ཟླ་བ་གཞོན་ནུ།
अनिरोधमनुत्पादमनुच्छेदमशाश्वतम्।
अनेकार्थमनानार्थमनागममनिर्गमम्।
यः प्रतित्यसमुत्पादं प्रपञ्चोपशमं शिवम्।
देशयामास सम्बुद्धस्तं वन्दे वदतां वरम्।
གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌།། འགག་པ་མེད་པ་སྐྱེ་མེད་པ།།
ཆད་པ་མེད་པ་རྟག་མེད་པ།། འོང་བ་མེད་པ་འགྲོ་མེད་པ།།
ཐ་དད་དོན་མིན་དོན་གཅིག་མིན།། སྤྲོས་པ་ཉེར་ཞི་ཞི་བསྟན་པ།།
རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།། དམ་པ་དེ་ལ་ཕྱག་འཚལ་ལོ།།
सर्वदृष्टिप्रहाणाय यः सद्धर्ममदेशयत्
अनुकम्पामुपादाय तं नमस्यामि गौतमम्।
གང་གི་ཐུགས་བརྩེ་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤང་བའི་ཕྱིར།།
དམ་པའི་ཆོས་ནི་སྟོན་མཛད་པའི།། གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།
यासर्वज्ञतया नयतयुपशमं शान्तैषिणः श्रावकन्
या मार्गज्ञतया जगद्हितकृतां लोकार्थसम्पादिका।
सर्वाकारमिदं वदान्ति मुनयो विश्वं यया संगताः
तस्यै श्रावकवोधिसत्त्वगणिनो बुद्धस्य मात्रे नमः।।
ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌།།
འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌།།
གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ།།
ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ་ལོ།།
ཟླ་བ་གཞོན་ནུར་འབོད་པས་གཏགས་ཤིང་བཀོད་པ་དགེའོ།།
དྲ་གྲོགས་ཟླ་གཞོན་ལགས། ཐུགས་རྗེ་ཆེ་ལགས། སླད་མར་ཡང་འདི་རིགས་མང་ཙམ་བཀོད་ཐུབ་ན་བཟང་།
སྐུ་ཉིད་ནས་ཧྀནྡིར་བསྒྱུར་བ་རེད་དམ། མ་གཞི་མཆོད་བརྗོད་ཤན་སྦྱར་དེ་འདིར་བཀོད་པའི་དགོས་པ་གང་ཡིན།
अनिरोधमनुत्पादमनुच्छेदमशाश्वतम्।
ཨནིརོདྷམནུཏྤྰདམནུཅྖེདམཤྰཀཀྵཏམ། །སོགས་སུའང་ཡོད་ན་ཕན་ཆེ།
བློ་བཟང་དབང་ལྡན་ལགས་ཕེབས་པར་དགའ་བསུ་ཞུ།
ངས་ཤུགས་བརྒྱབ་ཆོག
རྫ་ཚེ་རིང་བཀྲ་ཤིས་ལགས་སུ།འདི་ནི་ང་རང་གིས་བསྒྱུར་བ་མ་རེད་ལ། ཧིནྡཱི་ནས་བསྒྱུར་བའང་མ་རེད།
འདི་ལེགས་སྦྱར་ཟེར་བ་དེ་རེད།
འདིར་བཀོད་དོན་ཕན་ཐོགས་ས་རེ་ཡོད་རྒྱུ་རེད་འདོད་པས་ཡིན།
གཅིག་ནས་བག་ཆགས་རེའང་འཇོག་ཐུབ་རྒྱུ་རེད་འདོད།
མ་རེད་དམ།
ཀརྨ་རྡོ་རྗེ་ལགས་ནས་དེ་ལྟར་གསུངས་པ་ལ་ཐུགས་རྗེ་ཆེ་ཞུ།
ངས་ཁོམ་དུས་ཤིག་ལ་དེ་ལྟར་འདིར་ཕབ་ངེས་ཡིན།
ཐུགས་རྗེ་ཆེ།