེད། ཁོང་གིས་འདི་ལ་ནོར་འཁྲུལ་ཡིན་པའི་ངོས་ལེན་གནང་ན་མི་སུ་ལའང་ནོར་འཁྲུལ་ཡོང་ཆོག་གི་རེད། བཅོས་ཡ་ཡོད་པ་རེད། འོན་ཀྱང་ཁོང་གིས་ད་བར་གསང་གང་ཐུབ་དང་ཡིན་མདོག་སྐབས་འཚོལ་པའི་ལས་ཀ་རྐྱང་རྐྱང་བྱེད་ཀྱི་འདུག འདི་ཡག་པོ་མ་རེད་བསམས།
དེ་མ་ཟད། སྐྱི་སེར་ཀླུ་སྒྲུབ་ཀྱི་རྩོམ་ཡིག་ཅིག་དང་འབྲེལ་བའི་རྙོག་གླེང་བྱུང་སྐབས་ཀྱང་ཁོང་གིས་མགོ་གཉིས་མའི་ལས་ཀ་བྱས་པ་དེང་སང་ཀུན་གྱིས་གླེང་བཞིན་པ་དེ་རེད། སོང་ཙང། ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཡོད་པའི་ལས་དོན་ནང་སྔ་མོ་ནས་ཚུད་ཚར་ཅིང། ཆབ་སྲིད་ཀྱི་ངོ་བོ་འབུར་དུ་ཐཽན་པའི་མི་སྣ་ཞིགས་ཆགས་ཟིན་པ། ཡང་ན། མི་ཁོ་རང་གི་མིང་བོས་པ་དང་ཆབ་སྲིད་ཀྱི་གནད་དོན་མང་པོ་ཞིག་དང་རང་བཞྀན་གྱིས་འབྲེལ་བའི་ཤར་ཕྱོགས་ཁུག་རྟ་ལགས་སྤྲོ་ཚིགས་ཆོས་གྲགས་ལགས་དང་བསྡུར་པ་ནི་ཁྱོན་ནས་འོས་འཚམས་ཤིག་མ་རེད། དེའི་ཆ་ནས་མ་འོངས་པར་ཤར་ཕྱོགས་ཁུག་རྟར་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོང་གི་རིན་ཐང་བསྡུར་ས་འདི་ལྟར་ངོས་འཛྀན་གནང་ན་ཡག་པོ་མ་རེད་ལ། འོས་འཚམས་ཀྱང་མ་རེད། དཔེར་ན། ཁ་སང་ལྡི་ལི་ནས། གོང་ས་མཆོག་གིས་དབུ་མའི་ལམ་གྱི་གསུང་བཤད་ཅིག་གི་སྐབས་་ཁོང་གི་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་རིང་གི་རང་ཕྱོགས་ཀྱི་འཐུས་ཤོར་ཞེས་པའི་རྩོམ་ཡིག་ལ་བསྟོད་བསྔགས་གནང་འདུག་ཟེར། དེ་འདྲའི་མི་ཞིག་ཁོ་ཁོ་རང་གི་གདན་གྲལ་དང་འདྲ་མཉམ་དག་ལ་བསྡུར་ན་ཡག་གི།
ངས་བསམས་ན་ཀླུ་མཁར་བྱམས་ཀྱིས་མཚན་སྨོད་ཞུས་པ་དག་ལ་དགོངས་སེལ་ཞུས་ཏེ། ཤར་ཕྱོགས་ཁུག་རྟ་དང་ཁོང་གཉིས་ཀྱིས་སྡིངས་ཆ་གཅིག་ནས་སྤྱི་འཐུས་བརྩད་པ་ཡིན་ན་ཡག་པོ་མཐོང་སོང།།
རྒན་ཚེ་རིང་ལོ་བརྒྱ་ལགས་ཀྱིས་གཤིབ་བསྡུར་ཡག་པོ་གནང་འདུག གང་ལྟར་ངས་བསམ་ན་སྤྱི་འཐུས་གཅིག་ཡིན་ཡང་བོད་མི་མང་པོ་ཞིག་གི་སྐུ་ཚབ་མཚོན་ཡོད་དུས། དེའི་འོས་མི་ཡག་པོ་ཞིག་གདམས་རྒྱུ་ནི་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཧ་ཅང་གལ་ཆེ་བར་འདོད། ཐེངས་འདིའི་མདོ་སྨད་མི་མང་གི་ངོས་ནས་རང་གི་སྐུ་ཚབ་མཚོན་པ་མ་ཟད་བོད་མི་རིགས་ཡོངས་ཀྱི་བདེ་དོན་བསམ་པའི་སྤྱི་འཐུས་གནའ་དེང་གི་རིག་གནས་ལ་གོ་རྟོགས་ཡོད་པ། ལྷག་པར་དུ་རྒྱ་བོད་གཙོ་བྱས་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་རྒྱུས་མངའ་ཆེ་བ། ད་དུང་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་དགོངས་གཞི་ཡོངས་སུ་རྟོགས་ནས་ཁ་ཡོད་ལག་ཡོད་དང་ལྷག་བསམ་རྣམ་དག་གིས་ཉམས་ལེན་བྱེད་ཐུབ་མཁན་ཞིག་གདམས་དགོས་རྒྱུ་ནི་གལ་གནད་ཆེ་ཤོས་དེ་རེད་འདོད། གང་ལྟར་འུ་ཅག་གིས་འོས་མི་སུ་ཞིག་ཐེངས་འདིའི་སྤྱི་འཐུས་སུ་འོས་མིན་དེ་དངོས་ཤུགས་བརྒྱུད་གསུམ་ནས་དཔྱད་པ་དང་བགྲོ་གླེང་གནང་རྒྱུ་ནི་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་པ་ཞིག་ཡིན་པས་དགེ་ཕན་ཆེན་པོ་རེད་འདོད།
དྲ་གྲོགས་འབྲས་སྤུངས་བློ་བཟང་ཐུབ་བསྟན་ལགས། ཁྱེད་རང་ཤར་ཁུག་ལགས་ལ་རྒྱབ་སྐྱོར་གནང་མཁན་སོགས་སུ་ཞིག་ཡིན་ཡང་ཆོག དེ་ཁྱེད་རང་གི་ཐོབ་ཐང་རེད། འོན་ཀྱང་སྐྱག་རྫུན་མ་ཤོད། ཀིརྟི་བྱེས་པ་གྲྭ་ཚང་རྡ་རམ་ས་ལར་ཡོད་པ་རེད། དེ་ཤེས་པར་གྱིས། གལ་ཏེ་ཁྱེད་ཀྱིས་ཀིརྟི་བྱེས་པ་གྲྭ་ཚང་ལ་མཐོང་ཆུང་མིན་ན། སྐད་ཆ་དེ་འདྲ་བཤད་པའི་འོས་མེད། གང་ཡིན་ཟེར་ན། ངས་རྒྱུས་ལོན་བྱས་པ་ལྟར་ན། སྤྲོ་ཚིགས་ཆོས་གྲགས་ལགས་ཀིརྟིའི་བྱེས་པ་གྲྭ་ཚང་གི་དགེ་བསྐོས་གནང་མྱོང་གཏན་ནས་མི་འདུག དེ་མི་བདེན་བསམ་ན་རྩད་གཅོད་གྱིས། མི་བདེན་བཞིན་དུ་སྐྱག་རྫུན་སྒྲིག་ནས་བཤད་ན་ཡག་པོ་ཡོད་པ་མ་རེད། དེ་གཅིག་ཡིན།
དེ་ནས་ཁོང་གྲྭ་པ་ལོག་པ་དེ་ཁོ་རང་གི་ཐོབ་ཐང་རེད། གྲྭ་པ་ལོག་རྗེས་གྲྭ་ཚང་ལ་བཤགས་པ་ཕུལ་དགོས་པའི་འགྲོ་ལུགས་སྒྲིག་གཞི་ཞིག་ཡོད་པ་དེ་ཁོང་གིས་སྔ་ས་ནས་གནང་ཚར་འདུག དེ་ཡང་ཤེས་དགོས། དེ་ནས་ཁྱེད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཁུག་རྟ་ལགས་བོད་གཞུང་ལན་འདེབས་ཚོགས་ཆུང་ནང་ནས་ཇི་ལྟར་ཐོན་པའི་སྔ་ཕྱིའི་བརྒྱུད་རིམ་དང་། དབུ་མའི་ལམ་ལས་འགུལ་ཁང་ནས་ཇི་ལྟར་ཕུད་མིན། ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པའི་མིང་གྲས་ནས་ཕྱིར་འཐེན་བྱེེད་དགོས་ཇི་ལྟར་ཆགས་ཚུལ་སོགས་རེ་རེ་བཞིན་དྲ་ངོས་སུ་འཁུར་རྒྱུ་མེེད་པ་དེ་འདྲ་མ་རེད། ངའི་རེ་བར་ཁྱེད་དང་འཕྲིན་ལས་ལྷུན་འགྲུབ་ཟེར་བ་གཉིས་མི་གཅིག་ཡིན་པ་འདྲ། གང་ལྟར་ཐུགས་རྗེ་གཟིགས། ཀིརྟི་ཚང་གི་བླ་སློབ་བར་རམ། ཡང་ན་མི་སྒེར་དང་ཚོགས་པའི་བར་དཀྲུག་ཤིང་གི་སྦྱོར་པ་མི་རྩོམ་པ་མཁྱེན། དེ་འདྲ་གནང་ཡ་མང་དྲགས་ན་ཡག་པོ་ཡོད་པ་མ་རེད། གང་ལྟར་ཚོད་ཅིག་ཡོད་ན་ཡག་པོ་ཡོད་པ་རེད། དེ་ཤེས་པར་གྱིས།
འབྲས་སྤུངས་བློ་བཟང་ཐུབ་བསྟན་ལགས། ཡ་་་་ད་ཕེབས་ནས་རང་ཚིག་ལ་བདག་པོ་རྒྱག་རན་འདུག ང་ཚོའི་སྤྱི་ཚོགས་ལ་ནད་འདི་འདྲ་ཞིག་ཅིའི་ཕྱིར་ཕོག་པ་རེད།
ལྷ་མོ་ལགས། ངས་མིང་རྫུན་འོག་ནས་མི་ལ་ངན་འདོགས་བྱེད་ཆེད་མིན་ལ། དྲང་གཏམ་དང་བདེན་པ་བཤད་ཆེད་མངོན་གསལ་དོད་པོས་བསམ་ཚུལ་བཤད་ཀྱི་ཡོད།
ཤར་ཕྱོགས་ཁུག་རྟ་ལན་འདེབས་ཚོགས་ཆུང་ནས་ཉིན་གླའི་དུས་ཡུན་ཅིའི་ཕྱིར་ཕར་འགྱངས་མ་བྱས་པ་བོད་ཀྱི་དུས་བབ་དང་ཁ་བརྡའི་སྟེང་གསལ་ཞིང་གསལ་བོ་བཀོད་ཟིན་པ་རེད། རྒྱ་ཆེའི་མི་མང་གིས་ཤེས་ཤེས་པ་རེད། ཁྱེད་ནས་ག་རེ་བཤད་ཀྱང་དོན་དག་གསལ་བོ་དང་རྙིང་པ་ཆགས་ཚར་པ་རེད། དབུ་མའི་ལམ་ལས་འགུལ་ཁང་གི་ཤེས་ཡོན་དང་རིག་གཞུང་འགན་འཛིན་ལས་ཁུར་ཞུ་བཞིན་པ་རེད། ངས་ལྷོ་ཕྱོགས་ནས་ཁོང་ཚོའི་དབུས་རྒྱུན་ལས་ཚོར་གསལ་བོར་བཀའ་འདྲི་ཞུས་ཚར། ཚོགས་གཙོ་དང་ཚོགས་གཞོན་བརྗེ་བོ་བརྒྱབ་སྟེ་གསར་འགོད་གསལ་བསྒྲགས་ནང་སྐུ་ངོ་སྤྱི་འཐུས་ཟླ་བ་ཚེ་རིང་རྩོམ་པ་པོ་ཤར་ཁུག་གཉིས་ལ་བསྟོད་བསྔགས་གནང་འདུག ཡིག་ཐོག་ན་འདུག དེ་བས་ཁྱེད་ཀྱིས་མིང་རྫུན་མའི་འོག་དེ་ལྟར་བཤད་ན་ཁུངས་འཁྱོལ་གྱི་མ་རེད། གཅིག་བྱས་ན། ཁྱེད་རང་སྤྲོ་ཚིགས་ཆོས་གྲགས་ཡིན་ངེས་རེད། ཁོང་ཌ་མ་རུ་རེད་ཟེར་པའི་བཤད་སྟངས་ཤིག་ཀྱང་འདུག
ཀིརྟི་གྲྭ་ཚང་ངྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པ་ངས་ཤེས། ངས་རྫུན་མ་ཚིག་གཅིག་བཤད་མེད། ཁོས་སྒྲིག་འགལ་དང་རྒྱབ་འགལ་གྱིས་ཐོན་རྗེས་གྲྭ་ཚང་ནས་ཁོང་ལོ་གསུམ་ཕྱིར་གྲྭ་ཚང་ནང་རྐང་པ་རྒྱབ་མི་ཆོག་པ་བཟོས་འདུག དཀོན་མཆོག་ཚད་བཙུགས་ནས་ལབ་ཀི་ཡོད། སྐྱག་རྫུན་མིན། ཁྱེད་ཚོའི་ཁྲམ་པ་བྱེད་སྟངས་འདི་རིགས་ཤར་ཕྱོགས་ཁུག་རྟ་ལྟ་བུའི་སྐྱེས་བུ་དྲང་བདེན་དང་སྙིང་སྟོབས་ཅན། ཤེས་ལྡན་ཅན་ཚོ་རྩ་བ་ནས་སྒྲིབ་ཐུབ་ཀི་མ་རེད། ཧཧཧཧཧཧ
ལྷ་མོ་ལགས། ཁྱེད་དང་ཁྱེད་འདྲ་བོ་ཕྱོགས་རིས་ཅན་དག་ལ་བསྟན་ཡང་དགེ་བ་ཆེར་མ་མཐོང་ཡང།
ལན་འདེབས་ཚོགས་ཆུང་དང་འབྲེལ་བའི་གནས་ཚུལ་ཆ་ཚང་བོད་ཀྱི་དུས་བབ་སྟེང་ཐོན་པ་འདིར་བཞག་ཡོད། གཟིགས་རོགས་གནང།
http://www.tibettimes.net/news.php?cat=49&&id=5045
ཕྱོགས་སུ་ལྷུང་བའི་བློ་ཡིས་ནི།།བདེན་པ་ནམ་ཡང་མཐོང་མ་ཡིན།།ཅེས་པ་ལྟར་ད་ལན་མདོ་སྨད་སྤྱི་འཐུས་ཚད་ལྡན་ཞིག་ལ་འོས་བླུག་ཨེ་ཐུབ་ལ་འབད་དགོས་པ་ལས་གང་ཟག་གི་སྐྱོན་གྱི་ལྒང་བུ་ཆུང་ཆུང་ལ་ཕུ་རྒྱབ་རེས་བྱས་ནས་ཅི་ཡོང་།
དྲ་གྲོགས་འབྲས་སྤུངས་ཐུབ་བསྟན་ལགས། ངའི་རེ་བར་གསལ་བཤད་འདི་ཁྱེད་ཀྱི་མ་རྟོགས་ལོག་རྟོག་གམ། ཀུན་སློང་ངན་པས་གཞན་ལ་དཀྲུག་ཤིང་བྱེད་པར་གསལ་བཤད་ཐ་མ་ཡིན་པའི་རེ་བ་ཡོད།
བསླབ་སྡོམ་ཤོར་རྗེས་ལོ་གསུམ་གྱི་རྗེས་སུ་གྲྭ་ཚང་ལ་བཤགས་སྡོམ་བྱེད་དགོས་པ་དེ། ཀིརྟི་བྱེས་པ་གྲྭ་ཚང་གི་ནང་ཁྲིམས་རེད་འདུག ཕ་ཡུལ་གྱི་དགོན་པ་ཚོར་དེ་འདྲའི་ནང་ཁྲིམས་ཤུགས་ཆེན་པོ་ཡོད་པ་རེད། དེ་སྤྱིར་བཏང་གི་གནས་ཚུལ་ཞིག་རེད། ལྷག་པར་དུ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་ཁོང་ལ་རེ་ལྟོས་བྱེད་མཁན་གྱི་མདོ་སྨད་ས་ཁུལ་སོ་སོ་ནས་ཕེབས་པའི་དགེ་འདུན་པ་རྣམས་ཀྱི་བསླབ་སྡོམ་ལ་གཙིགས་ཆེན་པོ་གནང་མཁན་ཞིག་རེད། གང་ཡིན་ཟེར་ན། མདོ་སྨད་ཀྱི་ས་ཁུལ་གང་མང་ནས་ཕེབས་པའི་དགེ་འདུན་པ་དེ་དག་གི་ཕ་མ་ལྟོས་བཅས་ཀྱིས་ཁོང་རིན་པོ་ཆེ་འབའ་ཞིག་ལ་རེ་ལྟོས་བྱེད་བཞིན་ཡོད་པ་ཁོང་གིས་མཁྱེན་གྱི་ཡོད་པ་རེད། དེའི་སྐོར་སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ནང་གི་འབྲེལ་ཡོད་སློབ་འབངས་དང་། མདོ་སྨད་ཀྱི་ས་ཁུལ་ཁག་ལ་གནང་བའི་བཀའ་ཡིག་ཁག་ལ་ཞིབ་འཇུག་གྱིས་དང་ཧ་གོ་གི་རེད། སྤྱིར་གནས་ཚུལ་ཆུང་ཙག་ཚུན་བསྔོགས་ནས་ཀིརྟི་ཚང་གི་བླ་སློབ་བར་དཀྲུག་ཤིང་རྒྱག་པའམ། ཡང་ན། ཀིརྟི་དང་རྔ་བའི་ཕྱོགས་ལ་ཟུར་ཟ་དང་ཁྱད་གསོད་མ་གནང་ན་ཡག་གི་རེད། ཀིརྟི་བྱེས་པ་གྲྭ་ཚང་ལྟ་བུ་ཡིན་ན། གྲ་རྒྱུན་གྱི་ཡོངས་ཁུངས་དང་། རིན་པོ་ཆེའི་དགོངས་བཞེད་སོགས་གང་གི་ཆ་ནས་ཀྱང་མདོ་སྨད་སྤྱིའི་དགོན་པ་ལྟ་བུ་ཞིག་རེད་མ་གཏོགས། ས་ཁུལ་བྱེ་བྲག་པ་ཞིག་དང་། དགོན་པ་བྱེ་བྲག་པ་ཞིག་གི་དགོན་པ་མ་རེད།
རྒྱ་དར་འཁྱེར་ཁན་དང་རྒྱ་དར་མེ་སྲིག་ཁན་གཉིས་ཀ་ལ་རྒྱབས་སྐྱོར་མེད་ཅེས་གསུངས་སོ།
རྒྱལ་བོད་དར་ཆ་མཉམ་འཕྱར་གྱིས་རང་སྲིད་རང་སྐྱོང་རྩོད་ཆོག་གི་མེད་པ་ནི་གླེན་པའི་གཏམ་ཁོ་ནར་ཟད་དེ། ཆེ་ཆུང་སུས་སྨྲས་ཀྱང་རིགས་པའི་གཞུང་ལུགས་དང། ལག་ལེན་དངོས་ཀྱི་འཐབ་རྩོད་གཉིས་ཆ་མ་རྟོགས་པས་རེད་འདུག རྒྱ་བོད་དར་ཆ་མཉམ་འཕྱར་བྱས་ཆོག་གི་མེད་ན། རྒྱ་བོད་གཉིས་སྨན་ཡང་བཤད་ཆོག་གི་མེད་ལ། རྒྱ་བོད་ཞི་འགྲིག་དབུ་མའི་ལམ་ཡང་བཏོན་ག་ལ་ཆོག དེ་བས་ཀྱང་རྒྱ་ནག་གི་རྩ་ཁྲིམས་འོག་ག་ནས་འདུག་ཆོག་གམ། གནད་འགག་འདི་དག་མ་རྟོགས་པར་ཁོང་གི་་་མི་རིགས་འདྲ་མཉམ་དང་དངོས་ཐོག་བདེན་འཚོལ་གྱི་ལས་འགུལ་་ལ་ཁ་གཏོང་བ་ནི་དོན་ལ་དབུ་མའི་ལམ་ཁ་བཏང་བ་ཡིན་ལ། མི་མང་གི་མངོན་འདོད་དང་གོང་ས་མཆོག་གི་དགོངས་གཞི་ལའང་ཁ་བཏང་བ་རེད་འདུག
ལྷ་མོ་ལགས། ང་འདྲ་བ་ཞིག་གིས་དཀྲུགས་ཤིང་རྒྱག་ཐུབ་ཀི་མ་རེད་ལ། རྒྱབ་ཀྱང་ཉན་མཁན་ཡོད་པ་མ་རེད། སྤྲོ་ཚིགས་ཀྱིས་དགོན་པའི་སྒྲིག་ཁྲིམས་སར་གཡུག་ནས་ཚུལ་མཐུན་དགོངས་ཞུ་ཙམ་ཡང་མ་གནང་བར་ཕྱིར་ཐོན་པ་ནི་ཁོང་གི་རུས་པའི་མདངས་དང་ལྗིད་ཁོག་དངོས་གནས་པ་དེ་རེད།
ཀིརྟི་དང་རྔ་བའི་ཕྱོགས་ལ་ཟུར་ཟ་གང་ཡང་བྱས་མེད། བྱས་ཡོད་ན་འདིར་འདྲེན་རོགས། ཟུར་ཟ་དངོས་གནས་པ་དང་བླ་བཙོང་མཁན་དེ་ཐེ་བོ་ཤེས་རབ་དང་སྤྲོ་ཚིགས་གཉིས་རེད། སྤྲོ་ཚིགས་ཀྱི་རེ་བ་ལྟར་བྲིས་པའི་ཁྱད་ཆོས་དགུ་ཞེས་པའི་རྩོམ་ཡིག་ནང་རང་སྲེག་མེར་བསྲེགས་གནང་མཁན་དམ་པ་གཉིས་ཁོང་གི་སྤུན་ཟླར་འགྲོ་གི་རེད་ཅེས་དཔའ་བོའི་བླ་བཙོང་གི་འདུག དཔའ་བོ་དེ་དག་གིས་སྤྲོ་ཚིགས་ལ་སྤྱི་འཐུས་ཐོབ་ཕྱིར་རང་སྲེག་གནང་བ་རེད་དམ། དོ་བདག་སོ་སོས་དཀའ་ལས་རྒྱབ་ཡོད་ན་གནས་ཚུལ་ཁ་ཁ་རེད། དེ་མིན་ཉེ་འབྲེལ་གྱི་བྱས་རྗེས་སོ་སོའི་ཧམ་ལ་བསྐང་རོགས་བྱས་ན་མདོ་སྨད་པ་རྣམས་ཁྲེལ་པའི་རྒྱུ་དང། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་གྲྭ་ཚང། རྔ་བ་དང་ཀིརྟིའི་ཕྱོགས་རྣམས་ཐུགས་ཕམ་གི་མ་རེད་དམ། འདི་ཙམ་ཡང་མི་མཁྱེན་མཁན་ཞིག་གིས་སྤྱི་འཐུས་ཤིག་ལ་གང་ནས་འཇོན། ངས་སྒྲོ་འདོགས་ཚིག་གཅིག་བྱས་མེད། ཁོང་ཚོའི་བྱེད་སྟངས་འདི་ཁྲམ་པའི་ཉེ་སར་འདུག་སྟབས། བོད་སྤྱི་དང་མདོ་སྨད། ཡང་སྒོས་རྔ་བའི་ཕྱོགས་ཀྱི་ཆེད་དུས་བཤད་པ་ཡིན།
གལ་སྲིད། ཁྱེད་ནས་ཆོས་གྲགས་ཀྱིས་སྒྲིག་འགལ་བྱས་བཞིན་དུ་མེད་ཟེར་དོན་ག་རེ་ཡིན་ནམ། ཁྱེད་རྔ་བ་དང་ཀིརྟི་ཕྱོགས་ལ་ཤ་ཚ་གི་ཡོད་པ་རེད་ཝེ། དེ་ནི་ཁྱེད་རང་སྤྲོ་ཚིགས་དང་འདྲ་བར་ཧམ་པ་ཆེ་དྲག་ནས་དངོས་ཡོད་གནས་ཚུལ་ངོས་མ་ཟིན་པར་རང་མདོག་སྟོན་དུ་མི་ཚོགས་གྲལ་དུ་སླེབས་ཀྱི་ཡོད་པ་རེད་དོ།། གལ་སྲིད་ད་དུང་ཁྱེད་ལ་གསལ་བོ་དགོས་ན། ངས་འདི་ལས་ཀྱང་གསལ་བོ་བཟོས་ཆོག ཟླ་དུས་ཚེ་གྲངས་ཉི་མ་སྐར་མ། ག་རེ་ག་རེ་བྱས་མིན། ཕྱི་ལོག་ནས་གྲྭ་ཚང་གི་འཛྀན་སྐྱོང་དང་སྤྱི། མགོན་སོགས་ཀྱིས་འགྲིག་གི་མེད་ཚུལ། ཅང་ཤེས་ཀྱི་མེད་ཚུལ་ཞུས་པ་རྣམས་རེ་རེ་བཞིན་བཤད་ཡ་ཡོད། བཤད་ས་དེ་ཚོ་བོད་པ་གཅིག་པུ་མ་རེད། ཨིན་ཇི་པའི་ནང་ལའང་འདུག ཤེས་སོང་ངམ། བུ་རུས་པ་ཅན་ལ་ཀུན་གྱིས་བསྟོད་ཅེས་པ་ལྟར། ཁྱེད་ནས་དོན་དག་མེད་ས་ནས་ཞེན་ཁོག་མ་བྱེད།
གཞི་རྩ་ཡག་པོ་ཞིག་ལ་གཞི་ཆོས་ཀྱང་དེ་བཞིན་ཞིག་འོང་བར་རེ་ནས་ལྟད་མོ་ལྟ་བཞིན་མཚམས་འདིར་སླེབས་དུས། ད་ནི་འཁྲབ་སྟོན་པ་ཚོ་སྐྲག་ཤེས་རྒྱུ་མེད་རུང་། ལྟད་མོར་ལྟ་མཁན་ཀུན་སྐྲག་འོང་བའི་སྐབས་ལ་སླེབས་སོང་། ངོ་མ་ད་ལྟད་མོ་འདི་ལ་མི་ལྟ་ཁོ་ཐག་ཡིན།
མདོར་བསྡུས་ན། ཁོ་གཉིས་དང་འོས་སུ་ཞིག་ཡིན་རུང་ང་ཚོས་ཁྱེད་སྤྱི་འཐུས་ལ་འོས་བླུགས་ནས་རྒྱལ་ཁ་ཐོབ་སོང་ན་མིག་སྔའི་སྤྱི་ཚོགས་ལ་ལས་གཞི་བྱེ་བྲག་པའི་སྟེང་ནས་ཁ་ཚ་དགོས་གཏུགས་ཀྱི་ཞབས་འདེགས་གང་ཞིག་ཞུས་ཐུབ་ཀྱི་ཡོད་མེད་སོགས་སྐད་ཆ་དྲིས་ནས་འཆར་གཞི་དང་དམིགས་ཡུལ་ཐབས་ཇུས་གང་འདྲ་ཡོད་མེད་གསལ་བོ་ཧ་གོ་སོང་ན་དེ་ལ་དཔགས་པའི་བསམ་བློ་བཏང་ནས་དགོས་མཁོའི་ཆེད་དུ་འོས་བླུགས་ན་དེ་འགྲོ་སྟངས་ཤིག་རེད། ཁ་ནས་རྒྱ་ནག་གི་གཡོ་ཇུས་དམར་འདོན་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལ་གཏུགས་ཐུབ་པའི་དབང་དུ་བཏང་ཡང་དེ་ནི་རང་གིས་རང་ལ་བྱས་རྗེས་ངོམ་སའི་གར་སྟེགས་བསྐྲུན་པ་ཙམ་དུ་ཟད།
ང་ལ་རྒྱུས་ཡོད་པའི་ཆ་ནས་བཤད་ན་ཕྱོགས་གང་ཐད་ནས་འབྲི་དགོས་རུངཁུག་རྟའི་རྩོམ་ཡིག་དེ་འདྲ་ཞིག་སྤྲོ་ཚིགས་ཆོས་གྲགས་ཀྱིས་ལས་སླ་བོ་རེད། ཁོ་གཉིས་ཤེས་ཡོན་བསྡུར་ན་སྤྲོ་ཚིགས་ལ་དངོས་གནས་ལག་ཁེལ་གྱི་མ་རེད། ཤེས་ཡོན་ལ་སྤྲོ་ཚིགས་ཡག་ནི་རེད། ཁུག་རྟས་ཟླ་ཁ་ཤས་རིང་ལྡི་ལི་ནས་དབྱིན་ཇི་སྦྱངས་ཏེ་རང་མགོ་ཐོན་སོང་བ་རེད་ཟེར་བ་མ་བརྟག་མ་དཔྱད་པའི་སྐད་ཆ་རེད། ཁུག་རྟ་ས་རཱ་ལ་ཟུར་སྦྱོང་མ་ཡོང་སྔོན་ལ་གསོག་སྒར་ནས་དབྱིན་ཇི་སྦྱངས་རེད། དེ་ནས་ས་རཱ་ནས་དབྱིན་ཇི་ཞར་ཞོར་ལ་སྦྱངས་ཀྱི་ཡོད་པ་དངོས་སུ་མཐོང་མྱོང་། དྲང་མོ་ཡིན། རྫུན་བཤད་ན་ག་ལ་འགྲིག དྲང་མོར་བཤད་ན་ཁུག་རྟས་ཅིག་འབྲི་ཁུལ་བྱེད་ཀྱི་ཡོད་པ་མ་གཏོགས་ཤེས་ཡོན་གྱི་རྨང་གཞི་ཡག་པོ་མ་རེད། ལྷག་པར་དུ་ཆབ་སྲིད་དཔྱད་བརྗོད་པ་བྱེད་པའི་རྨང་གཞི་སྐྱོ་བོ་རེད། ཤེས་ཡོན་གྱི་ཆ་ནས་བཤད་ན་དེ་འདྲ་རེད། ཡིན་ནའང་། ཁོ་གཉིས་སུ་ཡིན་རུང་སྤྱི་འཐུས་ལ་འཚམ་པོ་མི་འདུག དཔེར་ན། བདེ་དོན་ཟླ་བ་ཚེ་རིང་ལྟ་བུ་ཞིག་གདམ་རྒྱུ་རེག་ན་ཕན་ཐོགས་ཡོད་ནི་རེད། ཁུག་རྟ་ལ་སྐྱོན་བཏོན་པ་མིན། འུད་བསྟོད་མང་དྲགས་པས་དངོས་ཡོད་ར་འཕྲོད་པར་བྱས་ཡིན། དེ་ཙམ་ཡིན། འབྲི་ཁོམ་མི་འདུག
བོད་ཀྱི་དུས་བབ་དྲ་ཚིགས་སྟེང། གཤིབ་བསྡུར་ཡིན་སྐད་ཀྱི་རང་མཚང་སྟོན་པའི་རྩོམ་ཡིག་འདི་དང་འབྲེལ་བའི་རྩོམ་ཡིག་ཅིག་འདུག་པས་དྲ་གྲོགས་ཚོར་དཔྱད་གཞིར་དྲངས་ཡོད།
ཤགས་འགྱེད་ཀྱི་གཡུལ་སར་ལང་བའི་མདོ་སྨད་ཀྱི་སྤྱི་འཐུས།
འདོན་སྤེལ། ༢༠༡༣/༡༢/༢༦
མིག་མི་འཛུམ།
ད་རེའི་མདོ་སྨད་ཀྱི་སྤྱི་འཐུས་ཤིག་བར་མའི་འོས་བསྡུ་བྱ་དགོས་པ་ནི་གཡོལ་དུ་མེད་པ་ཆགས་ཡོད། སྔ་མའི་འོས་བསྡུའི་སྒུག་ཐོ་གཞིར་བཟུང་གིས་རྩེ་གཏོགས་མ་བརྒྱབ་པར་བར་མའི་འོས་བསྡུར་བརྒྱ་ཆ་ལོན་མིན་ལ་མ་ལྟོས་པར་རྩེ་གཏོགས་རྒྱག་རྒྱུ་ཡང་ཁྲིམས་དང་སྒྲིག་གཞི་ཞིག་ཡིན་དུ་ཆུགས། ཉེ་སྔོན་འོས་བསྡུའི་འགན་འཛིན་གྱིས་སྒྲོལ་དཀར་ལྷ་མོས་དགོངས་ཞུ་གནང་བའི་ཚབ་ཏུ་མགྱོགས་པོར་བར་མའི་འོས་བསྡུ་བྱ་རྒྱུ་ཡིན་སྐོར་བསྒྲགས་མ་ཐག མདོ་སྨད་ནང་ཁུལ་ལ་ཚ་ཚ་འུར་འུར་གྱི་ཤགས་འགྱེད་དྲག་པོ་ཞིག་བྱུང་ཡོད། དེ་ནི་ཐེངས་འདིར་མངོན་སུམ་འཛེམ་མེད་ཀྱིས་སྤྱི་འཐུས་ཀྱི་འོས་མིར་ལང་བའི་བཀྲ་ཤིས་དོན་གྲུབ་དང་ཤར་ཕྱོགས་ཁུག་རྟ། ཚངས་དབྱངས་རྒྱ་མཚོ། སྤྲོ་ཚིགས་ཆོས་གྲགས་སོགས་ཡིན་ཡང་། དངོས་སུ་ལང་མེད་པའི་ཨ་ཚོགས་ཀླུ་མཁར་བྱམས་ཀྱང་ཁོང་ཚོ་བཞིན་གླེང་གཞི་ཆེན་པོར་གྱུར་ཡོད།
སྤྱིར་བཏང་གིས་མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བའི་དཔེ་ལྟར། རང་རང་གི་འདོད་པ་དང་རེ་བ། ཡིད་ཆེས་བཅས་ཡོད་པའི་འོས་མི་དག་འདོན་པ་ནི་ཡང་དག་པའི་དམངས་གཙོའི་འགྲོ་སྟངས་ཤིག་ལོས་ཡིན་ཡང་། ཁ་སང་དེ་རིང་གི་འོས་མི་འདི་དག་གི་རྒྱབ་སྐྱོར་བ་དང་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པའི་གསལ་བསྒྲགས་ཡིག་ཆ་དག་ཀློག་སྐབས། ངའི་མཐོང་སྣང་ལ་རྒྱབ་སྐྱོར་ཞུ་མཁན་དང་འོས་མི་འདོན་མཁན་རང་ཉིད་རང་གིས་བཏོན་པའི་འོས་གཞི་དེར་ཡིད་ཆེས་བློ་འགེལ་དང་རྒྱུས་མངའ་གཏིང་ཟབ་ཡོད་མིན་ལ་དོགས་པ་བྱུང་། དེའི་རྒྱུ་མཚན་ནི། ཁ་བརྡ་དྲ་ཚིགས་སོགས་སུ་གཤིབ་བསྡུར་དང་དཔྱད་གཞིའི་རྣམ་པར་སྒྲོག་གིན་པའི་ཡིག་ཆ་དེ་ཚོ་ཡིན།
རང་གི་འོས་མིའི་ཁ་གཏད་དང་བསྡུར་ས་དེར་རྒྱུས་མངའ་མེད་པ་དང་། ཡང་ན་རང་གིས་རྒྱབ་སྐྱོར་ཞུ་སའི་འོས་མི་ནམ་མཁའི་དབྱིངས་སུ་སྐྱེལ་ནས་དོན་དངོས་གླེང་མཁན་མེད་པ་དེ་རེད། ཁ་གསལ་བོར་བཤད་ན། ཤར་ཕྱོགས་ཁུག་རྟ་དང་སྤྲོ་ཚིགས་ཆོས་གྲགས་གཉིས་གཤིབ་བསྡུར་བྱེད་སྟངས་དེ་ཡིན། ཕྱོགས་གཉིས་ཀས་སྨྱུ་གུའི་མདུང་མོ་གཏོད་རེས་ཙམ་ལས་རིག་པའི་གཤིབ་བསྡུར་གྱི་སྡིངས་ཆར་འཇོག་ཐུབ་མེད་པ་དེ་ཡིན། སྤྱིར་བཏང་གིས་དྲང་བདེན་དང་ལྷག་བསམ་རྣམ་དག་གི་སྔོ་ལོ་མཁའ་ལ་འཕྱར་ནའང་། འུ་ཚོའི་འོས་བསྡུའི་རྣམ་པ་དེ་ཡུལ་ལུང་དང་ཆོས་ལུགས་ཀྱི་འཐེན་འཁྱེར་བསླུ་བྲིད་འོག་ནས་ཐར་ཐབས་མེད་པ་ཚང་མར་གསལ། དེར་བརྟེན། ཐེངས་འདིའི་འོས་མི་རེ་རེའི་རྒྱབ་ལོགས་ན་ཁྭ་ཏས་རང་བསྟོད་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་རེ་རེ་ལོས་ཡོད་འདོད།
འོས་བསྡུའི་འགྲོ་སྟངས་ལྟར་གྱི་བརྒྱ་ཆ་ལོངས་མིན་དོར་བའི་ད་རེའི་རྩེ་གཏོགས་ཅན་གྱི་བར་མའི་འོས་བསྡུ་འདི། སློབ་གྲྭའམ་རིག་ཚན་གང་རུང་གི་རྒྱུགས་གཞི་ཞིག་དང་ཤིན་ཏུ་འདྲ་སྟེ། སུས་སྐར་གྲངས་མཐོ་བོ་བླངས་ན་དེར་ཐོབ་པ་ཡིན་སྟབས་ཧ་ཅང་དགོད་བྲོ་བ་ཞིག་ཀྱང་རེད། བརྡ་འཕྲིན་དུས་རབས་འདིར་ཁྱབ་བསྒྲགས་བྱེད་རྒྱུ་ཤིན་ཏུ་སྟབས་བདེ་བ་ཇི་བཞིན། ཟིང་ཆ་སློང་རྒྱུར་ཡང་སྟབས་བདེ་བོར་གྱུར་ཡོད། དེར་བརྟེན་བགྲོ་གླེང་བ་དང་འོས་མི་འདོན་མཁན་གང་ན་སུ་ཡོད་ཚང་མས་རང་རང་གི་འོས་མིའི་ཁྱད་ཆོས་དང་ལོ་རྒྱུས་༼དྲང་ལྡོག་གཉིས་ཀྱི་སྒོ་ནས་འདོན་ཐུབ་ན་རབས་ཡིན།༽འདོན་པ་ལས། གཞན་པའི་འོས་མིར་ཆེད་དུ་དམིགས་ནས་ཁྱད་གསོད་དང་དམའ་འབེབས་རིགས་བྱ་རྒྱུར་འབད་པས་འཛེམ་དགོས་ཏེ། དཔེར་ན་ཁྱེད་ཀྱི་ཚོར་བ་དེ་ཕ་རོལ་བ་དེར་ཡང་ཡོད་པས་ཡིན།
མདོར་བསྡུས་ནས་བཤད་ན། ཁྱེད་རང་གཡུལ་ས་འདི་ནས་བརྒྱལ་འདོད་ན། ཁྱེད་ཀྱིས་རང་གིས་རང་ལ་བསླུ་བྲིད་གཏོང་མི་འདོད་ན། ཁྱེད་ཀྱིས་མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཁོ་ན་བསམ་ན། རང་གི་འོས་ཤོག་དང་རང་གི་འདོད་ཚུལ་དེའི་རང་དབང་ལོངས་སུ་སྤྱོད་རོགས། མ་གཞི་ཐེངས་འདིར་དངོས་སུ་ལངས་པའི་འོས་གཞི་འདི་དག་གཅིག་ལས་གཅིག་བཟང་བས། ད་རེབ་ཕམ་ནའང་སྐབས་རྗེས་མའི་འོས་བསྡུ་ཆེན་མོའི་སྐབས་སྔ་མའི་འཐུས་མི་གཉའ་རེངས་དེ་དག་ལས་བརྒྱལ་བར་ངེས་པས། མུ་མཐུད་དུ་ཤུགས་སྐྱོན་རོགས།
“སྤྱིར་བཏང་གིས་མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བའི་དཔེ་ལྟར། རང་རང་གི་འདོད་པ་དང་རེ་བ། ཡིད་ཆེས་བཅས་ཡོད་པའི་འོས་མི་དག་འདོན་པ་ནི་ཡང་དག་པའི་དམངས་གཙོའི་འགྲོ་སྟངས་ཤིག་ལོས་ཡིན་ཡང་། ཁ་སང་དེ་རིང་གི་འོས་མི་འདི་དག་གི་རྒྱབ་སྐྱོར་བ་དང་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པའི་གསལ་བསྒྲགས་ཡིག་ཆ་དག་ཀློག་སྐབས། ངའི་མཐོང་སྣང་ལ་རྒྱབ་སྐྱོར་ཞུ་མཁན་དང་འོས་མི་འདོན་མཁན་རང་ཉིད་རང་གིས་བཏོན་པའི་འོས་གཞི་དེར་ཡིད་ཆེས་བློ་འགེལ་དང་རྒྱུས་མངའ་གཏིང་ཟབ་ཡོད་མིན་ལ་དོགས་པ་བྱུང་། དེའི་རྒྱུ་མཚན་ནི། ཁ་བརྡ་དྲ་ཚིགས་སོགས་སུ་གཤིབ་བསྡུར་དང་དཔྱད་གཞིའི་རྣམ་པར་སྒྲོག་གིན་པའི་ཡིག་ཆ་དེ་ཚོ་ཡིན།
རང་གི་འོས་མིའི་ཁ་གཏད་དང་བསྡུར་ས་དེར་རྒྱུས་མངའ་མེད་པ་དང་། ཡང་ན་རང་གིས་རྒྱབ་སྐྱོར་ཞུ་སའི་འོས་མི་ནམ་མཁའི་དབྱིངས་སུ་སྐྱེལ་ནས་དོན་དངོས་གླེང་མཁན་མེད་པ་དེ་རེད། ཁ་གསལ་བོར་བཤད་ན། ཤར་ཕྱོགས་ཁུག་རྟ་དང་སྤྲོ་ཚིགས་ཆོས་གྲགས་གཉིས་གཤིབ་བསྡུར་བྱེད་སྟངས་དེ་ཡིན།”ཟེར།
གྲ་ལོག་གཉིས་ཀ་ལོ་ཆུང་ཤེས་ཚད་ཡོད་མཁན་གཉིས་རེད་། ངས་ཤར་ཕྱོགས་ཚང་ལ་རྒྱབ་སྐྱོར་བྱེད་ཀིན་ཡིན།རྒྱུན་མཚན་ཁོང་བཤད་ཕོད་པ་དབུ་མའི་ལམ་ལ་མཐའ་གཅིག་དུ་ཤར་སྐྱོད་བྱེད་ཐུབ་མཁན་ཞིག་རེད།
ཤར་ཕྱོགས་ཁུག་རྟ་ནི་གཏམ་རྒྱུད་ནང་གི་མི་འདྲ་པོ་ཞིག་བཟོས་འདུག ཕལ་ཆེར་དད་པ་ཅན་གྱི་སློབ་མས། བླ་མ་ཟོག་པོར་བཏང་ཟེར་བ་འདྲ་པོ་ཆགས་ཡོད་ས་རེད། ཧཧཧ ད་གང་ཤེས།
ཤེས་ཚད་་་་ཉམས་མྱོང་་་་་མི་གཤིས་་་་སྙིང་སྟོབས་་་་་ལྷག་བསམ་་་་རྣམ་དཔྱོད་་་་འཇོན་ཐང་སོགས་གང་ཐད་ནས་སྤྲོ་ཚིག་ནམ་ཡང་ཤར་ཕྱོགས་ཁུག་རྟ་དང་བསྡུར་ཐབས་མེད་་་་་་ང་ནི་ཁོ་གཉིས་ལ་རྒྱུས་མངའ་ཡོད་མཁན་ཀྱི་མི་ཞིག་ཡིན་་་་་མདོ་སྨད་མི་མང་ལ་མིག་དང་ལྷག་བསམ་དྲང་ཚིག་ཞིག་ཡོད་ན་་་་་་་ངེས་བར་དུ་ཁོང་གཉིས་ལས་གཅིག་མདོ་སྨད་སྤྱི་འཐུས་ལ་ཐོན་སྒོས་ཀྱི་ཡོད་ན་་་་་་ཤར་ཕྱོགས་ཁུག་རྟ་ལ་འོས་འཕེན་རོགས་ཞུ
ཀླུ་བྱམས་མ་གཏོགས་གཅིག་ཀྱང་མི་འདུག
ད་ངས་སྐད་ཆ་མང་བོ་མི་བཤད་མདོར་བསྡུས་ན་དམིགས་བསལ་གྱིས་དབུ་མའི་ལམ་ལ་ཤུགས་རྒྱག་མཁན་ཞིག་དགོས་ན་བློ་ཆོས་ཀྱི་དགའ། བོད་རང་གི་རིག་གཞུང་གསོ་སློབ་ལ་ནུས་ཤུགས་འདོན་ཐུབ་མཁན་ཞིག་དགོས་ན་ཆོས་གྲགས་ཀྱི་དགའ། རྒྱ་བོད་གཉིས་ཀྱི་ཆབ་སྲིད་ཀྱི་གནས་བབ་ངོ་མར་ལྟ་ཤེས་མཁན་ཞིག་དང་། མ་འོངས་པའི་མིག་རྒྱང་རིང་བོར་བསམ་བློ་གཏོང་སྟེ་དེ་ལ་དཔག་པའི་སྲིད་བྱུས་འདིང་མཁན་ཞིག་དགོས་ན་ཨ་ཚོགས་ཚང་གི་དགའ། ཡུལ་གྱར་བའི་རྩོམ་རིག་སྙན་ངག་གི་གནས་སྟངས་འཕེལ་རྒྱས་གཏོང་བསམ་ན་ལྷ་ཆབ་ཀྱི་དགའོ།
ཀླུ་བྱམས་ཅིག་སླེབས་དུས་གཞན་འཇོན་ཡ་བཞག་ནས་ནང་ལ་འཁོན་འཛིང་གི་རྒྱུ་བསྐྲུན་པ་ལས་ཕན་ཐོག་དེ་ཙམ་རྩ་བ་ནས་མེད། མ་གཞི་ནས་ཁོང་རང་བཙན་ལྟ་བ་འཁྱེར་མཁན་ཅིག་ཡིན་ལ་སྔོན་མ་ནས་གསར་འགྱུར་རྒྱུད་ལམ་ཁག་ཏུ་ཕན་ཐོག་མེད་པའི་ལས་ཀ་མང་པོ་ཐོན་ཡོད། ང་ཚོ་ད་རེས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ལམ་ནས་ཤར་རྒྱག་གི་འགྲོ་མཁན་ཞིག་ངེས་པར་དུ་མཁོ།