སྲོང་བཙན་བུ།
“ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད།”འདི་ཤར་ཕྱོགས་ཁུག་རྟས་བཀའ་བློན་ཁྲི་པ་མཆོག་གི་སྒེར་དྲུང་བརྒྱུད་གསལ་བཤད་གོ་སྐབས་ཐེངས་ ༡༤ བྱས་པར་གྲུབ་འབྲས་མ་སོན་པའི་རྗེས་ལ། སྟབས་འཁེལ་གྱིས་འཁྱུག་ཙམ་ངོ་འཕྲད་སྐབས་བཀའ་ཁྲིརགསལ་བཤད་བྱས་པའི་ལན་ལ་ཕྱིར་རག་པའི་བཀའ་ལན་རེད། ཤར་ཕྱོགས་ཁུག་རྟས་རྩོམ་ཡིག་དངོས་གཞི་དབྱིན་ཡིག་ནང་བསྒྱུར་ནས་ཕུལ་ཞིང་། ངག་ཐོག་གི་འགྲེལ་བཤད་བོད་སྐད་ཀྱིས་ཞུས་པའི་ལན་ནི། བཀའ་ཁྲི་མཆོག་གིས་”ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད།”ཅེས་བོད་སྐད་ཀྱིས་བཀའ་ཕེབས་པ་འདི་རེད། འདི་ལ་བོད་པ་གཞོན་སྐྱེས་གཉིས་ཀྱི་མཇལ་མོལ་རྣམ་པ་ཞིག་འདུག་ཀྱང་། “ཞུ་ན་ཞུ་ས་ཡོད་པའི་བཀའ་ཤག་ཡིན”ཞེས་བཀའ་ཁྲིས་གསུང་མྱོང་བ་དེར་ཕྱིར་དྲན་རེ་བྱས་ན། མཇལ་མོལ་དེར་བྲོ་བ་དེ་ཙམ་མེད་པའི་ཚོར་སྣང་སྟེར་བ་ཞིག་རེད།
“གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཅེས་པར་འགལ་ཡོད་པ་རེད། “འདི་ཤར་ཕྱོགས་ཁུག་རྟའི་འཕུར་ལམ་འགོག་པའི་ཐག་གཅོད་དེའི་འབབ་ས་རེད། ང་གངས་སྐྱིད་ལ་རྒྱུས་ཡོད་མཁན་ཞིག་ཡིན། ངའི་ངོ་ཤེས་མང་ཆེ་བའང་གངས་སྐྱིད་ན་ཡོད། ངས་ཁོང་ཚོ་བརྒྱུད་ནས་ཤེས་པ་བྱས་ན། བཀའ་བློན་ཁྲི་པ་དང་ལས་རོགས་བཀའ་བློན་བྱེ་བྲག་པ་ཚོའི་སུ་གང་ཡང་གཞུང་ཞབས་མིན། ད་ཡོད་བཀའ་ཟུར་ཚོའི་རྒས་ཕོགས་ཀྱི་གནས་སྟངས་དེ་ཡང་། དེ་སྔར་གཞུང་ཞབས་ཡིན་པའི་སྐབས་ཀྱི་རྩ་ཕོགས་དེ་ག་རང་གཞི་ལ་བཞག་ནས་ཕུལ་གྱི་ཡོད་པ་རེད། ཡིད་མི་ཆེས་ན་བཀའ་ཟུར་ཚོར་བཀའ་འདྲི་གནོངས། བཀའ་བློན་གནང་བའི་དུས་ཡུན་དེ་གཞུང་ཞབས་ཀྱི་ལོ་གྲངས་ནང་ལ་རྩིས་སྲོལ་མེད་པ་དངོས་ཡོད་རེད། གཞུང་ཞབས་དང་བཀའ་བློན་བར་གྱི་ཁྱད་པར་ཡང་འདིས་འབྱེད་ཀྱི་རེད།
“གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཞེས་པར་འགལ་ཡོད་པ་རེད། “ཅེས་པ་འདི་ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་༼སེང་གེ་བཀའ་ཤག་གི་མདུན་ལམ༽ཞེས་པ་དེའི་ནམ་མཁའ་ལ་འཕྱར་ནས་མར་བལྟས་པ་ཡིན་ན། དེའི་ནང་ན། བཀའ་ཁྲི་དང་བཀའ་བློན་ལས་རོགས་ཚོ་ལས་གཞུང་ཞབས་མཐོ་དམན་སུ་གང་གི་མིང་གིས་བཟུང་མི་འདུག ཐག་གཅོད་སྔོན་ལ་བྱས་ནས། སྒྲུབ་བྱེད་རྗེས་ནས་བཙལ་ན། ཡ་ཡོི་འདི་འདྲ་ཡོང་གི་རེད། དེ་ཆོས་ཉིད་རེད།
འོ་ན་གཞུང་ཞབས་ལས་བྱེད། ཞབས་གཡར་ལས་བྱེད། ཆོད་གན་ལས་བྱེད། རང་ཁོངས་ལས་བྱེད། འཕྲལ་སེལ་ལས་བྱེད། ཉིན་གླའི་ལས་བྱེད་ཟེར་བ་འདི་ཚོ་ཚང་མ་གནས་སྟངས་གཅིག་པ་རེད་དམ་ཟེར་ན། དེ་ཡང་ཕྱོགས་ཡོངས་ནས་གཅིག་མཚུངས་ཤིག་མིན། དཔེར་ན། ཉེ་སྔོན་ལས་བྱེད་བཞུགས་མོལ་ཚོགས་འདུའི་སྐབས། གཞུང་ཞབས་ལས་བྱེད་ཚོར་དྲི་བ་དང་བསམ་ཚུལ་འདོན་པའི་ཐོབ་ཐང་སྤྲད་ཡོད། ཉིན་གླའི་ལས་བྱེད་ཚོར་དེའི་ཐོབ་ཐང་མེད་པའི་གསལ་བཤད་ཀྱང་བྱུང་འདུག ངའི་གོ་ཐོས་ལ། གཞུང་ཞབས་མ་ཡིན་པ་ཚོར་བསམ་ཚུལ་འདོན་པའི་ཐོབ་ཐང་མེད། ཁ་ལག་མཉམ་དུ་ཟོས་ཆོག་གི་རེད་འདྲ་ཞིག་བཤད་ཡོད་པ་འདྲ། འདི་གཞུང་རང་གི་ངོས་འཛིན་བྱེད་སྟངས་ལྟར་གྱི་གཞུང་ཞབས་དང་ཉིན་གླའི་ལས་བྱེད་ཀྱི་ཁྱད་པར་རེད།
ཟམ་གདོང་བཀའ་ཤག་གི་སྐབས་ལ། རྒྱལ་བའི་ཕོ་བྲང་ནས་༸གོང་ས་མཆོག་ལ་གཞུང་ཞབས་ལས་བྱེད་ཀྱི་བརྟན་བཞུགས་ཕུལ་ཡོད་པ་རེད། དེར་གཞུང་ཞབས་ཁོ་ན་ལས་གཞན་དག་ཚོ་བཏང་ཡོད་པའི་སྐད་ཆ་མི་འདུག ཉིན་གླའི་ལས་བྱེད་ཚོས་དེར་བཅར་ཆོག་པའི་སྙན་སེང་ཞུས་ཡོད་ནའང་། བཅར་རྒྱུའི་གོ་སྐབས་རག་ཡོད་པ་མ་རེད། ཐག་གཅོད་དེའི་རྩ་གཞི་ནི་ཉིན་གླའི་ལས་བྱེད་ཚོ་གཞུང་ཞབས་མིན་པས་རེད། བཀའ་ཤག་སྔ་ཕྱི་གཉིས་ཀས་ཉིན་གླའི་ལས་བྱེད་ནི་གཞུང་ཞབས་ཀྱི་གནས་བབ་ལས་ལོགས་པ་ཞིག་ལ་ངོས་བཟུང་ཡོད། ངོས་འཛིན་འདི་འདྲ་ཞིག་གི་འོག་ནས་བལྟས་ན། ཤར་ཕྱོགས་ཁུག་རྟས་དེ་སྔོན་༼ བཀའ་ཁྲི་བཀྲས་མཐོང་ལ་ཐོབ་སོང་། ༽ཞེས་པ་དང་། ༼ སྤྱི་འཐུས་ལྷན་ཚོགས་ལ་དེའི་དབང་ཚད་ཡོད་དམ༽ཞེས་པའི་རྩོམ་ཡིག་སྤེལ་མྱོང་བའང་གཞུང་ཞབས་ལས་བྱེད་ཀྱི་སྒྲིག་གཞིས་རྦད་གཅོད་བྱས་ཆོག་ནའང་། བཀའ་ཤག་སྔ་མའི་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་གིས་དེར་དགག་བྱང་གང་ཡང་གནང་མེད་པར་མ་ཟད། ཤར་ཕྱོགས་ཁུག་རྟ་ལ་ “ ་་་་་་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྱོག་བཤད་ལན་འདེབས་དགོས་རིགས་ལ་ལན་འདེབས་བྱེད་པོའི་ཚོགས་ཆུང་དུ་ལས་ཁུར་གནང་བཞིན་པ་བཅས་ཀྱི་ལས་རྒྱུན་རིང་ལྷག་བསམ་དང་བརྩོན་འགྲུས། རྣམ་དཔྱོད་ཕུན་སུམ་ཚོགས་པའི་སྒོ་ནས་སྐབས་བབ་ལས་དོན་སོ་སོའི་ཐོག་ཞིབ་ནན་སྦྱོར་དངོས་རྗེས་གཙང་གནང་སོང་བས། བློ་གཟུ་བོར་གནས་ཤིང་རྣམ་དཔྱོད་ཀྱི་ཤེས་རབ་བཀྲ་ལ། དོན་གཉེར་དང་ལྡན་པའི་སྒོ་ནས་གཞུང་དོན་འབད་སྒྲུབ་གནང་བར་ཡི་རངས་བསྔགས་བརྗོད་དང་འབྱུང་འགྱུར་ཡང་བསྟན་སྲིད་མི་རིགས་ཀྱི་ཞབས་འདེགས་རླབས་ཆེན་སྒྲུབ་ཐུབ་པའི་སྨོན་འདུན་བཅས། ་་་” ཞེས་བསྔགས་བརྗོད་གནང་ཡོད། བཀའ་ཤག་སྔ་ཕྱི་གཉིས་ཀྱི་ངོས་འཛིན་དང་ཐག་གཅོད་མི་འདྲ་བ་འདི་ལྟར་འདུག
“གུས་བ་གཞུང་ཞབས་དང་རང་ཁོངས་ལས་བྱེད་གང་ཡང་མིན་པས་བླང་དོར་སྒྲིག་གཞི་སྲུང་དགོས་ཀྱི་མེད་པ། བཀའ་ཤག་སྐབས་གོང་མས་ཕྲན་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་སུ་ཐད་བསྐོ་གནང་བ་ནས། སྒེར་གྱི་རྩོམ་ཡིག་ལ་བླང་དོར་སྒྲིག་གཞིས་དམ་བསྒྲགས་གནང་གི་མེད།”ཅེས་ཤར་ཕྱོགས་ཁུག་རྟས་དུས་བབ་ཀྱི་དྲི་བར་ལན་བཏབས་འདུག
ལས་བྱེད་སྒྲིག་གཞི་ནི་ལས་བྱེད་དེ་ལས་ཞུགས་ཉིན་དང་པོ་ནས་གསལ་བཤད་གནང་དགོས་པ་རེད། དེ་ལས་བྱེད་དེས་ཀྱང་ངེས་པར་ཤེས་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། ཤར་ཕྱོགས་ཁུག་རྟས་བཤད་སྟངས་ལ་བལྟས་ན། ཁོ་རང་ལ་འཕུར་ལམ་འགོག་བྱེད་དུ་ལས་བྱེད་སྒྲིག་གཞི་འཁྱེར་ཡོང་བ་འདི་ཕལ་ཆེར་ལས་བྱེད་སྒྲིག་གཞི་ཟེར་བར་ཐོག་མའི་འབྲེལ་བ་དང་མཐའ་མའི་འབྲེལ་ཐག་ཆད་པ་གཉིས་ཀ་དུས་མཉམ་ལྟ་བུ་ཡིན་སྣང་སྟེར་བ་ཞིག་རེད།
ཤར་ཕྱོགས་ཁུག་རྟ་འདི་ལྐུགས་པ་ཞིག་རེད་དམ། མ་རེད། འདིས་བཀའ་བློན་ཁྲི་པར་བོད་ཡིག་གི་རྩོམ་དེ་དབྱིན་ཡིག་ནང་བསྒྱུར་ནས་ཕུལ་རྒྱུ་དྲན་པ་མ་ཟད། དེ་ལྟར་ཕུལ་འདུག བོད་ཀྱི་ལོ་རྒྱུས་ནང་། ཡང་ན། བོད་ཀྱི་བཀའ་ཁྲིའི་བྱུང་རབས་ནང་། བོད་ཡིག་གི་རྩོམ་ཡིག་ཅིག་དབྱིན་ཡིག་ནང་བསྒྱུར་ནས་ཕུལ་དགོས་པའི་དུས་ཤར་བ་ནི་ད་རེས་ཙམ་ཡིན་སྲིད། ད་མང་པོ་བཤད་ནས་ཕན་པ་མེད། བོད་ཡིག་གིས་ཕུལ་བ་ལས་དབྱིན་ཡིག་གིས་ཕུལ་བ་ཡིན་ན་བཀའ་ཁྲིས་རྩོམ་ཡིག་གི་ནང་དོན་དེ་རྟོགས་རྒྱུར་ཕན་པར་བསམ་ནས་ཡིན་སྲིད།
“ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད།”སྐད་ཆ་འདི་འདྲ་ཡིན་ན། ནམ་ཞིག་བདེ་སྡུག་ཞུ་སའི་སྒོ་སྒེའུ་ཁུང་གསར་པ་རེ་མཐོང་རྒྱུ་དེ་སྲིད་དུ་སྒུག་གནང་དགོས་པ་རེད། ད་ལྟ་དེའི་ཚོད་རེད་མི་འདུག ཤར་ཕྱོགས་ཁུག་རྟ། ཡར་འགྲོ་མར་འགྲོ་རྐང་པ་ན་རོགས་ཡིན་འགྲོ།
“བཀའ་ཁྲི་གསར་པ་འདི་ཕོ་ཁྱོ་ག་ཞིག་རེད་དམ་”ཞེས་པའི་རྩོམ་ཡིག་ཅིག་མགྱོགས་པོར་དྲ་ངོས་སུ་བསླེབས་ཡོང་།
ཐུགས་རྗེ་ཆེ་གང་འགྱོགས་ཡིན་ད།།
ཀླུ་སྨྱོན་ལགས་ཀྱི་རྩོམ་ཡིག་བཀའ་ཁྲི་གསར་པ་འདི་ཕོ་ཁྱོ་ག་ཞིག་རེད་དམ་ཞེས་པ་དེར་སྒུག་ནས་ཡོད་དོ།།
ཤར་ཁུག་ལགས་དང་འབྲེལ་བའི་སྲིད་སྐྱོངས་བློ་སེང་མཆོག་གི་དོན་རྐྱེན་འདིའི་ཐད་ལ། སྲོང་བཙན་བས་ཡང་འགྲེལ་བསྐྱར་འདོན་གྱི་དཔྱད་རྩོམ་འདི་མ་མཐོང་བའི་སྔོན་ཉིན། གྲོགས་པོ་རེ་དང་ལྷན་དུ་དམིགས་ཡུལ་གང་ཡང་མེད་པའི་སྒོ་ནས་ཤ་རུལ་ས་ཁར་བཏོན་ནས་ལབ་གླེང་ཉ་ཉོག་མང་བོ་ཞིག་བྱེད་རྒྱུ་བྱུང་། གྲོགས་པོས་བརྗོད་དོན་ལྟར་ན་༼ཤར་ཁུག་ལགས་ཉིན་གླའི་ལས་བྱེད་རང་ཡིན་པ་གཞི་ལ་བཞག་ནས་བལྟས་ན། ཤར་ཁུག་ལགས། ལས་གནས་ནས་རྩ་དགོངས་ལ་གཏོང་དང་མི་གཏོང་དང་ཁོང་གི་ལས་ཡུན་གྱི་དུས་ཚོད་མ་རྫོགས་ཀྱང་རུང་། བཀའ་ཤག་ལྷན་རྒྱས་ནས་ཐག་གཅོད་གང་བྱས་བ་དེ་ག་རང་ངོས་ལེན་བྱེད་རྒྱུ་ལས། ཨུ་ཚུགས་བྱེད་པའམ་འཁང་ར་ཅི་ཡང་འགྲོ་ས་ཡོད་བ་མ་རེད་ལབ་སོང་། ཡིན་ནའང་ཤར་ཕྱོགས་ཁུག་རྟའི་དཔྱད་རྩོམ་དེ་ལ་བརྟེན་ནས་ཁ་གཡར་སྟངས་དེའི་སྟེང་ན་གནད་དོན་ལྷག་བསྡད་ཡོད་བ་རེད་ལབ་སོང་།
དང་པོ། ཉིན་གླའི་ལས་བྱེད་དག་ལ་གཞུང་འབྲེལ་ལས་བྱེད་ནང་བཞིན་ཐོབ་ཐང་མེད་བ་དེ་བཞིན། ཉིན་གླའི་ལས་བྱེད་པ་དག་གིས་གཞུང་འབྲེལ་གྱི་སྒྲིག་སྲོལ་ཆེ་གེ་མོ་དག་འཁུར་མི་དགོས་བ་གསལ་བོ་ཤེས་བཞིན་དུ། གླེང་འདེབས་ཕྱོགས་འདི་སྙིང་རྗེ་མོ་མ་ཆགས་བའི་གནད་དོན་གཅིག་ལྷག་ཡོད་བ་རེད་ལབ་ཀྱིན།
གཉིས་བ། ཤར་ཁུག་ལགས་ཀྱིས་དགོངས་སེལ་ཞུ་དོན་དང་སྲིད་སྐྱོངས་མཆོག་གི་ལན་སྐྱོན་སྟངས་གཉིས་ཐད། འུ་ཅག་གིས་དཔྱད་ཞིབ་གང་ཡང་བྱེད་དགོས་བས་མ་ཟད། ཁོང་རྣམ་པ་ལྷན་རྒྱས་ཀྱི་མི་འདོད་ས་དང་མི་མཐུན་ས་བཙལ་ནས་ཕྱི་གསལ་ནང་གསལ་ཡོང་ཐབས་ལ་འབད་བརྩོན་དགོས་བ་རེད་ཟེར། ཇི་སྲིད་དུ་གནད་དོན་འདི་རིགས་གསལ་བོ་བཟོ་ཐབས་མ་བྱུང་བ་ཡིན་ན། དེ་སྲིད་དུ་བོད་མི་དམངས་ཀྱི་བློ་འཁྱེར་ཕྱོགས་དེ་ཁ་ཆགས་སྣ་རལ་གཏོང་རྐྱེན་ཁོ་ན་ལས་བོད་སྤྱི་དོན་ལ་ཕན་པའི་ལས་ཞིག་ལ་ངོས་འཛིན་བྱེད་སྟངས་ཡོད་བ་མ་རེད༽ལབ་པ་ལྟར་ན། དེ་རིང་ཡང་བསྐྱར་དཔྱད་རྩོམ་འདི་འགོད་མཁན་སྲོང་བཙན་བུ་ལགས་ལ་ཡང་དགོས་བ་རྒྱུ་མཚན་ཆེན་པོ་ཞིག་ཡོད་བ་རེད་བསམ་ཀྱིན་ཡོད་དེ། ད་ནི་སྲིད་སྐྱོངས་ལ་སྲིད་སྐྱོངས་ས་ནས་གུས་བརྩི་བྱེད་རྒྱུ་ཡང་གལ་ཆེན་རེད་བསམ་པ་དྲན་བྱུང་། སྤྱིའི་ཆ་ནས་སྲིད་སྐྱོངས་ལགས་ཀྱི་མཛད་པ་འཕྲིན་ལས་ད་ལྟ་གཞི་ནས་འུ་ཅག་གི་མིག་ལམ་དུ་གསལ་བོ་ཆགས་ཡོང་ངེས་རེད་ལ། དེ་བཞིན་ཁ་སང་དེ་རིང་གི་མེ་ལྩེ་འདིའི་དྲོད་རླབས་བརྟེན་པའི་ཁོང་གི་འགྲོ་འདུག་གནས་མལ་ནས་བཟུང་དོ་སྣང་གསར་བ་དང་གླེང་བརྗོད་ཚ་བོ་ཞིག་ལ་རེ་ན་མི་ཡག་གམ།
འཛམ་གླིང་སྤྱི་འགྲོས་ལ། ཉིན་གླ་བའི་རིགས་ལ་ཐོབ་ཆ་ཆུང་གི་ཡོད་ཚོད་ལགས། གང་ལྟར་ན། འཇིག་རྟེན་འདིའི་ཐོག་ལ་སངས་རྒྱས་མ་གཏོག་སྐྱོན་ཀུན་ཟད་ཞིག་མེད་པ་རེད། བཀའ་ཁྲི་བཀའ་ཤག་རྣམས་ཀྱིས་ཀྱང་ཕྱག་ལས་དང་ཐུགས་འགན་ཆེན་པོ་ཡོད་ཙང་། མི་རེ་གཉིས་ཀྱི་ངོར་མ་དགའ་བའི་ཐག་གཅོད་དང་ཕྱག་ལས་ཡོང་སྲིད་པ་རེད། ཕུག་རྒྱང་རིང་པོ་དང་མང་ཚོགས་ལ་ཐུགས་འགན་གཞེས་དགོས་བརྟེན་བྱ་ཐབས་ཅི་ཡང་ཡོད་མ་རེད། དེས་ན་ འདི་དང་འདི་ལྟ་བུའི་རྙོག་འཛིངས་ཅན་གྱི་སྒེར་འཁོན་རིགས་རང་གཞན་སུ་ལ་བྱུང་ན་ཡང་གང་ཐུབ་ཐུབ་གླེང་སློང་མ་དགོས་ན་སྤྱི་སྒེར་ཀུན་ལ་ཕན་ཆེ་བས། ཁྱེད་རྣམ་པ་བཟོ་བོར་གནས་ཐོག་ བོད་སྤྱི་དོན་ལ་བསམ་ཤེས་ཅན་ཞིག་ཡིན་ཚོད་ལ། ད་ནས་བཟུང་མཚམས་འཇོག་གནང་རོགས་ཞུ།། །།
དོན་དག་དེ་གང་ལ་འགྲོ་དང་མི་འགྲོ་དེ་གླེང་མཁན་དག་ལ་ཡང་རག་ལས་པ་རེད་འདོད། ཡིན་ཡང་། དོན་ངོ་མས་ཤར་ཕྱོགས་ཁུག་རྟ་འུར་རྡོ་ཆགས་འདུག མགོར་ཕོག་ས་དེ་སྲིད་སྐྱོང་བ་ཆགས་འདུག འདི་གསལ་བོ་གསལ་རྐྱང་རེད། སུས་བལྟས་ན་ཡང་ཤེས་གི་རེད། གསང་འདོད་རུང་གསང་ཐབས་ཡོད་པ་མ་རེད། ད་ནི་ག་རེ་བྱེད་དང་མི་བྱེད་རྣམ་པ་ཚོས་གཟིགས་རོགས། དེ་ལས་ཁ་གསང་ནས་སྲིད་སྐྱོང་བའི་ལས་དོན་དམིགས་བཀར་རེ་ལ་བཤད་ན་མི་ལེགས་སམ།
ཧོ་ཧོ་ཡ་ཁྱོད་ཚོ་བོད་ཀྱི་ཕྱི་ཕྱོགས་ན་ཡོད་ནི་ཚོས་སྒེར་འཁོན་རྩོད་གི་མ་འདུག ང་ཚོ་བོད་ས་སྟོད་སྨད་བར་གསུམ་ན་བཀའ་ཁྲི་གསར་བ་དང་བོད་མི་བདེ་སྡུག་གླེང་ནས་ཉི་མ་ཨེ་འཁྱོང་གི་བལྟས་ནས་ཡོད
བཙན་པོའི་གདུང་རྒྱུད་ནང་ཁུལ་ལ་འགྲིག་མཐུན་དང་ཕུ་ནུའི་བར་གྱི་ཕམ་ཁ་ལེན་དགོས། ང་ཚོ་ལ་མདའ་གྲི་མདུང་སྨྱུག་ཅི་ཞིག་བྱུང་ནའང་སོ་ཁ་དགྲ་བོའི་སྟེང་དུ་བསྐོར་རྒྱུ་རྗེད་མི་ཉན་་ ནང་ཁུལ་སྤུན་ཟླ་དངོས་ཀྱི་འདུ་ཤེས་དུས་ནམ་ཡང་བོར་མི་ཉན། བཀའ་ཁྲིའི་སེང་སྐད་འགའ་ཞིག་དམར་བོའི་ཁྱི་སྤྱང་ཚོའི་སྣ་ལ་གཟན་གི་ཡོད་ཚོད་འདུག་ན་ཕྱར་བ་གྲུ་འདེགས་ཀྱི་ལས་ལ་འབད་འབུངས་བྱེད་དགོས་སྤུན་ཟླ་ཚོ།
བཀའ་ཁྲིས། “ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད།” ཅེས་གསུངས་སོང་ཟེར། སྐད་ཆ་འདིའི་བདེན་དཔང་སུས་གནང་གི་རེད་དམ། ངས་བཀའ་དྲུང་ཡིག་ཚང་གི་མི་ཞིག་བརྒྱུད་ནས་གོ་ཐོས་བྱུང་བ་ལྟར་ན། ཤར་ཁུག་འདི་མི་ངོ་ཚ་མེད་པ་ཞིག་རེད། གང་ཡིན་ཟེར་ན། བཀའ་ཁྲིས་ཤར་ཁུག་ལ་ཐུག་འཕྲད་གནང་སྐབས་ངས་ཀྱང་མཐོང་བྱུང་། ཡིན་ནའང་། ཁོང་གིས་ད་ལྟ་ང་ལ་ལས་ཀ་ཡོད། དུས་ཚོད་མི་འདུག ང་ཚོས་གཞུག་ནས་སྐད་ཆ་བཤད་ཆོག་ཅེས་ལན་བཏབས་པ་མ་གཏོགས། “ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད།” ཟེར་བ་གསུངས་མ་སོང་ཟེར།
ངའི་ངོ་ཤེས་པའི་མི་དེ་ཧང་སངས་འདུག སྤྱི་ཚོགས་ནང་མི་འདྲ་ཡང་ཡོད་པ་རེད་ཟེར་ནས་མགོ་བོ་གཡུག་གཡུག་བྱེད་ཀྱིན་འདུག
དེར་བརྟེན། ངས་རེ་བ་ཡིན་ན་ཤར་ཁུག་གིས་བཀའ་ཁྲིའི་སྐད་ཆ་དེ་ཚོ་བཤད་དུས་འཁྲིས་སུ་མི་སུ་ཡོད་པ་དང་། སུས་སྐད་ཆ་དེ་ཚོར་བདེན་དཔང་བྱེད་ཐུབ་པ་སོགས་གསལ་བོ་བཟོ་དགོས་པ་རེད་འདོད། དེ་མིན་དྲ་ཐོག་ཏུ་གང་དྲན་དྲན་བྱས་ཏེ་བོད་ཀྱི་སྲིད་སྐྱོང་བ་ཁོང་ལ་གཞི་མེད་སྐྱོན་འཛུགས་གནང་ན་ཡག་པོ་མ་རེད། དྲ་གྲོགས་ཚོས་ཀྱང་ཁོ་ལྟ་བུའི་མགོ་བདེ་དྲན་འཁྲུལ་ཚོའི་སྐད་ཆར་ཡིད་ཆེས་བྱས་ཏེ་རང་གི་ལོ་རྒྱུས་ལ་ནག་ཐིག་མ་ཕབ་ན་བཟང་སྙམ། དཔེར་ན། སྲོང་བཙན་བུས་ཤར་ཁུག་གི་རྩོམ་ཡིག་ལ་བལྟས་ཏེ་གོང་གི་རྩོམ་ཡིག་དེ་བྲིས་པ་རེད། དེ་ཁག་ཡོད་པ་མ་རེད། ཡིན་ནའང་། སྲོང་བཙན་བུ་ཁོ་རང་ལ་བཀའ་ཁྲིས་ཤར་ཁུག་ལ་སྐད་ཆ་དེ་བཤད་སྐབས་མི་གཞན་པ་སུས་ཐོས་འདུག ཁྱེད་ཀྱིས་སྐད་ཆ་དེ་ལ་ཇི་ལྟར་ཡིད་ཆེས་བྱས་པ་ཡིན། ཤར་ཁུག་གཅིག་པུས་བཤད་པ་ཙམ་མིན་པར་ཁྱེད་ལ་ཁོངས་སྐྱེལ་གཉིས་པ་ཞིག་དང་ཁུངས་དག་པོ་ཞིག་ཡོད་དམ་ཟེར་ན། ཁག་པོ་ཆགས་ཡོང་།
ངོ་མ་ཡིན། དེང་སྐབས་ཤར་ཁུག་དང་ཤར་ཁུག་ཚོས་གང་སར་གཞི་མེད་སྐྱོན་འཛུགས་དང་སྐད་ཆ་མང་བོ་ཞིག་བརྫུན་བཟོ་བརྫུན་སྒྲིག་བྱེད་པ་ཚང་མས་ཤེས་གསལ་ལྟར། སྐད་ཆ་གང་ཡིན་རུང་འཇུ་ས་ཡག་པོ་ཞིག་མེད་ན་རང་གི་ལོ་རྒྱུས་ནག་པོ་ཆགས་ཀྱི་རེད་དཱ།
བླུན་པའི་ངང་ཚུལ་འཛིན་པ།།ཁུག་རྟའི་ངང་ཚུལ་ཡིན་སོང་།།སེང་གེ་ངང་ཚུལ་འཛིན་པ།།སྐབས་གསུམ་བཀའ་ཁྲི་ཡིན་སོང་།།
དེ་དང་དེ་གཉིས་བསྡུར་རྒྱུ།།བླུན་པོའི་སྟོང་བཤད་ཡིན་འགྲོ།།
ཨ་མའི་བུ་ལ་སེམས་ཤུགས་སྐྱེས་ནས།
མདོ་ནས་སྟོད་བར་རྐང་ལམ་བརྒྱུད་དེ།
ཁ་བ་བོད་པའི་དོན་ལ་ཉུལ་དུས།
ལ་ཐུར་འགྲོ་བ་ཆོས་ཉིད་ཡིན་པས།
སྐྱག་རྫུན་མིན་པར་དྲང་བོར་སོང་དང་།
པ་ལེ་རོ་ཏྲེ་ཟ་རྒྱུ་མི་དཀའ་།
ཟོ་བ་ཡོད་ན་པ་ནེས་ཡང་ཡོད་དོ།
མཆན། པ་ལེ = ཀོ་རེ།
པ་ནེས= ཆུ་ལ་གོ་དགོས
སྤྱིར་བཏང་བརྗོད་གཞི་རྙིང་པ་འདི་རང་སར་བཞག་ན་ཡག་པོ་མིན་འགྲོ།ཤར་ཕྱོགས་ཁུག་རྟའང་དེང་སང་ཕྱག་ལས་ལ་བྲེལ་སྒང་རེད།རྣམ་པ་གཅིག་ཏུ་ན་དེ་ལ་ཐག་གཅོད་ཅིག་གནང་དགོས་ན་ཁྲིམས་ཐོག་ཏུ་འགྲོ་དགོས་པ་རེད་མ་གཏོགས་དྲ་ཐོག་ཏུ་རྩོམ་ཡིག་བྲིས་བསྡད་པས་ཕལ་ཆེར་ཐག་ཆོད་རྒྱུ་དཀའ་མོ་ཡིན་རྒྱུ་རེད།
ད་ཁྲིམས་ཁང་དུ་འགྲོ་དགོས་ན་བཙོན་ཁང་དུ་འགྲོ་དགོས་ནའང་། ཤར་ཕྱོགས་ཁུག་རྟས་འདི་རང་སོར་བཞག་པ་ཡིན་ན་དཔོན་ངན་རུལ་སུངས་ཅན་གྱི་རྣ་ཅོག་རྒྱང་གི་རེད། དེ་བས་བདེན་པ་མཐའ་འཁྱོལ་བྱས། བློ་སེང་གི་འོག་ནས་ཐོན་དགོས་རུང་གྱོང་ཡོད་པ་མ་རེད།
ངས་གོ་ཐོས་བྱས་ན། ཤར་ཕྱོགས་ཁུག་རྟར་བདེན་པ་ཡོད་པས་དེང་སང་དབུ་མའི་ལམ་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཕྱག་ལས་གནང་གིན་འདུག་ཟེར། བཀའ་ཁྲི་སེང་གེ་ངན་ལ་གཏི་ཐུག་ཡིན་རུང་བཀའ་ཁྲི་ཡིན་པས་འདི་དག་གིས་དགོངས་པ་བཞེས་སྲིད་མོད། ད་ཐེངས་དེ་འདྲ་གང་ཡང་མ་གནང་བ་འདིས་ཁོང་གིས་དངོས་གནས་སྒེར་གཅོད་བྱས་པས་ཡིན་ན། ཡང་ན་ཁོང་ལ་ཨབ་ཕྲུག་ཁ་ཤས་སྤྱི་ཚོགས་ནང་གླེང་གཞི་ཡོད་མཁན་བཀྲ་མི་ཤིས་པའི་མི་དེ་འདྲ་ཡོད་སྐད་འདུག་པས། དེ་དག་གིས་ཤར་ཕྱོགས་ཁུག་རྟས་གང་མིན་ཚད་བྲིས་འདུག་ཅེས་ཁོང་ལ་སྤྲེལ་ལད་འཁྲབ། བཀའ་ཁྲིས་ཀྱང་བཀའ་བློན་འབྲོང་ཆུང་དང་ཚེ་རིང་དོན་གྲུབ། རྒྱ་རི་སྒྲོལ་མ་བཅས་ཀྱི་ལམ་སྟོན་དང་ཉམས་མྱོང་ལ་མ་གསན་པར་དབང་ཆ་སྒེར་གཅོད་བྱས་པས་མཇུག་འབྲས་འདི་ཁོང་གིས་ཉོས་པ་རེད། བྱས་པ་དང་འཕྲད་པ་མ་བྱས་པ་དང་མི་འཕྲད་པ་ཟེར་བའང་འདི་འདྲ་ཡིན་རྒྱུ་རེད།
ཡིད་སྐྱོ་བ་ཞིག་ལ། བཀའ་ཁྲི་འདི་ལ་མིང་ཆེན་པོ་དང་རྫིག་ཉམས་ཞེ་དྲག་རང་དགོས་ཚོད་གདའ་བས་ཁོང་གི་ཟླ་ངོ་ཁ་ཤས་ཀྱི་ལས་དོན་བྱེད་ཕྱོགས་དང་གཏམ་བཤད་གནང་སྟངས་ཀྱིས་མི་མང་པོར་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དྲན་དུ་བཅུག་ཡོད། བོད་མི་འདུས་སྡོད་ཀུན་ཏུ་བཀའ་ཁྲི་གསར་བའི་ཡོན་ཏན་མ་མཐོང་བར་མི་རྣམས་ཧང་སང་ནས་བསྡད་འདུག་པའང་ཁེག་མེད་མོད། རང་གིས་མི་ཤེས་ཀྱང་བཀའ་བློན་ཉམས་མྱོང་ཅན་ལ་མི་ཉན་པར་རང་གིས་སྒེར་གཅོད་བྱས་པས་མཇུག་འབྲས་འདི་སླེབས་པ་རེད། དེ་གསལ་བོ་དྲང་པོ་གཙང་མ་མ་བཟོས་དུས་སྤྱི་ཚོགས་རྙིང་པའི་འགྲོ་སྟངས་དང་ཨ་རིའི་ནང་གི་དཔལ་འབྱོར་གྱི་གཡོ་འཁྲབ་དེའང་འགྲོ་རྒྱུ་མ་རེད། ད་བཀའ་ཁྲིས་བོད་ཕྱི་ནང་གཉིས་ལ་ལན་ཞིག་གནང་དགོས་ཀྱི་རེད་གདའ།
ད་ངས་ཁྱེད་ཅག་ལ་ལོ་སྔོན་མ་བོད་ནང་གི་རྩོམ་པ་པོ་སེང་རྡོར་གྱིས་གླུད་ཚོགས་ཚོ་ཟེར་བའི་རྩོམ་ཡིག་ཞིག་སྤེལ་འདུག་པ་དེ་དངོས་སུ་ཁྱེད་ཅག་ལ་བབས་འདུག་ཅེས་བརྗོད་རྒྱུ་ཡིན། བོད་ནང་ནས་བོད་དོན་ཆེད་དུ་རང་སྲོག་བཏང་། གླུད་ཚོགས་ཁྱེད་ཚོས་རང་དོན་ཆེད་དུ་རྩོམ་འཆལ་སྤེལ། ངོ་མ་གླུད་ཚོགས་རང་རེད་གླུད་ཚོགས་གླུད་ཚོགས་ཧུཾ་བཛྲ་ཕཊ།
སྲོང་བཙན་བུ་ཞེས་པ་འདི་ཡང་ནང་སྐྲུག་བྱེད་མཁན་ཞིག་ཡིན་པ་ཐག་གི་ཆོད། དེ་མིན་ན་འཇག་ཟིན་པའི་སྐད་ཆ འདི་ལྷར་ཡང་སློང་དགོས་དོན་ཅི་ཡིན་ནམ། མདོར་ན་རྩོམ་ཡིག་འདི་མགོ་ནས་འཁྱོག་སོང་བ་གསལ་པོ་རེད། “ཕར་རྒྱུགས། གཞུང་གི་སྒྲིག་འཛུགས་ཀྱི་ལས་དོན་ཚང་མ་ང་རང་གིས་ཐག་གཅོད་བྱེད་ཀྱི་རེད།” སྐད་ཆ་འདིའི་བདེན་དཔང་ནི་ཤར་ཕྱོགས་ཁུག་རྟ་ལས་སུ་ཡང་མེད་པས་སྐད་ཆ་འདི་བདེན་ཤག་ཤག་བྱེད་པ་ནི་དང་པོ་ནས་འཁྱོག་སོང་བའི་རྟགས་མཚན་མིན་ན་ཅི་ཡིན།
རིག་རྒོད་ལགས་བཀའ་དྲུང་ཡིག་ཚང་གི་མི་དེའི་མིང་གསུང་རོགས་གཞན་ཡིད་ཆེད་དཀའ་འོ།།
བོད་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ན་མི་སྒེར་གྱི་དོན་བཞག་ནས་རང་གཞུང་ལ་བརྩི་བཀུར་བྱེད་དགོས
བཀའ་ཁྲིས་གཞུང་གི་དངུལ་སྤྱད་ནས་ཡར་མར་ལ་རྒྱུགས་རྒྱུ་ལས་ལས་ཁུངས་ནང་བསྡད་ནས་འཆར་གཞི་བཟོ་རྒྱུའི་འདོད་པ་མེད་པ་གསལ་བོ་རེད། ཁོ་རང་དགའ་ཤོས་གསར་འགོད་པར་སྐད་ཆ་བཤད་རྒྱུ་དེ་རེད། དེ་ནི་འགན་དང་འཆར་གཞི་གང་ཡང་མིག་སྟོན་དང་ལག་ལེན་བྱེད་མི་དགོས་པར། ཚིག་རྣོ་བོ་ཁ་ཤས་ཤིག་སྤྱད་ནས་མགོ་བོ་་ཞིག་པོ་བཤད་བཞག་ན་དེ་ག་རེད།
གཉིས་པ་བོད་མི་ཚོས་བློ་སེང་ལ་རྒྱབ་སྐྱོར་བྱས་ནས་ཁེ་ཕན་ཡོད་མ་རེད། ར་སྤུས་བཟོས་པའི་འུར་རྡོ་ར་མ་རང་གི་མགོ་གཅོག་་བྱེད་ཆགས་རྒྱུ་ཉག་ཅིག་ལས་མི་འདུག ཁ་ནས་སྤྱི་དོན་བཤད་ཁུལ་ལས་ཁོ་ནས་ཆོལ་ཁ་གཞན་ལ་ཞེ་ནག་པོ་ག་ཚོད་བྱེད་ཀྱི་ཡོད་པ་ཟུར་ལྟོས་ལེབ་མཐོང་རེད། ང་ཚོས་ཁོ་ལ་སྤྲད་པའི་སྟོབས་ཤུགས་མཐའ་མ་ང་རང་ཚོའི་ཐོག་ལ་སྒྱོགས་རྡོ་ནང་བཞིན་འཕེན་གི་རེད། དེ་ལས་དང་པོ་ནས་སོ་སོ་སོ་སོའི་ས་ནས་འདུག་ཤེས་ན་ཡག་གི་རེད། རྗེས་བློ་ཕམ་དང་འགྱོད་པ་ཐེ་བ་མི་སྐྱེས་པའི་ཁེ་ཕན་ཡོད་པ་རེད།
བློ་སེང་གིས་འུ་ཐུག་ན་བེད་སྤྱོད་གཏོང་རྒྱུའི་ལག་ཆ་ཞིག་ལ་བསམ་བློ་གཏོང་གི་ཡོད་པ་རེད། ཁོ་རང་གི་་ཞན་ཆ་དང་མ་འཇོན་པ་གླེང་མཁན་ཚང་མ་ཆོལ་ཁའི་འཐེན་ཁྱེར་ཡིན་པར་དངོས་ཤུགས་ཚང་མ་ནས་བརྒྱུད་བསྒྲགས་བྱས་ཏེ། གང་ལྟར་ཁོང་བྱས་ཉེས་ནམ་ཡང་ཁས་ལེན་འདོད་མེད་པ་གསལ་བོ་རེད། མཐའ་མ་ཁོ་རང་ཉེས་སྐྱོན་རྣམས་འགེབ་སྲུང་བྱེད་ཐབས་ཡག་ཤོས་ཆོལ་ཞེན་སློང་རྒྱུའི་གྲ་སྒྲིག་རེད།
ཆོལ་གསུམ་གཅིག་བསྒྲིལ་གནང་རོགས། ནང་ཁུལ་མཛའ་མཐུན་ལ་འབད་རོགས། ཕྱོགས་གཉིས་ཀ་ནས་དགོངས་པ་བཞེས་རོགས། གང་ལྟར་བོད་མིའི་ལས་དབང་མ་བརྗེད་པ་གནང་རོགས། བཀའ་ཁྲི་མཆོག་སྲིད་དབང་སྒེར་སྤྱོད་པ་ཞིག་ཏུ་ནམ་ཡང་མི་འགྱུར་བའི་རེ་བ་ཡོད།།
རང་གི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།།གཞན་གྱི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།། གཡོ་གཡོ་གཡོ། འབར་འབར་འབར།།
བོད་པ་ཚོ་་་་་་་་་གཏོར་བཤིག་ཐོངས་ཡ་་་་་་་་་་གཏོར་བཤིག་ཐོངས་ཡ་་་་་་་་་་་་ཨ་ཕའི་གདོང་གི་སྐྱོ་བ་བསམ་ན། བོད་པ་ཚོ་་་་་་་་་གཏོར་བཤིག་ཐོངས་ཡ་་་་་་་་་་གཏོར་བཤིག་ཐོངས་ཡ་་་་་་་་་་་གཞུང་དམངས་བར་ལ་གཏོར་བཤིག་ཐོངས་ཡ་་་་་་་་་་་་ང་ཚོ་ནི་་་་་་་་་་མཐུན་སྒྲིལ་བཤིག་པའི་སྟ་རེ་དང་་་་་་་་་་་་རང་མགོ་རྡུང་བའི་ཐོ་བ་ཡིན་ཡ་་་་་ཁྲེལ་མེད་ཚོ་་་་་་་་་བོད་པ་ཚོ་་་་་་་་་་་་གཏོར་བཤིག་ཐོངས་ཡ་་་་་་་་་་གཏོར་བཤིག་ཐོངས་ཡ་་་་་་་་་་ཨ་མའི་སེམས་ཀྱི་མིག་ཆུ་བསམ་ན། བོད་པ་ཚོ་་་་་་་་་་གཏོར་བཤིག་ཐོངས་ཡ་་་་་་་་་་གཏོར་བཤིག་ཐོངས་ཡ་་་་་་་་་་སྤུན་ཟླའི་བར་ལ་གཏོར་བཤིག་ཐོངས་ཡ། ང་ཚོ་ནི་མི་ངན་བརྒྱ་ཡི་མི་གླུད་དང་་་་་་་་་་་ཁྱི་ངན་བརྒྱ་ཡི་ཁྲུད་འཐུང་ཡིན་ཡ་་་་་་་བསམ་མེད་ཚོ།།།
ད་སྐྱག་ཤོར་ཚོ་འོ་དོད་དང་ཆོ་ངེ་མ་འདེབས་་སུན་གྱི་ཡོང་གི་ ངོ་ཚ་དང་ཁྲེལ་མེད་པའི་མི་ངན་ཚོ་ནང་དཀྲུག་གི་དབྱེན་སྦྱོར་ལས་འདི་མཚམས་བཞག་རོག་ འགའ་ཞིག་ལ་་དམར་ཟས་གྱི་་ཆེད་དུ་དམིགས་་ཡུལ་ངེས་ཅན་ཞིག་གི་་འོག་ནས་་བྱ་སྤྱོད་སྤེལ་གྱི་ཡོད་པ་རེད།། འགའ་ཞིག་རི་བོང་ཅལ་འགྲོག་གི་ཚུལ་གྱིས་དེ་དག་གི་རྗེས་སུ་འབྲང་ནས་ཅིག་ཅིག་མིག་མིག་བཤད་ཁུལ་མ་བྱེད་
བསམ་བློ་ཞིབ་ཏུ་ཐོང་དུས་ཚོད་གང་འདྲ་ཞིག་ལ་སླེབ་འདུག་ གནས་སྟང་གང་འདྲ་ཞིག་གི་འོག་ཏུ་ལྷག་འདུག ཕྱོགས་ཞེན་འཐེན་ཁྱེར་གྱི་གནའ་ཤི་གྱེན་དུ་མ་སློང་རོག