བོད་ཀྱི་དུས་བབ་ལས་དྲངས།
ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་འདོད་པའི་ཆབ་སྲིད་ཀྱི་ཆོད་སེམས་མེད་ན་འཐུས་ཤོར་འགྲོ་སྲིད།
དེ་རིང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་རིག་ཚོགས་ཆེན་སྟེང་གསུང་བཤད་གནང་སྟེ། ཤེས་ཡོན་སྲིད་བྱུས་ལག་ལེན་བྱེད་རྒྱུར་དགེ་རྒན་དང་ཕ་མ་སློབ་ཕྲུག་གསུམ་གལ་ཆེ་ཤོས་ཆགས་ཡོད་པ་དང་། ཁོང་གསུམ་རྡོག་སྒྲིལ་བ་ཡིན་ན་འཛིན་སྐྱོང་ལ་འདོད་མོས་མེད་ཀྱང་བྱེད་ཐབས་ཆེན་པོ་མེད་སྐོར་གསུངས་སོང་། འཕྲོས་འདི་ནས་གཟིགས་http://www.tibettimes.net/news.php?showfooter=1&id=8441
མངོན་པ་བསྟོད་དོ་་་འོན་ཀྱང་མཇུག་འབྲས་མེད་དོ་་་ཧཧཧཧ
བོད་རང་སའི་ཤེས་ཡོན་ཡར་རྒྱས་གཏོང་དགོས་རབས་ཤོད་ཀྱི་ཡོད་རེད་དམ། རོང་པའི་ཤེས་ཡོན་ཡར་རྒྱས་གཏོང་དགོས་རབས་ཤོད་ཀྱི་རེད། ཆེན་པོ་དང་ཆུང་ཆུང་ཚང་མས་འདི་གཉིས་དང་པོ་ཁ་གསལ་ངོ་གསལ་པོ་བཟོ་དགོས་ཀྱི་འདུག། བོད་ས་ཁུག་ལུང་ཁུག་གི་མི་དམངས་ཚོ་མགོ་སྐོར་མ་གཏོང་རོགས་གནོངས། །
ཐེངས་འདིར་གསུངས་པའི་རིན་པོ་ཆེའི་གསུངས་ལ་ནན་འགག་ཅིག་འདུག་་བཀའ་ཤག་བསམ་བློ་གཏོང་རན་འདུག་
ཟམ་གདོང་རིན་པོ་ཆེ་མཆོག་གིས་འདི་འདྲ་གསུངས་པ་རེད་ཟེར།
སློབ་སྦྱོང་གི་བརྒྱུད་ལམ་རང་གི་ཕ་སྐད་ལས་མེད་པ་དེ་སྲོལ་རྒྱུན་པ་ཚོས་འདོད་ཀྱི་ཡོད་པ་རེད་ལ། དེང་རབས་ཀྱི་ཤེས་ཡོན་པ་ཚོས་ཀྱང་དེ་ལྟར་ཁས་ལེན་གྱི་ཡོད་པ་རེད།
སྔོན་མ་དབྱིན་ཇིའི་འོག་ལོ་མང་བསྡད་པའི་རྒྱ་གར་ལྟ་བུའི་ནང་ད་དུང་ཡང་ཤེས་ཡོན་གྱི་བརྒྱུད་ལམ་གཞན་སྐད་ནང་ལྷག་ཡོད་པ་རེད་མ་གཏོགས།
ཡར་ཐོན་ཆེན་པོ་ཕྱིན་ཟིན་པའི་རྒྱལ་ཁབ་གང་ཡིན་ཡང་། ཤེས་ཡོན་གྱི་བརྒྱུད་ལམ་རང་སྐད་ལས་སྐད་ཡིག་གཞན་པའི་ནང་ཧ་ལམ་མེད་བསྡད་པ་ཞིག་རེད།
ལར་ནས་མི་རིགས་ཀྱི་དབྱེ་བ་དེ་སྐད་ཡིག་གི་ཐོག་ནས་བྱས་པ་རེད་མ་གཏོགས་གཞན་ཡོད་པ་མ་རེད། མི་རིགས་ཤིག་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད་ན། རང་གི་སྐད་ཡིག་གཙོ་བོ་དང་སློབ་སྦྱོང་གི་བརྒྱུད་ལམ་ཚང་མར་སྤྱོད་དགོས་པ་དེ་གལ་ཆེན་པོ་རེད། སྐད་དང་བསམ་བློ་གཉིས་མཉམ་དུ་འགྲོ་ཡི་ཡོད་པ་རེད།
བེད་སྤྱོད་བྱས་པའི་སྐད་དེ་མི་རིགས་གཞན་པའི་སྐད་ཡིག་བེད་སྤྱོད་བྱས་པ་ཡིན་ན། བོད་པའི་རིགས་རྒྱུད་ལས་སྐྱེས་ཀྱང་། ཁོའི་ལུས་ཀྱི་གྲུབ་ཆ་བོད་པའི་ཤ་ཁྲག་ལས་གྲུབ་ཡོད་ཀྱང་། སེམས་ཀྱི་གྲུབ་ཆ་དེ་བོད་པའི་སེམས་ཀྱི་གྲུབ་པ་ཞིག་ཆགས་ཀྱི་ཡོད་པ་མ་རེད།
༼ངའི་བསམ་ཚུལ་དང་འདྲ་ས་འདུག་ཆོས་ལུགས་ལའང་དེ་ག་ནང་བཞིན་ཡིན་འགྲོ་ཧཧཧ༽
དེར་བརྟེན། སྤྱིར་སློབ་སྦྱོང་གི་བརྒྱུད་ལམ་དང་། ལྷག་པར་དུ་དམའ་རིམ་དང་གཞི་རིམ་གྱི་སློབ་སྦྱོང་གི་བརྒྱུད་ལམ་དེ་བོད་སྐད་ཡིག་ཁོ་ན་ཡིན་དགོས་པ་རེད།
ང་ཚོ་འགྱུར་བ་འགྲོ་དགོས་ཀྱི་ཡོད་ན། དེ་དག་ཚང་མ་བོད་ཀྱི་སྐད་ཡིག་གི་ཐོག་མ་བསྒྱུར་བ་ཡིན་ན་འགྲུབ་ཐབས་མེད་པ་གསལ་བོ་རེད། ”
བོད་ནང་གི་སློབ་གྲྭ་ཚོས་གཙོ་བོ་རྒྱ་སྐད་ལ་སྦྱང་དགོས་པ་རེད། དེ་ནི་རང་དབང་མེད་པར་བྱུང་བ་ཞིག་རེད། བཙན་བྱོལ་གཞུང་གི་སློབ་གྲྭ་ཚོས་གཙོ་བོ་དབྱིད་སྐད་གཉིས་པ་ཨང་རྩིས་རེད། དེ་ནི་གཙོ་བོ་འཛམ་གླིང་དཔལ་འབྱོར་འགྱུར་འགྲོས་ཀྱིས་སྤྲད་པའི་ལས་འགན་ཞིག་རེད། དེ་ལ་ནམ་ཡང་བཙན་བྱོལ་གཞུང་གིས་སྒྱུར་བཅོས་གཏོང་མ་ཐུབ་པ་རེད།
དེའི་སྟེང་དུ་སྙིང་པོ་གང་ཡང་མེད་པའི་ཁ་དོག་དཀར་དམར་སོགས་བསྡུས་གྲའི་སྐོར་སློབ་གྲ་ཁག་ཏུ་བསླབ་བཞིན་ཡོད། དེ་ནི་དགེ་ལྡན་པར་ཞེན་ཁོག་ཅན་ཚོས་ཁ་ཕོར་གཙང་ཞེན་གྱི་ལྟ་གྲུབ་ལས་བསྐྲུན་པ་རེད་ལ། དགེ་ལུགས་པའི་རྗེས་འབྲངས་པ་ཚོར་ས་མིག་གསར་པ་ཞིག་འཚོལ་ཆེད་དུ་རེད།
མ་འོངས་པར་མཙན་བྱོལ་གཞུང་གི་ལས་བྱེད་འཁྲོད་རྙིང་མ་པ་དང་བཀའ་བརྒྱུད་པ་སོགས་ཤུགས་ཆེན་པོ་བྱུང་ན། གཏོར་མ་དཀར་རྒྱན་དང་། རྒྱ་གླིང་། དུང་ཆེན། རོལ་མོ་སོགས་གལ་ཆེ་ཚུལ་དང་། བོད་ཀྱི་ཐུན་མིན་གྱི་ལུགས་སྲོལ་ཡིན་ཙང་རྒྱུད་འཛིན་དགོས་ཚུལ་གྱིས་སློབ་གྲྭ་ཁག་གི་སློབ་ཚན་ཁྲོད་འདམས་ངེས་རེད། ཧ་ཧ་ཧ་་ཧཧཧཧ། ཕྱོགས་རེས་དང་ཞེན་ཁོག་གི་རྩ་བ་གང་ལ་ཟུགས་ཡོད་སོ་སོས་ཀྱང་རྟོགས་དཀའ་བར་ངེས། ད་དུང་རིས་མེད་དང་ཕྱོགས་ཞེན་མི་རུང་ཚུལ་གྱི་དཀའ་སློབ་རབ་དང་རིམ་པ་ཕེབས་བཞིན་འདུག ངོས་གནས་ཡ་མཚན་པོ་རེད།
དབང་འདུས་ཟེར་བ་འདི་རྙིང་རྗེ། དོལ་འབྲངས་པ་འདྲ་པོ་འདུག
དབང་འདུས་དོལ་བགྲངས་པ་ཕལ་ཞོག་དོལ་རྒྱལ་དངོས་ཡིན་ནའང་བསམ་ཚུལ་དེར་ངོས་ལེན་ཡོད།
ཟམ་གདོང་བླ་མས་ཤེས་ཡོན་སྲིད་ཇུས་གཏན་ལ་ཕབས་ཏེས་སློབ་སྦྱོང་གི་རྒྱུད་ལམ་ཡོངས་རྫོགས་རང་གི་ཡབ་སྐད་དང་ཡུམ་སྐད་ནང་དགོས་ཚུལ་འདྲ་ཆགས་པོ་ཞིག་གསུངས་ཀྱི་འདུག། འོན་ཀྱང་དོན་དངོས་ཕ་སྐད་ནང་ཡོད་པའི་རིག་གནས་ཀྱི་ཤེས་བྱ་ནི་ཆོས་ལུགས་རིག་གནས་གཅིག་པུ་མ་གཏོག་གཞན་དངོས་ཁམས། སྐྱེ་ཁམས། རྫས་སྒྱུར་སོགས་སྣ་གཅིག་ཀྱང་བསྟོན་རྒྱུ་མེད་པ་དེ་རེད། ཕྱི་ཕྱོགས་ནས་ནང་འདྲེན་བྱེད་མི་ཐུབ་པ་མ་ཟད་བྱེད་རྩིས་ཀྱང་མེད་པ་རེད། དེ་ནི་བླར་རྒན་གྱིས་རྒྱ་གར་རྒས་པོའི་སེམས་ཁམས་རིག་པར་ལད་མོ་བྱེད་ཁུལ་གྱིས་བོད་མི་རིགས་འདི་འགྱེལ་ས་ནས་ལངས་འཇུག་འདོད་མེད་པ་རེད་ལ་སྤྲང་པོ་ནས་ཕྱུག་པོ་ཆགས་འཇུག་འདོད་མེད་པ་དེ་རེད། མདོ་དོན་ནི་གོང་དུ་དབང་འདུས་ལགས་ཀྱིས་གསུངས་པ་དེ་རང་རེད། ཤེས་ཡོན་སྲིད་ཇུས་ནི་བོད་ཀྱི་མི་རབས་གསར་པ་རྣམས་ལྷ་སྐུ་བཟོ་རྒྱུ་དང་ཤེས་བྱ་ཐམས་ཅད་ཁ་རྩོད་རྒྱབ་རྒྱུ་དང་ཐལ་མོ་བརྡབ་རྒྱུ་ཅམ་རེད་དོ།
ནང་དོན་ཕྱི་བསྒྱུར་ལས། ཕྱི་ལུགས་ནང་བསྒྱུར་རམ། ནང་འདྲེན་དེ་གལ་ཆེ། བྱུང་ན་སློབ་ཚན་ཐམས་ཅད་རང་སྐད་རང་ལ་བྱང་ན་ཡག་བགྱིད་རེད་དེ། ཡུལ་དུས་རྐྱེན་གཞན་གྱི་དབང་གིས་དེ་མེད་པར་ད་གང་བྱས།
དྲ་གྲོགས་ལྷག་བསམ་ལྡན་པ་རྣམས་ལ་ཞུ་རྒྱུ། ཕྲན་སྡོད་སའི་ཡུལ་འདི་ནས་བོད་ཀྱི་ལི་ཐོ་མི་རྙེད་པས། ལྷ་སའི་སྐར་ཡིག་ཚད་ལྡན་ཡོད་པའི་དྲ་གནས་རེ་བཞུགས་ན་ངོ་སྤྲོད་གནང་རོགས་ཞུ༎
ད་ལྟའི་ལོ་ཐོ།
http://www.men-tsee-khang.org/calendar/calendar-2013/index2.htm