འཛོམས་ལྷ་ཀརྨ་གྲགས་པས།
ཉིས་སྟོང་ཉེར་གཅིག་ལོའི་སྲིད་སྐྱོང་འདེམས་ཤོག།
ཤེས་འཇོན་ཉམས་མྱོང་ལྷག་བསམ་ལྡན་པའི་ཐོག།
བཙན་བྱོལ་བོད་མིའི་སྤྱི་ཚོགས་རྒྱུས་མངའ་ཅན།།
རྒྱལ་སྤྱིའི་སྤྱི་ཆོགས་གནས་བབ་གོ་རྟོགས་ཅན།།
བཙན་བྱོལ་བོད་མའི་རྒན་དར་གཞོན་གསུམ་གྱིས།།
ཞེད་སྣང་འཚེར་སྣང་འཇིགས་སྣང་སྣ་ཚོགས་འོག།
མ་སྡོད་ཉེར་གཅིག་ལོའི་སྲིད་སྐྱོང་འདེམས་ཤོག།
མ་གཏོགས་འགྱོད་པའི་གླིང་དུ་བསྐྱལ་ཡོང་དྭ།།
རྒན་དར་གཞོན་གསུམ་གབ་ནས་མ་སྡོད་པར།།
ཉིས་སྟོང་ཉེར་གཅིག་ལོ་ཡི་སྲིད་སྐྱོང་མཆོག།
ཤེས་འཇོན་ཉམས་མྱོང་ལྷག་བསམ་ལྡན་པའི་ཐོག།
བཙན་བྱོལ་བོད་འབངས་རྒྱུས་མངའ་ཅན་གྱི་མི།།
མི་རིང་བོད་འབངས་་དཀའ་སྡུག་ལས་གྲོལ་ཆེད།།
བོད་རྒྱལ་ཞི་གྲོས་ལས་དོན་སོགས་མཁྱེན་པའི།།
སྐད་ཡིག་བཞི་ལྡན་བློ་བཟང་སྙན་གྲགས་ཁོང་།།
མོས་མཐུན་རྒྱབ་སྐྱོར་ཡོད་ན་གསུང་བྱོན་ཤོག།།
ཞེན་དང་འཁོན་འཛིན་དབང་དུ་མ་འགྲོ་བར།།
མ་འོངས་སྤྱི་ཚོགས་ཞི་བདེ་ལྷིང་འཇགས་དང་།།
བདེ་སྐྱིད་འཆམ་མཐུན་བྱུང་ན་བོད་འབངས་ཀྱི།།
རྩ་དོན་ཤུགས་སུ་རང་བཞིན་འགྲུབ་པར་སླ།།
ནང་ཁུལ་འཆམ་མཐུན་དགོས་ངེས་ཤིག་མཐོང་ན།།
བཀའ་ཟུར་བློ་བཟང་སྙན་གྲགས་ལས་ལྷག་མེད།།
བོད་རྒྱལ་དཀའ་རྙོག་བསལ་སླད་རྒྱ་བོད་བར།།
ཞི་བའི་གྲོས་མོལ་དགོས་ན་བློ་བཟང་གྲགས།།
ཆབ་དཔལ་རིཌ་གསུམ་གོང་དུ་འཕེལ་དགོས་ན།།
བགྲང་བྱ་སུམ་བཅུའི་ཉམས་མྱོངས་ལྔན་པའི་ཐོག།
བཀའ་དྲིན་བདག་ཉིད་གོང་ས་མཆོག་ལ་ཡང་།།
བཀའ་གྲོས་ཞབས་ཞུ་དགོས་ནའང་བློ་བཟང་དྲག།
འཛིན་སྐྱོང་གོང་མའི་གལ་ཆེན་ལས་དོན་རིགས།།
འཇུག་བསྐྱོང་དགོས་ན་བློ་བཟང་སྙན་གྲགས་དྲག།
ལྷན་ཁང་ཡོངས་ཀྱི་ཉམས་མྱོང་འཛོམས་དགོས་ན།།
བཀའ་ཟུར་བློ་བཟང་སྙན་གྲགས་ལས་ལྷག་མེད།།
བཀའ་སྤྱི་གཉིས་ཀྱི་ལམ་སྲོལ་མཁྱེན་དགོས་ན།།
བློ་གྲོས་རྣམ་དཔྱོད་བློ་བཟང་སྙན་གྲགས་འབར།།
རྒན་རབ་ཉམས་ཐག་ལྟ་སྐྱོང་བྱེད་དགོས་ན།།
བྱམས་སྐྱོང་བློ་བཟང་སྙན་པར་ཡོངས་སུ་གྲགས།།
མ་རྒས་མ་གཞོན་དཔའ་རྒོད་སྙིང་སྟོབས་ཅན།།
མི་འཇོན་མེད་པའི་རྣམ་དཔྱོད་ཤེས་རབ་ཅན།།
མ་རྒན་ལྟ་བུའི་བོད་འབངས་བསྐྱོང་ནུས་པའི།།
མི་དབང་བློ་བཟང་སྙན་གྲགས་རྒྱལ་གྱུར་ཅིག།
ནང་པས་བལྟས་ན་ནང་པ་ལེགས་པར་མཐོང་།
ཁ་ཆེས་བལྟས་ན་ཁ་ཆེ་ལེགས་པར་མཐོང་།
ཡེ་ཤུས་བལྟས་ན་ཡེ་ཤུའི་ལེགས་པར་མཐོང་།
ཁམས་པས་བལྟས་ན་ཁམས་པ་ཡག་པ་མཐོང་།
གྲཊ་པས་བལྟས་ན་སྙན་གྲགས་ཡག་པར་མཐོང་།
མཐོང་ཕྱོཊ་ཙམ་ལས་ཞིབ་པར་མ་བརྟག་བསམ། །
བཙན་བྱོལ་བོད་མིའི་རྒན་དར་གཞོན་གསུམ་གྱིས། །
ཞེད་སྣང་འཚེར་སྣང་མི་འདིར་བྱེད་དགོས་བསམ། །
ཉི་སྟོང་བཅུ་ལ་སྐྱེ་རྒུར་ས་ཡོམ་བརྒྱབས། །
ནིའུ་ཡོག་སྐྱེ་རྒུའི་བོད་རིགས་སྤུན་ཟླ་ཚོས། །
བློས་གཏོང་ཆེན་པོས་ཞལ་འདེབས་ཕོན་ཆེན་ཕུལ། །
སྐྱེ་རྒུའི་ཚོཊ་པས་འགན་བླངས་གྲོས་གཞིའི་འོག །
ལྷག་བསམ་དཀར་པོས་བོད་ཀྱི་དོན་གཅོད་རྒྱུད། །
བཏང་ན་དགེ་མཚན་ཆེ་ཞེས་ཡིད་ཆེས་བྱས། །
དོན་གཅོད་བློ་བཟང་སྙན་གྲགས་ལག་ཐོགས་སུ། །
སྐྱེ་རྒུའི་བོད་པས་ཊོ ལར་འབུམ་གསུམ་སྤྲད། །
ཟླ་བཞི་ཟླ་དྲུག་ཕྱིན་ཡང་འབྱོར་ལེན་མེད། །
འུ་ཐུག་ཐབས་ཟད་དོན་གཅོད་མཉམ་འཛོམས་ཐོག །
ཊོ་ལར་འབུམ་གསུམ་ག་པར་བཏང་མིན་དྲིས། །
བཏང་ན་བཏང་བའི་དཔང་རྟཊ་ཁུངས་བཙན་དགོས། །
དེ་མིན་མི་ཁྱོད་ཡན་པོར་མི་འཇོག་ཟེར་། །
བློ་བཟང་སྙན་གྲགས་རྔུལ་ནག་ཚུབ་ཚུབ་ཀྱིས། །
འབྱོར་བའི་མོས་པ་བྱས་ན་དེ་གས་འགྲིག །
དེ་མིན་དངུལ་དམར་གཏོང་ལེན་གནས་ཚུལ་དག །
ཨ་རིའི་ནང་ལ་ཁྲིམས་འགལ་ཡིན་ཡིན་པར་བཤད། །
མི་ངན་འདི་ཡི་ཐབས་བརྒྱ་ཇུས་སྟོང་གིས། །
ཊོ་ལར་འབུམ་གསུམ་ཇག་བཅོམ་ཆེར་བྱས་ཏེ། །
ཨ་རིའི་ཡུལ་ལ་རང་གི་ཉལ་ཁང་བརྒྱབས། །
མི་ངན་འདི་ལ་ལྷག་བསམ་གང་འདྲ་འདུག །
ཤེས་པར་འདོད་ན་ནིའུ་ཡོག་སྐྱེ་རྒུར་དྲིས། །
སྐད་ཡིག་མང་དག་ཤེས་ཀྱང་ལྷག་བསམ་མེད། །
འཇོན་མདོག་བཤད་ཀྱང་འབབ་རྒྱུ་ཇག་པ་རེད། །
མཁས་མདོག་བྱས་ཀྱང་དགོས་རྒྱུ་རྒྱ་མོ་རེད། །
འཆམ་མཐུན་བཤད་ཀྱང་གྲོཊ་གཅིག་དར་ལོ་རེད། །
ཞི་མོལ་བཤད་ཀྱང་གྲོཊ་གཅིག་ཀུན་དགའ་རེད། །
འདི་གསུམ་ལྷན་དུ་ནིའུ་ཡོག་འཛོམས་པའི་སྐབས། །
བློ་བཟང་སེང་གེས་དྭོགས་ཟོན་ཆེར་བསྐྱེད་བྱེད། །
འཛོམས་ལྷའི་མིང་ཅན་ཀརྨ་གྲགས་པ་ཁྱོད། །
ཁྲོན་པའི་ནང་ནས་མཐའ་ཡས་རྒྱ་མཚོར་ཤོག །
ཧཧཧ ཕོ་འགའ་རེའི་གནམ་ལ་ཀྱག་གི་འདའ།
ཕོ་འགའ་རེའི་ས་ལ་བརྡབས་ཀྱི་འདའ།
ཕོ་འགའ་རེའི་གཡུ་རེད་ཟེར་གྱི་འདའ།
ཕོ་འགའ་རེའི་རྡོ་རེད་ཟེར་གྱི་འདའ།
ཧཧཧ
ངའི་སྲིད་སྐྱོང་ནི་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ཡིན།
ད་ཡིན་ན་ལྟད་མོ་གདའ། བོད་པའི་མང་གཙོ་དེ་སྨྱོན་པའི་ལག་ཏུ་རལ་གྲི་བཞག་པ་འདྲ།
ཟིང་ཟིང་འུར་འུར་བྱེད་པ་མང་གཙོའི་གཤིས།།
འདར་འདར་སིག་སིག་ཅན་དེ་དམར་ཤོག་རེད།།
དེ་གཉིས་ཁྱད་པར་གསལ་པོར་མཁྱེན་གྱུར་ན།།
མང་གཙོའི་ལས་ལ་སྤྲོ་བ་གཏིང་ནས་འཕེལ།།
ཁྲིམས་སྒྲིག་འོག་ཏུ་འཚོ་བ་མི་མང་མང་གཙོའི་ལུགས།
གང་ཟག་འོག་ཏུ་འཚོ་བ་གྲལ་རིམ་དམངས་གཙོའི་ལུགས།
དེ་གཉིས་མ་ནོར་མཁས་པའི་བུ།
དེ་གཉིས་ནོར་ན་བླུན་པོའི་བུ།
https://www.facebook.com/PTforSikyong/photos/a.127411482397450/131079995363932/
་
བློ་བཟང་སྙན་གྲགས་སྙན་ལ་སྙན། །
རྒྱ་རི་སྒྲོལ་མ་མིག་ལ་མཛེས། །
དགེ་སློང་སྲིད་སྐྱོང་རྩ་ཆེན་མཐོང་། །
སྤེན་ཚེ་ངར་མ་སྲིད་སྐྱོང་འོས། །