རང་སེམས་རང་གིས་གསོ་གིན་ལོ་ཟླ་འདས།།
གཞན་ཡུལ་གཞན་བསྟུན་འཚོ་བའི་འགལ་རྐྱེན་མང་།།
བོད་དོན་བོད་ཡུལ་བསམ་གྱིན་ལུས་པོ་བསྒུར།།
མི་ཚེ་མི་ཡུལ་འདི་ནས་རྫོགས་མཁན་མང་།།
གཞིས་ཀྱི་རེ་བའི་རྣམ་ཤེས་བྱེས་སུ་འབྱོར།།
བྱེས་ཀྱི་ལང་ཚོའི་མཛེས་སྡུག་གཞིས་སུ་བཅོལ།།
གཞིས་བྱེས་ཕན་ཚུན་རེ་བ་འབུམ་གྱིས་ཁེངས།།
གཉིས་མེད་ལོ་ཟླའི་ཆུ་གཉེར་རྫོོགས་ཐབས་ཅི།།
བསེ་རུས
བོད་ཡིག་ཡིག་ལ་སྦྱང་པའི་སྨྱུག་ཁ་ན།
ཀློག་མི་བདེ་བའི་ཚིག་གི་བཙན་སྦྱོར་ཞིག།
བོད་གཏམ་གཏམ་ལ་མཁས་བའི་ཁ་ནང་ན།
ཉན་མི་ཚིམས་པའི་ཚིག་གི་འཕྲེང་བ་ཟིག།
བསེ་རུ་ཁྱོ་ལ་ཟུར་ཞིག་དྲིས་བའི་ཁུལ་ཡིན། བདན་གི་བསམ་ན་ཧ་ཧ་རྫོས།
མི་བདེན་གི་བསམ་ན་་་་་་་་།
ང་ཚོ་ངོ་མ་ཁ་བདེ་ལྕེ་བདེ་མང་ནི་རེད་ཡ། དོན་དམ་པའི་ཁ་བཤད་དོན་ལ་གནས་ཐུབ་པའི་སྐྱེས་བུ་ཞིག་དུས་ཞིག་བྱོན་ན་དེ་ནས་ངའི་བསམ་པར་རྫོགས་པ་ཡིན་ནོ། ང་ནི་བོད་དོན་ལ་སེམས་ཤུག་ཆགས་ཚར་སོང་རེ་བ་ཟད་ཚར་སོང་། ད་ནི་སོ་སིའི་ཁ་ཕོར་འགྲིག་ཙམ་བྱུང་ན་དེ་རང་གི་འགྲིག་ངེས་ཡིན།
གནམ་ལགས།
ཚིག་སྦྱོར་མི་བདེ་མི་རྒན་རྒས་རྟགས་རེད།།
བཙན་སྦྱོར་བྱས་པ་དུས་ཀྱི་ཆད་པ་རེད།།
གོ་རྒྱུ་མེད་པ་བསེ་རུའི་བབ་ཅོལ་རེད།།
གནམ་རྡིབ་ཐུགས་ཁྲལ་གནང་བ་དྲིན་དུ་ཆེ།།
བཙིར་གི་བཙིར་གི་འབྲི་རྒྱོ་ཁྱོ་དགའ་འི།།
ངན་གི་ཟེར་ཞོར་ཀློག་རྒྱོ་ང་དགའ་འི།།
ངེད་གཉིས་དགའ་སའི་སྐད་ཡིག་གཉིས་ཀའི་བར།།
སྔོན་བསགས་བསོད་ནམས་ཡོད་མེད་ཁྱེད་དགས་ལྟོས།།
འཇམ་གཅེས་ཁྱེད་ཀྱི་བཤད་པ་དེ་ནི་གཞན་ལ་ངན་སྐུལ་བྱེད་པའི་རྒྱུ་ཡིན་པས་རང་གི་མི་ནུས་ན་ཁ་ཙུམ་ནས་འདུག་དགོས་གྲོགས་པོ་ཁོང་ཁྲོ་མ་ཟ་རོག་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ