དྲི་བ་འདོན་མཁན། ཆབ་བྲག་ཕོ་ཉ།
༡༽ ཁྱེད་རང་བར་སྐབས་ཀྱི་མདོ་སྨད་སྤྱི་འཐུས་འོས་གཞི་ལ་ལངས་པའི་རྒྱུ་མཚན་ནམ་དམིགས་ཡུལ་གཙོ་བོ་གང་ཡིན།
ལན། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་ནས་ལོ་ངོ་༤༠ ཟིན་ལ་ཉེ་མོད། ཕྱོགས་གཅིག་ནས་སྲིད་བྱུས་དེ་ཉིད་མིང་དོན་མཚུངས་པ་ཞིག་༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་ཀྱི་དགོངས་གཞི་ལྟར་ཉམས་ལེན་གནང་ཐུབ་མི་འདུག་པ་དང། ཕྱོགས་གཞན་ཞིག་ནས་ཧུར་བརྩོན་ཅན་ཁ་ཤས་ཀྱིས་གཟས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་དགོངས་གཞི་ཐོག་མར་འདོན་མཁན་༸གོང་ས་མཆོག་ལ་དོན་མེད་ཟུར་ཟ། སྒྲོ་འདོགས་སྣ་ཚོགས་ཀྱིས་དཀྲོགས་གཏམ་སྤེལ་མཁན་གྱི་རྒྱ་བོད་གཉིས་ཀར་དུས་ནས་དུས་སུ་རྒྱུ་མཚན་གྱི་ལམ་ནས་འཐབ་རྩོད་བྱེད་དགོས་ཤིང། ལྷག་པར་བོད་རྒྱ་འབྲེལ་མོལ་མྱུར་ཏུ་ཡོང་རྒྱུར་རང་ཕྱོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་རྗེས་མཐུན་ལྟར་ཚད་ལྡན་ཞིག་འཛིན་ཐུབ་རྒྱུར་འབད་བརྩོན་དང་མི་སྣ་གསོ་སྐྱོང་བྱེད་པ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་མི་ལོ་༤༠ ལྷག་གི་ལོ་རྒྱུས་དང་འགན་ཁུར། མ་འོངས་པ་བཅས་ཀྱི་ཆེད་གུས་པས་ད་བར་བྱས་བསྡད་པའི་ལས་དོན་ཁག་ལ་ཤེས་ཡོན་ཅན་དང་གནད་ཡོད་མང་པོས་གདེང་འཇོག་བྱས་པ་དང། དེའི་མཐུ་ལ་བརྟེན་ནས་སྤྱི་འཐུས་སུ་ལངས་རྒྱུར་ཤེས་ཡོན་ཅན་མང་པོས་སྣ་དྲངས་དེ་ཡོངས་ཁྱབ་འབོད་སྐུལ་བྱས་པར་ལེགས་སོ་ཞུས་ཏེ་སྤྱི་འཐུས་སུ་ལངས་པ་ཡིན།
ལངས་དགོས་པའི་དམིགས་ཡུལ་གཙོ་བོ་སྤྱི་འཐུས་ཀྱི་འོས་འགན་དང། མི་མང་གིས་བསྐུར་བའི་འགན་འཁྲི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲུབ་བྱ་གཉིས་ལ་ཁ་རགས་ཙམ་མིན་པར་མཐིལ་ཕྱིན་པའི་ཤེས་རྟོགས་དང་འགན་ཁུར་ཐུབ་པའི་འཐུས་མི་ཞིག་བྱེད་ཐུབ་པ་དང། དེ་འདྲའི་འཐུས་མི་མང་པོ་ཞིག་ཡོང་ཕྱིར་ཤུགས་རྐྱེན་ཐེབས་ཆེད་བཅས་ཡིན།
༢༽ ཁྱེད་རང་སྤྱི་འཐུས་གནང་ཐུབ་པའི་གདེང་ཚོད་དེ་གང་ནས་སླེབས་བྱུང།
ད་ལྟའི་སྤྱི་འཐུས་ཚོས་བོད་ཀྱི་བདེན་མཐའ་བསལ་ཐབས་དང་བཙན་བྱོལ་སྒྲིག་འཛུགས་སྲ་བརྟན་གནས་ཐབས་གཉིས་ཀར་ཕྱག་ལས་གནང་སྟངས་དང་། ལྷག་པར་དེང་སང་མགོ་འབུས་ཙམ་ནས་སྤྱི་འཐུས་སུ་སླེབས་འདོད་བྱེད་པ་བཅས་ཀྱི་གནས་བབ་ལ་བརྟེན་ནས་རང་རློམ་ཙམ་མིན་པའི་གདེང་ཚོད་ཆེན་པོ་ཞིག་རྙེད་བྱུང་།
༣༽ གལ་ཏེ་སྤྱི་འཐུས་སུ་སླེབས་ན་དམིགས་བསལ་ལས་དོན་ག་རེའི་སྐོར་ནས་འབད་བརྩོན་གནང་རྩིས་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དགོངས་དོན་ཆ་ཚང་ངེས་ཤིང་། བཅའ་ཁྲིམས་ཀྱི་འབྲུ་དོན་འབྲུ་འགྲེལ་བཅས་ལ་གདེང་ཚོད་ཡོད་པའི་ད་ཡོད་ལས་ཐོག་སྤྱི་འཐུས་ག་ཚོད་ཡོད་དམ། འདི་དྲི་བ་གཅིག་རེད།
གཉིས་ནས་སྤྱི་འཐུས་རང་ཉིད་ལ་ཁྲིམས་སྒྲིག་ནས་བསྐུར་པའི་སྤྱི་འཐུས་ཀྱི་འོས་འགན་ཆ་ཚང་ཞིག་ངོ་འཕྲོད་ཀྱི་ཨེ་ཡོད་བསམས་བསམས་ཤིག་ཚོགས་ཐེངས་རིམ་པར་བལྟས་ན་ཤེས་གསལ་རེད། འཛིན་སྐྱོང་ཚགས་ཚུད་ཡོང་མིན་གྱི་དྲི་འདེད་མཁན་པོ་གྲོས་ཚོགས་རེད། ཡིན་ནའང། གྲོས་ཚོགས་འཐུས་མིས་འཛིན་སྐྱོང་གི་དབུས་མཐའ་ཁག་གི་ལས་དོན་ཡོངས་རྫོགས་ལ་དུས་ཚོད་ངེས་ཅན་བཏང་སྟེ་སློབ་སྦྱོང་མ་བྱས་དུས། དྲི་འདེད་ཟེར་པ་དེ་ཡང་ཚད་ལྡན་ཞིག་ཡོང་ཁག་པོ་རེད། ད་ལྟའི་ཚོགས་དུས་རིམ་པ་ཁག་གིས་ང་ཚོར་གསལ་བོ་ཞིག་བསྟན་ཡོད་པ་ནི། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་དང། བོད་རྒྱ་འབྲེལ་མོལ། སྐར་རྟགས་ཅན་གྱི་དྲི་བ་རིགས་ཁ་ཤས་བཅས་ལ་སྤྱི་འཐུས་ཚང་མས་བགྲོ་གླེང་གི་ཆ་ཤས་ལེན་གྱི་ཡོད་ནའང། འཛིན་སྐྱོང་གི་ལྷན་ཁང་ཁག་གི་ལས་སྡོམ་རྩིས་ཕྲའི་མཚོན། རང་དབང་ཅན་གྱི་སྡེ་ཚན་ཁག་གི་ལས་དོན་གནང་ཕྱོགས་བཅས་ཀྱི་ཐད་རྩ་བ་ནས་བགྲོ་གླེང་གི་ཆ་ཤས་ལེན་མཁན་ཉུང་ཉུང་རེད། མང་ཆེ་བས་ལས་སྡོམ་དང་སྔོན་རྩིས་ཚོད་དཔག་ཚོགས་ཆུང་སོགས་ཀྱི་སྙན་ཐོ་ཀློག་གི་ཡོད་མེད་ལ་ང་དོགས་པ་ཆེན་པོ་ཡོད།
ང་ལ་མཚོན་ན་གྲོགས་པོ་གྲོགས་མོ་མང་ཆེ་བ་གཞུང་ཞབས་རེད། གངས་སྐྱིད་ནས་ཡུན་རིང་ལས་ཀ་བྱས་པ་དང་དངོས་མཐོང་བྱུང་བ་སོགས་ཐབས་ལམ་འདྲ་མིན་ནས་འཛིན་སྐྱོང་གི་དབུས་མཐའ་ཁག་གི་གནས་སྟངས་གང་འཚམས་ལ་རྒྱུས་ཡོད་པ་རེད། ད་ལྟ་ཡིན་ནའང་ལྷན་ཁང་ནང་ཁུལ་དུ་བཀའ་ཤག་ནས་བཀོད་ཁྱབ་ཅི་བཏང། ལས་བྱེད་གནས་སྤོ་གང་བྱས་སོགས་ལ་ཉིན་གྲངས་ངེས་ཅན་རེའི་ནང་སོ་སོ་དངོས་སུ་སོང་ནས་ལྟ་གི་ཡོད། དེ་འདྲའི་རྐྱེན་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་གཉིས། བོད་ཀྱི་བདེན་མཐའ་གསལ་ཐབས་དང་བཙན་བྱོལ་སྒྲིག་འཛུག་སྲ་བརྟན་གནས་རྒྱུར་གཉིས་ཀ་སྒྲུབ་པའི་ལོ་རྒྱུས་ཀྱི་ཤེས་རྟོགས་དང། ད་ལྟའི་དངོས་ཡོད་གནས་བབ་དང་བསྟུན་པའི་སྒྲུབ་བྱའི་ལས་དོན་ནང་མཉམ་ཞུགས་བྱས་དང་བྱེད་བཞིན་པས་མཚན་ཉིད་ཚང་བའི་འཐུས་མིའམ། གྲོས་ཚོགས་ཀྱི་ཆེ་མཐོང་དང་རན་པའི་སྤྱི་འཐུས་ཤིག་བྱས་ཏེ་སྒྲུབ་བྱ་གཙོ་བོ་གཉིས་ཐད་ཧུར་ཐག་འབད་ཐག་བྱེད་འདོད་ཡོད།
ངས་ཧུར་ཐག་འབད་ཐག་བྱེད་སྟངས་དེ་ཡང་རང་གི་འོས་འག་དང་འབྲེལ་ཏེ་གདོང་ཐུག་རྒྱབ་པའི་གནད་དོན་བྱེ་བྲག་པ་རེ་རེ་གྲོས་ཚོགས་ནང་སྙན་གསེང་ཞུ་ཐུབ་ཙམ་མིན་པར། དེའི་ཐོག་ཕྱོགས་ཡོངས་ནས་སྙན་ཐོ་བཏོན་སྟེ་མི་མང་གི་རེ་འདུན་གྲོས་ཚོགས་སུ་ཞུ་རྒྱུ་ཡིན་ལ། དོན་འབྲས་བྱུང་མིན་ལ་མ་བལྟས་པར་ཞིབ་འཇུག་ཞིབ་ཚགས་པོས་སྙན་ཐོ་བཏོན་སྟེ་གྲོས་ཚོགས་སུ་འབུལ་རྒྱུ་ནི་ལོ་རྒྱུས་ལའང་འགན་ཁུར་བྱེད་སྟངས་ཤིག་ཡིན་པར་ངེད་ནས་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་སྔ་བདག་གིས་༼འོས་ཐོབ་པ་ཙམ་གྱིས་སྤྱི་འཐུས་མཚན་ཉིད་ཚང་བ་ཞིག་ཆགས་ཀྱི་ཡོད་དམ།༽ཞེས་པའི་རྩོམ་ཡིག་ནང་འདིའི་སྐོར་གཙོ་གནད་ཀྱིས་བཤད་ཡོད། སོ་སོ་དངོས་སུ་སླེབས་ན་དེ་ག་རང་ལག་ལེན་བསྟར་འདོད་ཡོད།
གཞན་དེང་སང་བོད་མི་རེ་ཟུང་གིས་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལོག་འགྲེལ་དང་ཟུར་ཟ་སོགས་བྱེད་ཀྱི་འདུག ད་སྔ་ཡན་གྱི་གྲོས་ཚོགས་ཀྱི་གནས་སྟངས་ལ་བལྟས་ན་དུས་ནམ་ཞིག་མི་སུས་མཚན་སྨོད་བྱས་ཡོད་མེད། སྤྱི་ཚོགས་ནང་བརྡབ་གསིག་ག་ཚོད་ཐེབས་ཀྱི་ཡོད་མེད་བཅས་ཁྱོན་ནས་ཞིབ་ཚགས་པོས་ཐུགས་སྣང་གནང་མཁན་ཉུང་ཉུང་རེད་བསམས། ང་ལ་མི་མང་པོས་རང་གི་ཁེ་ཕན་རྦད་དེ་དོར་ཉན་གི་མ་རེད་ཅེས་བཤད་ཀྱི་འདུག ཡིན་ནའང། མཚན་སྨོད་ཞུས་པ་སོགས་ཀྱི་གནད་དོན་འདི་དག་གི་ཐད་ངས་གྲོས་ཚོགས་ནང་གསལ་ཞིང་གསལ་པའི་ལམ་ནས་ཐེར་འདོན་བྱེད་ཀྱི་ཡིན་ལ། ༸རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུ་མཁན་རིགས་ནི་ངས་རྒྱ་ནག་གཞུང་ལས་ཀྱང་ཆེས་གཟབ་གཟབ་དང་དོགས་ཟོན་བྱེད་དགོས་པའི་གནས་སུ་འཇོག་གི་ཡོད་ལ། བརྩི་གི་ཡོད། དེའི་རྐྱེན་ངས་དེ་དག་ལ་ཞི་བ་དང་རྒྱུ་མཚན་གྱི་ལམ་ནས་ད་མུས་བཞིན་ངོ་རྒོལ་མཐར་ཕྱིན་པ་བྱེད་རྒྱུ་ཡིན། ཚོགས་དུས་དྲུག་པའི་སྟེང་སྤྱི་འཐུས་རེ་འགས་བོད་གཞུང་སྒོ་རྒྱབ་སོང་ཞེས་བཤད་མཁན་སུ་རེད་ཅེས་གྲོས་ཚོགས་ནང་དྲི་བ་ཡིན་ཁུལ་གྱིས་མ་འདོད་པའི་རྣམ་འགྱུར་བསྟན་ཡོད། དེ་དག་ད་དུང་གསལ་བོ་དང་གཙང་མ་ཆགས་མེད་ཚེ་ངས་དེ་དག་གསེད་དཀྲོལ་བྱེད་རྒྱུ་འདི་གོ་སྐབས་ཡག་པོ་ཞིག་ཏུ་མཐོང་གི་ཡོད།
དྲི་བ་འདི་གསུམ་བདག་གི་ངོ་དེབ་ཐོག་བཀོད་དེ་ཐེངས་འདིའི་མདོ་སྨད་སྤྱི་འཐུས་འོས་གཞི་རྣམ་པས་ལན་རེ་ཡོང་ན་མང་ཚོགས་ལ་ཅུང་རེ་ཕན་སྲིད་སྙམ་པ་ཡིན་པས་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་གལ་ཆེར་བརྩིས་ཏེ་ལན་འདེབས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་འོས་གཞིར་ཞུགས་མཁན་གཞན་དག་གིས་ཀྱང་ལན་རེ་གནང་བའི་རེ་བ་ཡོད།
སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཕུལ། ༢༠༡༤།༡།༢༣
ཡོ་རུབ་བྷེལ་རྗམ་དུ་སྐྱབས་བཅོལ་མ་རག་པའི་དཀའ་ངལ་ཡོད་འདུག
དེང་སྐབས་ཡུ་རུབ་སྦེལ་རྗམ་དུ་བསྐྱོད་པའི་བོད་མི་ཚོར་གཞུང་གིས་ཡིག་ཆ་མ་སྤྲད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ཉེ་ཆར་ནས་བོད་མི་མང་པོ་ཞིག་གི་ཡིག་ཆ་ནག་པོ་ཆགས་ཡོད་འདུགགནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ༢༠༡༤ ལོའི་ཕྱི་ཟླ་༡ ཚེས་ ༡༠ ཉིན་སྦེལ་རྗམ་བྷུ་རུ་ཧུ་ས་གནས་ནས་སྦེལ་རྗམ་གྱི་ཁྲིམས་རྩོད་པ་ཞིག་གིས་ཁྲིམས་རྩོད་པ་བྱེད་སའི་སྐྱབས་བཅོལ་མ་རག་མཁན་བོད་མི་༡༥ ཙམ་ཞིག་བསྡུ་བསྐོང་གིས། དེང་སྐབས་སྦེལ་རྗམ་དུ་བོད་མིར་སྐྱབས་བཅོལ་མི་རག་པའི་དཀའ་ངལ་སྐོར་འགྲེལ་བཤད་སྐབས། འདས་ལོའི་ནང་སྦེལ་རྗམ་དང་སུད་སའི་གཞུང་འབྲེལ་མི་སྣ་ཁག་ཅིག་རྒྱ་གར་སོགས་བོད་མིའི་སྤྱི་ཚོགས་སུ་གཟིགས་སྐོར་ལ་ཕྱིན་པ་དང་། རྡ་ས་ནས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བཀའ་བློན་རྒྱ་རི་སྒྲོལ་མ་བཅས་ལ་མཇལ་འཕྲད་གནང་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེང་སྐབས་རྒྱ་གར་དུ་བོད་མི་ཚོར་དཀའ་ངལ་གང་ཡང་མེད་སྐོར་བརྗོད་འདུག་ཅེས་གསུངས་འདུགགཞན་ཡང་ཁྲིམས་རྩོད་པ་ཞིག་གིས་བོད་མི་ཚོར་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་(RC) སྤྲོད་བཞིན་ཡོད་པ་དེའི་སྐྱབས་བཅོལ་དང་པོ་རྒྱ་གར་ལ་ཞུས་པ་མཚོན་གྱི་ཡོད་པ་དང་། སྦེལ་རྗམ་རྒྱལ་ཁབ་ཀྱིས་སྐྱབས་བཅོལ་གཉིས་པ་ཞུ་མཁན་ཚོར་སྐྱབས་བཅོལ་སྤྲད་ཀྱི་མེད་སྐོར་བརྗོད་ཡོད་འདུགགང་ལྟར་དེང་སྐབས་སྦེལ་རྗམ་ནང་སྐྱབས་བཅོལ་ཞུས་ནས་སྣེ་ལེན་ཁང་དུ་ཡོད་པའི་བོད་མིའི་གྲངས་འབོར་ ༤༠༠ ཙམ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་ལས། འདས་པའི་ཟླ་གཉིས་ཕྱེད་ཙམ་གྱི་ནང་ཁོ་ནར་ཡིག་ཆ་ནག་པོ་ཆགས་ཟིན་པ་སྟེ། སྐྱབས་བཅོལ་ཡིག་ཆ་མ་རག་པའི་མི་གྲངས་ ༤༠ བརྒལ་ཟིན་ཡོད་པའི་གནས་ཚུལ་འདུགདེང་སྐབས་སྦེལ་རྗམ་དུ་སྐྱབས་བཅོལ་མ་རག་པའི་བོད་མི་རྣམས་ཀྱིས་འཕྲིན་ཕྲན་ཐོག་ཚོགས་པ་ཞིག་བཙུགས་ཏེ་ཕན་ཚུན་གང་དགོས་ཅི་དྲག་གྲོས་བསྡུར་བྱེད་བཞིན་འདུག་ལ། འཕྲིན་ཕྲན་ཚོགས་པ་དེའི་ནང་མི་གྲངས་ ༢༥ ཡོད་པ་དང་། ད་དུང་འཕྲིན་ཕྲན་མེད་མཁན་དང་ཡོད་ཀྱང་འབྲེལ་བ་བྱེད་མ་ཐུབ་ས་གང་མང་ཡོད་འདུག སྐྱབས་བཅོལ་མ་རག་པའི་བོད་མི་ཁག་ཅིག་བྷུ་རུ་ཟུལ་བོད་མིའི་དོན་གཅོད་དུ་བཅར་ནས་བདེ་སྡུག་སྙན་སེང་དང་ལམ་སྟོན་ཞུས་པར། དོན་གཅོད་ཀྱིས་ཁོང་རྣམ་པ་ཕྱི་ལ་མ་ཐོན་པར་ནང་ནས་གང་བྱེད་རྒྱུ་འདུག་ལྟ་ཆོག་གི་རེད་ཅེས་གསུངས་ཡོད་འདུགདེང་སྐབས་སྦེལ་རྗམ་དུ་སྐྱབས་བཅོལ་མི་རག་པའི་རྒྱུ་མཚན་ནི་འདས་ལོའི་ནང་བོད་མིའི་སྒྲིགས་འཛུགས་ཀྱི་འབྲེལ་དཔོན་རིགས་དང་། ལྷག་པར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རང་སོགས་གཞུང་འབྲེལ་གཟིགས་སྐོར་བ་ཚོ་ཕར་ཕེབས་ཚུར་ཕེབས་སྐབས་སུ་རྒྱ་གར་ནང་བོད་མི་ཚོར་དཀའ་ངལ་མེད་སྐོར་དང་། རྒྱ་གར་ཀྱི་rcསྤྲོད་བཞིན་པ་དེས་བོད་མིར་ཐོབ་ཐང་དང་རང་དབང་། འཚོ་བ་བཅས་ཀྱི་ཐད་འགན་ཁུར་ཡོད་པ། ད་དུང་དཀའ་ངལ་ཡོད་མཁན་ཚོ་ཁེ་ན་ཌ་དང་ཨ་རི་སོགས་སུ་གཞུང་འབྲེལ་ཀྱི་སྐྱབས་བཅོལ་གཏོང་བཞིན་ཡོད་སྐོར་བརྗོད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་གླེང་སློང་བྱེད་བཞིན་འདུགསྦེལ་རྗམ་དུ་སྐྱབས་བཅོལ་མ་རག་པ་ཡིན་ན་ཁྲིམས་མཐུན་སྡོད་གནས་དང་ལས་ཀ་སོགས་གང་ཡང་རག་གི་མེད་པས་མ་ཚད། འཚོ་བའི་མདུན་ལམ་བཅས་སུ་དཀའ་ངལ་འཕྲད་ཀྱི་ཡིན་པ་རེད།ཡང་གནས་ཚུལ་གོ་ཐོས་ལྟར་ན། སྦེལ་རྗམ་དུ་བོད་མི་སྐྱབས་བཅོལ་བ་གཅིག་པུ་མ་ཡིན་པར། མི་རིགས་གཞན་གྱི་སྐྱབས་བཅོལ་བ་ཚོ་ལ་ཡང་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཡང་འདུགསྦེལ་རྗམ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ནས་འབྱོར་བའི་སྐྱབས་བཅོལ་བ་ཚོར་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༦ པའི་ཚེས་ ༢༨ ཉིན་ཇི་ནི་ཝར་ལྷན་ཚོགས་སྐབས་ཀྱི་སྐྱབས་བཅོལ་ཐོབ་ཐང་དང་འབྲེལ་བའི་འབྲེལ་ཡོད་གྲོས་ཆོད་དང་། ཕྱི་ལོ་ ༡༩༨༠ ཟླ་ ༡༢ པའི་ ༡༥ པའི་ཁྲིམས་ཡིག་དོན་ཚན་ ༤༨ པ་ཡིག་ཆ་ཨང་ ༤ པ་ནང་གསལ་བཅས་ཀྱི་ཁྲིམས་ལུགས་ལྟར། མི་རིགས་དང་ཆོས་ལུགས། རྒྱལ་ཁབ། དམིགས་བསལ་སྤྱི་ཚོགས་ཀྱི་ཚོགས་པའི་ཐོབ་ཐང་། ཡང་ན་ཆབ་སྲིད་ཀྱི་སྣང་ཚུལ་རྒྱུ་མཚན་དུ་བྱས་ནས་སྡུག་སྦྱོང་དང་བཙན་གནོན་གྱི་ཞེད་སྣང་ཡོད་པ་དང་། དེར་སོ་སོའི་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་མེད་པའམ། ཡང་ན་དེ་འདྲའི་འཇིགས་སྣང་ཡོད་པར་སོ་སོའི་རྒྱལ་ཁབ་ཀྱིས་སྲུང་སྐྱོབ་མི་བྱེད་པའི་མི་དག་དང་། གཞན་ཡང་རྒྱལ་ཁབ་མེད་པ་དང་སོ་སོའི་སྡོད་ཡུལ་རྙིང་པ་ནས་ཀྱང་མཐུན་རྐྱེན་རོགས་སྐྱོར་བྱེད་མི་ཐུབ་པའམ། དེར་ཡང་འཇིགས་སྣང་ཡོད་མཁན་སོགས་ལ་སྐྱབས་བཅོལ་སྤྲོད་ཀྱི་ཡོད་པ་རེད་འདུགགཞན་ཡང་སྦེལ་རྗམ་གྱི་ཁྲིམས་ལུགས་ལྟར་ ༡༩༨༠ ལོའི་ཟླ་ ༡༢ ཚེས་ ༡༥ ཉིན་ནས་རྒྱལ་ཁོངས་སུ་འཛུལ་བ་དང་། དེ་བཞིན་རྒྱལ་ཁབ་གཞན་ནས་ཕྱིར་ཕུད་བཏང་བའི་མི་རྣམས་ལ་གཞིར་བཞག་སྟེ། ཁྲིམས་ལུགས་ལྟར་ ༢༠༠༤/༨༣/EC/ཕྱི་ལོ་ ༢༠༠༤ ཟླ་ ༤ ཚེས་ ༢༩ ཉིན་གཞི་རྩའི་སྤུས་ཚད་དམ་འདང་ངེས་ཀྱི་ཆ་རྐྱེན་ནམ། རྒྱལ་ཁབ་གསུམ་པ་དེའི་ཐོབ་ཐང་ངམ་རྒྱལ་ཁབ་མེད་པའི་མི། དཔེར་ན་སྐྱབས་བཅོལ་བའམ་རྒྱལ་སྤྱིའི་སྲུང་སྐྱོབ་དགོས་པ་རྣམས་ལ་སྲུང་སྐྱོབ་ཀྱི་ཆོག་མཆན་དང་། ཁ་གསབ་སྲུང་སྐྱོབ་ཀྱི་རོགས་སྐྱོར་བཅས་གནང་གི་ཡོད་པ་རེད་འདུག །བོད་ཀྱི་བང་ཆེན་དྲ་རྒྱ་ལས་བཤུས།
བོད་ཀྱི་བང་ཆེན་གྱི་བང་ཚུལ་གྱིས་ཅི་བཤད་ལ་ངེས་པ་མེད་ཁར། དེའི་དྲ་བའི་ནང་དུའང་༸གོང་ས་ཆེན་པོར་ཁ་གཏོང་མཁན། བློ་བཟང་སེང་གེར་སྟོད་ར་གཏོང་མཁན་རྐྱང་རྐྱང་ཡིན། དེ་ནི་ཁོ་པ་ཚོའི་རང་གཟུགས་རེད། སྦེལ་རྗམ་གྱི་དཀའ་ངལ་དེའང་ཚོགས་གཙོས་གནང་བ་མ་རེད། སྲིད་སྐྱོང་གིས་ཧམ་པ་བཤད་ནས་རྒྱ་གར་ནང་གི་བོད་མིའི་བདེ་སྡུག་ཐག་གིས་བཅར་ཚར་བ་ཞིག་ཡིན་མདོག་མདོག་བྱེད་པ་རེད། གསར་འགྱུར་དེ་ཕྱི་རྒྱལ་གསར་ལམ་ཁག་ནས་བོད་ཀྱི་དུས་བབ་གསར་འགྱུར་ཚུན་ཆད་དུ་ཐོན་པ་རེད། དེང་སང་དམ་ཉམས་ངོ་ཚ་ཁྲལ་མེད་དོན་གྲུབ་ལྷ་དར་དང། ཁམས་པ་རྫུན་མ་བང་ཚུལ་སོགས་ཀྱིས་ཚོགས་གཙོ་མཆོག་གི་མགོར་འདེད་ཀྱིན་པ་འདྲ། སྐྱག་རྫུན་དེ་འདྲ་མ་བཤད་ན་དགའ་ནི་རེད།།
གོང་དུ་ཆབ་བྲག་ལྷ་མོ་སྐྱབས་ཟེར་བའི་མི་བུ་ཞིག་གི་རང་ཉིད་ཀྱི་ཕ་ཡུལ་གཅིག་པ་ཞིག་སྤྱི་འཐུས་ནང་དུ་སླེབས་མིན་ལ་ཚ་ཚ་འུར་འུར་གྱིས་དྲི་བ་གོ་རྒྱུ་མེད་མཁན་ཞིག་བཀོད་འདུག་ལ་ད་དུང་ཤར་ཕྱོགས་ཁུག་རྟ་ཟེར་བའི་བོད་བཙོང་མཁན་གྱིས་ཀྱང་ལན་ཞིག་བྲིས་ཁུལ་བྱས་པ་དངོས་གནས་རྒྱུ་མཚནཤེས་མཁན་གྱི་བོད་མི་རྣལ་མ་ཞིག་ཡིན་ན་ཤེས་ཐུབ།
གོང་གི་ཆབ་བྲག་གི་དྲི་བ་གཉིས་པ་དེ་ལ་ངས་ལན་ཞིག་འདེབས་པར་སྤྲོ། ཤར་ཁུག་སྤྱི་འཐུས་ལ་ལངས་པའི་སྤོབས་པ་གང་ནས་སླེབས་མིན་དེ་རེད། ཤར་ཁུག་སྤྱི་འཐུས་ལ་སླེབས་ན་མ་འོངས་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་རྒྱ་རབས་ལོ་རྒྱུས་ཐོག་ནག་ཉེས་བཟོ་བའི་གདེང་ཚོད་ཡོད་པ་དེ་རེད་མ་གཏོགས་བོད་སྤྱི་ཡོངས་ལ་ཕན་ཞིག་ཐོག་པའི་ལས་ཤིག་གང་ནས་སྒྲུབ་མི་ཡོང་། འདི་ནི་ངས་རང་གི་ཉམ་མྱོང་ཐོག་ནས་བཤད་པ་མ་གཏོགས་དོན་མེད་ཁ་སྟོང་ནས་ཚིག་སྟོང་ཙམ་བཤད་པ་གཏན་ནས་མིན། གང་ཡིན་ཟེར་ན།་ བོད་ནང་གི་བོད་མི་ཚོས་རང་སྲོག་དམར་བོ་འབེན་དུ་བཞག་ནས་རང་ལུས་མེ་སྲེག་གཏོང་བ་འདི་བོད་མི་ས་ཡ་དྲུག་གི་བདེ་སྡུག་རེད་མ་གཏོགས་གང་ཟག་རེ་གཉིས་ཀྱི་ལྟོ་རྒྱབ་ཙམ་མིན་པར་དཔྱོད་ལྡན་གྱི་བོད་མི་སྤྱི་ཡོངས་ཀྱི་ཤེས་ངེས། ཤར་ཁུག་དེ་ལས་ལྡོག་སྟེ་རྒྱ་དམར་བོའི་དར་ཆ་ལག་ཏུ་བཟུང་ནས་འཛམ་གླིང་མི་མང་གི་མིག་མདུན་དུ་ཞབ་འདྲེན་ཞུས་པ་དེས་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ ད་དུང་རང་ལུས་མེ་མཆོད་བྱས་པའི་རྒྱས་གཅེས་དཔའ་བོ་དེ་དག་གིས་ཤི་ཁར་མིག་བཙུམ་མ་ཐུབ་པ་དེ་དག་ཁྱོད་དང་ཁྱོད་འདྲ་བའི་བོད་མི་ཞབས་འདྲེན་པ་དག་རེད། ད་དུང་དབུ་མ་དང་རང་བཙན་ཁ་ལ་འཁྱེར་པའི་ཁྱི་རྒན་དེ་དག་མ་འོངས་པར་སྤྱི་འཐུས་ལ་སླེབས་ན་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་མཚན་སྨོད་ལས་ཕན་ཐོགས་བྱེད་ཅིག་མིན་པར་འདས་བའི་ཤར་ཁུག་གི་ལོ་རྒྱུས་ཀྱིས་ར་སྤྲོད་བྱེད་ངེས།
ད་དུང་ཡོན་ཏན་དང་འཇོན་ཐང་ཁོ་བ་ལས་ལྷག་མེད་ཟེར་བ་འདིར་བོད་མའི་སྒྲིག་འཛུགས་ལ་མི་ཟད་ཡོང་མེད་ན་གནའ་དེང་གཉིས་གཉིས་ཀྱི་ཕྱོགས་ནས་མཛུབ་རྩེར་ཅི་ཙམ་སྒྲེངས་ན་ཡོད། ཤར་ཁུག་ལྟ་བུ་སྤྱི་ཚོགས་ལ་ཉོག་གཏམ་ཞིག་བཤད་དེ་སློབ་སྦྱོང་མེད་པའི་བླུན་པོ་དག་ལ་མགོ་སྐོར་གཏོང་བ་ལས་སྐད་ཆ་ལྗིད་ཁོག་ཅན་ཞིག་གང་དུ་བཤད་ཡོད། གཏན་ནས་མེད་དོ། མ་འོངས་བོད་མའི་སྒྲིག་འཛུགས་སྲ་བརྟན་ཞིག་དགོས་ན་ཤར་ཁུག་རྟ་བུའི་བོད་བཙོང་མཁན་དང་ཁོ་དང་ཁོ་ཁྱབ་བསྒྲགས་བྱེད་མཁན་ཚོ་བོད་མིའི་བདེ་སྡུག་མ་དགོས་པར་རྐང་པ་གཅིག་ཕྱི་རྒྱལ་ལུང་པ་བཞག་ཡོད་མཁན་རྐྱང་ཡིན་པར་ཤེས་ཀྱིས།
ཆབ་བྲག་ལྷ་མོ་སྐྱབས་མི་དྲང་མོ་རེད་ཟེར་བ་ཞིག་གིས་ཤར་ཕྱོགས་ཁུག་རྟ་མི་གཡོ་སྒྱུ་ཁྲམ་གསུམ་འཁྲབ་མཁན་ཞིག་ལ་རྒྱབ་སྐྱོར་དང་བསྟོད་བསྔགས། འུར་བསྟོད་ཀྱི་ལམ་ཁ་བཟོ་བཞིན་འདིས་ཅི་ཞིག་སྟོན་གི་འདུག་ཅེ་ན། ལྷ་མོ་སྐྱབས་ཀྱི་ཤེས་ཡོན་དང་ཉམས་མྱོང་། རྣམ་དཔྱོད་གསུམ་སྟོན་གི་འདུག
ཤར་ཁུག་དང་། ཀླུ་འབྱམས་གཉིས་སྤྱི་འཐུས་ལ་མ་སླེབས་ན་བཟང་།
ཤར་ཁུག་སླེབས་ན་འདོད་ཀྱང་བློ་བཟང་སེང་གེའི་ཕྱོགས་ཀྱིས་སླེབས་རྒྱུར་གཡུལ་བཤམས་ཐག་གཅོད།
ཀླུ་མཁར་སླེབས་ན་འདོད་ཀྱང་མཚན་སྨོད་ཐལ་ཆའི་གཏམ་གྱིས་རང་གི་འགྲོ་ལམ་རང་གིས་བཀག
བཀྲ་དོན་སླེབས་ན་འདོད་ཀྱང་ཆོལ་ཁའི་ཕྱོགས་རིས་གཏམ་ལ་དེང་སང་མི་རྣམས་རྦད་དེ་སུན།
འདི་གསུམ་ལས་གཅིག་སླེབས་དགོས་ཚེ་སུ་སླེབས་ས་རེད་དམ། ང་སྔོན་མཁྱེན་ཡོད་ན་ཅིག་བཤད་འདོད་ཡོད་མོད། མེད་པས་ཡོང་ཁག་པོ་རེད། ཧཧཧཧཧ
༡༽ འོས་ཆོས་ཚང་ན་ཕ་ཡུལ་ཡིན་མིན་ལ་ཁྱད་པར་གང་ཡང་མེད། ངས་ཁོང་རྒྱ་གར་དུ་འབྱོར་དེ་ས་རཱ་མཐོ་སློབ་ཁང་དུ་ཡོང་ནས་ངོ་ཤེས་པ་ནས་བཟུང་དམིགས་བསལ་གྱི་ནུས་པ་ཅན་ཞིག་ཏུ་མཐོང་ནས་སྔ་ཕྱི་བར་གསུམ་དུ་མི་ཚེའི་མདུན་ལམ་ཐད་ལ་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་པ་ཡིན། མ་གཞི་ནས་ཁོང་དམིགས་བསལ་གསོ་སྐྱོང་གནང་མཁན་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་བཀའ་ཁྲི་ཟུར་བ་མཆོག་རེད། རྒྱུ་མཚན་འདིས་ཀྱང་ངས་ཁོང་ལ་རྒྱབ་སྐྱོར་ཞུ་བ་འདི་མ་འོས་པ་མེད་པ་ཞིག་ཡིན་པ་མཚོན་ཐུབ།
ངས་ད་དུང་མུ་མཐུད་དེ་ཁོང་ལ་རྒྱབ་སྐྱོར་གང་ཐུབ་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཞི་བདེའི་འཐབ་རྩོད་པ་ཕུལ་བྱུང་ཞིག་ཡོང་རྒྱུར་རེ་བ་བྱེད་རྒྱུ་ཡིན།
༢༽ སྐྱབས་བཅོལ་ཡིག་ཆ་མ་རག་པའི་མི་གྲངས་ ༤༠ བརྒལ་ཟིན་ཡོད་པ་ཚོར་རེ་རེ་བཞིན་དུ་བཅར་འདྲི་བྱོས་དང་གནས་ཚུལ་གསལ་བོ་ཤེས་ཐུབ།
“མ་གཞི་ནས་ཁོང་དམིགས་བསལ་གསོ་སྐྱོང་གནང་མཁན་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་བཀའ་ཁྲི་ཟུར་བ་མཆོག་རེད།”
༡)
སྐུ་སྒེར་ཡིག་ཚང་གིས་ཤར་ཁུག་གསོ་སྐྱོང་གནད་དོན་ནི་ཤར་ཁུག་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐྲུ་ཡིན་ཟེར་བའི་གནད་དོན་དེ་དང་ཐུག་ཡོད་པ་མ་རེད་དམ།
༢)
བཀའ་བློན་ཁྲི་ཟུར་མཆོག་གིས་གསོ་སྐྱོང་གནང་དོན་ནི་ཤར་ཁུག་གིས་དབུ་མའི་ལམ་རྒྱབ་སྐྱོར་ཡོད་མདོག་གིས་རང་བཙན་རྩོད་མཁན་དང་རང་བཙན་གྱི་བསམ་བློ་ཡོད་མཁན་དག་ལ་ཁ་ཞེ་གཉིས་མེད་ཀྱིས་རྒོལ་རྡུང་བྱས་བས་མ་རེད་དམ། ཡིན་ན་ཡང་། ཤར་ཁུག་དབུ་མའི་ལམ་ལས་འགུལ་ཁང་ལ་སླེབས་ནས་བཟུང་ལས་འགུལ་ཁང་དེ་ལ་སྤྱི་ཚོགས་ཀྱིས་མཐོང་དང་བཀུར་བསྟི་མི་བྱེད་མཁན་ཞིག་ཆགས་སོང་ང་།
ལྷ་མོ་སྐྱབས་ཁྱོད་ཀྱིས་འདི་དག་ལ་ཞིབ་འཇུག་བྱས་ཡོད་དམ།
ཉམས་ཞིབ་པ་ལགས།
”སྐུ་སྒེར་ཡིག་ཚང་གིས་ཤར་ཁུག་གསོ་སྐྱོང་གནད་དོན་ནི་ཤར་ཁུག་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐྲུ་ཡིན་ཟེར་བའི་གནད་དོན་དེ་དང་ཐུག་ཡོད་པ་མ་རེད་དམ།”
ཡོད་ན་སྐུ་ཉིད་ནས་གསལ་བོར་གསུང་རོགས། མེད་ན་རྣམ་རྟོག་མ་ཟ།
”དབུ་མའི་ལམ་རྒྱབ་སྐྱོར་ཡོད་མདོག་གིས་རང་བཙན་རྩོད་མཁན་དང་རང་བཙན་གྱི་བསམ་བློ་ཡོད་མཁན་དག་ལ་ཁ་ཞེ་གཉིས་མེད་ཀྱིས་རྒོལ་རྡུང་བྱས་བས་མ་རེད་དམ། ”
རྒྱབ་སྐྱོར་དངོས་དང་བྱེད་ཁུལ་གཉིས་ཀྱི་དབྱེ་འབྱེད་མི་ཤེས་པ་ཞིག་ཉམས་ཞིབ་པ་ཁྱེད་རང་ཡིན་ན་མ་གཏོགས་མི་གཞན་ཨེ་ཡིན། ཧཧཧཧཧ
རིགས་པའི་འགལ་འདུའི་ཕུང་བོ་ལྟར་གྱུར་བའི་བཀའ་མོལ་ཅིག་བཀུར་འོས་ཉམས་ཞིབ་པ་ཞིག་གིས་གསུངས་པ་འདི་ཡ་མཚན་མ་རེད་དམ།
ཡིན་ནའང། ངས་ཤར་ཁུག་ལ་རྒྱབ་སྐྱོར་མིན་གདའ། ཁྱེད་ལ་ག་རེ་གསུང་ཡ་ཡོད་ན་གསུང་རོགས་གནང། ང་ལ་ལྟ་འདོད་ཡོད་ལ་ཁྱེད་ལའང་གུས་བརྩི་ཡོད།
དགེ་ཆོས་ཀྱི་ཡང་སྲིད་ཡིན་ན། ཆབ་སྲིད་ལ་མི་བཞུགས་པ། བརྒྱ་ཆ་བརྒྱ་ཐག་བཅད་ནས་ཤོད་ཐུབ།
ད་བྱེད་དུས་ཤར་ཁུག་དེ་སྐུ་སྒེར་གྱི་གཟིམ་ཁྱི་རེད་འདུག དེ་ལ་ཡང་ཡང་སྣུམ་བྱུག་མཁན་དེ་སྐུ་སྒེར་གྱི་ག་རེ་ཡིན་ནམ། ད་གསལ་པོ་བྱུང་སོང་། ཁོ་རེ་དྲ་ཕྲུག་ཚོ། དགོན་པའི་ཁྱི་ལ་ཞུས་ན་བླ་མའི་ཐུགས་ལ་ཕོག་ཡོང་ཟེར་བ་ཤེས་སམ། ང་མཐའ་གཅིག་ཏུ་ཤར་ཁུག་ལ་རྒྱབ་སྐྱོར་ཡོད། ཁྱིའི་སོ་ལ་མི་སྐྲག་རུང་བདག་པའི་དབྱུག་པ་ལ་འཇིགས་གི
ཉམས་ཞིབ་པས་བཀའ་ཁྲི་ཟུར་བ་མཆོག་གིས་རྒྱ་གཞུང་ལ་ལན་འདེབས་ཚོགས་ཆུང་བཙུགས་པ་དེ་བོད་རང་བཙན་པ་ཚོར་རྒོལ་རྡུང་ཆེད་དུ་རེད་ཅེས་ཟེར་གྱིན་ཡོད་དམ། ངས་ཞིབ་འཇུག་བྱེད་མི་དགོས། ཞིབ་རྒྱུས་ཡོད། ད་ཉམས་ཞིབ་པ་ལགས་ཀྱིས་ཞིབ་འཇུག་གི་སྙན་ཐོ་འདོན་རོགས། ཧཧཧཧཧཧ
དགེ་ཆོས་ཀྱི་ཡང་སྲིད་ཡིན་ན་ཆབ་སྲིད་ལ་ལོས་ཞུགས། སྐུ་གོང་མའི་མཛད་འཕྲོ་སྐྱོང་ཕྱིར་དུ་་་་་ཧཧཧཧཧཧ
དེ་རིང་ཆབ་ལྷས་ཤག་ཁུག་གི་སྐོར་སྔ་མེད་གསར་སྟོན་འགའ་བྱས་འདུག། ཁོ་སྐུ་སྒེར་ཡིག་ཚང་གིས་གསོ་སྐྱོང་བྱས་པའི་མི་ཞིག་ཡིན་པ་བཤད་འདུག། ད་བྱས་ན་སྐུ་སྒེར་ཚང་གིས་ཁ་ཕྱོགས་དང་ལམ་ཕྱོགས་དེ་ཤག་ཁུག་གིས་བྱེད་སྟངས་དེ་ཡིན་པ་འདྲ། གལ་སྲིད་དེ་དོན་དངོས་སུ་གནས་པ་ཡིན་ན། སྐུ་སྒེར་ཚང་གིས་དབུ་མ་དང་རང་བཙན་བར་འགལ་འདུ་ཆེད་བཟོ་དང་། བོད་མིའི་སྤྱི་ཚོགས་སུ་རྒྱ་དམར་གྱི་རྒྱལ་བཅེས་པ་གང་མང་ཞིག་གསོ་སྐྱོང་དང་མཐུན་འགྱུར་སྤྲོད་མཁན་ཞིག་ཏུ་ངེས་འཛིན་མི་བྱེད་རང་བྱེད་རེད། དེས་ན་སྐུ་སྒེར་ཡིག་ཚང་ལ་ཡང་ངས་གུས་སྐུལ་མི་ཞུ།
ཨ་རོགས་ཆབ་བྲག་ལྷ་མོ་ལགས། ཁྱོད་ཀྱིས་སྐད་ཆ་དེས་ང་ཧོན་འཐོར་སོང་། གང་ཡིན་ཟེར་ན། སྐུ་སྒེར་ཡིག་ཚང་གིས་ཤར་ཁུག་བདག་བྱས་པ་ཤར་ཁུག་གིས་སྐྱག་རྫུན་དེ་མ་ལྡོག་པས་ཆེད་དུ་རེད། ད་དུང་མ་གཞི་ཁྱིའི་མིང་ལ་སེངྒེ་བཏགས་པ་གཅིག་མཚུངས་རེད། ཤར་ཁུག་ལྟ་བུ་བོད་བཙོང་ཞིག་ལ་སྐུ་སྒེར་ཡིག་ཚང་དང་བཀའ་ཁྲི་ཟུར་བའི་མིང་མ་བཏོན་ན་ལེགས་མ་གཏོགས་མྱི་ངན་ཁོང་གིས་སྐུ་སྒེར་ཡིག་ཚང་དང་བཀའ་ཟུར་གཉིས་གད་སྙུག་ཏུ་གཡུགས་པ་རེད། ཆབ་བྲག་ལགས། ཁྱོད་ཡོན་ཏན་པ་ཞིག་ཡིན་པའི་ཁུལ་ཡིན་པས་སྐུ་སྒེར་ཡིག་ཚང་དང་བཀའ་ཟུར་གཉིས་ལ་འདི་ལྟར་དམའ་སར་འཇོག་ངེས་ཡིན་ནམ། ཨོ་ཆབ་བྲག་ལགས། ངས་ཁྱོད་ལ་སྐད་ཆ་ཞིག་འདྲི། ཁྱོད་རང་བོད་མིའི་སྒྲིག་འཛུགས་སུ་ལས་ཀ་བྱས་མྱོང་ཞིག་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ངོས་ནས་སྤྱི་འཐུས་དང་སྤྱི་ཚོགས་ལ་ལམ་སྟོན་བྱེད་མཁན་དགེ་རྒན་མིང་ཅན་ཞིག་གི་ངོས་ནས་ཤར་ཁུག་ལས་ལྷག་པའི་ད་ལོའི་སྤྱི་འཐུས་ཤིག་མཐོང་མ་སོང་ངམ། ངས་བལྟས་ཡོང་ན་། ཁྱོད་ཀྱི་ཞེན་ཁོག་ལས་བོད་མི་ཡོད་དོ་ཅོག་གི་ཁེ་ཕན་ལ་བསམ་གཞིགས་བྱེད་མྱོང་མི་འདུག་ལགས། དེ་མིན་ད་དུང་སྐད་ཆ་ཞིག་ལ། ཉེ་ལམ་ཤར་ཁུག་གིས་ལག་ཏུ་རྒྱ་མའི་རྒྱལ་དར་ཕྱར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་སྒོ་ཆེན་མདུན་ནས་འཛམ་གླིང་མི་མང་གི་མདུན་དུ་དབུ་མ་མིང་དུ་བླངས་ནས་བོད་མིས་མགོ་བོ་དགྱེ་རྒྱུ་མེད་པར་བཟོས་པར་ཁྱོད་ལ་བསམ་ཚུལ་ག་འདྲ་ཡོད།
འོ་ན་ཉེ་སྔོན་བོད་རྒྱལ་ཁབ་དང་བོད་མི་རིགས་ས་ཡ་དྲུག་གི་བདེ་སྡུག་ཆེད་དུ་རང་སྲོག་དམར་བོ་མེ་མདེའི་སོ་ཁ་ནས་ལགས་ཤོར་རྒྱ་དམར་གྱི་དར་ཆ་མར་ལེན་ཅི་ཐུབ་བྱེད་ཀྱི་ཡོད་པའི་སྐབས་ཤར་ཁུག་གིས་ཡར་ཕྱར་བ་བོད་མི་དེ་དག་གི་མ་ཤེས་པ་ཡིན་ནམ། ཤར་ཁུག་གི་ཆབ་སྲིད་ཤེས་དྲག་པས་ཡིན་ནམ། ཆབ་བྲག་ལོ་ལོ ལན་ཞིག་གནང་རོགས། ངས་ཁྱོད་ཀྱི་ལན་ལ་སྒུག་འདུག
ངས་བལྟས་ན་ ཆབ་བྲག་ཁྱོད་ཀྱིས་སྐད་ཆ་ལ་དེ་ཙམ་ལྗིད་ཁོག་མི་འདུག་ལ་ཉེ་སྔོན་ཁྱོད་རང་སྤྱི་འཐུས་ནང་དུ་ཡོད་སྐབས་སྐད་ཆ་དེ་འདྲ་ཏག་ཏག་གིས་ཉིན་མ་འཁྱོལ་ཐབས་བྱས་པ་ཡིན་ནམ། ངོ་མ། ངའི་མིག་ནང་གི་ཆབ་བྲག་དབྱིན་ཡིག་ནང་དུ་མ་སོང་ན་( Zero)ཡིན་པར་དེ་རིང་ཤེས་ཐལ། ཆབ་བྲག་ལོ་ལོ། ད་ངས་བལྟས་ན་སྐད་ཆ་མང་བོ་མི་བཤད་མ་གཏོགས་ཆབ་བྲག་གིས་བཟི་གཏམ་བཤད་ཡོང་གི་ཡོད་ས་རེད། ཤར་ཁུག་གི་ཆེད་དུ་༧ཏཱ་ལའི་བླ་མའི་ཡིག་ཚང་དང་བོད་ཕྱི་ནང་གཉིས་ཀའི་དབུ་ཁྲིད་བཀའ་བློན་སོགས་ནག་པོ་བཟོ་ཡོངས་ཀི དེ་མིན་ན་ཆབ་བྲག་ཁྱོད་ལ་རང་ཚུགས་མི་འདུག་ མྱིས་བཤད་བཤད་གཏམ་མིན། བྱིས་སྒུམ་སྒུམ་འབུ་མིན་ཟེར་བའི་འུ་ཚོ་སྒང་བ་ཚང་གི་གཏམ་དཔེ་བཞིན་ གཞན་གྱིས་སྐད་ཆ་བཤད་ཚར་ལ་ཡིད་ཆེས་མི་བྱེད་རྒྱུའི་རེ་བ་ཡོད་ལགས།
ཡ་ཡ་ ད་ཡིན་ཡ་ དེ་རིང་ཁྱོད་ཚོ་སུ་ཐོབ་ན་ ངས་དེ་ལ་འོས་ཤོག་འཕེན་རྩིས་ཡོད་ ཧ་ཧ་ཧ་ཧ
ཤར་ཕྱོགས་ཁུག་རྟ་ལ་དགེ་འདུན་ཆོས་འཕེལ་སྤྲུལ་སྐུ་ཡིན་པར་སྐུ་སྒེར་ཚང་གི་ཕྱག་ཐམ་ཡོད་པས། སྐུ་སྔོན་པའི་མཛད་པ་སྐྱོང་དགོས་ནི་རེད་ཡ། སི་ཏུའི་ཀརྨ་པ་ཁྱེད་རྣམ་པ་གཅིག་པ་ཡིན་པས། ཁྱབ་སྲིད་ཀྱི་འགྲོ་དོན་རྒྱས་པར་ཤོག
གཤམ་གྱི་འདི་ལ་་ཨ་རི་ནས་ཆབ་སྲིད་བསྐྱར་ཞིབ་་་རྩོམ་སྒྲིག་པས་ལན་ཞིག་བཏབས་འདུག་ཟེར། རྣམ་པ་ཚོའི་སུས་འདི་ལ་ལན་ཐེབས་ན། ངས་ཁྱེད་ཚོའི་འདོད་པ་ལྟར་གྱི་མི་དེ་འོས་འཕེན་གི་ཡིན། དེ་མིན་ངའི་འོས་ཤོག་དེ་ཤར་ཕྱོགས་ཁུག་རྟའི་ཆོས་སྲིད་གཤོག་ཟུང་གིས་འཕྲོགས་ནས་ཕྱིར་ལོན་ཐུབ་མི་འདུག ཧཧཧཧཧཧ
http://www.khabdha.org/?s=%E0%BD%A4%E0%BD%A2%E0%BC%8B%E0%BD%95%E0%BE%B1%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%81%E0%BD%B4%E0%BD%82%E0%BC%8B%E0%BD%A2%E0%BE%9F%E0%BC%8D&x=0&y=0
ངས་དར་དམར་འཕྱར་བར་རྒྱབ་སྐྱོར་བྱ་དགོས་པའི་རྒྱུ་མཚན་ཆེན་པོ་བཅུ་གཉིས།
ཤར་ཕྱོགས་ཁུག་རྟ།
༄༅།། ངས་དར་དམར་འཕྱར་བར་རྒྱབ་སྐྱོར་བྱ་དགོས་པའི་རྒྱུ་མཚན་ཆེན་པོ་བཅུ་གཉིས་གཤམ་དུ་བཀོད་ཡོད་ལ། ཆོས་རྣམ་འབྱེད་ཀྱི་ཤེས་རབ་མེད་པ་དང་དབང་རྟུལ་ཚོར་བའི་རྗེས་འབྲངས་ཚོའི་ཡིད་ལ་ཤོང་མ་ཤོང་རེ་ཡོང་ན་བཟོད་གསོལ་ཞུ་རྒྱུ་ལས་བྱ་ཐབས་བྲལ་ཞིང། གལ་སྲིད་རྒྱུ་མཚན་ཆེན་པོ་བཅུ་གཉིས་ལ་རྒྱུ་མཚན་གཞན་ཞིག་གིས་གས་ཆག་གཏོང་ཐུབ་མཁན་ཡོད་ན། ཉིན་མོ་དེ་ནས་ངས་དར་དམར་འཕྱར་རྒྱུ་མཚམས་འཇོག་བྱེད་པར་ཐེ་ཚོམ་ནེམ་ནུར་གང་ཡང་མེད།
༡ གཉིས་སྨན་ནི་དབུ་མའི་ལམ་གྱི་སྙིང་དོན་ཡིན་ལ། དབུ་མའི་གྱི་སྲིད་བྱུས་ཀྱི་སྙིང་དོན་རྒྱ་ནག་གི་རྩ་ཁྲིམས་འོག་བོད་ལ་རང་སྐྱོང་ཐོབ་རྒྱུ་དེ་ཡིན་པས། དར་དམར་འཕྱར་བ་ཡིན་ན་གཉིས་སྨན་དང་རང་སྐྱོང་ཐོབ་རྒྱུ་གཉིས་ཀར་འགལ་བ་གང་ཡང་མེད།
༢ བོད་མིའི་འཐབ་རྩོད་ནི་རྒྱ་ནག་རྒྱལ་ཁབ་དང་མི་མང་གི་ཁ་གཏད་མིན་པ་སྲིད་སྐྱོང་མཆོག་ནས་ལན་མང་གསུངས་པ་ལྟར། སྲིད་བྱུས་བསྒྱུར་བཅོས་ལ་འཐབ་རྩོད་བྱེད་སྐབས་རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་མི་བརླག་པ་དང་དམངས་སེམས་ལ་ཞེ་འཁོན་མི་བསྐྲུན་པའི་ཐབས་ཚུལ་ཡང་དག་གཅིག་དར་དམར་འཕྱར་ནས་དགོས་འདུན་འདོན་པ་འདི་རེད།
༣ འབུ་ཆེས་ཆུང་ཟོས་མིན་པར་དྲང་བདེན་དང་ཡ་རབས། ཞི་བདེ། མཐུན་སྒྲིལ་བཅས་མིའི་རིན་ཐང་གོང་མཐོར་སྤེལ་གཞིའི་དཀྱིལ་སྙིང་དུ་འགྱུར་ཆེད་གཉིས་སྨན་གྲོས་མོལ་དང་གུ་ཡངས། ཞི་བའི་སྤྱོད་པ་རྒྱུན་འཁྱོངས་བྱ་དགོས་སྟབས། དར་དམར་འཕྱར་ཏེ་ཞི་བའི་སྤྱོད་པ་དམ་པ་རྒྱུན་འཁྱོངས་བྱས་པས། བོད་མི་ཚོར་འཚེ་མེད་ཞི་བ་ཉག་ཅིག་གི་ལམ་ནས་བོད་དོན་དཀའ་ངལ་སེལ་འདོད་ཡོད་པ་གསལ་སྟོན་བྱ་ཐུབ།
༤ བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་ཏུ་སྒྲིལ་ཆེད། རྒྱ་ནག་གི་རྩ་ཁྲིམས་ལ་བརྩི་བཀུར་བྱས་ཏེ་༼ བསམ་འཆར ༽་གྲོས་གཞིར་སྤྲད་ཟིན་སྟབས། ༼ བསམ་འཆར་༽མངོན་གྱུར་ཡོང་བར་འཐབ་རྩོད་བྱེད་པའི་ལས་འགུལ་གྱི་རྣམ་གྲངས་ནང་དར་དམར་འཕྱར་ཏེ་ནག་འདེད་བྱེད་པ་འདི་ཚུད་ཡོད།
༥ བོད་ལ་མ་འོངས་པར་གནས་སྟངས་གང་འདྲ་ཞིག་འབྱུང་མིན་ལ་མ་བལྟས་པར། རྒྱ་ནག་དབང་འཛིན་པ་ཚོའི་མཉམ་མཐའ་གཅིག་ཏུ་ཞི་བ་དང། ཤེས་ཡོན་ལྡན་པ། ཆེ་མཐོང་ཡོད་པ་བཅས་ཀྱི་འཐབ་རྩོད་རིམ་པར་བྱ་དགོས་སྟབས། དར་དམར་འཕྱར་ཏེ་འཐབ་རྩོད་བྱེད་པ་དེ་དེ་རིང་གི་གནས་བབ་དང་མཐུན་ལ། ཆེ་མཐོང་ཡོད་པ། ཤེས་ཡོན་ཅན་གྱི་ལས་འགུལ་སྤེལ་སྟངས་ཤིག་རེད།
༦ རྒྱལ་སྤྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པ་ཟེར་བའི་རྒྱ་གཞུང་གི་བཤད་སྟངས་འགོག་ཆེད། དར་དམར་འཕྱར་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་ཐད་རྩོད་ལེན་དང། བསྒྱུར་བཅོས་ཀྱི་རེ་འདུན་བཏོན་སྟེ་འཐབ་རྩོད་བྱེད་པ་དེས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང། ཁྲིམས་ལུགས་ལ་སྲུང་གཙི་མེད་པའི་རུལ་སུངས་ཀྱི་གནས་སྟངས་རྣམས་རྒྱལ་སྤྱིར་གསལ་སྟོན་བྱ་ཐུབ།
༧ དར་དམར་འཕྱར་ཏེ་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་པ་དེར། རྒྱ་ནག་གི་མི་མང་གིས་རྒྱབ་སྐྱོར་བྱེད་ཐུབ་པ་མ་ཟད། མཐོང་བ་ཙམ་གྱིས་མིག་ལ་འགྲོ་བ། དེ་དང་མཉམ་དུ་རྒྱ་ནག་མི་མང་རང་ལའང་རང་དབང་ཚད་ལྡན་ཞིག་དགོས་རྒྱུར་ཞི་བའི་འཐབ་རྩོད་བྱེད་དགོས་པའི་དྲན་སྐུལ་བྱེད་ཐུབ་པས། རྒྱ་ནག་ཁྱོན་ཡོངས་ལ་གཡོ་འགུལ་ཐེབས་གཞིར་འགྱུར་སྲིད་པའི་རྟགས་མཚན་མང་བ།
༨ མི་གསོད་ཁྲག་སྦྱོར་གྱི་ཐབས་ལམ་དང། ཡང་ན་བོད་ཀྱི་རིག་གནས་དང་གོམས་གཤིས་ཉམས་ཆག་ཟིན་མཚམས་བོད་ལ་རང་བཙན་གཙང་མ་སྟོབས་འབྱོར་རྒྱ་གང་ཆེ་བྱུང་ཡང་དེ་ལ་དོན་སྙིང་གང་ཡང་མེད་པ། ཕྱིའི་དངོས་པོ་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་སྤྱི་ཚོགས་དང་རྒྱལ་ཁབ་དག་གིས་ང་ཚོར་མིག་སྟོན་བྱེད་བཞིན་པས། དར་དམར་འཕྱར་ཏེ་འཐབ་རྩོད་བྱེད་པ་དེས་དེ་རིང་གི་གནས་བབ་འདི་འདྲའི་འོག་ཏུའང་མི་གསོད་ཁྲག་སྦྱོར་འགོག་པ་དང། བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ཐུབ་པར་ནུས་བ་ཐོན་ངེས།
༩ རང་སྐྱོང་ཐོབ་མཚམས་མ་གཏོགས་དར་དམར་མི་འཕྱར་ཞེས་པ་དང། དར་དམར་འཕྱར་ཏེ་རང་སྐྱོང་ཐོབ་རྒྱུར་འཐབ་རྩོད་བྱེད་པ་གཉིས་རྦད་དེ་ཁ་ཁ་ཡིན། སྔ་མ་ནི་ཐག་གཅོད་ཟིན་རྗེས་ཀྱི་ཁྲིམས་ཐོག་དང་ལོ་རྒྱུས་ཀྱི་གནས་སྟངས་ཤིག་དང། ཕྱི་མ་ནི་འཐབ་རྩོད་ཀྱི་གནས་སྐབས་ཡིན་པས་དེ་གཉིས་བསྡུར་ཐབས་བྲལ།
༡༠ ༧རྒྱལ་བ་བཅུ་བཞི་པ་ཆེན་པོ་དང་དབུ་མའི་ལམ་གྱི་རྗེས་འཇུག་པ་ཚོས་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་ཏུ་སྒྲིལ་རྒྱུ་རྩ་དོན་དུ་བརྩི་བ་ལྟར། རང་བཙན་འཐབ་རྩོད་པའི་ཕྱོགས་ན་རང་བཙན་གྱི་སྒྲོམ་གཞིས་མཚོན་སྦྱོར་དངོས་རྗེས་གསུམ་གང་འདྲ་ཞིག་ཐོབ་རྒྱུར་ཁ་གསལ་མེད་སྟབས། དར་དམར་འཕྱར་ཏེ་རང་སྐྱོང་འཐབ་རྩོད་བྱེད་པ་འདིས་རང་བཙན་ཆུང་ཆུང་ཞིག་བྱུང་ནའང་འགྲིག་པའི་འདོད་ཚུལ་རྣམས་གཏན་འགོག་བྱ་ཐུབ།
༡༡ རྒྱ་ནག་གིས་དབུ་མའི་ལམ་གྱི་གྲོས་མོལ་ལ་དམིགས་ཡུལ་གཞན་ཞིག་ཡོད་པར་ཁ་གཡར་བ་དེའང། དར་དམར་འཕྱར་ཏེ་མི་མང་སྡེབས་ལངས་ཀྱིས་རང་སྐྱོང་དགོས་པའི་མངོན་འདོད་གསལ་སྟོན་ཐུབ་པ་ཡིན་ན། རྒྱ་ནག་གིས་ངེས་པར་དུ་བཤད་སྟངས་གཞན་ཞིག་ཏུ་བསྒྱུར་དགོས་སྟབས། རང་སྐྱོང་སྤྲོད་འདོད་ཡོད་མེད་ཀྱི་གནས་བབ་དུས་ཐུང་ནང་ཐག་ཆོད་ཐུབ་ངེས།
༡༢ བཙན་བྱོལ་མི་མང་གིས་དར་དམར་འཕྱར་ཏེ་རང་སྐྱོང་འཐབ་རྩོད་གནང་བ་ཡིན་ན། ༧ཏཱ་ལའི་རུ་ཚོགས་ཀྱིས་ཁ་ཕྲལ་རྩོད་ཀྱི་འདུག་ཅེས་པའི་འཁྱོག་བཤད་དེ་གཞི་རྩ་ཁྱོན་ནས་མེད་པ་ཞིག་རང་བཞིན་གྱིས་ཆགས་པ་མ་ཟད། ༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་དངོས་ཤུགས་བརྒྱུད་གསུམ་ནས་བར་ཆད་རྩོམ་པའི་རྒྱ་གཞུང་གི་གཡོ་ཇུས་རྣམས་མཇུག་སྒྲིལ་ངེས་སོ།།
བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་ནས་རིམ་པ་དུ་མར་བོད་མི་མང་གིས་རང་དབང་ངང་འོས་ཤོག་འཕངས་ཏེ། མ་འོངས་བོད་ཀྱི་མདུན་ལམ་དབུ་མའི་ལམ་ནས་བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་ནང་སྒྲིལ་རྒྱུར་སྤྱི་མོས་རྒྱབ་སྐྱོར་ཐོབ་པ་བཞིན། མང་གཙོའི་ལྟ་གྲུབ་ལ་ཡིད་ཆེས་བློ་གཏོད་ཞུ་མཁན་ཞིག་ཡིན་ན། ད་ནི་མི་མང་གི་མངོན་འདོད་སྒྲུབ་ཐབས་སུ་རང་ནུས་ཡོད་ཚད་འདོན་དགོས་པར་སོང། དར་དམར་འཕྱར་ཏེ་ཡང་དག་པའི་མངོན་འདོད་དེ་འཐབ་རྩོད་བྱེད་པ་ལ། བོད་ཀྱི་བདག་པོ་བོད་མི་མང་གི་བཀའ་ཡི་གནང་བ་ཆ་ཚང་ཡོད་པས་མ་ཟད། སྤྱི་མོས་རྒྱབ་སྐྱོར་ཀྱང་ཡོད་ཡོད་པ་རེད།།
༢༠༡༣། ༢། ༡༩། ཉིན་ལྡི་ལི་ནས་སྤེལ།།
ངས་བཤད་པ་བདེན་པ་ཡིན། བདེན་པ་དང་དྲང་མོ་རྩ་དོན་ཡིན། གལ་ཏེ་སྐུ་སྒེར་དང་བཀའ་ཁྲི་ཟུར་བ་ལྟ་བུས་བདག་སྐྱོང་གནང་མེད་ཚེ་ཤར་ཕྱོགས་ཁུག་རྟར་ད་ལྟའི་འཕུར་རྩལ་འདི་འདྲ་ཞིག་ཡོད་དཀའ།
རྒྱ་ནག་གི་རྒྱལ་དར་འཕྱར་མཁན་གྱི་ཞུ་རྒོལ་དཔའ་རྒོད་གཉིས་བྱུང་ཡོད། དང་པོ་དེ་གླིང་ཚ་ལགས་རེད། ཁོང་གཉིས་ཀྱིས་རྒྱ་ནག་གི་རྒྱལ་དར་གཅིག་པུ་ཕྱར་བ་མ་རེད། མིག་ཡོད་ན་དེའི་རོགས་ལ་བོད་ཀྱི་རྒྱལ་དར་ཡང་མཉམ་དུ་ཕྱར་ཡོད་པ་རེད།
ཁོང་གཉིས་ཀྱིས་རྒྱལ་དར་གཉིས་མཉམ་དུ་ཕྱར་བ་དེས། གཅིག་ནས་ལོ་རྒྱུས་ཀྱི་ཆ་ནས་སྤྱིར་བོད་རྒྱ་འདྲ་མཉམ་ཡིན་པ་མཚོན། གཉིས་ནས་དབུ་མའི་ལམ་གྱི་ཞི་བའི་གྲོས་མོལ་དེ་ཡང་ཕན་ཚུན་འདྲ་མཉམ་གྱིས་གནང་དགོས་པ་མཚོན། གསུམ་ནས་ང་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱིན་པ་ལས་རྒྱ་ནག་མི་དམངས་ལ་ངོ་རྒོལ་བྱེད་ཀྱིན་མེད་པ་ཡང་མཚོན་པ་རེད། རྒྱུ་མཚན་སྐར་ལྔའི་དར་དམར་དེ་མི་དམངས་དུང་ཕྱུར་དུ་མའི་ཀྲུང་གོ་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་པ་ལས་པེ་ཅིན་གཞུང་འཛིན་པའི་མཚོན་རྟགས་མ་རེད།
དེ་བས་མགོ་འདོགས་རིང་ལུགས་དང་རྒྱལ་འཚོང་བ་ཟེར་བའི་སྐད་ཆ་རྣམས་བདེན་པ་མིན། རང་གི་རྒྱལ་དར་ཕྱར་ནས་མགོ་འདོགས་སྲོལ་ཞིག་གང་ན་ཡོད། སྐྱོན་འཛུགས་ས་མེད་ན་འདི་འདྲ་དག་ལ་ཁ་འཕངས་ནས་ནག་པོ་བཟོ་དཀའ་འོ།
ཆབ་ལྷ་འདིས་རྒྱ་བོད་ཆབ་སྲིད་ཀྱི་མདུན་རྒྱབ་ཤེས་མཁན་གྱི་མི་བུ་ཞིག་མ་རེད། རྒྱལ་དར་གཉིས་ཕྱར་བས་བོད་རྒྱ་འདྲ་མཉམ་ཡིན་པར་མཚོན། ཧཧཧཧཧཧཧ། བོད་ཀྱི་ཡོད་ཚད་ཀྱི་ཡོད་ཚོད། རྒྱ་དམར་གྱིས་འོག་ཏུ་བསྒྱུར་རྒྱུ་ཡིན་པས་ན་འདྲ་མཉམ་ཞེས་པའི་སྐད་ཆ་ཞིག་ཡོང་རྒྱུ་མེད་པར་མི་ལོ་དྲུག་བཅུའི་ལྷག་གིས་མྱོང་བའི་གྲུབ། ཕྱི་སྡོད་བོད་མིས་དམར་དར་ཕྱར་མཁན་བོད་གཟུགས་གཉིས་བྱུང་བ་དང་། ཤག་ཁུག་དང་ཁོ་པས་ཇུས་ངན་གྱིས་ཚེ་རྡོ་ཡིས་བོད་དོན་བྱས་པར་དགའ་བསུ་མི་ཞུ་བ་མ་ཟད། རྒྱ་བོད་བསམ་ཤེས་ཅན་གང་གིས་སྲུང་སྐྱོབ་མ་བྱས་པར་ཁོང་བོར་སོང་བ་རེད། དམར་དར་འདིར་བོད་མི་ཙམ་མ་ཟད་རྒྱ་མི་མང་གཙོ་བ་དང་དམར་གཞུང་ལ་རྒྱབ་གཏོད་བྱེད་མཁན་རྒྱ་མི་འབུམ་ཕྲག་མང་པོས་རྒྱ་ནག་མི་དམངས་ཀྱི་རྒྱལ་དར་དུ་མི་འདོད་པའི་གནས་ཚུལ་མང་དག་དྲ་ལམ་དུ་མཐོང་རྒྱུ་འདུག་པས་མིག་གཙུམ་ནས་སྐད་ཆ་མ་བཤད། དམར་གཞུང་གི་རྒྱལ་རྟགས་སྐར་ལྔ་ལས་གྲུབ་པའི་དམར་དར་འདི་ནི་པེ་ཅིན་དམར་གཞུང་གི་རྒྱལ་དར་ཡིན་པ་ལས་རྒྱ་ནག་མི་དམངས་ཀྱི་རྒྱལ་དར་མི་འདོད་མཁན་རྒྱ་མི་འབུམ་ཕྲག་མང་པོ་ཡོད་ནི་རེད། སྐབས་འཚོ་བའི་ཁྱེད་རྣམ་པས་བྱ་སྤྱོད་འདི་དག་རྒྱ་བོད་གང་ས་ནས་ལམ་ཁ་ཞིག་ཡོད་ནི་མ་རེད། པེ་ཅིན་དམར་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགོ་ཏུ་མགོ་འོག་ལུས་ཚུད་བྱེད་ནས་འགྲོ་བ་འདོད་མཁན་ཕྱི་སྡོད་བོད་པ་འདི་ཚོ་མགོ་འདོགས་རིང་ལུགས་པ་མིན་ན་དེ་ལས་གཞན་པའི་མགོ་འདོགས་རིང་ལུགས་པ་ཞིག་གི་ཚད་གཞི་འདི་བཀོད་དང་བལྟ་ཆོག་རྒྱུ་རེད།
བསོད་ནམས་མིང་ཅན་འདིས་རྟག་པར་ང་ལ་ཅིག་ཨེ་གནག་གནག་ལ་ལྟ་གི་འདུག སྙིང་རྗེ། ང་ལ་སྐྱོན་བརྗོད་ཁུལ་གྱིས་དོན་ལ་ཁོ་རང་གིས་ཅིག་དཀྲུགས་ན་འདོད་ཀྱིན་པ་འདྲ། ཡིན་ན་ཡང་ཁོའི་་སྐད་ཆ་ཡུ་བ་མེད་པ་འདིས་དཀྲུགས་ཤིང་གི་ནུས་མི་ཐོན། རང་མཚང་བསྟན་པ་ཙམ་མོ།
རོང་བཙན་ཟེར་བ་ཁྱོད་ཀྱིས་ཀྱང་བོད་ཀྱི་རྒྱལ་དར་ཕྱར་མྱོང་ལོས་ཡོད། བཙན་བྱོལ་བོད་མི་ཚང་མས་ཅིས་བོད་དར་ཕྱིར་འཕྱར་གྱིན་ཡོད་པ་རེད། འདྲ་མཉམ་མིན་ཞེས་འཕྱར་གྱིན་པ་རེད་དམ། ཧཧཧཧཧཧ
གལ་ཏེ་ཀྲུང་གོ་བའི་ནང་ན་རྒྱལ་དར་ཁས་མི་ལེན་པ་འབུམ་འགའ་ཡོད་པའི་དབང་དུ་བཏང་ན་ཡང་དེས་རྒྱལ་དར་དེ་རྒྱལ་དར་་མ་ཡིན་པ་སྒྲུབ་མི་ནུས་ལ་མི་གྲངས་དེ་ཙམ་ཞིག་དུང་ཕྱུར་བཅུ་ལྷག་གི་ནང་ནས་ཧ་ཅང་ཉུང་ངུ་ཞིག་མ་ཡིན་ནམ། རྒྱ་ནག་དབང་འཛིན་པའི་དར་ཆ་ངོ་མ་ནི་དམར་ཕྱོགས་པའི་དར་དམར་དེ་ཡིན། ཏང་དར་མེ་ལ་བསྲེགས་སོང་བ་རྒྱ་རིགས་ནང་ན་ཡང་ཡོད་པ་རེད། འོན་ཀྱང་བཙན་བྱོལ་བའི་མི་རབས་གསར་བ་ཚོས་དེ་ཙམ་ཡང་མི་ཤེས་པར་རྒྱལ་དར་མེ་བསྲེགས་པ་མ་ཡིན་ནམ། ཧཧཧཧཧཧ
དེ་རིང་ཆབ་དྲག་ནས་ལོ་གསུམ་བྱི་པའི་སྐད་ཆ་འདྲ་ཞིག་བཤད་འདུག་ ཤར་ཁུག་ནི་སྐུར་རྒེར་དང་ཟམ་གདོང་གི་གསོས་ཕྲུག་རེད་ཟེར་བ་དང་ དམར་པོའི་དར་ཆ་གནམ་ལ་ཕྱར་མཁན་དེ་ཕོ་རྒོད་ཟེར་ཧཧཧཧཧ་
དང་པོ་སེམས་ཤུགས་ཡོད་མདོག་བྱས་ནས་མདོ་སྨད་ཀྱི་སྤྱི་འཐུས་ལ་བསྡད། རྗེས་ལ་སྤྱི་འཐུས་ཀྱི་མིང་ཁྱེར་ནས་ཕྱི་རྒྱལ་ལ་སོང་ཚར་རེད། འགའ་ཤོས་ཞིག་ལས་གནས་མ་རྫོགས་ནའང་ཕྱི་རྒྱལ་ལ་འགྲོ་ཚར་བས་རྗེས་གཞི་ནས་དགོངས་པ་ཞུས། ལྷ་མོ་སྐྱབས་ཁྱེད་རང་ཡང་དེའི་གྲོས་སུ་ཡོད་པ། ད་རེ་ཡང་ཁྱོའི་སློབ་མ་ལ་ཕྱི་རྒྱལ་ལ་འགྲོ་སའི་ལམ་ཁ་ཞིག་འཚོལ་གྱིན་ཡོད་ག། འདི་འདྲ་བྱས་ནས་ང་ཚོ་ལ་འབུམ་མང་པོ་དཔལ་འབྱོར་གྱི་གྱོང་ཆུ་ཚོད་གྱི་རག་གི་ཡོད་པ། འདི་ཚང་མས་ཤོས་དགོས་བ་གལ་ཆེན་པོ་རེད་བསམ་སོང་།
སྦེལ་ལྗམ་ནང་ཡོད་པའི་བོད་པ་ཤོག་བུ་ནག་པོ་ཆགས་པ་དེ་དག་
ལ། མི་རེ་རེ་ལ་སྦེལ་ལྗམ་གཞུང་གི་ཡིག་གེ་རེ་རེ་སྤྲད་འདུག།
དེའི་ཐོག་དཔར་རིས་བར་ཡུལ་སྣེ་ལེན་ཁང་དང། རང་དབང་ལག་
དེབ། སྡ་ས་སོགས་དཔར་རིས་འདྲ་མིན་དང། འབྲེལ་བརྗོད་བྱེད་
མཁན་གྱི་མིང་ཡོད་ས་རེད། དེ་ཡིན་དུས་སྲིད་སྐྱོང་ཡིན་དང་
མིན་རྩོད་དགོས་ཀྱི་ཡོད་ས་མ་རེད། ཨ་རོག་ཚོ།
དབང་འཛིན་པའི་ཞབས་འོག་གི་བཙན་བྱོལ་བོད་མིའི་དམངས་གཙོ། འདི་ནི་བོད་ཀྱི་བང་ཆེན་ལས་འདིར་དྲངས་པ་ཡིན།
གྲོགས་པོ་ལགས། བདེ་མོ། ལོ་འདི་འགའི་རིང་བལྟས་བལྟས་རིག་རིག་ལ་ཁྱོད་འགྲོ་ཤེས་སོང། མ་གཞི་འགྲོ་ཤེས་ནོ་གཤོག་པ་མེད་པས་དྲིན་རེད། དེ་གཅིག་ཡིན། གཉིས་ནས་སྤྱི་ཚོགས་གནས་བབ་དང་མི་དམངས་ཀྱི་ཁེ་དབང་འགན་ཁུར་ཤེས་པའི་དཔོན་པོ་ཞིག་བྱེད་འདོད་ན། རྒྱ་དར་བསྒྲེངས་ནས་དངོས་སུ་ལས་འགུལ་སྤེལ་རྒྱུ་སྔ་དྲགས་པ་རེད། ད་དུང་རང་གི་བསམ་བློའི་རྒྱབ་ལྗོངས་ལ་རང་གིས་འགྲེལ་བཤད་བརྒྱབ་ནས་བསྡད་ན་དེ་ལ་རྟོགས་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་བསྟུན་མ་ཤེས་པའི་སྐྱོན་འབབ་ཀི་རེད། དེ་ཧོལ་རྒྱུག་ཟེར་ན་ཡང་འགྲིག ཁྱོས་རྒྱ་དར་བསྒྲངས་ནས་ལས་འགུལ་འགོ་མ་བརྩམས་པའི་སྔོན་ལ་རང་ཉིད་མི་དམངས་ལ་དགོས་མཁོ་ཡོད་པའི་མི་ཞིག་བྱ་བའི་ལག་ལེན་དངོས་ཀྱི་ཐོག་ནས་བྱ་དགོས་དེ་རེད། ཐག་ཉེ་ས་ནས་དཔེ་མཚོན་ཞིག་འཇོག་དགོས་ན། བདེ་དོན་ཟླ་བ་ཚེ་རིང་དང་ཨོ་རྒྱན་སྟོབས་རྒྱལ་ལྟ་བུ་རེད། དེ་ཙམ་ཡིན། ཁོམ་མ་སོང་་་་་་།
ཆབ་ལྷ་ལགས། རེད་རེད། དམར་དར་འོག་ནས་བོད་མི་རིགས་ལ་རང་དབང་དང་ཐོབ་ཐང་མེད་པ། འདྲ་མཉམ་དང་དྲང་བདེན་མེད་པས་ངས་སེང་དར་ཕྱར་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ལོ་རྒྱུན་དང་། རྒྱལ་ཁམས་དང་ས་མཚམས་ཀྱི་འཁོར་ཡུག། ཤིང་ནག་དང་རི་ཀློང་གི་གཏེར་ཁ། རྩ་ཐང་དང་མེ་ཏོག་སོགས་ཀྱིས་རྒྱན་པའི་ཡུལ་ལྗོངས་དང་། ལས་འབྲས་དང་དགེ་སྡིག་གི་བླང་དོར་བ། གཞན་ཕན་དང་བྱམས་རྩེ་ཡིས་སྐྱོངས་བའི་གདོང་དམར་བ། ལར་རྒྱ་དང་ཕྱི་ཐག་རིང་བའི་གངས་ཅན་པ་དང་། སྐད་ཡིག་དང་རིག་གཞུང་ཟབ་པའི་རྣམ་ཐར། ལྟ་གྲུབ་དང་བློ་སྦྱོངས་ཟབ་པའི་གཞུང་ལུགས་སོགས་མི་རིགས་གཞན་ན་མེད་པའི་རང་མི་རིགས་ཀྱི་ཁྱད་ནོར་དེ་དག་གི་ཆེད་དུ་ཡིན་པ་ལས། དར་དམར་འོག་ནས་རང་དབང་དང་མང་གཙོ། འདྲ་མཉམ་དང་དྲང་བདེན་ཞིག་གི་ཆེད་དུ་ནམ་ཡང་ཕྱར་མྱོང་མེད་ལ། ད་དུང་ཡང་འཕྱར་བའི་རེ་བ་མེད་དོ།
༡༽རྒྱལ་བ་རིན་པོ་ཆེ་ལ་དགག་པ་རྒྱག་མཁན་དྲ་འབུ་རེ་ཟུང་དང་། རྒྱ་ནག་གི་རྒྱུག་ཁྱི་ཁག་ཅིག། དོལ་ཚོགས་སོགས་མི་དམིགས་ཡུལ་ཅན་ཁ་ཅིག་ལས་མེད་སྙམ། དེ་དག་གིས་བོད་སྤྱི་མཚོན་མི་ཐུབ་པ་ཉིན་མོ་དཔལ་འབར་སྒྲོན་མི་དགོས། ༢༽ཨ་རི་དང་རྒྱ་ནག་གིས་ཉི་ཧོང་གི་སྔོན་གཤེགས་དཔའ་བོའི་རྡོ་རིང་ལ་མཆོད་འབུལ་མི་ཆོག་པའི་སྐད་ཆ་ནན་མོ་མང་པོ་རིམ་པར་བཤད་སོང་། སྐབས་དེའི་ཉི་ཧོང་དམག་གིས་རྒྱ་ནག་གི་མི་རིགས་མང་པོ་འཚེ་མེད་དུ་བསད་པས་དེ་ལ་མཆོད་འབུལ་བྱེད་ན་རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ་གཅོད་རྒྱུ་ཡིན་ཟེར། འོན་ཀྱང་ད་ལོ་རྒྱནག་གིས་མོའུ་ཙེ་ཏུང་ལ་རྗེས་དྲན་མཛད་སྒོ་རྒྱ་ཆེར་བྱས་པ་ལ་རྒྱ་བོད་དབྱིན་གསུམ་ཡིག་རིགས་སྟེང་ནས་དགག་པ་རྒྱག་མཁན་བྱུང་མེད། གྲངས་ཉུང་མི་རིགས་སྡེབས་གསོད་བྱས་པ་འོས་ཤིང་མཚམས་པས་ཡིན་ནམ། ཕྱི་ཕྱོགས་ཀྱི་བོད་གཞུང་དང་གྲངས་ཉུང་མི་རིགས་མོའུ་ཙེ་ཏུང་ལ་དགའ་དྲག་པས་ཡིན། དཔྱད་པ་བྱེད་དགོས་པར་སྣང་་。ཉི་ཧོང་པ་ཞིག་གིས་དེ་འདྲ་བྲིས་འདུག ཆབ་བྲག་པ་སོགས་ལ་འདིར་ལྟ་ཚུལ་ཅི་འདྲ་ཡོད།
ལྷ་ལུང་དཔལ་རྡོར་གྱིས་དར་མ་བཙན་པོའི་སྙིང་གར་མདའ་བརྒྱབ་ཏེ་བགྲོངས་བའི་ཚེ་བཙན་པོས་ང་གསོད་པ་ཡང་ན་ལོ་གསུམ་གྱིས་འཕྱིས། ཡང་ན་ལོ་གསུམ་གྱིས་སྔས་ཞེས་སྨྲེ་ངག་ཤོར་བ་བཞིན། ཁུག་རྟས་རྒྱ་དར་འཕྱར་བའི་ངང་ཚུལ་ནི་དེ་དང་མཚུངས་སོ། བོད་ནས་རྒྱ་ནག་གི་གཉའ་གནོན་སྔ་ན་མེད་པ་ཞིག་མྱོང་བཞིན་པ་དང་རྒྱ་གཞུང་གིས་མངོན་གསལ་དོད་པོ་ངང་བོད་མིའི་རིག་གཞུང་ཚར་གཅོད་ཀྱི་སྲིད་བྱུས་ངམ་གནག་དེ་ལག་བསྟར་བྱས་པའི་གཉན་འཕྲང་གི་དུས་སྐབས་དེར་ཁུག་རྟས་རྒྱ་དར་བསྒྲེངས་པ་རེད། དགྲའི་ངོ་མ་ལོན་གཉེན་གྱི་སེམས་བསད་པའི་ཚུལ་དུ་སོང་ཡོད་པས། ཟམ་གདོང་རིན་པོ་ཆེ་མ་དགོས་༧སྐྱབས་མགོན་རིན་པོ་ཆེས་ཁུག་རྟར་རྒྱབ་སྐྱོར་གནང་ནའང་ང་ཚོའི་སེམས་ཀྱི་ན་ཚ་དེ་དྭངས་ཐབས་མེད། དེས་ང་ཚོའི་མི་ལོ་དྲུག་ཅུར་བཙན་བྱོལ་དུ་བསྡད་པའི་གྲུབ་འབྲས་ཆ་ཚང་བརླག་ཚར།
ཤར་ཁུག་འདྲ་བོ་མདོ་སྨད་སྤྱི་འཐུས་ལ་ཡོངས་བ་འདི་མདོ་སྨད་ཚོ་ལ་མཐོང་ཆུང་བྱས་རེད།ཤར་ཁུག་ལས་ལྷག་མདོ་སྨད་ནང་ག་ཚོད་དགོ་དགོ་ཡོད་བ་རེད་།ཤར་ཁུག་ནི་གཟབ་གཟབ་བྱེད་དགོས་པའི་མི་བུ་ཞིག་རེད་བསམ་གི་ཡོད་།དེ་ལ་དོག་པ་ཡོད་།
བརྗོད་དོན་ངོ་མ་དྲི་བ་དྲིས་ལན་དང་འབྲེལ་ཏེ་དགག་གཞག་བྱེད་མཁན་མེད་པར། སྐྱོན་མེད་སར་སྐྱོན་འདོགས་བྱེད་པ་འདི་བཙན་བྱོལ་བོད་མི་རེ་འགའི་ཆོས་ཉིད་རེད། འདི་ནི་སྐྱོན་བཏགས་པའང་མིན་པར། མ་གཞི་ནས་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་ཆགས་ཟིན་པའི་ཆབ་སྲིད་ཀྱི་རྩོད་པ་རྒྱག་སྟངས་དངོས་གནས་དེ་རེད། ཤར་ཕྱོགས་ཁུག་རྟ་ལ་མཚོན་ན། བར་མའི་འོས་བསྡུ་རྒྱུད་ནས་སྤྱི་འཐུས་སུ་སླེབས་རྒྱུར་དང་པོར་སྲིད་སྐྱོང་བློ་བཟང་སེང་གེའི་ཕྱོགས་གཏོགས་ཀྱིས་བར་ཆད་ཡོད་ཡོད་པ་རེད། ཁོང་ཚོའི་བར་ཆད་ཅིག་དྲ་ངོས་འདིར་སླེབས་རྒྱུ་ཡིན་པ་ནི་ཐེ་ཚོམ་ག་ལ་ཡོད། དེ་ནས་རང་བཙན་ཁ་ལ་འཁྱེར་མཁན་ཚོའི་བར་ཆད་ཡོད་པ་རེད། དེ་ནི་ངོ་དེབ་དང་དུས་བབ་ཁ་བརྡའི་མཆན་ནང་”སྤྲུལ་སྐུ་དབང་ཆེན་དང་བཙན་རྒོལ་རྒྱལ་སྐྱོབ། རོང་བཙན། ”ལ་སོགས་པས་ད་བར་༸གོང་ས་ཆེན་པོ་དང་ཟམ་གདོང་རིན་པོ་ཆེ། ལམ་དབུ་མ་སོགས་དོན་མེད་སྒྲོ་འདོགས་ཅི་ཙམ་བྱས་ཡོད་མེད་དོ་སྣང་ཅན་ཚོས་ཤེས་གསལ་རེད། ཁོང་ཚོས་ཤར་ཁུག་དང་དབུ་མ་པ་ཁ་ཤས་མཐོང་ན་སྡང་གཟུགས་ག་ཚོད་བྱེད་ཀྱི་ཡོད་པའང་ཤེས་གསལ་རེད། སོང་ཙང། ཁོང་ཚོའི་སྤྲུལ་བ་ཡང་སྤྲུལ་གྱིས་འདྲ་མིན་བཤད་ཀྱི་འདུག་པ་བལྟས་ན་ཤེས་པ་ཙམ་རེད། དེ་ཚོ་ཡོང་སྲིད་པ་དང་ལན་ལྡོན་དགོས་པ་ཞིག་ཀྱང་མ་རེད་འདོད། གནད་འགག་འདི་ཤེས་སོང་ན་ཕལ་ཆེར་ཤར་ཁུག་སྤྱི་འཐུས་ལ་སླེབས་དགོས་པ་ག་ཚོད་གལ་ཆེན་པོ་ཡིན་མིན་རྟོགས་ཐུབ་པ་དེ་རེད། ཧཧཧཧཧ
ཧཧཧ། ད་ ངས་ གང་ཡང་ མི་ཤེས།
ཁྱེད་ཅག་གི་སྐད་ཆར་བལྟས་ན་ཁུག་རྟས་རྒྱ་ནག་གི་དར་ཆ་གཅིག་པུ་གོན་ནས་གཤོག་ལྷབ་ཀྱིས་མགོ་བཏགས་སོང་བ་འདྲ་བོ་ཞིག་རེད་མོད། དོན་དངོས་སུ་ཁུག་རྟས་བོད་རྒྱ་གཉིས་ཀྱི་རྒྱལ་དར་གྱིས་གཤོག་ཟུང་་བྱས་ཏེ་རེ་འདུན་དོན་ཚན་གསལ་བསྒྲགས་འགྱུར་ཁུག་དང་ལྷན་དུ་ལྡི་ལིའི་མཁའདབྱིངས་སུ་ལྡིང་སྐོར་བརྒྱབ་པ་ཚང་མས་མཐོང་ཡོད་ཡོད་པ་རེད། གལ་ཏེ་རྒྱ་ནག་གི་དར་ཆ་ཕྱར་བ་དེ་སྣང་བར་མ་སོང་བ་ཡིན་ན་ཡང་་ཁོས་དོན་དམ་གྱི་རེ་འདུན་གསལ་བསྒྲགས་དག་གཙོ་བོ་ཡིན་པས་དེའི་ཐད་ནས་དགེ་སྐྱོན་གླེང་མཁན་མེད་པ་འདིས་ཁྱེད་ཅག་མང་པོ་ཞིག་ཕྱི་ཚུལ་རིང་ལུགས་པའི་རྗེས་སུ་གཏོགས་པ་ཧ་གོ་ཐུབ་ཀྱི་འདུག
“དགྲའི་ངོ་མ་ལོན་གཉེན་གྱི་སེམས་བསད་པའི་ཚུལ་དུ་སོང་ཡོད་པས། ཟམ་གདོང་རིན་པོ་ཆེ་མ་དགོས་༧སྐྱབས་མགོན་རིན་པོ་ཆེས་ཁུག་རྟར་རྒྱབ་སྐྱོར་གནང་ནའང་ང་ཚོའི་སེམས་ཀྱི་ན་ཚ་དེ་དྭངས་ཐབས་མེད། དེས་ང་ཚོའི་མི་ལོ་དྲུག་ཅུར་བཙན་བྱོལ་དུ་བསྡད་པའི་གྲུབ་འབྲས་ཆ་ཚང་བརླག་ཚར།”མང་པོ་ཞིག་གིས་བོད་ཀྱི་རྒྱལ་དར་ལྷན་དུ་རྒྱ་ནག་གི་རྒྱལ་དར་ཡང་ལྷན་དུ་ཁྱེར་བ་འདིར་མི་བཟོད་པའི་ཚོར་བ་རེ་སླེབས་ཡོད་པ་ངོ་མ་རེད། ལ་ལས་དེ་ཁ་ལ་ཁྱེར་ནས་སྐྱོན་འཛུགས་ཀྱིན་པ་རེད། དེ་བས་འདི་ལ་རིགས་གཉིས་ཡོད།
ཅོག་མྱིའི་སྐད་ཆ་འདི་ནི་རིགས་ལ་ཤ་ཚ་དང་ཞེན་ཁོག་གི་ཕྱོགས་སུ་གཏོགས་པ་འདྲ་བོ་ཞིག་རེད།་ འོན་ཀྱང་མི་ལོ་དྲུག་ཅུར་བཙན་བྱོལ་དུ་བསྡད་པའི་གྲུབ་འབྲས་བརླགས་སོང་ཟེར་བ་འདི་ཧམ་བཤད་རང་རེད། དེ་འདྲ་ཞིག་སྤྱིར་བཏང་གི་མི་སུ་ཞིག་གིས་ཀྱང་སྒྲུབ་མི་ཐུབ།
དྲི་མེད་ལྷག་བསམ་ལགས་ཀྱི་ཚོར་སྣང་འདི་ང་ལ་ཡང་ཡོང་མྱོང། ཡིན་ན་ཡང་འདི་ནི་རྒྱུན་ལྡན་འདྲ་བོ་ཞིག་ཆགས་ཚར་བ་རེད། འདས་ཟིན་པ་ཞིག་ཀྱང་རེད། ཡང་ན་འདི་ནི་ཟློས་གར་ཡག་པོ་ཞིག་ཀྱང་རེད། ངས་འདིའི་སྐོར་ནས་བསམ་ཚུལ་ཐུང་ངུ་ཞིག་གླེང་འདོད་བྱུང།
མའོ་ཙེ་ཏུང་གི་སྐྱེས་སྐར་དང་འདས་སྐར་གཉིས་ལ་བརྩི་སྲུང་གི་མཛད་སྒོ་ཆེ་མ་ཆུང་གསུམ་རེ་ལོ་རྟག་པར་མའོ་ཡི་ཕ་ཡུལ་གྱིས་གཙོས་རྒྱ་ནག་གི་ས་ཁུལ་གང་མང་དུ་ཡོད་ཡོད་པ་ཞིག་རེད། ཐ་ན་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་དུ་ཡང་ལོ་ལྟརཞེས་པའི་ཡིག་ཆེན་ཁ་བྱང་འོག་རིག་རྩལ་དགོང་ཚོགས་སྤེལ་གྱིན་ཡོད་པ་རེད། འདི་སྲིད་དོན་པ་ཚོའི་བྱ་བའི་དགོས་མཁོ་ཞིག་དང་ཡང་འབྲེལ་ཡོད་པ་བཤད་མི་དགོས་པ་རེད། ད་ལོར་དམིགས་བསལ་བ་ཞིག་ཆགས་པ་རེད། གཅིག་ནས་ཞི་ཅིན་ཕིན་གྱིས་གཙོ་འཛིན་རྣམ་པ་ཁྲིད་དེ་མའོའི་སྐྱེས་སྐར་ཐེངས་༡༢༠ པར་མྱ་ངན་གུས་འདུད་ཞུས་ཡོད། བྱས་རྗེས་ལ་བལྟས་ནས་ལྷ་ལྟར་བཀུར་མི་འོས་ལ་ནོར་འཁྲུལ་ལ་བལྟས་ནས་བྱས་རྗེས་ཡོད་ཚད་མེད་པར་ཡང་གཏོང་མི་རུང་ཞེས་བཤད་པ་མ་ཟད། རིག་རྩལ་དགོང་ཚོགས་ཀྱི་མིང་དེ་ཡང་ཅེས་པར་བསྒྱུར་ཅིང། སྟེགས་བུའི་རྒྱབ་ཡོལ་གྱི་མའོ་ཡི་འདྲ་པར་ཚབ་ལ་་གནམ་བདེ་སྒོ་མོ་ཆེ་དང་མི་མང་ཚོགས་ཁང་ཆེན་མོའི་པར་འཇོག་བཅུག་པ་དང་། དེ་སྔའི་དང་། ཞེས་པ་སོགས་ཀྱི་མའོ་ཙེ་ཏུང་གི་བསྟོད་གླུ་རྣམས་ཀྱང་ལེན་མཚམས་འཇོག་བཅུག་པ་རེད། རྒྱ་ནག་གི་མི་མང་ཁྲོད་དུ་དད་བཀུར་ཞུ་མཁན་མང་ལ་དད་ལོག་བྱེད་མཁན་ཡང་མང། ང་ཞི་ཅིན་ཕིན་གྱི་འཁྲབ་སྟོན་ལ་ཧང་སང་གི་ཡོད། ཁོས་ཕྱོགས་གཅིག་ནས་མའོ་ཡི་དར་ཆ་ཞིག་ཚད་ཡོད་ཀྱིས་འཕྱར་ཤེས་ལ་ཕྱོགས་གཅིག་ནས་སྟག་གསོད་པ་ཞེས་ཏང་ནང་གི་རུལ་སུངས་པ་ཚོ་རྩེ་མེད་ཀྱི་འགུལ་སྤྱོད་ཟློག་མེད་ཅིག་སྤེལ་བཞིན་པ་རེད། འགྱུར་བཅོས་འདི་རིགས་ཀྱི་རྗེས་ནས་གཞི་ནས་དམངས་གཙོའི་འགྱུར་བཅོས་སྤེལ་རྩིས་ཡིན་པ་འདྲ། དེ་བས་ང་ཟློས་གར་འདི་ལ་དབྱིངས་ཞུགས་ནས་བསྡད་ཡོད། ངས་ཟློས་གར་འདི་ལ་ལེགས་སྐྱེས་ཅི་ཞིག་འབུལ་འོས་མིན་ལ་ཡང་བསམ་བློ་གཏོང་བཞིན་ཡོད། ཧཧཧཧཧ
ཆབ་བྲག་ལགས་ཀྱིས་གསུང་པ། ཞི་ཅིན་ཕིན་གྱིས་གཙོ་འཛིན་རྣམ་པ་ཁྲིད་དེ་མའོའི་སྐྱེས་སྐར་ཐེངས་༡༢༠ པར་མྱ་ངན་གུས་འདུད་ཞུས་ཡོད། བྱས་རྗེས་ལ་བལྟས་ནས་ལྷ་ལྟར་བཀུར་མི་འོས་ལ་ནོར་འཁྲུལ་ལ་བལྟས་ནས་བྱས་རྗེས་ཡོད་ཚད་མེད་པར་ཡང་གཏོང་མི་རུང་ཞེས་བཤད་པ་མ་ཟད། རིག་རྩལ་དགོང་ཚོགས་ཀྱི་མིང་དེ་ཡང་ཅེས་པར་བསྒྱུར་ཅིང། སྟེགས་བུའི་རྒྱབ་ཡོལ་གྱི་མའོ་ཡི་འདྲ་པར་ཚབ་ལ་་གནམ་བདེ་སྒོ་མོ་ཆེ་དང་མི་མང་ཚོགས་ཁང་ཆེན་མོའི་པར་འཇོག་བཅུག་པ་དང་། དེ་སྔའི་དང་། ཞེས་པ་སོགས་ཀྱི་མའོ་ཙེ་ཏུང་གི་བསྟོད་གླུ་རྣམས་ཀྱང་ལེན་མཚམས་འཇོག་བཅུག་པ་རེད། ཅེས་པ་ངས་ཀྱང་མཐོང་སོང་། མང་ཆེ་བ་བདེན་པ་རེད། འོན་ཀྱང་སྟེགས་བུའི་ངོས་ཀྱི་པར་བསྒྱུར་མི་འདུག རིམ་པར་སྒྱུར་རྒྱུ་རེད་ཅེས་རང་དབང་གསར་ཤོག་རྣམས་སུ་གཏམ་འཆལ་ཞིག་འདུག ངས་དྲི་བ་བོད་ཀྱིས་དེ་ལ་ཁ་བཙུམ་ནས་ངོས་ལེན་བྱས་འདུག་པ་དེ་དྲིས་པ་ལགས།
རྒྱ་ནག་གི་གཞུང་འབྲེལ་གྱི་མཛད་སྒོ་འདི་རིགས་ལ་སྤྱིར་ན་ང་ཚོའི་གཞུང་འབྲེལ་གྱིས་རྣམ་འགྱུར་རེ་སྟོན་འོས་ན་ཡང། སྟོན་ཚུལ་ཤེས་ཀྱིན་ཡོད་མ་རེད་འདོད། གལ་ཏེ་རྟེན་འབྲེལ་ཞུ་འདོད་ཀྱིན་ཡོད་ན་ཞུ་མི་ཐུབ་ལ། ངོ་རྒོལ་བྱེད་འདོད་ཡོད་ན་དེ་བས་ཀྱང་མི་ནུས།
ངའི་བསམ་ཚུལ་ལ་ད་ལྟའི་དབུ་ཁྲིད་ཚོས་གུ་ཡངས་བསམ་ཤེས་རེ་གནང་ནས་ཀྲུང་གོ་དམངས་གཙོ་ཅན་དུ་སྣེ་ཁྲིད་རེ་གནང་ཐུབ་ན་མའོ་ལགས་བཟང་ན་ངན་ན་ཀྲུང་གི་གསར་བ་འཛུགས་མཁན་གྱི་མི་སྣ་གཙོ་གྲས་གཅིག་ཡིན་པས། ཁོ་ཚོའི་ངོས་ནས་དེ་མ་འོས་པ་མི་འདུག་སྙམ། ང་ཚོའི་ངོས་ནས་བལྟས་ན་དགྲ་རྙིང་ཤོས་གཙོ་བོ་དེ་མའོ་ལོས་ཡིན། ཡིན་ན་ཡང་ང་ཚོའི་དགྲ་གསར་བ་གཙོ་བོ་དེ་དག་ད་ལྟའི་དབུ་ཁྲིད་ཚོ་རེད། དོན་དམ་པས་གཉིས་ཀ་དགྲ་ཡིན་པ་གཅིག་མཚུངས་རེད། དེས་ན་དགྲ་བོ་གཅིག་ལ་དགྲ་བོ་གཞན་པ་དེར་དགའ་བོ་མ་བྱེད་ཅེས་ངོ་རྒོལ་བྱེད་པ་དང་འདྲ་བྲ་འདོད།
མདོར་ན་ངས་མའོ་ཡི་དར་ཆ་ཕྱར་བའི་ཟློས་གར་འདི་དག་ལ་དགེ་ལས་སྐྱོན་ཆེ་བར་མཐོང་བས་ང་ཚོས་ཟུར་ནས་ལྟད་མོ་ལྟ་བ་ལས་འཁྲབ་སྟོན་ནང་ལ་ཞུགས་རྒྱུ་གལ་ཆེན་པོར་མཐོང་མ་སོང། གལ་ཏེ་འཁྲབ་དགོས་ན་ངས་མའོ་ཡི་འབབ་གོན་ནས་འཁྲབ་ས་རེད། ཧཧཧཧཧཧ
ཡུ་རོབ་དང་བྱང་ཨ་རི། གང་ལྟར། ཕྱི་ལོག་ན་ཡོད་མཁན་ཞིག་ཡིན་ཚེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་བཅོས་པ་མཛད་པའི་བཅད་རྒྱ་ལྟར། ས་གནས་སྤྱི་འཐུས་ལས། ཆོལ་ཁ་དང་ཆོས་ལུཌ་ཀྱི་སྤྱི་འཐུས་འོས་འགན་མེད་པ་གསལ་པོ་ཡིན། འོན་ཀྱང་། དེང་མི་འགའ་ཤས་བཅད་རྒྱ་འདི་ལས་བརྒལ་ཏེ། ལྷག་བསམ་ཡོད་མདོག་སྟོན་བཞིན་པ་འདི། འགན་ཁུར་ཡིན་ནམ། བཀག་རྒྱ་ཡིན། ཚབས་ཆེ་ས་ནས་བཤད་ན། འདི་གཏོར་བརླག་ཡིན། ཁྲིམས་འགལ་ཡང་ཡིན། གཙོ་བོ་ཆ་ཤས་ལེན་མཁན་ཚོས། ལས་འབྲས་གཞིར་བཞག་གིས་རང་ཉིད་ལ་ཞིབ་བཤེར་ཐངས་ཤིག་འགྲོ་ཐུབ་མིན་ལ་ཐུག་ཡོད།
དགྲ་བོ་ལ་གསར་རྙིང་གི་ཁྱེད་པར་མེད་ མའོ་ནས་གཟུང་ད་ལྟའི་བར་རྒྱ་ནག་གི་གཞུང་འཛིན་པ་དེ་ཚོ་ང་ཚོའི་དགྲ་བོར་རེད་ ངས་ཤེས་ཚོད་ལ་ཆབ་བྲག་ཁྱེད་རང་ཡང་དགྲ་བོ་དེ་ཚོའི་འོག་ཏུ་སྡོད་ཀྱི་ཡིན་ཟེར་མཁན་གཙོ་གྲས་ཞིག་མ་རེད་དམ།
ཤར་ཕྱོགས་ཁུག་རྟ་དགེ་འདུན་ཆོས་འཕེལ་ཡིན་ན། དགེ་འདུན་ཆོས་འཕེལ་གྱི་སྐུའི་མཛད་འཕྲོ། ཁུག་རྟས་འདི་ལྟར་སྐྱོང་དགོས་བ་ཞིག་ཆགས་ཡོད་ན། དགེ་འདུན་ཆོས་འཕེལ་སྔ་སྲོས་ནས་མེད་པར་བཟོས་བ་དེ་ཏག་ཏག་རེད་མི་འདུག་གམ། ཁོ་རེ་ཚོ། ཤི་བོའི་བླ་སྒུལ་ནི་ཟེར་ན་འདི་འདྲ་རེད། གསེར་ཡུམ་བརྒྱ་ཐམ་པ།
ལོ་ངོ་༤༠ནང་གྲུབ་འབྲས་མ་ཐོན་པའི་དབུ་མ་ནི་བོད་མི་རྣམས་མྱི་མིན་རོ་མིན་གྱི་ཨོ་སི་ཁྲི་རི་ཡའི་གདོད་མའི་མི་རིགས་ལྟ་བུ་བཟོས་བྱེད་དང་་། བཙན་པོའི་སྙིང་སྟོབས་ལས་ལྷག་པའི་འཇིག་རྟེན་སྐྱོང་སྟངས་ཀྱི་བསྟན་བཅོས་དང་གོམས་གཤིས་རྣམས། ཁྱི་སྡོམ་ལྟར་ས་མཐར་སྤྱུག་སྟེ། རྒོད་པོ་རྣམས་སྡར་མ་བཏང་ཞིང་། ཉམ་ཆུང་རྣམས་བླ་བྲན་དང་མི་རིགས་གཞན་གྱི་གཡོག་པོ་སྒྱུར་བྱེད་དུ་མཐོང་བ་མ་ཟད། བླ་བྲན་ལས་སྟོབས་འབྱོར་རྣམས་ཁ་བ་བཞིན་ཟད་ཅིང་། གཞན་གཡོག་ལས་བདག་དབང་ཀུན་ཅི་འདོད་དུ་ཤོར་བས་འཇོན་པོ་རྣམས་མི་རིགས་གཞན་དུ་འགྱུར་་ཞིང་། ནུས་མེད་དང་ལྟ་བ་མཁྲེགས་པོ་ཀུན་ཨ་བྷུ་རེས་རྗོན་གྱི་མི་རིགས་ལྟར་ཆོས་བྲན་དང་གོམས་གཤིས་རྙིང་བའི་རྒྱ་རུ་ཚུད་དེ། རྒྱལ་སྤྱིའི་འཁོར་ཕྱོགས་ལ་རྒྱབ་ཀྱིས་ཕྱོགས་ནས། རང་ཉིད་མ་གཏོགས་གཞན་ཀུན་མི་ཕྱེད་དུ་བརྩི་བའི་གོམས་གཤིས་འོག བདག་དབང་དང་ཐོབ་ཐང་ཡོད་ཚད་གཞན་ལག་ཏུ་ཤོར་བས། རིམ་བཞིན་འཆི་ལམ་དུ་འགྲོ་བ་འདས་བའི་ལོ་རྒྱུས་དང་། ད་ལྟ་འགྲོ་བཞིན་པའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་རྒྱལ་སྤྱིའི་འཕེལ་ཕྱོགས། རྒྱ་ནག་གི་འཕེལ་རིམ་བཅས་ལས་གསལ་རྟོགས་ཐུབ་པས། དབུ་མའི་ལམ་གྱི་ཐབས་ལམ་རྙིང་བ་དེ་ཚོ་ངེས་བར་དུ་བརྗེ་སྤོ་བྱེད་དགོས་རྒྱུ་གནད་དུ་མཐོང་། དམིགས་ཡུལ་གང་ཞིག་བཟུང་ན་འགྲིག་ཀྱང་ཐབས་ལམ་དེ་དག་ངེས་བར་དུ་བསམ་གཞིགས་བྱེད་དགོས་བའི་གནས་སུ་མཐོང་།
ད་བར་དུ་འཛིན་སྐྱོང་བཀའ་ཤག་གི་ཐག་གཅོད་ཅིག་ལ་བཙན་བྱོལ་ཁྲིམས་བཟོ་ལྷན་ཚོགས་སྤྱི་འཐུས་རྣམ་པས་མོས་མཐུན་མེད་པར་ཁ་ལོ་བསྒྱུར་བའི་གནས་ཚུལ་ཞིག་བྱུང་མྱོང་ཡོད་དམ།
བོད་གཞུང་གི་མདུན་ནས་སྔར་ལྔའི་དར་དམར་ཤར་དགོས་ན་ཁུག་རྟ་སྤྱི་འཐུས་སུ་འདེམས་རོགས་།
བོད་གཞུང་གི་མདུན་ནས་སྐར་ལྔའི་དར་དམར་ཤར་དགོས་ན་ཁུག་རྟ་སྤྱི་འཐུས་སུ་འདེམས་རོགས་།
ཧཧཧཧཧ དྲ་དམངས་ནི་བཤད་ཀྱིན་བཤད་ཀྱིན་སྐྱག་པ་གཅིན་པ་ཁ་རུ་བཟའ་བཏུང་བྱེད་མཁན་ཞེ་གཅིག་ཆགས་འགྲོ་ཞེས་པའི་རྒྱ་ནག་པ་གྲོགས་པོ་ཞིག་གིས་བཤད་པ་དེ་ནི་ཅིས་མ་བདེན། ང་ཚོ་བཙན་བྱོལ་བོད་མིའི་དྲ་འབངས་ཀྱི་ཁ་སྟབས་འདི་ནི་ཡིད་རེ་སྐྱོ་ཞིང་སེམས་མུག་པ་ཞིག་མ་རེད་དམ། དོན་དག་རང་སྟེང་ལ་བགྲོ་གླེང་ཟུར་ཙམ་བྱེད་རྒྱུ་ལྟ་ཅི། དགའ་དང་མི་དགའི་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་ཐད་ཀར་ནག་མོ་ཅོ་འཛིང་རང་བྱེད་པ་ནི་བོད་མི་རིགས་ཀྱི་བསོད་བདེ་ཡང་སྲིད་པ་རེད། ཨ་ཁ་ཁ། ད་ཅི་བྱ། ང་ཚོ་འདྲ་བ་དག་ལ་རང་དབང་འཐབ་རྩོད་ཀྱི་བགོ་སྐལ་མེད་པའང་ཚུལ་འདི་ལྟ་བུ་ལས་གསལ་བོར་ཤེས་ཐུབ་པ་ཞིག་མ་རེད་དམ།
ཁྱེད་ལ་རྒྱ་ནག་གི་གྲོགས་པོ་ཡོད་པས་རྒྱ་ཕྱོགས་བྱེད་ཀྱིན་ཡོད་པ་ཉིད་ཀྱི་བཤད་ཤུགས་གསལ་པོ་འདུག རྒྱ་ནག་ལ་སྤྲེལ་ལད་བྱེད་མཁན་ཞིག་གིས་བོད་དོན་གླེང་ཤེས་དཀོན།
ཆོས་དཔོན་མགོ་བདེ་ཚོས་མི་རིགས་འདིའི་དཔར་ངར་མ་བཅག་པ་ཡིན་ན། བོད་ཀྱི་དྲ་དམག་མ་འོངས་བར་རྒྱ་ནག་གི་དམར་དམག་ལས་ཀྱང་སྟོབས་ཤུགས་ཆེ་ཞིང་། འཆི་ལམ་དུ་འཇུག་་པའི་ནུས་པ་ཡོད་ངེས་རེད།
“་རང་དབང་དང་མང་གཙོ། འདྲ་མཉམ་དང་དྲང་བདེན་ཞིག་གི་ཆེད་དུ་ནམ་ཡང་ཕྱར་མྱོང་མེད་”་དེ་འདྲ་ཡིན་ན་ཁྱེད་ཀྱི་རེ་འདུན་དེ་དག་ཇི་ལྟར་འགྲུབ་ཐུབ། ཐོག་མར་འདྲ་མཉམ་དང་རང་དབང་ དམངས་གཙོ་དག་རག་ན་གཞི་ནས་མི་རིགས་ཀྱི་ཁེ་དབང་དང་ཁྱད་ནོར་དེ་དག་བདག་གཅེས་ཐུབ།
སྤྱིར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ང་ཚོ་དགྲ་ཆགས་པ་རེད། ད་དུང་ཡང་དེ་བཞིན་རེད། རྒྱུ་མཚན་བཙན་འཛུལ་བྱེད་མཁན་པས་ང་ཚོ་གྲོགས་པོ་ངོ་མ་ཞིག་གི་ཚད་ལ་མ་བཟུང་བས་རེད། འོན་ཀྱང་ང་ཚོས་ངོས་ནས་སྙིང་ནད་བཟོད་སྲན་གྱིས་ད་ལྟ་དང་འབྱུང་འགྱུར་གྱི་གནད་དོན་ཐག་གཅོད་བྱེད་རྒྱུར་འབད་བརྩོན་བྱེད་པ་འཐབ་རྩོད་ཀྱི་རྩ་དོན་དུ་བཟུང་པ་རེད། ཡང་གཅིག་བཤད་ན་ང་ཚོར་འདི་ལས་ཐབས་ལམ་གཞན་ཞིག་རེ་བ་བཅོལ་ས་མེད་སོང་བ་རེད། དེ་བས་ངས་དགྲ་ཕྱོགས་ལ་འགྱུར་བ་འགྲོ་རྒྱུར་ཡིད་ཆེས་དང་བཅས་དབུ་མའི་ལམ་ནས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་གིན་ཡོད།
ང་ཕྱི་གླིང་ན་ཡོད་པ་བདེན། ཡིན་ན་ཡང་ངའི་རྒྱལ་ཁོངས་ད་དུང་རྒྱ་གར་ཡིན་ལ་ང་རྡ་རམ་ས་ལའི་མི་ཡིན། རྒྱུ་མཚན་ང་འདིར་གན་རྒྱ་བཞག་ནས་ལོ་འགར་བྱ་བ་སྒྲུབ་ཀྱིན་ཙམ་རེད། གལ་ཏེ་ངས་ནམ་ཞིག་ལ་སྐྱབས་བཅོལ་ཞུས་པའམ་ཡང་ན་ཕྱི་གླིང་བའི་མི་སེར་བཟོས་པ་ནས་ང་གཞི་ནས་རྡ་ས་དང་རྒྱ་གར་ལ་ཁ་བྲལ་བ་རེད། དེ་བས་ངས་རང་གི་གསར་བརྗེའི་གནས་གཞི་རྡ་སའི་ཆེད་དུ་སྐད་ཆ་ཤོད་པ་དང་བྱ་བ་སྒྲུབ་ཆོག་ཆོག་གི་དབང་ཚད་ཡོད།
ད་འདི་ན་རྐུན་པོར་ཇག་པའི་རྒྱབ་དཔུང་བྱེད་བཞིན་པ་འདྲ། ཧ་ཧ། འོན་ཀྱང་ནག་ཉེས་དག་ཐབས་མེད་པས་རྐུན་པོ་རྒྱ་ཡན་དུ་གཏོང་ག་ལ་རུང་། དེ་ལས་ལྡོག་ཏེས་རྐུན་པོ་བདག་གཅེས་བྱེད་མཁན་དང་གསོ་སྐྱོང་མཛད་མཁན་སྤྱིར་སྟངས་ཞིག་ཁྱོན་ནས་མིན་པ་འདྲ། ད་དུང་རྐུན་པོར་ཚད་ལྡན་སྐྱེ་བོའི་ཡང་སྤྲུལ་ཀྱི་མིང་ཞིག་བཏགས་འདུག་ལ་གངས་སྐྱིད་ཀྱི་སྤྱི་སྟེགས་སུ་འཛེག་ནས་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་འཁྲབ་ཚན་དུམ་བུ་ཞིག་འཁྲབ་རྩིས་ཡོད་པ་འདྲ། ཨ་ཤུ་རེ་ཁོ། བོད་ཀྱི་ལས་ངན་ལ།
ཆབ་ལྷ་ལགས། དར་དམར་ལྷབ་ལྷུབ་གཡོ་བའི་གྲུ་ཟུར་ན་འདྲ་མཉམ་དང་རང་དབང་། དམངས་གཙོ་སོགས་འབྱུང་བའི་གདེངས་སྤོབས་ཇི་ཙམ་ཡོད་དམ།
ཆབ་བྲག་ལགས། ཁོང་ཚོ་ལ་རྩོད་པ་བྱས་ནས་ཕན་ཐོག་གང་ཡོད། ཁོང་ཚོས་གཡག་སེམས་བཞིན་ཡོད་ནི་མ་རེད། ཁྲག་སེམས་་བཞིན་ཡོད་ནི་རེད། ཁོང་ཚོའི་སེམས་ན་བོད་མི་རིགས་ཀྱི་བདེ་སྡུགཡོད་ནི་མ་རེད། ལུང་ཚ་གཅིག་པ་ཞིག་ལ་འོས་ཐོབ་ཆེད་ཁྱེད་དང་ཤར་ཕྱོགས་ཁུག་རྟ་གཉིས་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་ནི་རེད།
ཧ་ཧ། རེད་ཡ། བོད་མི་རིགས་ཀྱི་བདེ་སྡུག་ལ་མི་སེམས་མཁན་དེ་ཚོས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དར་དམར་ལ་དགའ་ཞེན་བླ་མེད་དེའི་འོག་ནས། མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཚད་མེད་བཟོས་པ་མ་ཟད་བོད་མི་རིགས་ས་ཡ་བརྒལ་བ་དམར་གསོད་དང་འབུམ་ཕྲག་འགའ་བཙོན་འཇུག་དང་མནར་གཅོད་གྲངས་མེད་བཏང་བར་དགའ་བསུ་བྱེད་ཀྱི་ཡོད་པ་མ་རེད་པས།
ད་དུང་ཏང་ཡོན་ཤོག་ཁག་དང་སྲིད་དོན་ཚོང་པའི་ཤོག་ཁག་ལ་འོས་འཐོབ་ཆེད་གཡོ་ཇུས་སྣ་ཚོགས་བཤམས་བཞིན་པ་མ་རེད་པས།
ང་ཚོས་བོད་པ་སྤྱི་ཚོགས་ནང་ལོག་སྐྱོན་ཆུང་ཞིག་ལ་ཆེན་བཟོ་ཡ་དགའོ་འདུག་། རྒྱ་ནག་གཞུང་ལ་ཐུབ་དུས་ཝ་དང་བོད་རིགསནང་ནས་སྟག་དང་འདྲ་། སྤྱི་ནང་ལ་ལྟ་འདྲ་ཡོང་དགོས་ཡ་ཞིག་རེད་དྲན་།
ལྷ་མོ་སྐྱབས་གཙོ་བོ་གྱུར་པའི་དྲ་གྲོགས་ཡོངས་ལ་ཞུ་རྒྱུ་ཡོད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས།
དོན་ཚན་སོ་བརྒྱད་པ། སྤྱི་འཐུས་ཀྱི་འོས་ཆོས།
༨ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། སྒྲིག་གཞི་ཅི་རིགས་དང་མི་འགལ་བ་བཅས། དགོས་ཅེས་བཀོད་འདུག
སེང་གེའི་བཀའ་ཤག་གིས་ཤར་ཁུག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བླང་དོར་སྒྲིག་གཞི་དང་འགལ་སོང་གསུངས་ནས་ཉིན་གླའི་ལས་བྱེད་ཀྱི་ལས་ཀ་ནས་ཕུད་པ་རེད།་་་གནད་དོན་གཅིག་རེད།
བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དང་འགལ་བའི་མི་ཞིག་ལ་སྤྱི་འཐུས་ཀྱི་འོས་ཆོས་་་ཇི་ལྟར་ཚང་བ་རེད་དམ།་་????
ལྷ་མོ་སྐྱབས་ལགས་ཀྱིས་ཤར་ཁུག་སེང་གེའི་བཀའ་ཤག་གིས་ཕུད་པ་ཡང་ཤེས་ཀིན་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡང་གསལ་གསལ་དག་དག་ཤེས་ཀྱི་རེད། ཡིན་ནའང་་་བསམ་ཡུལ་འདས་པ་ཞིག་ལ་་་་་ཤར་ཁུག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ཤར་ཁུག་ཁྲིམས་འགལ་བ་རེད། དེ་ཡང་བཀའ་ཤག་གིས་མར་ཕུད་པའི་མི་ཞིག་ཡར་སྤྱི་འཐུས་སྐོས་དགོས་ཟེར་ན་དམིགས་ཡུལ་ངན་པ་ཞིག་ཡོད་པར་བརྒྱ་ཆ་བརྒྱ་རེད་འདོད། ཤར་ཁུག་ལ་སྤྱི་འཐུས་ཀྱི་འོས་ཆོས་ཚང་མེད་པའི་ཕྱིར།།
དཔའ་རྒོད་གླིང་ཚས་གོམ་བགྲོད་དང་པོ་རྡ་ས་ནས་འགོ་འཛུག་སྐབས་ཁྲག་དར་དམར་པོ་དེ་ཕྱར་ཡོད་མ་རེད། དེ་ནས་རིམ་བཞིན་དབུས་དབུ་མ་ཚོགས་པའི་ཚོགས་མི་ཁ་ཤས་ཐུག་འཕྲད་ལ་བཅར་མདོག་བྱས་ནས་གླིང་ཚར་ངན་ཇུས་འོག་ལྷུང་ཏེ་ལྡི་ལིར་མ་སླེབས་གོང་ཙམ་ནས་ཁྲག་དར་དེ་མཉམ་ཕྱར་བྱེད་བཅུགས་པ་ཞིག་རེད། དེས་རྐྱེན་གྱིས་ཁོང་གི་གོམ་བགྲོད་ལའང་གནོད་སྐྱོན་ཆེན་པོ་ཐེབས་པ་ཚང་མས་ཧ་གོ་སོང་ཨ། ཡིན་ནའང་གོམ་བགྲོད་གཉིས་པའི་སྐབས་སུ་ཁྲག་དར་དེ་མ་ཕྱར་བས་རྒྱུ་མཚན་གང་ལ་ཐུག་པ་རེད། བོད་མི་མང་གི་ལང་ཕྱོགས་དང་བསྟུན་ནས་ཕྱར་མེད་པ་རེད། ཁྲག་དར་སུས་ཕྱར་གྱི་མི་དེ་བོད་མི་མང་གི་ལྡོག་ཕྱོགས་ལ་ལངས་ཡིན་པ་དེ་གསལ་གསལ་ཐིང་ཐིང་རེད།
གལ་སྲིད་་་ཁྲིམས་འགལ་བ་ཤར་ཁུག་ལ་སྤྱི་འཐུས་ཀྱི་འོས་ཆོས་ཚང་ཡོད་ཟེར་ནས་འོས་མི་ནང་ཞུགས་བཅུག་པ་ཡིན་ན་མི་དམངས་ཀྱིས་ངོ་རྒོལ་བྱེད་ཀྱི་རེད། སྤྱི་འཐུས་ལྷན་ཚོགས་ཚོགས་ཁང་སྒོ་རྩ་ངོ་རྒོལ་བྱེད་ཡིན། ང་རང་གར་རྒྱ་ལ་ཡོང་མ་ཐུབ་ནའང་རྒྱུད་སྐུལ་བྱེད་ནས་ངོ་རྒོལ་བྱ་གི་ཡིན། བཙན་བྱོལ་མི་དམངས་ལ་ཁྲིམས་ལུགས་དབང་སྒྱུར་དགོས་པ་ལས་གང་ཟག་གིས་དབང་སྒྱུར་བྱ་དགོས་ན་ཁས་ལེན་གྱི་མིན།།
ཆབ་ལྷས་ད་དུང་ཉིན་མཚན་ལྟོས་མེད་དུ་ཤར་ཁུག་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་ནི་གཞན་གང་ཡང་མ་ཡིན་པར། ཚོགས་གཙོ་མཆོག་དང་ཨ་མདོ་བ་ཁ་ཤས་སྲིད་སྐྱོང་མཆོག་ལ་དགའ་གི་མེད་པ་དེས་སྲིད་སྐྱོང་མཆོག་གིས་ལོག་སྤྱོད་པ་ཤར་ཁུག་ལས་གནས་ནས་མར་གཡུག་ཡོད་པའི་མཆིལ་མའི་ཐལ་བ་དེ་ཡང་སྐྱར་སྲིད་སྐྱོང་གི་གདོང་ལ་འདེབས་འདོད་དང་ཁ་གཏད་གཅོག་འདོད་ཙམ་རེད། མདོར་ན་ལས་འགུལ་འདི་རིགས་ནི་སྐྱུག་བྲོ་བའི་འཁོན་འཛིན་གྱི་སྐྱག་ལོག་ཆེན་པོ་ཞིག་ཡིན་པ་ལས། བོད་སྤྱི་དང་བྱེ་བྲག་མདོ་སྨད་པའི་ལ་རྒྱ་དང་མི་རིགས་ལ་བཅུངས་བའི་ལྷག་བསམ་ཟོལ་མེད་ཅིག་རྩ་བ་ནས་མ་རེད།
གླག་རྒོད་ལགས་དེ་ཁྱོད་ཀྱི་ལོག་ལྟ་དང་གུ་དོག་པའི་བསམ་བློ་རེད། སྲིད་སྐྱོང་མཆོག་ལ་གནོད་ན་སུ་ལ་ཕན་གི་རེད། དཀྲུགས་ཤིང་མ་རྒྱག་རོགས།
ཅོ་རི་ལགས། ངས་ཁོང་ཁྲིམས་སྒྲིག་ལ་འགལ་ཡོད་མེད་ཁྱོད་ལ་རྩོད་འདོད་མེད། གལ་ཏེ་འགལ་ཡོད་ན་འོས་བསྡུ་ལས་ཁང་གིས་འགོག་གི་རེད། མ་གཞི་ནས་ཁུག་རྟ་གཞུང་ཞབས་ལས་བྱེད་མིན་པས་དེའི་སྒྲིག་གཞི་དང་འགལ་སྲོལ་ཞིག་མེད་པ་རེད།
“དར་དམར་ལྷབ་ལྷུབ་གཡོ་བའི་གྲུ་ཟུར་ན་འདྲ་མཉམ་དང་རང་དབང་། དམངས་གཙོ་སོགས་འབྱུང་བའི་གདེངས་སྤོབས་ཇི་ཙམ་ཡོད་དམ” ཟེར། རེད་ཡ། ང་ཚོ་ལ་་མེད་པ་དེ་དག་རྩོད་ཀྱིན་ཡོད་་རེད། ཐོབ་འི་གདེང་ཚོད་མེད་ཀྱང་རེ་བ་བཟང་ས་ནས་རྒྱག་ཆོག་ག གདེང་ཚོད་དང་རེ་བ་ཅི་ཡང་མེད་ན་ཁ་རོག་ཉལ་མི་འདུག་པར་བོད་དར་དགུང་ལ་ཕྱར་ནས་ཅི་བྱེད།
ནུབ་བོད་ལགས། སྤྱིར་ན་དེ་འདྲ་རང་རེད་མོད། རྒྱུ་མཚན་ཅུང་རེ་མ་བཤད་ན་བདེན་པ་ནག་སུབ་གཏོང་ཉེན་འདུག་ག ཁ་ཤས་ཤིག་གིས་དོན་དངོས་མ་ཤེས་པྲ་ཤོད་ཀྱིན་ཡོད་སྲིད་པས་ད་ཐེངས་ངས་མགོ་མཇུག་ཚང་མ་ཡོད་པ་ཞིག་བྱེད་ཐག་ཆོད་ཡིན། ཧཧཧཧཧ
ལྷ་མོ་སྐྱབས་་་ལགས། ད་སྐྱ་རྫུན་ཡང་བཤད་ཀྱི་ཡོད་དམ། ཁུག་རྟ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དང་འགལ་བ་མིན་ན་་་་བློ་བཟང་སེང་གེ་སྒེར་དང་འགལ་བ་ཨེ་རེད། གཞུང་གི་ལས་ཀ་བྱེད་ས་ནས་ཕུད་པ་མིན་ན་་་སེང་གེའི་ཁྱིམ་ནང་ནས་ཕུད་པ་ཨེ་རེད།
ངོ་མ་ག་རེ་བསམས་ཀྱི་འདུག་གམ། བཙན་བྱོལ་བོད་མི་ཚང་མ་ཕྲུ་གུ་ནང་བཞིན་རེད་བསམས་ཀྱི་ཡོད་དམ། མགོ་སྐོར་གཏོང་ཆོག་ཆོག་རེད་བསམས་ཀྱི་ཡོད་དམ། ཁྱོད་སྤྱི་ཟུར་ཞིག་གིས་འགན་ཁུར་སྟངས་འདི་འདྲ་ཨེ་རེད།
ཅོ་རི་ཅོ་ཁོ། འདིའི་སྐོར་ཁྱོད་ཀྱིས་ངོ་མ་ཤེས་ཀྱི་མི་འདུག ད་རྗེས་སུ་ཧ་གོ་གི་རེད།
ད་དུང་ཁ་ཤས་ཀྱིས་འདིར་གཟིགས་རོགས།
“ཡང་ཁོང་ལ་གཞོན་ནུ་ལྷན་ཚོཊ་ཀྱིས་ཁྱེད་ཀྱིས་རྒྱ་ནག་རྒྱལ་དར་འཕྱར་བར་ངོ་རྒོལ་བྱེད་བཞིན་པ་དེར་བསམ་ཚུལ་ཅི་ཡོད་དྲིས་པར། “ང་རང་ཟ་ཁང་མ་བྱན་གྱི་ལས་ཀ་བྱེད་པའི་བོད་མི་དཀྱུས་མ་ཞིག་ཡིན། རྒྱལ་དར་འཕྱར་བར་མ་དགའ་མཁན་དེ་ཚོར་ཁོང་ཚོར་རང་གི་ལྟ་གྲུབ་དང་རྒྱུ་མཚན་ཞིག་ཏན་ཏན་ཡོད་རྒྱུ་རེད། སྐད་ཆ་དེའི་འགན་ཁོང་ཚོས་འཁུར་དགོས་ཀྱི་རེད། ངས་དེར་ལན་རྒྱག་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་མེད། ང་ལ་སྐད་ཆ་ངན་པ་བཤད་སོང་སྙམ་པའི་ཀུན་སློང་གང་ཡང་སྐྱེས་མ་སོང་ལ། མ་འོངས་པར་ཡང་བསམ་བློ་དེ་འདྲ་འཁོར་སྲིད་ཀྱི་མ་རེད། ངས་ལས་འགུལ་ཐོག་མར་སྤེལ་སྐབས་ནས་ང་ཚོ་རྒྱ་ནག་གི་མངའ་ཁོངས་རེད་ལབ་ནས་རྒྱལ་དར་འཁྱེར་ཡོད་པ་མ་རེད་ལ། ལོ་རྒྱུས་ཐོག་བོད་རྒྱ་ནག་གི་མངའ་ཁོངས་རེད་ཅེས་བཤད་ཡོད་པ་མ་རེད། ངས་རྒྱ་ནག་གི་རྒྱལ་དར་འཕྱར་དོན་དབུ་མའི་ལམ་དང་མ་འགལ་བའི་ཐོག་ནས། བོད་རྒྱ་ནག་ནང་ཆེས་མཐོའི་རང་སྐྱོང་བྱ་རྒྱུའི་འདོད་པ་ཡོད་ཟེར་བའི་མཚོན་བྱེད་ཡིན། དེའི་སྟབས་ཀྱིས་ངས་སྔོན་མ་རྒྱ་ནག་རྒྱལ་དར་འཕྱར་མྱོང་ལ་ད་དུང་ཡང་འཕྱར་རྒྱུ་ཡིན། གོམ་བགྲོད་ཐེངས་གཉིས་པ་རྒྱ་གར་དང་བོད་ཀྱི་ས་མཚམས་བརྒྱུད་བོད་ལ་འགྲོ་དགོས་དུས། ད་ཐེངས་བོད་དང་རྒྱ་གར། རྒྱ་ནག་རྒྱལ་དར་གསུམ་ཀ་མཉམ་དུ་འཕྱར་རྒྱུ་ཡིན་པ་ལས། བལ་ཡུལ་རྒྱལ་དར་འཕྱར་རྒྱུ་མིན། ང་རང་གིས་སྐར་ལྔའི་དར་དམར་ནི་རྒྱ་ནག་གི་དར་ཆ་ཡིན་པ་ལས་གུང་ཁྲན་དམར་ཤོག་གི་དར་ཆ་ཡིན་པར་ངོས་འཛིན་བྱེད་ཀྱི་མེད། ངས་རྒྱལ་དར་འཕྱར་བ་དེ་རྒྱ་ནག་ལ་མགོ་བཏཊ་པ་མ་རེད་ལ། ངས་བོད་མི་དམངས་ལའང་ཕོག་ཐུག་གང་ཡང་བཏང་མེད ” ཅེས་བརྗོད། ”
༢༠༡༣་༢་༡༨
དྲི་བ་གཅིག ཟེར་བ་འདིར་སུས་ཀྱང་སྐྱོན་འཛུགསབྱེད་རྒྱུ་མེད་དོན་ཅི་ཡིན་ནམ།
ཆབ་ལྷ་ལགས། འོ་ན་ཐེངས་གཉིས་པའི་སྐབས་སུ་དར་དམར་མ་ཕྱར་བའི་རྒྱུ་མཚན་གང་ཡིན། ཁོང་གིས་དམ་བཅའ་རལ་བཅུག་པ་དེ་རང་ཚུགས་ཅན་ཞིག་གིས་བྱེད་སྟངས་རེད་དམ། གལ་ཏེ་དབུ་མའི་ལམ་དང་མི་འགལ་བ་ཙམ་རྒྱུ་མཚན་དུ་བྱས་ནས་དར་དམར་ཕྱར་དགོས་ན་དབུས་བོད་མིའི་སྒྲིག་འཛུགས་ཁང་གིས་མི་ཕྱར་བ་དེས་དབུ་ལམ་རང་ཉིད་རང་གི་རྩ་དོན་དང་འགལ་ཡོད་པ་མིན་ནམ། དེ་ལས་ལྡོག་སྟེ་གླིང་ཚར་དབུས་གཞུང་ལས་ལྷག་པའི་འོས་འགན་ག་རེ་ཡོད་དམ།
ད་དུང་ཞུ་རྒྱུར། གླིང་ཚ་རང་ཉིད་མི་སྒར་གྱིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ལས་འགུལ་ཞིག་སྤེལ་བ་ལས། དབུས་དབུ་མའི་སྒྲིག་གཞིའི་འོག་ནས་སྤེལ་བ་གང་ཡང་མ་རེད། དེ་ཡང་དང་པོ་གོམ་བགྲོད་འགོ་འཛུག་དུས་དར་དམར་མཉམ་འབྱར་གནང་མེད་པ་གསལ་བོ་གསལ་རྐྱང་རེད། ལྡི་ལིར་མ་སླེབས་ཙམ་ནས་གློ་བུར་དུ་བྱུང་བའི་གནས་ཚུལ་ཡ་མཚན་ཅན་ཞིག་རེད།
གླག་རྒོད་ཟེར་པ་འདི་ཤ་གསེང་རུས་པ་ཅན་ཞིག་མིན་ཐག་ཆོད་རེད། གླིང་ཚས་རང་སྲོག་འཕངས་མེད་དོར་ཟིན་པ་མིག་མཐོང་ལག་ཟིན་གང་ཞིག་ལ། ད་དུང་ཁོང་ལ་གཞན་གྱིས་ཁ་ལོ་བསྒྱུར་ཚུལ་ཟེར། འོ་ན་སྲོག་དོར་དགོས་པའང་ཤར་ཕྱོགས་ཁུག་རྟའི་བཀའ་གསུང་ཅི་སྒྲུབ་བྱས་པ་རེད་དམ། ཀླད་པའི་ནང་དུ་སྐྱག་འབུ་ཡག་པོ་ཞིག་མེད་མཁན་གྱི་སྐད་ཆ་དེ་འདྲ་བཤད་ན་དངོས་གནས་ཐབས་སྐྱོ་བོ་རེད། ཕ་མ་གཉིས་ཀྱིས་ལན་གཅིག་གནང་བའི་མི་ལུས་འདི་ལ་རིན་ཐང་འདི་ལས་མ་ཐོབ་བསམས་ན་སེམས་སྐྱོ་ཞིང་ལུས་འདར་པ་ཞིག་མ་རེད་དམ།
རང་སྲོག་འདོར་ནུས་པའི་དཔའ་བོ་ཞིག་གིས་ལས་འགུལ་མི་ཚེ་མཐའ་ལ་མ་སླེབས་པར་སྤེལ་རྒྱུར་གྲ་སྒྲིག་གང་འདྲ་ཞིག་བྱས་མིན་ཚང་མས་ཤེས་གསལ་རེད། ཁོང་ལ་འཚེ་མེད་ཞི་བ་དབུ་མའི་ལམ་གྱི་ལྟ་གྲུབ་བརྟན་པོ་ཆགས་ཟིན་པའི་གང་ཟག་ཅིག་ཏུ་སོང། རྒྱུད་སྐུལ་བྱེད་མཁན་གང་ཡང་དགོས་པ་མ་རེད། ཤར་ཕྱོགས་ཁུག་རྟས་ཀྱང་དར་དམར་འཕྱར་རོགས་ཞེས་ཁོང་ལ་འབོད་སྐུལ་ཞུ་གི་མ་རེད། དེ་རིང་གི་སྐབས་སུ་ཁོང་གི་ཚེ་སྲོག་ལ་སེམས་ཁྲལ་བྱེད་རྒྱུ་ལས་ལྡོག་སྟེ་ད་དུང་འདི་འདྲ་ལབ་ན་ཞེ་དྲག་ཐབས་སྐྱོ་བོ་རེད། བོད་མི་གླག་རྒོད་འདྲ་བ་རྟུ་ཐུག་མང་དྲག་སོང་བས་བོད་ཀྱི་རང་དབང་ཟེར་པ་དེའང་ཚད་འདི་འདྲ་ཞིག་ཡིན་སོང་བ་རེད། ད་དུང་ཅིག་བྱེད་མཁན་ཚོར་ཁ་བཏང། ངོ་མ་ཐབས་སྐྱོ་བོ་རེད།།
བློ་བཟང་སེང་གེས་སྐུ་ངོ་བཀྲས་མཐོང་ལ་ན་ཚ་བཟུང། མདོ་སྨད་ལ་མཐོང་ཆུང་བྱས་ཏེ། ཤར་ཕྱོགས་ཁུག་རྟ་རླུང་སྟོན་སར་བེད་སྤྱོད་བཏང། དྲང་པོ་མ་བྱས་པ་དེ་གསལ་བོ་རེད། ཁོང་གིས་དྲང་པོ་བྱས་ཡོད་མེད་བཙན་བྱོལ་ནང་གི་སུ་ལ་དྲིས་ན་འདྲ། ཁོང་གི་བཀའ་བློན་ལས་རོགས་ཚོར་དྲིས་ན་འདྲ།
ཐ་ན་༸གོང་ས་མཆོག་སོགས་འཇིག་རྟེན་དྲང་བདེན་གྱི་ལམ་དུ་ཁྲིད་མཁན་ཚོར་བཀའ་འདྲི་ཞུས་ནའང། བློ་སེང་གིས་བྱབ་ཆུང་གི་ལས་ཀ་བྱས་ཡོད་པ་གསལ་བོར་བཀའ་གནང་གི་རེད་བསམས། ཤར་ཕྱོགས་ཁུག་རྟར་མ་ཉེས་ཁག་གཡོག་བྱས་པ་དེའི་སྐོར་ལ་ཕྱོགས་སྡེབས་དེབ་ཤོག་གྲངས ༤༠༠ ལྷག་ཡོད་པ་ཞིག་འདོན་གྲབས་འདུག་ཅེས་གསར་འགྱུར་འདུག་ལ། བོད་ནའང་ཤེས་ལྡན་མང་པོས་དངོས་དོན་མཁྱེན་འདུག ད་དུང་གོ་ཐོས་བཀའ་བློན་གཞན་དང་གཞན་གྱིས་བློ་སེང་གིས་སྐབས་དེར་དུས་ཡུན་ཕར་འགྱངས་མ་བྱས་པའི་སྐབས། བཀའ་བློན་གཞན་ལ་ཁ་གྲགས་ས་མེད་པ་བཟོས། ཁོས་སྒེར་གཅོད་བྱས་ཚུལ་གསལ་བོ་གསུང་བ་ཡོངས་གྲགས་རེད། ཁོང་གིས་དེའི་རྐྱེན་བསྟུན་མར་ཤར་ཁུག་སྒེར་གྱི་མདུན་ལམ་སྟེང་གནོད་པ་ག་ཚོད་བྱས་ཡོད་མེད་ཚང་མས་ཤེས་གསལ་རེད།
སོང་ཙང། ལོ་རྒྱུས་ཀྱི་ངོས་དང། བདེན་པའི་ངོས། ལས་རྒྱུ་འབྲས་གང་ཐད་ནས་ཞུས་ཀྱང་བློ་སེང་གིས་ཤར་ཁུག་ལ་དགོངས་སེལ་མ་ཞུས་ན་ཁོང་གི་ལོ་རྒྱུས་ནང་ནག་ཐིག་ཅིག་འབབ་ཀྱི་རེད་ལ། ད་ལྟ་བར་སྤོབས་གཏམ་བཤད་རྒྱུ་དང་གཞིས་ཆགས་མི་མང་ལ་ཕྱི་རྒྱལ་ལ་གཏོང་མདོག་གི་མགོ་སྐོར་གཏོང་རྒྱུ་ལས་ཁོང་གིས་ད་བར་འཇོན་བཞག་པ་གང་ཡང་མེད་པ་ཚང་མས་ཤེས་གསལ་རེད། དེང་སྐབས་ཕྱོགས་ཡོངས་ནས་བློ་སེང་གི་རང་མདོག་དམར་རྗེན་ཐོན་ཡོང་བ་འདི་གཅིག་ནས་ཁོང་ལ་འཇོན་ཐང་ཤེས་ཚད་ཚད་ལོང་པ་ཞིག་མེད་པས་རེད་ལ། གཉིས་ནས་ལས་རྒྱུ་འབྲས་མི་བརྩི་ཞིང་མི་ལྷག་བསམ་ཅན་ལ་མ་ཉེས་ཁག་གཡོག་བཏང་བས་ཀྱང་མ་རེད་དམ།།
བློ་སེང་གི་བྱ་ལམ་ལ་འགྲོ་ན་ངས་བཤད་ཚོད་ཚང་མ་རྫུན་མ་ཡིན། ད་བར་དུ་མིག་མཐཽང་རེད། མ་འོངས་པའང་དེ་བཞིན་རེད།
ཧཧཧཧཧཧཧཧ
ད་ཐེངས་ཤར་ཕྱོགས་ཁུག་རྟར་རྒྱབ་སྐྱོར་བྱེད་མཁན་མང་བ་འདིའང། མདོ་སྨད་ཀྱི་ཕྱོགས་ཀྱི་ཚད་ལྡན་མཁས་པ་དང། དམིགས་བསལ་ཆོལ་ཁ་གཞན་དང་གཞན་གྱི་ལངས་ཕྱོགས་བརྟན་ཅིང་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྲོག་ལ་བརྗེ་མཁན་རྐྱང་རྐྱང་རེད། བློ་སེང་གིས་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སྒྲུབ་ཚུལ་བཞིན་ལྷག་བསམ་རྣམ་དག་གིས་སྒྲུབ་ཀྱི་ཡོད་ན། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་རྒྱ་ཆེ་གཉིས་སྨན་གྱི་ལམ་སྟོན་དག་ལ་བརྩི་གི་ཡོད་ན། བློ་སེང་གི་རྣམ་པ་དང་ཕྱོགས་ཁག་གི་རྣམ་པ་གྲོས་ཚོགས་ནང་དང་ཕྱི། བོད་ནང་གང་དུའང་འདི་འདྲའི་གནས་བབ་ཉམས་ང་བ་ཞིག་གི་སྒང་དུ་ཟགས་དགོས་པ་མ་རེད།
བློ་སེང་ལ་༸རྒྱལ་བ་རིན་པོ་ཆེ་དང་བོད་སྤྱི་དོན་ལས་རང་ཉིད་ཀྱི་གཏམ་གྲགས་རྫིག་ཉམས་ཇེ་དོད་དུ་བཏང་སྟེ་སྒེར་གྱི་གཞུག་ལམ་བཟོ་རྒྱུ་གལ་ཆེན་ཡིན་པ་ད་བར་བྱས་པའི་ལས་དོན་རྣམས་ལས་མཐོང་ཐུབ། དབུ་མའི་ལམ་ལ་ཡིད་ཆེས་ཡོད་ན་རྒྱ་ཕྱོགས་ཕར་ཟད་བོད་པ་ཚོར་དོགས་པ་འབྱུང་དགོས་དོན་ཡོད་པ་མ་རེད། གང་ལྟར་བློ་སེང་སེང་གེ་ཁྲི་སྟེང་དང་ཤར་ཁུག་དམའ་བོ་གདན་སྟེང་གང་དུ་བཞུགས་ཀྱང། བོད་དོན་ངོ་མ་དེ་སུས་སྒྲུབ་ཀྱི་ཡོད་མེད། བོད་ནང་གི་བོད་མི་ཚོར་ཤ་ཚ་ངོ་མ་ཞིག་སུ་ལ་ཡོད་མེད། རང་ལས་སྤྱི་གཙོ་བོ་སུ་ལ་ཡིན་མིན་ཕལ་ཆེར་གསལ་བོ་རེད། དེའི་ཆ་ནས་ཁོང་གྲོས་ཚོགས་སུ་སླེབས་ན། དང་པོར་ཤར་ཁུག་གིས་གཞིས་བྱེས་མི་མང་ལ་འཚམས་འདྲི་ཞུ་ངེས་ཀྱང། གཉིས་པར། བློ་སེང་གིས་མ་ཉེས་ཁག་གཡོག་བྱས་ཚུལ་ཏན་ཏན་གསུང་ངེས་སྟབས། བློ་སེང་ཕྱོགས་གཏོགས་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་ཁོང་གྲོས་ཚོགས་ནང་མི་སླེབས་རྒྱུར་འབད་པ་ཤ་ཐང་དུ་བྱེད་བཞིན་པ་ཤེས་གསལ་རེད། ཁོང་ཚོའི་བཤད་ཡམས་གཅིག་པུ་དེ་རྒྱ་མིའི་དར་ཆ་འཕྱར་བ་ཟེར་བ་དེ་རེད། དེ་ནི་༸རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེའི་དགོངས་གཞི། དབུ་མའི་ལམ་གྱི་སྙིང་དོན། ཉམས་ལེན་ཞུ་ཕྱོགས་ལ་ཤེས་རྟོགས་མེད་མཁན་ཚོར་ཏག་ཏག་མགོ་བསྐོར་གཏོང་སྤྱད་སྟབས་བདེ་ཞིག་ཆགས་ཡོད་པ་རེད། ཡིན་ནའང། ཅུང་བསམ་གཞིགས་བྱེད་ཤེས་མཁན་ཞིག་ཡིན་ན་མི་རང་རང་གི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་དངོས་དོན་ལ་ལྟ་རྒྱུ་ནི་ཤེས་རིག་གིས་བློ་བསྒྱུར་བ་རྣམས་ཀྱི་རང་གཤིས་རེད།
སོང་ཙང། གནད་དོན་འདི་དེང་སང་མངོན་འགྱུར་བྱུང་འདུག་པས་ཉུང་ཙམ་ཞུས་པ་ཡིན། ཧཧཧཧཧཧ
ཧཧཧཧཧཧཧཧཧ
དེས་ན་ཤར་ཁུག །རང་སེམས་ལ་སྒྲིབ་པ་མེད་ན། བར་དོ་ལ་འཇིགས་སྐྲག་སྐྱེ་དགོས་དོན་མི་འདུག་ཨ། ནོར་འཁྲུལ་མེད་ན་བློ་སེང་ལ་དགོངས་དག་གྱི་ཞུ་ཡིག་ག་རེ་བྱས་ནས་ཕུལ་བ་རེད། མི་བྱབ་ཆུང་གིས་བྱེད་སྟངས་ལ་ལྟོས་དང་རང་མདོག་བསྟན་ཡོད་པ་མཐོང་གི་འདུག་ཨ
འཕྲིན་ལས་ལྷུན་གྲུབ་ཟེར་བ་དེ་ཤར་ཁུག་ཁོ་རང་རེད་ལབ་ཀྱི་འདུག །སྐད་ཆ་བཤད་སྟངས་ལ་ལྟོས་དང་ཤེས་ཀྱི་མི་འདུག་གམ། ཧཧཧཧཧཧཧཧཧཧ ད་ཁྱེད་ཚོས་ལས་ཀ་བྱེད་སྟངས་ཚང་མ་འདི་འདྲ་རེད།
ཁུག་རྟའི་དམངས་གཞས།
ཁུག་རྟ་ཆོལ་ཁས་གཟི་ནས།
སེང་གེའི་ཚང་ཆེན་དཀྲུགས་སོང་།
ལྟོ་གོས་གྱོང་ཀ་མེད་པ།
ཚོགས་ཟུར་གཉིས་ཀྱི་འགན་ཡིན།
ཁུག་རྟས་ཐན་སྐད་བརྒྱབ་ནས།
སེང་གེ་གཉིད་ལས་དཀྲོགས་སོང་།
སྡེར་མ་བྲག་ལ་བརྡར་དུས།
ཚོགས་གཙོ་གཅིན་པ་ཤོར་སོང་།
ཤར་ཕྱོགས་དར་དམར་སྟེང་ལ།
ཁུག་རྟས་སྙིང་གཏམ་བྲིས་སོང་།
དབུ་མ་གཉིས་ཕན་རིང་ལུགས།
དར་ཆའི་རྒྱན་ལ་བཏགས་སོང་།
བྱུང་ན་སྤྱི་འ྄ཐུས་རྒྱན་ལས།
མ་བྱུང་མདོ་སྨད་སྤྱི་འཐུས།
དབུ་མའི་རྩོམ་སྒྲིག་ཚོགས་ཆུང་།
ང་ལ་དགོས་པ་མེད་དོ།
དབུ་མའི་ཚོགས་ཆུང་གཅིག་བྱས།
ཟམ་སྟོང་བླ་མས་གཉིས་བྱས།
སྤེན་པ་ཚེ་རིང་གསུམ་བྱས།
ཁུག་རྟ་ང་ལས་སྐྱིད་པ།
ཨ་མདོའི་དངོས་གྲུབ་སྤྱི་འཐུས།
སྤྲུལ་སྐུའི་བྱིན་རླབས་དགེ་ཆོས།
ཁུག་རྟ་ལམ་འགྲོ་ཅན་པོ།
ད་དུང་ལྷ་མོའི་འཕྲིན་ལས།
ཕ་ཁྲིའི་མགོ་ལ་བཞོན་ནས།
སྤྱི་འཐུས་རྟ་ལ་འཁྱུད་སོང་།
སྲིད་སྐྱོང་རྒོད་མའི་སྲབ་ཁ།
ཁྱེད་ཀྱི་ཕྱག་ལ་ཡོད་དོ།
འཕྲིན་ལས་ལྷུན་གྲུབ་བྱུང་ན།
ཆབ་བྲག་ལྷ་མོ་མ་བརྗེད།
དབང་དང་རྒྱུ་ནོར་བྱུང་ན།
ཟམ་གདོང་བླ་མ་མ་བརྗེད།
ཁུག་རྟ་ཆུང་ཡང་ཤར་ཕྱོགས།།
དམར་པོའི་ཏང་གི་བུ་ཡིན།།
སེང་གེ་ཆེ་ཡང་རྡ་སའི།།
དབུ་མའི་ལམ་གྱི་ཁྱི་རེད།།
སེང་གེས་རང་ལ་ཞེ་ས།།
ཞུས་ན་སྤེན་ཚེས་བཀྱོན་ཡོང་།།
ཁུག་རྟས་དར་དམར་ཕྲག་ལ།།
ཕྱར་ན་ཟམ་གདོང་དགྱེས་ཡོང་།།
ཁུག་རྟའི་བདེན་དོན་བརྗོད་མཁན།།
ཡོད་ཚད་ཁུག་རྟ་མིན་ལ།།
ཁུག་རྟ་ངན་འདོགས་བྱེད་མཁན།།
ཡོད་ཚད་བློ་སེང་མིན་ནོ།།
ཆབ་ལྷས་པེན་ཚོགས་བཙུགས་ནས།།
བཱེ་ཟྭ་ལྐོག་ཚོང་བྱས་ཡོད།།
ད་ཐེངས་ཁུག་རྟ་བཀྱོག་པ།།
དམིགས་ཡུལ་མེད་པ་མ་ཡིན།།
ཁུག་རྟ་དབུ་མས་གཡུག་ནས།།
འཚམས་ལ་བཞུགས་དགོས་བྱུང་ཡང་།།
ད་ཐེངས་སྤེན་ཚེའི་ལག་ཆར།
བེད་སྤྱོད་མེད་པ་མ་ཡིན།།
གྱི་ལང་གོམ་ལ་འགྲོ་སར།།
བོང་བུ་འཚང་ཁ་ཆེ་ལ།།
སྟག་ཤར་ཤར་ཁུག་རྒྱུགས་སར།།
གླག་ལ་སེམས་ནད་ཆེ་ལ།།
ཧཧཧཧཧ
རྒྱུགས་ན་རང་གི་གོམ་ཡིན།།
དཔའ་ན་རང་གི་སྙིང་ཡིན།།
བོང་བུའི་རྣམ་ཐར་བཞག་ནས།།
ཁུག་རྟར་འགྲན་ན་ལོས་དགའ།།
ཧཧཧཧ
བསྐལ་བ་ས་ལ་ཆགས་ནས།།
དཔའ་ལ་འགོག་ཐབས་བྱུང་མེད།།
མི་སྡེ་ས་ལ་ཆགས་ནས།།
རིག་པ་ཕྲ་མོས་བཅོམས་མེད།།
ཧཧཧཧ
མ་དགའ་མ་འགྲན་སྡུག་གྱོང།།
འགྲན་ན་ཤར་ཤར་ཕེབས་ནས།།
ཤར་ཕྱོགས་རིག་པའི་ཁུག་རྟ།།
རིགས་པས་བསད་ན་ལོས་ཆོག།
ཧཧཧཧཧ
ནག་མོའི་ཅོ་འཛིངས་གཡུག་སྟེ།།
བདེན་པའི་བརྡར་ཤ་གཅོད་ན།།
ཨ་མའི་བུ་ལ་སྐྱེ་བའི།།
དོན་གོ་བྱུང་བ་མིན་ནམ།།
ཧཧཧཧ
མཁས་པའི་བཞུད་ལམ་མཐོང་ན།།
ཕྲག་དོག་སྨོད་དམོའི་ཁ་བ།།
བལྟས་ན་དཀར་མདོག་ཆེ་ཡང།།
མཁས་པའི་ཉི་མས་གཞོམས་འགྲོ།
ཧཧཧཧཧཧ
བོང་མིན་རྟ་གྲལ་སྐྱེ་ཡང།།
གོམ་པ་བོང་ལས་སྐྱོ་བར།།
རྡོ་རྗེ་ཚིགས་སུ་བཅད་དེ།།
ཕན་ཕྱིར་ཅུང་ཙམ་སྨྲས་ཡོད།།
ཧཧཧཧཧ
སྐད་ཡིག་མཐུན་ཚོགས་ཚང་གི་ཨེ་་་ཧཧཧཧཧཧཧ
ཁུག་རྟའི་ཁ་ལ་ཉན་ན། །
གཉིས་ཕན་དབུ་མ་ཐོབ་ཡོང་། །
བློ་སེང་ཁ་ཤོམས་ཅན་པོས། །
གསོན་བསྲེག་བྱེད་ས་རེད་ཀོ།
ཁུག་རྟའི་ཁ་ལ་ཉན་ན།
མི་རིགས་རླུང་ལ་བསྐུར་ཡོང་།
བློ་སེང་ཁ་ཤོམས་ཆེ་ཡང་།
མི་རིགས་བླ་དེ་བཙོངས་མེད།
དབུ་མ་གཞན་དབང་ཅན་དེ།
ཁུག་རྟའི་ལག་ལ་མི་འདུག།
མགོ་འབུལ་ལུས་འབུལ་ཞུས་ཀྱང་།
ཏང་གིས་ཁ་ཡ་མི་བྱེད།
བོད་བླ་ཁོག་ན་མེད་པས།།
བོད་དོན་ག་ནས་འཁྱོང་ཡོང།།
བོད་ཡིག་སེམས་ན་མེད་པས།།
བོད་དྲི་ག་ནས་འཐུལ་ཡོང།།
བོད་རྗེ་བློ་བཟང་སེང་གེ།
བོད་ཀྱི་ལོ་རྒྱུས་ནང་གི།
བོད་མི་ཕྱེད་ཀས་མགོ་ཁྲིད།།
གནང་བ་དང་པོ་མིན་ནམ།།
བོད་ནས་ལྟེ་ཁྲག་འཐོར་ཞིང།།
བོད་ཀྱི་རིག་གནས་སྦྱངས་ཤིང།།
བོད་ཞེན་བོད་ཀྱིས་བགོས་པའི།།
བོད་ཕྲུག་ཤར་ཕྱོགས་ཁུག་རྟ།།
བོད་ནས་ཆིབས་བསྒྱུར་བསྐྱངས་ཏེ།།
བོད་མི་ཕྱེད་ཀར་སྡང་བ།།
བོད་ཀྱི་རང་དོན་ཡིན་ལས།།
ཁུག་རྟར་ཁེ་ཕན་ཅི་ཡོད།།
ཧཧཧཧ
བཤད་ཡམས་ཁ་ཤོམ་ཅན་པོ།།
རྫིག་ཉམས་དོད་པ་དགའ་པོ།།
དམ་བཅའ་འཇོག་ལ་དགའ་པོ།།
གཞིས་མི་གཉིད་མ་དགའ་པོ།།
མི་རྗེ་སེང་གེ་རེད་དོ།།
ཤེས་ཡོན་གཙོ་ཆེ་གསུངས་ཀྱང།།
ཤེས་ཡོན་སྒོར་མོས་མ་ཁུག།
ཤེས་ཡོན་སྤྲོད་ན་འདོད་མོད།།
བོད་ཀྱི་ཤེས་ཡོན་མ་ཤེས།།
ཕྱི་རྒྱལ་གཏོང་གི་ཡིན་ཟེར།།
འབྲེལ་མོལ་བྱེད་ཀྱི་ཡིན་ཟེར།།
ལོ་ངོ་གསུམ་པ་འདས་དུས།།
བསྟན་རྒྱུ་ཨ་སྒོར་འགའ་རེད།།
ཧཧཧཧཧཧ
༸རྒྱལ་བ་གདན་འདྲེན་ཞུ་ཟེར།།
རྒྱབ་སྐྱོར་ཐོབ་རབ་གསུང་མོད།།
རང་སྲེག་མེར་སྲེག་འོས་འགན།།
གནས་ཆུང་རྒྱལ་པོར་བཀལ་སོང།།
ཧཧཧཧཧཧ
གཞིས་མི་གཉིད་ལ་བསྐུར་པོ།།་་་་ཞེས་བཅོས་རོགས།
གླག་མིང་ཅན་ལ།
“བོད་ཀྱི་གཞུང་འབྲེལ་མིན་པའི་ཚོཊ་པ་ལྔའི་གསལ་བསྒྲཊ་ནང་འཁོད་དོན། “གསུམ་བཅུའི་དུས་དྲན་ཉིན་བོད་མི་སྤྱི་སྒེར་སུ་རུང་གིས་རྒྱ་དམར་གཞུང་གི་རྒྱལ་དར་འཕྱར་ཏེ་གོམ་བགྲོད་ལས་འགུལ་ནང་འཛུལ་ཞུགས་བྱེད་པ་དང་། རྒྱ་དམར་གྱི་རྒྱལ་དར་འཕྱར་བའི་རྐྱེན་གྱིས་སྤྱི་ཚོཊ་ནང་གླེང་རྙོག་རིཊ་བྱུང་ན་གོ་སྒྲིག་པའི་ངོས་ནས་འགན་གང་ཡང་འཁུར་ཐུབ་ཀྱི་མེད། བོད་ནང་རང་སྲོག་འབེན་ལ་བཙུཊ་ཏེ་རྒྱ་དར་མར་ཕབ་བཞིན་པའི་སྐབས། བཙན་བྱོལ་ནང་བོད་མི་སུ་འདྲ་ཞིག་གིས་རྒྱ་གཞུང་གི་དར་དམར་མགོ་ལ་འཕྱར་ཏེ། བོད་དོན་བསྒྲུབ་རྒྱུའི་སྐད་ཆ་དང་དེའི་བྱ་སྤྱོད་རིཊ་ལ་རྒྱབ་སྐྱོར་དང་ངོས་ལེན་མེད་པ་གསལ་སྟོན་བྱ་རྒྱུ་ཡིན ” ཞེས་འཁོད་འདུག” འདི་འདྲ་དག་གིས་མི་སྒེར་བའི་རྣམ་དཔྱོད་ཀྱི་འཐབ་རྩོད་ལ་འགོག་རྐྱནེ་བཟོས་པ་རེད། ད་དུང་ཤེས་མེད་དམ། ཚོགས་པ་དེ་ཚོས་བླུན་རྟགས་ཀྱི་ཞབས་འདྲེན་མི་ཡོང་ཆེད་ཁོང་ཁུ་སིམ་མེར་ལམ་དུ་ཆས་པ་རེད། སྙིང་མ་རྗེ་ཨང།
2013 3 5
སྲིད་དོན་རྩོད་པའི་དོ་ར་ན། ཚིག་གི་ཤགས་འགྱེད་མཚར་མོ་ཞིག
སུ་ཕམ་སུ་རྒྱལ་དེ་མི་གཙོ། རིག་རྩལ་ངོམ་པ་དེ་གས་མགུ། ད་དུང་ཡོད་ན་དེ་བས་སྤྲོ།་ཧཧཧཧཧ
འདི་ཡང་བར་སྐབས་ཀྱི་ངལ་གསོའི་རྒུན་ཆང་ཧུབ་གང་དང་མཉམ་དུ་ཕུལ་ལོ།
བོད་པའི་ལ་རྒྱ་དགོས་ན། །
བོད་སྐད་མི་ཤེས་དཔོན་པོ། །
བོད་པས་རྩ་ཆེན་བྱེད་པ། །
བོད་ཆོས་ཤོར་ཟིན་མིན་ནམ། །
གོང་གི་མཆན་བུ་རྣམས་རེ་རེ་གཉིས་གཉིས་བྱས་ནས་ཀློག་ན་ངས་ཉམས་ཞིབ་མང་པོ་བྱེད་དགོས་བ་མི་འདུག་ལ་འདི་རུ་གནད་དོན་གསུམ་གསལ་བོར་བསྟན་འདུག
༡)
ལྷ་མོ་སྐྱབས་འདི་ཁ་ཞེ་གཉིས་མེད་ཀྱིས་ཤར་ཁུག་ལྟ་བུའི་རིགས་ལ་དགའ་མཁན་དང་རྒྱབ་སྐྱོར་བྱེད་མཁན་རེད་འདུག
༢)
ལྷ་མོ་སྐྱབས་འདི་ཁ་ནས་དབུ་མ་དང་ལག་ནས་དབུ་མའི་སྲིད་ཇུས་འཛིན་མཁན་གྱི་ད་ལྟའི་བཀའ་ཤག་ལ་མཆིད་མ་འཕེན་མཁན་གྱི་ཤར་ཁུག་ལྟ་བུའི་རིགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མངོན་པའི་ཆབ་སྲིད་པ་ཞིག་རེད་འདུག
༣)
ལྷ་མོ་སྐྱབས་འདི་རང་གི་དགའ་ས་དང་ཉེ་ས། གྲོགས་པོ་བཅས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་མ་གཏོགས་བདེན་པ་དང་ལྷག་བསམ། རྩ་དོན་བཅས་གཙོ་བོར་བཟུང་ནས་ལས་དོན་སྒྲུབ་མཁན་ཞིག་མིན་པ་ཡང་གསལ་བོ་རེད་། མདོར་ན། ངས་གོང་དུ་བརྗོད་པ་བཞིན་བྱེད་སྟངས་འདིས་ལྷ་མོ་སྐྱབས་ཀྱི་ཤེས་ཡོན་དང་ཉམས་མྱོང་། རྣམ་དཔྱོད་གསུམ་སྟོན་གྱིན་འདུག
ཉམས་ཞིབ་པ་ལགས།
དོན་ཚན་དང་པོ་ངས་ཁས་ལེན། ངས་ཁ་ཞེ་གཉིས་མེད་ཀྱིས་ཁུག་རྟ་ལགས་སུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་རེ་བ་ཅན་གྱི་གཞོན་སྐྱེས་འདི་རིགས་ལ་སྤྱི་ཚོགས་ངོ་མའི་ནང་དུ་སྦྱོང་བརྡར་ཐོབ་ཏུ་འཇུག་དགོས། ལྷག་པར་དུ་ཡིད་བཞིན་ནོར་བུའི་ལམ་སྟོན་ཁག་ལས་ཉུང་མཐར་དོན་དག་གཅིག་གི་ཐད་ལ་ལག་བསྟར་གནང་ཐུབ་མཁན་ཞིག་ཡིན་ན་ཡང་དེ་ཧ་ཅང་གི་རྩ་ཆེན་པོ་རེད། མི་རིགས་ཇི་ལྟར་གསོ་སྐྱོང་བྱས་ཏེ་སྤྱི་ཚོགས་ལ་ཕན་པའི་མི་གོ་ཆོད་ཅིག་ཏུ་འགྱུར་བ་བྱེད་པ་ལས་དེ་ལས་ལྡོག་སྟེ་མར་གནོན་པའི་ཐབས་ཤེས་གཏན་ནས་བྱེད་མི་འོས། དོན་ངོ་མ་བཤད་ན་བཙན་བྱོལ་བོད་གཞུང་གིས་གནའ་ནས་ད་བར་དུ་བོད་ནས་འབྱོར་བའི་རེ་བ་ཅན་གྱི་གཞོན་སྐྱེས་གང་མང་ཞིག་ལ་བདག་སྐྱོང་ཡག་པོ་རྒྱག་ཐུབ་མེད། འདིའི་ཐད་ལ་དེ་སྔ་ནས་ངས་བཤད་པ་དང་བྲིས་པ་ཡང་ཉུང་ཉུང་མིན།
གཉིས་པའི་ནང་དོན་དེ་གསལ་བོ་ཞིག་མི་གོ་གི ཡིན་ན་ཡང་གལ་ཏེ་ང་ཆབ་སྲིད་པ་ཞིག་ཡིན་པའི་དབང་དུ་བཏང་ན་ཕྱི་གསལ་ནང་གསལ་གྱི་ཆབ་སྲིད་པ་ཞིག་ལས་མི་མངོན་པ་ཞིག་གཏན་ནས་མིན།
གསུམ། ངས་ང་དགའ་ས་དང་ཉེ་ས། ངའི་གྲོགས་པོ་བཅས་ལ་རོགས་པ་རེ་བྱས་ལོས་ཡོད། དེ་ངའི་ཉེས་པ་ཡིན་ན་མི་ཚང་མ་ལ་ཉེས་པ་དེ་ཡོད་ངེས་ཡིན། ཧཧཧཧ་་་་ཡིན་ན་ཡང་ངས་ཕན་ཐོགས་སོང་བ་ཅང་མེད། ང་བདེན་པ་ཡོད་མེད་དང་ལྷག་བསམ་ཡོད་མེད། རྩ་དོན་ཆེད་ཡིན་མིན་དེ་ཉམས་ཞིབ་པ་ཁྱོད་ལྟ་བུ་ཞིག་ལ་ནམ་ཡང་ལྐོག་གྱུར་ཡིན། ཧཧཧཧཧཧཀུ་རེ་དང་བཅས་ཡང་རྒུན་ཆང་ཧུབ་གང་དང་མཉམ་དུ་ཕུལ་ལོ།
ཆབ་ལྷས་དངོས་གནས་པེན་སྒོར་གྱིས་རྒུན་ཆང་མང་པོ་ཞེ་དྲག་ཉོས་ཡོད་པ་འདྲ། རྟེན་འབྲེལ་ཞུ་གི་ཡོད་ད།
དེ་མིན་ཆབ་ལྷས་ཆབ་སྲིད་འཁྲབ་སྟངས་དེ་ནི་སྨྱོན་པས་གར་འཁྲབ་པ་དང་གཅིག་མཚུངས་རེད། ཚོགས་པ་ལྔས་ལྷག་བསམ་རྣམ་དག་གི་སྒོ་ནས་སྤྱི་སེམས་བཅིང་ཏེ་ལེགས་ཉེས་བླང་དོར་གྱི་སྐད་ཆ་བཤད་པ་རེད། གལ་ཏེ་བོད་མི་མང་གི་ལངས་ཕྱོགས་དང་མི་མཐུན་པའི་ཤར་ཕྱོགས་རྒྱ་ནག་པའི་རྒྱ་དར་ཕྱར་ནས་རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་བྱུང་ན། དེའི་ཐད་ལ་རྙོག་དྲ་འབྱུང་མིན་གྱི་འགན་ལེན་འཁུར་མི་ཐུབ་པའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་པ་ནི་འགྲོ་སྟངས་དང་མཐུན་པ་ཞིག་རེད། རྙོག་དྲ་ཞིག་མ་ལྷག་ན་བསམ་ནས་རེད་མ་གཏོགས་རྙོག་དྲ་གསར་བ་ཞིག་བཟོ་འདོད་ནས་མ་རེད་བ། གོམ་བགོད་ཐེངས་གཉིས་པའི་སྐབས་སུ་གླིང་ཚའི་ཕ་མ་གཉིས་ཀས་རྒྱ་དར་མ་འཁུར་ལབ་ནས་མཚམས་འཇོག་བྱས་པ་ཞིག་ཡིན་པ་གླིང་ཚ་རང་གིས་གསལ་བཤད་བྱས་སོང་ཨ། འོ་ན་ཕ་མ་གཉིས་ཀས་བུ་ལ་ཀྱག་ཀྱག་བྱས་པ་རེད་དམ།
ཤར་ཁུག་གིས་རྒྱ་དར་ཕྱར་ནས་ལྡི་ལིར་བོད་མི་མང་གི་མཉམ་དུ་གོམ་བགོད་བྱེད་མི་ཕོད་པ་དེ་ལ་གསལ་བཤད་ག་རེ་བྱེད་རྩིས་ཡོད། ད་ལྟ་ཁྱོད་ཚོས་ཤར་ཁུག་གིས་དབུས་དབུ་མའི་ལངས་ཕྱོགས་ཀྱི་སྒང་ལ་ཁ་དོན་མཚུངས་པའི་ལས་འགུལ་སྤེལ་པ་ལ་ཁ་གཡར་གི་འདུག །དེས་བོད་མི་མང་དང་མཉམ་དུ་འགྲོ་མ་ཕོད་ནས་ས་ཁུག་གྱོག་བསྐོར་ནས་ཁེར་བགོད་བྱེད་དགོས་དོན་གང་ལ་ཐུག་པ་རེད།
ལྷ་མོ་སྐྱབས་དེ་རིང་སང་ཉིན་ར་བཟི་ནས་དྲ་ཐོག་ཏུ་འདྲ་མི་འདྲ་གླེང་བཞིན་པ་འདི་ཆབ་སྲིད་པའི་གཡོ་གར་ཆུང་ཆུང་ཞིག་འཁྲབ་བཞིན་པ་ལས་གཞན་ཅི་ཡང་མ་རེད་། ལྷ་མོ་སྐྱབས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་པའི་ཤར་ཕྱོགས་ཁུག་རྟ་ཟེར་བ་འདིའི་རང་རྣམ་ཐུང་ཐུང་ཞིག་གཤམ་གསལ།
༡)
སིད་སུའི་རྟ་སྲས་ཚུལ་ཁྲིམས་ཟེར་བ་དེ་ཨ་ཞང་ཡིན་ན་ཅིག་ཡིན་ཟེར་ནས་དེ་བརྒྱུད་དེ་སྐུ་སྒེར་ཡིག་ཚང་ལ་དགེ་འདུན་ཆེས་འཕེལ་གྱི་སྤྲུལ་སྐུ་ཡིན་ཚུལ་སྙན་ཞུ་ཕུལ་བ་དེ་༧སྐྱབས་མགོན་རིན་པོ་ཆེ་ལ་མགོ་སྐོར་གྱི་ལས་ཀ་ཐོག་མ་དེ་རེད་།
༢)
དགེ་ཆོས་སྤྲུལ་སྐུའི་ཁེ་ཕོགས་དེ་བླངས་ནས་རིགས་ལམ་ཁོངས་བརྒྱུད་ནས་ས་ར་མཐོ་སློབ་ལ་སློབ་ཞུགས་གནང་ཞིང་ས་རར་སྡོད་རིང་གྲྭ་བ་ཡིན་མདོག་གིས་གཟན་བསྣམས་པ་དེ་ཡང་རིགས་ལམ་དང་ས་ར་གཉིས་ཀར་སྤྲད་པའི་བཟི་སྨན་ཐོག་མ་དེ་རེད་།
༣)
སྐུ་སྒེར་ལ་མགོ་སྐོར་གཏོང་རྒྱུ་དེ་ཟམ་མ་ཆད་པའི་དབང་གིས་སྐུ་སྒེར་བརྒྱུད་ཐེའེ་ལྦན་ལ་ལོ་གཉིས་རིང་གི་རྒྱ་ཡིག་སྦྱངས་བའི་གོ་སྐབས་རག་རུང་། རྒྱ་ཡིག་སྦྱངས་བ་ཕར་ཟད་ཐ་ན་ད་དུང་ཡང་རྒྱ་ཡིག་གི་འཕྲིན་ཡིག་རང་རྐྱ་འཕེར་བ་གཅིག་ཀྱང་འབྲི་མི་ཐུབ་པར་ནི་ཚང་མས་མཁྱེན་གསལ་རེད་།
༤)
ཟམ་གདོང་རིན་པོ་ཆེ་ལ་སྦྲེལ་ལད་འཁྲབ་འཁྲབ་པའི་མཐའ་མར་བཀའ་ཤག་ཁོངས་ཀྱིས་ལས་མེད་སྡེ་ཚན་ཟེར་བར་ཉིན་གླའི་ལས་ཀ་རག་ཅིང་དེ་ཡང་སྡོད་མ་ཚུགས་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཟུར་ཟའི་བསམ་ཚུལ་ཡིག་ངག་གཉིས་ཐོག་ནས་སྤེལ་པའི་རྐྱེན་ལ་བརྟེན་ནས་ལས་ཀ་ཤོར། ལས་ཀ་ཤོར་བའི་ན་ཚ་དེ་བཟོད་མ་ཐུབ་ནས་ཁ་བརྡ་སོགས་སུ་ལོ་གཅིག་ཙམ་རིང་བློ་བཟང་སེང་གེ་ལ་སྐྱོན་སྐྱོན་བཙལ་ནས་བསྡད་པ་དེ་ཡང་དངོས་མཐོང་ལག་ཟིན་རེད་།
༥)
ལས་ཀ་ཤོར་མཚམས་སུ་རྡ་སའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་དབུས་གཞོན་ནུ་གཉིས་ཀྱི་ཁོངས་སུ་ལས་ཀ་འཚོལ་བའི་ཐབས་ཤེས་གནང་རུང་ལས་སྒོ་ཕྱེས་མེད་ལ་ད་དུང་གཞོན་ནུའི་ཚོགས་གཞོན་ཞིག་དང་ལྷན་དུ་ཁ་རྩོད་ཀྱང་ཤོར་ཡོད་། རང་བཙན་གྱི་སྡེ་ཚན་ཕྱོགས་ནས་ལས་ཀ་མ་རག་ཅིང་མཐའ་མར་དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་དེར་འཛུལ།
༦)
དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་དེར་འཛུལ་བའི་ཉིན་ནས་བཟུང་རང་བཙན་རྩོད་མཁན་དང་དེ་དང་འབྲེལ་བའི་ཚོགས་པ་ཁག་ལ་མངོན་སུམ་འཛེམས་མེད་ཀྱིས་སྐྱོན་བརྗོད་བྱས་ཤིང་མཐའ་མར་རྒྱ་དར་འཁྱེར་ནས་གོ་ས་གཞན་ཞིག་རག་པར་ཐབས་ཤེས་བྱས། དེ་ལ་སྤྱི་ཚོགས་ཐོག་སྐྱོན་བརྗོད་ཤུགས་ཆེ་སླེབས་ཤིང་མཐའ་མར་དབུ་མའི་ལམ་ལས་འགུལ་ཁང་ནས་ཀྱང་ཕྱི་ལ་ཕུད་།
༧)
ད་དུང་རྒྱ་ཡིག་དང་དབྱིན་ཡིག་སྣ་གཅིག་མི་ཤེས་པར་རྒྱ་ནག་ཉམས་ཞིབ་ཡིན་ན་ཅིག་བྱེད་གི་ཡོད་ཟེར་ནས་ཟམ་གདོང་རིན་པོ་ཆེ་ལ་མགོ་སྐོར་རྐྱང་བཏང་ནས་རྒྱ་ནག་ལན་འདེབས་ཚོགས་ཆུང་དུ་ཚུད་རུང་མཐའ་མར་དེ་ནས་ཡང་མ་འཆམ་པར་ཕྱི་ལ་ཐོན།
༨)
རྡ་ལམ་ས་ལ་ན་མགོ་སྐོར་གཏོང་ས་མེད་པ་ཤེས་རྗེས། གཞིས་ཆགས་ཁག་དང་མཐོ་སློབ་འགའ་ལ་བསྐྱོད་ནས་དབུ་མའི་ལམ་གལ་ཆེ་ཚུང་དང་ཁོང་གིས་རྒྱ་ནག་ཤེས་ཚུལ་། ༧སྐྱབས་མགོན་རིན་པོ་ཆེ་ཡི་དགོངས་གཞིའི་ཕྱོགས་ལ་རྒྱག་གཅིག་མཆོངས་གཅིག་ཡིན་ཟེར་ནས་སྤྱི་འཐུས་ཀྱི་འོས་རག་ཐབས་ཀྱི་འཁྲབ་སྟོན་ཞིག་འགོ་ཚུགས་ནས་ཡོད་པ་དེ་ཡང་ས་རིས་ཐང་གསལ་རེད་།
༩)
ལྷག་པར་དུ་། འདི་རུ་ཤར་ཕྱོགས་ཁུག་རྟས་རྒྱ་དར་འཁྱེར་བ་དེ་འགྲིག་གི་རེད་ཟེར་མཁན་ཚོས་རྟོགས་དགོས་བ་ཞིག་ལ་ཤར་ཁུག་གི་བྱེད་སྟངས་དེ་ལ་ད་ལྟའི་བཀའ་ཤག་དང་སྤྱི་འཐུས་ཚོགས་གཞོན། གཞུང་འབྲེལ་མི་སྣ་གཅིག་གིས་ཀྱང་རྒྱབ་སྐྱོར་གྱི་སྐད་ཆ་ཚིག་གཅིག་བཤད་མེད་པ་དེ་ཡང་ཤེས་དགོས།
༡༠)
མདོར་ན་ལྷ་མོ་སྐྱབས་ཁྱོད་ཀྱིས་༧སྐྱབས་མགོན་རིན་པོ་ཆེ་དང་ཟམ་གདོང་བླ་མ་སོགས་ལ་ཕྱོགས་སྣ་ཆུང་ས་ནས་མགོ་སྐོར་གཏོང་མཁན། དབུ་མའི་ལམ་བེད་སྤྱོད་བཏང་ནས་རང་གི་ལྟོ་འཚོལ་མཁན། དབུ་མ་དང་རང་བཙན་གྱི་བསམ་ཚུལ་འཛིན་མཁན་རྣམས་ཀྱི་བར་ལ་སྔར་བྱུང་མ་མྱོང་བའི་དབྱེན་དཀྲུགས་བྱེད་མཁན་གྱི་ན་གཞོན་ལོ་ཆུང་ཞིག་ལ་རྒྱབ་སྐྱོར་བྱེད་བཞིན་པ་འདིས་ཁྱོད་ཀྱི་རྣམ་དཔྱོད་ཀླད་གོར་ཡིན་པ་བསྟན་འདུག་གོ
ཉམས་ཞིབ་པ་ཟེར་པ་འདི་བློ་སེང་གི་ཨབ་ཕྲུག་སྤྱི་འཐུས་འཇམ་བཟོད་རེད། ཁོ་ཚོས་འདི་ལྟར་བྱེད་ངེས་རེད། ཧཧཧཧཧཧ བྱབ་ཆུང་གི་ལས་ཀ་འདི་འདྲ་རེད། ཡིན་ཡང། ཤར་ཁུག་ལ་རྒྱུས་ཡོད་ཚོས་བུ་བློ་ཁོག་ཅན་དང། རུས་པ་ཅན་མ་རེད་ཟེར་མཁན་གཅིག་ཀྱང་མི་འདུག བློ་སེང་ཕྱོགས་ཀྱིས་ཁོར་གླེགས་ཁེལ་གི་མ་རེད།
ཤར་ཁུ་འདིས་འདྲ་མིན་བཤད་ནི་རེད། དོན་ལག་ལ་ལོན་མིན་མི་ཤེས།
༡། རྟ་སྲས་ཚུལ་ཁྲིམས་ལགས་ནི་ཁྱེད་ཀྱིས་གདེང་འཇོག་བྱས་པ་ལྟར་གོང་ས་མཆོག་གི་ཐུགས་མཉེས་པོ་གནང་ས་ཞིག་རེད།
༢། དགེ་ཆོས་སྤྲུལ་སྐུའི་མཚན་བྱང་དང་ཐོབ་ཐང་བླངས་པ་གོ་མ་མྱོང།
༣། ལོ་གཉིས་རིང་རྒྱ་ཡིག་སྦྱངས་པས་མཁས་པ་ཆགས་ག་ལ་ཐུབ།
༤། མཁས་དབང་བཀའ་ཁྲི་རིན་པོ་ཆེས་ནུས་པ་ཡོད་པ་གཟིགས་ཏེ་གསོ་སྐྱོང་གནང།
༥། རང་བཙན་གྱི་ལྟ་བ་བཟུང་མེད་པས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གདེང་འཇོག་གིས་བསུས།
༦། དབུ་མའི་ལམ་གྱི་དགོངས་དོན་ལྟར་གྱི་ལས་འགུལ་ཅི་རིགས་གནང་ཞིང་ནུས་པའང་གང་འཚམ་ཐོན་ཡོད།
༧། རྒྱ་ནག་གི་འཁྱོག་བརྗོད་རིགས་ལ་རྩོམ་ཡིག་ཚད་ལྡན་སྤེལ་ཡོད། ལས་ཀར་གྲུབ་འབྲས་འདོད་བློ་ཁེངས་པ་བྱུང་བས་བཀའ་ཁྲིའི་ཕྱག་ཡིག་ཀྱང་གནང་ཡོད།
༨། རྡ་ས་གཅིག་པུར་མགོ་མ་འཁོར་བར་གཞིས་ཆགས་ཁག་སོགས་སུ་ལས་འགུལ་སྤེལ་བར་སོང་ནས་དགའ་བསུ་ཐོབ་ཡོད།
༩། “ད་ལྟའི་བཀའ་ཤག་དང་སྤྱི་འཐུས་ཚོགས་གཞོན། གཞུང་འབྲེལ་མི་སྣ་གཅིག་གིས་ཀྱང་རྒྱབ་སྐྱོར་གྱི་སྐད་ཆ་ཚིག་གཅིག་བཤད་མེད་པ་” འོ་ན་སྐྱོན་བརྗོད་གནང་འདུག་གམ།
༡༠། གོང་ས་མཆོག་དང་ཟམ་གདོང་རིན་པོ་སོགས་ནི་མགོ་སྐོར་གཏོང་ཆོག་ཆོག་གི་བླུན་པོ་ཏག་ཏག་ག་ལ་ཡིན། དེ་འདྲ་མཐོང་ཆུང་མ་བྱེད། ཆབ་སྲིད་ཀྱི་ལངས་ཕྱོགས་མ་མཐུན་པའི་རྩོད་པ་དང་དགག་བརྗོད་དག་ནི་དཀྲུགས་ཤིང་ལ་ངོས་བཟུང་ན་མི་འགྲིགས། ངའི་རྣམ་དཔྱོད་ཀླད་ཀོར་ཡིན་མིན་དེ་ངས་རྒྱབ་སྐྱོར་བྱེད་ས་འདི་དག་མ་འོངས་ཅི་འགྱུར་ལ་གཟིགས་རོགས།
མདོར་ན་ཁྱོད་ཀྱིས་སྐྱོན་བགྲངས་ཚུལ་འདི་ཉམས་ཞིབ་པའི་ཚད་གཞིར་གཏན་ནས་སླེབས་མི་འདུག མ་རྟོགས་ལོག་རྟོག་གི་སྡོམ་ཚིག་༷ཙམ་ཞིག་རེད།
ཧཧཧཧཧ རྒན་ཆབ་བྲག་ལགས་ངོ་སྟོན་མི་ཐུབ་མཁན་ཚོར་ལན་མ་འདེབས། གང་ནས་ཡོང་གི་ཡོད་མེད་ལ་དོགས་པ་རེད།
ཨ་ལས། ད་བྱས་དུས་རྟ་སྲས་ཚུལ་ཁྲིམས་༧རྒྱལ་བ་རིན་པོ་ཆེས་ཐུགས་མཉེས་པོ་གནང་ས་ཞིག་ཡིན་པ་རེད། ད་བྱས་ན་དཔེ་ནག་པོ་བཅོ་བརྒྱད་བསགས་པ་རེད། རྟ་སྲས་ཚུལ་ཁྲིམས་ཀྱིས་ལོ་ལྟར་ཀྲུང་གོའི་གཞུང་ཚབ་ཀྱི་ལོ་གསར་རྒྱས་སྟོན་ལ་ཕྱིན་པ་ང་ཚོས་འདི་མིག་མཐོང་ལག་ཟིན་རེད། བཀའ་ཤག་གིས་བོད་ནང་གི་རང་ལུས་མེར་སྲེག་དང་དམར་གསོད་བཙོན་འཇུག་སོགས་ཡ་ང་བའི་གནས་སྟངས་རང་བཞིན་དེར་ལོ་གསར་རྒྱས་སྟོན་མི་བྱེད་རྒྱུའི་གསལ་བསྒྲགས་གནང་བ་རེད་ལ་བཙན་བྱོལ་གྱི་བོད་མི་ཕལ་ཆེ་བས་དང་ལེན་ཞུས་པ་རེད། འོན་ཀྱང་རྟ་་སྲས་ཚུལ་ཁྲིམས་ལྟ་བུའི་མགོ་གཉིས་མ་འདི་ཚོས་ཕྱི་སྡོད་བོད་མིར་དངུལ་ལོར་མཛད་མེད་སྤྲད་ན་ཀྲུང་གོར་བློ་སྙིང་བྲང་གསུམ་གཏད་རྒྱུར་ཐེ་མི་མི་ཚོམས་པའི་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་འཆར་འགོད་ལས་དོན་ལམ་དུ་རྒྱུགས་བཞིན་པ་འདི་རེད།
འོ་ན་སྔ་ལོ་༧རྒྱལ་བ་རིན་པོ་ཆེ་སུད་སིར་ཕེབས་སྐབས་རྟ་སྲས་ཚུལ་ཁྲིམས་བོད་ལ་གཡོལ་འགྲོ་བའི་རྒྱུ་མཚན་ཆབ་བྲག་རྨོའོོ་རྨོའོ་ཡིས་ཨེ་ཤེས། ད་ཡིན་ན་ལྟད་མོ་འདུག་ག། ནམ་རིང་དུ་རིང་དུ་རྨི་ལམ་མང་དུ་མང་དུ། ཧ་ཧ།
འོ་ན་དར་དམར་འཕྱར་རྒྱུ་དེ་དབུ་མའི་ལམ་གྱི་དགོངས་དོན་ཨེ་རེད། ནུས་པ་ག་རེ་ཐོན་པ་རེད། ལྡོག་ཕྱོགས་ཀྱིས་ནུས་པ་ཐོན་པ་མ་རེད་པས། མི་བརྒྱ་དང་ཉི་ཤུ་ལྷག་གིས་རང་ལུས་མེར་བསྲེག་ན་ཡང་ནུས་པ་ངེས་ཅན་ཞིག་མ་ཐོན་པར་ཤར་ཁུག་ལྟ་བུས་མི་རིགས་ཀྱི་རྐང་འདྲེན་པར་ནུས་པ་ཞིག་ཨས། དགད་མོ་མ་སློང་། དེ་ལས་ཤར་ཁུག་སོགས་ཀྱིས་གཡོ་ཇུས་འོག་དཔའ་ཁེར་རྒྱུགས་གླིང་ཚས་རྒྱ་དར་འཁྱེར་ནས་ལེ་དབར་སྟོང་གི་སར་གོམ་བགྲོད་བྱས་ན་ཡང་ནུས་པ་ཐོན་རྒྱུ་ཞིག་ཕར་ཟད་ཁོ་རང་ག་པར་ཡོད་མིན་
མི་ཤེས་པར་གོ་མེད་འཚོར་མེད་འདི་ཅི་བྱས་སོང་བ་རེད།
ཁ་བརྡ་འགན་འཛིན་མཆོག་ལ་ཞུ་རྒྱུ་ངེས་གི་མཆན་ཚང་མ་གསུབ་བཏང་ཚར་འདུག་ཐུགས་རྗེ་ཆེ་རང་གི་འདོད་པ་དང་མཐུན་པ་བྱུང་ན་བཞག་དེ་མིན་རིགས་གསུབ་བཏང་ན་མི་དེའི་དྲང་བདེན་ངོས་མ་དེ་རེད།།
ཆབ་བྲག་ལགས་ཉིད་ཀྱིས་ཐོངས་མཆན་བཙོང་བ་བདེན་པ་ཡིན་ནམ། ཉིད་ཀྱིས་ལན་ཞིག་སྐྱོན་རོགས།དེ་མིན་ན་དྲ་གྲོགས་རྣམ་པས་གནས་ཚུལ་དེའི་སྐོར་ལ་གསལ་འདེབས་ཤིག་གནང་རོགས། གཞན། མདོ་སྨད་སྤྱི་འཐུས་སུ་ལ་ཐོབ་ན་དགའ་བསུ་ཡོད།