སྒྱུར་མཁན་རྟ་དབྱངས།
གནའ་སྔ་མོ་ཞིག་ལ། ཤིང་གཅོད་མཁན་དབུལ་པོ་ཞིག་རྒྱུན་དུ་ནགས་གསེབ་ཏུ་ཤིང་གཅོད་པར་འགྲོ་གི་ཡོད། ཉིན་ཞིག་ལ་ཁོས་གཙང་འགྲམ་ཞིག་ནས་ཤིང་གཅོད་སྐབས་སྟ་རེ་ཆུ་ནང་ལ་ཟགས། ཆུ་གཏིང་ཟབ་པས་སྟ་རེ་ལེན་མ་ཐུབ་པར་དེ་མུར་ངུས་ཏེ་ལུས།
གློ་བུར་དུ་ཆུ་ནང་ནས་ཀླུ་མོ་ཞིག་ཆུ་ཁར་ཐོན་ཏེ་ཤིང་གཅོད་མཁན་དེ་ངུ་དགོས་པའི་རྒྱ་མཚན་དྲིས་པ་ན། ཀླུ་མོར་ཇི་བཞིན་ལན་བཏབ་པས། ཀླུ་མོ་དེ་ཆུ་ནང་དུ་མཆོངས་ཏེ་གསེར་གྱི་སྟ་རེ་ཞིག་ཁྱེར་ཡོང་ནས་ཁོར་སྟེར་སྐབས། ཤིང་གཅོད་མཁན་གྱིས་སྟ་རེ་དེ་ངའི་མ་རེད་ཟེར། ཀླུ་མོ་སླར་ཡང་ཆུ་ནང་དུ་མཆོངས་ནས་དངུལ་གྱི་སྟ་རེ་ཞིག་ཁྱེར་ཡོང་སྟེེ་ཁོར་སྟེར་རྩིས་བྱས་པ་ན། དེ་ཡང་ཁོའི་སྟ་རེ་མིན་པ་དྲང་མོར་ལབ། དེ་ནས་ཀླུ་མོས་ལྕགས་ཀྱི་སྟ་རེ་ཞིག་ཁྱེར་ཡོང་བ་ན། ཤིང་གཅོད་མཁན་དེས་དགའ་ལྷང་ལྷང་ངང་སྟ་རེ་དེ་ཚུར་བླངས་པས། ཀླུ་མོ་དེ་ཤིང་གཅོད་མཁན་གྱི་གཞུང་དྲང་སྤྱོད་ཚུལ་ལ་ཡི་རང་སྟེ་སྟ་རེ་གཞན་པ་གཉིས་པོ་དེ་དག་ཡང་ཁོ་ལ་རྔན་པར་སྤྲད་དོ།།
སྒྲུང་ཐུང་འདིའི་ཤུགས་བསྟན་བསླབ་བྱ་ནི། “དྲང་མོ་ནི་ཐབས་ཇུས་ཡག་ཤོས་དེ་ཡིན།” ཟེར་བ་དེའོ།།
2018-8-18
[མ་རྩོམ།]
The woodcutter and His axe.
Once there lived a poor woodcutter. He used to cut trees in the woods. One day he was cutting wood on the bank of a river. His axe fell down into the river. The river was deep. He could not take his axe out. He sat on the bank and began to weep.
Mercury, the god of water appeared. He asked the reason of his weeping. The woodcutter told the whole story.
Mercury dived into the water and brought a golden axe. The woodcutter refused to take it. Mercury again dived and brought a silver axe. The woodcutter did not take it either.
Then he brought an iron axe. The woodcutter took it gladly. Mercury was much pleased. He rewarded the woodcutter with the other two axes.
Moral: Honesty is the best policy.
སྒྲུང་འདིའི་བསླབ་བྱ་ཁྱེད་རང་གི་མགོ་ཁྲིད་གྲ྄་ལོག་སྐལ་ལྡན་ལ་བརྒྱབ་དགོས་།
ནམ་ཡང་གཞན་ལ་སྐྱོན་བརྗོད་མ་བྱེད། བཟང་སྤྱོད་དང་བརྒལ་གྱི་རེད།
༄༅། སྟོད་མངའ་རིས་མེས་པོའི་ཡུལ་ནས། གངས་དཀར་པོ་ཏི་སི་མཇལ་དུས།།
མགོ་ཞ་མོ་ལག་ཏུ་བཟུང་ནས་།། སེམས་དག་པའི་སྨོན་ལམ་བཏབ་ཡོད།
ལུས་ངག་ཡིད་གསུམ་མི་དགེ་དག་ཤོག།
“Honesty is the best policy.”
“དྲང་མོ་ནི་ཐབས་ཇུས་ཡག་ཤོས་དེ་ཡིན།”
་
ངའི་བོད་ཡིག་འབྲི་སྲོལ་ལྟར་ན།
དྲང་པོ་ནི་ཐབས་ཇུས་ཡག་ཤོས་དེ་རེད།