ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་བཞིན།།
རང་སྣང་རྣམ་དག་ཀུན་བཟང་ཞིང་གི་དབུས།།
མདུན་དུ་དཔག་བསམ་སྡོང་པོའི་དཀྱིལ་འཁོར་དུ།།
ཉི་ཟླ་སྒྲོན་མེའི་མཚོན་པའི་འོད་ཕྲེང་སྤྲོས།།
སྟེང་ན་རྩ་བརྒྱུད་བླ་མ་སྤྲིན་ལྟར་འཕྲོས།།
བར་ན་ཡི་དམ་རྒྱལ་བའི་ལྷ་ཚོགས་གསལ།།
མཚམས་ཀུན་མཁའ་འགྲོ་མཆོད་པའི་ལྷ་མོས་གང་།།
མཐའ་འཁོར་ཆོས་སྐྱོང་སྲུང་མས་སྐར་ཚོགས་བཀྲ།།
དཀོན་མཆོག་སྐྱབས་འགྲོ་བྱང་ཆུབ་སེམས་བསྐྱེད་ནས།།
བསོད་ནམས་ཡེ་ཤེས་དཔལ་དུ་ཡོངས་འབུལ་ན།།
འགྲོ་ཀུན་སྐུ་གཉིས་ཐོབ་པའི་ཕྲིན་ལས་རྒྱས།།
ཀུན་བཟང་རྒྱལ་བའི་ཞིང་ཁམས་མངོན་གྱུར་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ཟླ་ཚེས་དགེ་བར་ཤིང་སྡོང་སྣ་ཚོགས་ལ་གློག་ཕྲེང་གིས་རྒྱན་ཅིང་མཆོད་འབུལ་ཕུན་སུམ་ཚོགས་པར་དཔག་བསམ་གྱི་སྡོང་པོ་ལྟ་བུའི་མཆོད་རྫས་ཕྱོགས་ཀུན་ན་བཤམས་པ་དག་མཐོང་བའི་མོད་ལ་གང་ཤར་དུ་རིག་འཛིན་ཨེ་མ་ཧོས་ཝེལ་ཡུལ་བྷནྒྷོར་གཙུག་ལག་སློབ་གཉེར་ཁང་གི་གསོན་མགྲོན་ཁང་ནས་བྲིས་པར་དགེའོ།།
ལྗོན་་ཤིང་ལོ་མའི་སྒྲིབས་བསིལ་འོག་།
མི་ཕྱུགས་བདེ་སྐྱིད་འཚོ་བ་སྦྱིན་།
བྱང་ཆུབ་ཤིང་དྲུང་་སྟོན་པ་སངས་རྒྱས་ནས་།
ལུས་ཅན་བདེ་འགྲོར་འགོད་པའི་ལམ་སྟོན་ཡང་།
ལྗོན་པའི་ཡོན་ཏན་་ངོས་འཛིན་དེ་ནས་ཐུབ་།
ཆར་ཆུ་དུས་ལ་བབས་པ་ལྗོན་པ་ཡིན་།
མི་དང་ཕྱུགས་ཀྱི་ལྟོ་གོས་ལྗོན་པས་གནང་།
ལྗོན་གཅེས་སྐྱོངས་བགྱིས་ཤིག་མི་རིགས་ཀུན་།
ལོ་གསར་པ་ལ་བཀྲིས་བདེ་ལེགས་ཞུ་།
གསོན་མགྲོན་དང་། ཤི་མགྲོན། ཨེ་མ་ཧོ། དིང་སང་གི་འབྲི་སྟངས་འདིས། མཆོད་སྤྲིན་ཡང་གད་སྙིགས་འདྲ། རྩ་གསུམ་ཡང་ཐུགས་ཕམ་གནས།
ལྗོན་་ཤིང་ལོ་མའི་སྒྲིབས་བསིལ་འོག་།
མི་ཕྱུགས་བདེ་སྐྱིད་འཚོ་བ་སྦྱིན་།
བྱང་ཆུབ་ཤིང་དྲུང་་སྟོན་པ་སངས་རྒྱས་ནས་།
ལུས་ཅན་བདེ་འགྲོར་འགོད་པའི་ལམ་སྟོན་ཡང་།
ལྗོན་པའི་ཡོན་ཏན་་ངོས་འཛིན་དེ་ནས་ཐུབ་།
ཆར་ཆུ་དུས་ལ་བབས་པ་ལྗོན་པ་ཡིན་།
མི་དང་ཕྱུགས་ཀྱི་ལྟོ་གོས་ལྗོན་པས་གནང་།
ལྗོན་པར་གཅེས་སྐྱོངས་བགྱིས་ཤིག་མི་རིགས་ཀུན་།
ལོ་ར་པ་ལ་བཀྲིས་བདེ་ལེགས་ཞུ་།
སྟེང་ན་མཁའ་འགྲོ་སེར་མོ་འབུམ་གྱིས་བསྐོར།
འོག་ན་མཁའ་འགྲོ་སྨུག་མོ་སྟོང་གི་གདན།
དཀྱིལ་ན་རྡོ་རྗེ་ཨོག་ཚོམ་ཡ་མ་རླ།
མཐོང་མཐོང་མགུར་དུ་ལེན་པའི་དུས་ངན་སྐྱོ།