འོས་སྦྱོར་བ། དགེ་འདུན་བསོད་ནམས། ངོ་དེབ་སྟེང་དྲི་བ་ཞུས།
ཉེ་ཆར་སྲིད་སྐྱོང་མཆོག་གིས་ཨ་རིར་གནང་བའི་གསུང་བཤད་དེར་ལྟ་ཚུལ་ཅི་ཞིག་ཡོད།
ཤར། ལྷག་བསམ་རྣམ་དག་དང་སྤྱི་བའི་རྩ་དོན་གཙོ་བོ་ཡིན་པའི་སྐྱོན་བརྗོད་དང་རྒྱབ་སྐྱོར་སྲིད་སྐྱོང་རིམ་བྱོན་ལ་ཞུ་དགོས་པ་དེ་ང་ཚོའི་འགན་རེད། ང་ཚོའི་སྤྱི་ཚོགས་ནང་འོས་འགན་དེ་སྒྲུབ་སྐབས་ལམ་སེང་ཞེན་ཁོག་ཅན་ཁ་ཤས་ཀྱིས་སྲིད་སྐྱོང་ལ་སྡང་ཟུག་ཡོད་ཚུལ་བཤད་ཀྱི་འདུག དེ་དངོས་གནས་མ་རེད། སྲིད་སྐྱོང་ལགས་ནས་ཅི་ཞིག་སོ་སོར་རྒྱབ་སྐྱོར་ཡིན་མིན་དང། གང་ཞིག་སོ་སོའི་སྐུ་ཚེའི་ལོ་རྒྱུས་ནང་ཕན་མིན་གསལ་བོ་མཁྱེན་ངེས་རེད། གླེང་ཕྱོགས་ཁ་ཤས་ཀྱིས་གཟས་ནས་ང་དང་ང་ལྟ་བུའི་རིགས་སྲིད་སྐྱོང་ལ་མཚན་ཤས་བཟོ་མཁན་ཡིན་པར་བཤད་ཀྱི་འདུག མི་རེ་རེའི་བསམ་ཚུལ་ལ་གསལ་བཤད་བྱེད་རྒྱུ་ཁག་པོ་ཡིན་ཡང། ངེད་ལ་མཚོན་ན་སྐྱོན་བརྗོད་དང་རྒྱབ་སྐྱོར་ཅི་ཞིག་བྱེད་ཀྱང་དོན་དག་རང་ངོས་ནས་ལྗིད་ཁོག་ཅིག་མེད་ཚེ་དེས་རང་གཞན་གཉིས་ལ་ཕན་མི་ཐོགས་པ་གསལ་བོ་ཧ་གོ་ཡི་ཡོད། རྩ་དོན་དེ་ནས་ཁྱེད་ཀྱི་དྲི་བར་ལན་འདེབས་ཞུས་པ་ཡིན་ན། སྲིད་སྐྱོང་མཆོག་གི་བཀའ་མོལ་དེར་ངས་རྒྱབ་སྐྱོར་ཆ་ཚང་བྱེད་ཀྱི་ཡོད།
བཀའ་མོལ་དེ་དང་འབྲེལ་ནས་དབུ་མའི་ལམ་གྱི་ནང་དོན་ལ་འགྱུར་བ་ཐེབས་སོང་ཚུལ་ལྟ་བུའམ། དབུ་མའི་ལམ་གཞན་ཞིག་ཡོད་ཚུལ་གྱི་སྐད་ཆ་བཟོ་བ་འདི་གསར་པ་གང་ཡང་མ་རེད། རྒྱ་ནག་གཞུང་ལ་སྤྲད་པའི་རང་སྐྱོང་༼བསམ་འཆར་༽་ནང་དེ་སྔ་གྲོས་ཚོགས་ནང་དུའང་མང་གཙོ་ཟེར་བའི་ཚིག་གཅིག་ཀྱང་མི་འདུག་ཅེས་བཅའ་ཁྲིམས་ནང་གི་གཞི་རྩའི་ལམ་སྟོན་དྲངས་ནས་བཤད་མཁན་བྱུང་ཡོད། དེ་རྣམས་དོན་དངོས་སེམས་ཁུར་ཅན་གྱི་དྲི་བ་ཞིག་ཡིན་མིན་ལ་མ་བལྟས་པར་སྐབས་དེར་ཁྲི་ཟུར་མཁས་དབང་རིན་པོ་ཆེ་མཆོག་ནས་ལམ་སྟོན་གནང་ཟིན་པ་ཞིག་རེད།
དེང་སང་མི་མང་ནང་ང་ཚོར་མང་གཙོ་མི་དགོས་པ་དང། དམར་ཤོག་ངོས་ལེན་བྱེད་ཀྱི་ཡོད་ན་དེ་རྦད་དེ་བློ་ཡིད་དུ་ཤོང་དཀའ་རབས་བཤད་མཁན་མང་པོ་འདུག སྐབས་དེ་དག་ཏུ་རང་ངོས་ནས་གསལ་བཤད་བྱས་ཡོད། ང་ཚོས་བསམ་འཆར་གྲོས་གཞིར་སྤྲད་ཟིན་པ་དེ་བརྒྱུད་རྒྱ་བོད་འགྲིག་ཆགས་ཀྱི་གནས་བབ་ཅིག་བྱུང་བ་ཡིན་ན། མ་འོངས་ཆབ་སྲིད་ལམ་ལུགས་དང་ཏང་ཁག་སུས་དབང་བསྒྱུར་མིན་དེ་རྩོད་པ་གནང་གི་ཡོད་པ་མ་རེད། གནད་དོན་འདི་དག་ལ་གཟིགས་སྐབས་སྔ་ཕྱིའི་གནས་ཚུལ་ཆ་ཚང་ཞིག་མ་མཁྱེན་པ་ཡིན་ན། ཧོབ་སྟེ་མང་གཙོ་དང་དམར་ཤོག་གསུངས་ཡོང་སྐབས་བློ་ལ་འགྲོ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་རེད།
ང་ཚོས་དེ་སྔ་ནས་གསལ་སྟོན་བྱས་ཟིན་པ་ཞིག་ནི། རྩ་ཁྲིམས་དང་བཅའ་ཁྲིམས་ནང་མི་རིགས་ས་ཁོངས་རང་སྐྱོང་སྐོར་འགན་ལེན་བྱས་པའི་ཆ་རྐྱེན་དག་གིས་ང་ཚོའི་མངོན་འདོད་ཚད་མཐོན་པོའི་ཐོག་སྐོང་གི་ཡོད་པ་དང། དབུས་གཞུང་དང་རང་སྐྱོང་ལྗོངས་བར་ཐུན་མོང་གི་ལས་གཞི་བྱུང་སྐབས་ཕྱོགས་གཉིས་ཀྱི་མི་སྣ་ཡོད་པའི་གྲོས་ར་བརྒྱུད་ཐག་གཅོད་བྱ་ཐུབ་དགོས་སྐོར་སོགས་བསྒྱུར་བཅོས་རེ་འགའ་དགོས་པའི་བསམ་འཆར་ཕུལ་བ་བརྒྱུད། གནད་འགག་དེ་དག་ནས་འགྲིག་ཆགས་བྱུང་ན་དབུས་གཞུང་ལ་ཏང་ཁག་སུས་དབང་བསྒྱུར་མིན་དང་ཆབ་སྲིད་ལམ་ལུགས་མང་གཙོ་ལྟ་བུ་དགོས་ཀྱི་ཡོད་ཚུལ་སོགས་རྩོད་གླེང་གནང་གི་ཡོད་པ་མ་རེད། འདིའི་སྐོར་སྲིད་སྐྱོང་མཆོག་གིས་གསུངས་སྟངས་གང་འདྲ་ཞིག་སྤྱད་ཡོད་ནའང། དོན་དག་༸རྒྱལ་བ་རིན་པོ་ཆེ་དང་བཀའ་ཤག་སྐབས་སྔོན་མའི་དགོངས་གཞི་ལྟར་ཕྱིན་ཡོད་པར་ངོས་འཛིན་གསལ་བོ་བྱེད་ཀྱི་ཡོད་པས། མཐའ་གཅིག་ཏུ་བཀའ་མོལ་དེར་རྒྱབ་སྐྱོར་ཡོད།
འོན་ཀྱང་མི་རེ་ཟུང་གིས་སྐད་ཆ་བཟོ་བ་དེ་ང་ཚོས་གཏན་འགོག་གནང་ཐུབ་ཀྱི་མ་རེད་ལ། མི་མང་ནང་དུའང་དེ་འདྲའི་དོགས་གཞི་བསྐྲུན་གྱི་ཡོད་པར་དྲིལ་བསྒྲགས་ལས་ཁུངས་ཀྱི་ངོས་ནས་གསལ་བཤད་ཁ་གསལ་གཏིང་གསལ་ཞིག་གནང་ན་ཡག་པོ་ཡོད་པ་རེད་བསམས།
སྲིད་སྐྱོང་མཆོག་དང་རྩོམ་པ་པོ་གཉིས་ཐུགས་མཐུན་གྱི་མེད་དམ། དེ་རིང་འདིར་གོ་རྒྱུ་ཅན་ཞིག་གསུངས་འདུག ཡག་པོ་རེད། རྩོད་པའི་མཐར་འགྲིག་ན་ཡག་གི་རེད།
ཤར་ཁུག་གིས་ཤ་འཁོོན་མི་ལོན་པ་ཧ་གསལ་བོ་གོ་ཡོད་པ་འདྲ། ཧ་ཧ་ཧ།
ཤར་ཀུག་ལགས་ བྱས་ན་སྲིད་སྐྱོངས་མཆོག་ནས་བོད་ནང་རྒྱ་དམག་འགྲེམས་འཇོག་ག་ཚོད་བྱས་ཀྱང་དགག་བྱ་མེད་པའི་དོན་དེ་ལ་ཡང་རྒྱབ་སྐྱོར་ཡོད་དམ།
བོད་མི་དམངས་རྣམས་འུ་ཐུག་བཟོད་བྲལ་ཐབས་མེད་བཟོ་མཁན་རྒྱ་དམག་རྣམས་ཡིན་པས་དེ་ལ་འགྲེལ་བཤད་གཅིག་གནང་དང་།
མཁྱེན་ཡངས་ལན་འདེབས་པ་ཤར་ཁུག་ལགས།
འོ་ན།ང་ཚོས་མང་གཙོ་སྒུག་གི་ཡོད་མ་གཏོགས་རྩོད་ཀྱི་མེད་ཟེར་བ་ཡིན་ནམ། ཡང་ན་སྔོན་ལ་རང་སྐྱོང་རྩོད་དེ་ནས་མང་གཙོ་དོན་དུ་གཉེར་ངེས་ཡིན་ཟེར་རམ།
དེ་མིན་ན་མང་གཙོ་རྩོད་རྒྱུ་དེ་ང་ཚོའི་ལས་འགན་མིན་ཟེར་བའི་དོན་དུ་གོ་དགོས་སམ། དེ་ལ་སྐྲག་དགོས་དོན་གང་ཡིན་ནམ། མང་གཙོ་བྱུང་རྗེས་རྒྱ་མི་རིགས་ཆེན་པོའི་རིང་ལུགས་པས་རང་སྐྱོང་མ་སྤྲད་དོག་གིས་
ང་ཚོས་མང་གཙོ་རྩོད་ཀྱི་མེད་ཟེར་བ་ཡིན་ནམ། ཡང་ན་དེའི་རྒྱུ་མཚན་གང་རེད་དམ། གལ་སྲིད་མང་གཙོ་ཡང་མཉམ་དུ་རྩོད་ན་སྐྱོན་གང་ཡོད་དམ། ལུང་བ་ཆུས་འཁྱེར་ན་རྡོ་ལེབ་སྐམ་པོར་ལུས་སྲིད་དམ། རྒྱ་ནག་དབུས་གཞུང་ལ་མང་གཙོ་མ་བྱུང་ན་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་འཇུག་གམ། ལན་གསལ་པོ་ཞིག་གནང་དང་།
ང་ཚོར་མང་གཙོ་དགོས་པ་མ་རེད། དམག་དཔུང་བཞག་ནའང་སྐྱོན་ག་རེ་འདུག བདེ་འཇགས་དང་ས་མཚམས་དབུས་ནས་མ་སྲུང་ན་ང་ཚོས་མགོ་ཐོན་ནམ། ཐོན་གི་མ་རེད།
གཞན་ནང་ཁུལ་ཉེན་རྟོག་པ་བོད་པས་བྱས་ཆོག་གི་རེད། འདི་དབུ་མའི་ལམ་མ་རེད་དམ། ཤར་ཕྱོགས་པ་སོགས་ཀྱི་སྐད་ཆ་ཚིག་རེ་རེ་ལ་གོ་བ་ལེན་ཡ་ཡོད་པ་རེད།
བུ་ཆུང་ D Sonam དང་ནམ་མཁའ་སོགས་ཀྱི་ལུང་གང་བྲིས་པར་ཤར་ཕྱོགས་ཁུག་རྟས་ཚིག་རྐང་ཁ་ཤས་ཀྱིས་སྡོམ་རྒྱབ་བཞག་འདུག
ཉེ་སྔོན་དྲིལ་བསྒྲགས་གསར་འགོད་སྡེ་ཚན་ནས་མགོ་ཡོམ་འཁོར་བའི་གསལ་བཤད་ཅིག་གནང་ཡོད་པ་རེད་དེ། མི་མང་ད་དུང་ཇེ་འཐོམས་སུ་བཏང་ཡོད་པ་རེད། དེ་རིང་གསལ་བཤད་འདི་མཐོང་བས་དོགས་པ་རྣམས་རྦད་དེ་སེལ་བར་གྱུར།། ཧཧཧཧ
མང་གཙོ་མི་དགོས་པ་དེ་སྲིད་སྐྱོང་གི་ཐག་གཅོད་ཡིན་ནམ། ཡང་ན་ཤར་ཁུག་དང་རྗེས་འབྲངས་པ་དག་གི་འདོད་ཚུལ་ཡིན། གང་ལྟར་མང་གཙོ་ནི་༧གོང་ས་མཆོག་གིས་གནང་ཟིན་པས་ཁྱེད་རྣམས་ཀྱིས་དམངས་གཙོ་ཕྱིར་བསྡུ་བྱ་རྒྱུ་ཡིན་ནམ།
ཡག་པོ་བྲིས་གནང་འདུག་ཤར་ཁུག་ལགས་བཀའ་དྲིན་ཆེ