གནས་ཚུལ་མཁོ་གཏོང་བ་རིག་བཟང་།
བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་དང་། ནོར་གླིང་ཉམས་ཞིབ་པ་བསྟན་འཛིན་རབ་རྒྱས་གཉིས་ཀྱིས་གོ་སྒྲིག་བྱས་པའི་༼ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་འདུ་འཛོམས་ཐེངས་གསུམ་པ་༽དེ་ཕྱི་ལོ་ ༢༠༡༡།༧།༦ ་སྐུའི་འཁྲུངས་སྐར་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢ ་པའི་སྟེང་རྡ་ས་གངས་སྐྱིད་དུ་ཡོད་པའི་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བསྐྱངས་ཤིང་། དེར་སྐུ་མགྲོན་རྣམས་དང་། བགྲོ་གླེང་འདུ་འཛོམས་པ་བཀུར་འོས་བོད་མི་མང་སྤྱི་འཐུས་ཁག་དང་། སྤྱི་ཟུར། གསར་འགོད་པ་དང་། ཉམས་ཞིབ་པ། རྩོམ་པ་པོ། སྙན་ངག་པ། སྒྱུ་རྩལ་པ་སོགས་མི་གྲངས་དྲུག་ཅུ་ལྷག་ཅིག་རྒྱས་འཛོམས་གནང་སྟེ་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་ཤེས་རབ་ཀྱི་ནམ་མཁར་ཕྱོགས་ཏེ་ཤིས་ཚིག་སྒྲོན་འབུལ་དང་། ཤེས་རབ་ཀྱི་ནམ་མཁར་ཕྱོགས་ཏེ་སྙན་ངག་གྱེར་བ། ཤེས་རབ་ཀྱི་ནམ་མཁར་ཕྱོགས་ཏེ་གཏམ་བཤད་སྤེལ་བ་སོགས་གནང་བ་དང་། འདུ་འཛོམས་འདི་དང་སྟབས་བསྟུན། དམིགས་བསལ་༸ གོང་ས་མཆོག་གི་མཛད་རྗེས་གླེང་སྟེགས་༼རྨོག་རུ་ཚང་གི་ཕོ་བྲང་༽ཞེས་པའི་དྲ་ཚིགས་གསར་པ་ཞིག་འོས་བསྡུའི་ལས་འཕར་འགན་འཛིན་གཡང་མཁོ་རྒྱལ་ལགས་ཀྱིས་སྒོ་འབྱེད་ཞུས།
ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་འདུ་འཛོམས་དངོས་གཞིར། བོད་མི་མང་སྤྱི་འཐུས་རྒྱ་རིགས་ཐར་དང་། བོད་མི་མང་སྤྱི་འཐུས་གངས་ལྷ་མོ། བོད་མི་མང་སྤྱི་འཐུས་ཤར་གླིང་ཟླ་སྒྲོིན། འོས་བསྡུའི་ལས་འཕར་འགན་འཛིན་གཡང་མཁོ་རྒྱལ། སྤྱི་ཟུར་དྭང་ཤར་ཡོན་ཏན་རྒྱ་མཚོ། བོད་ཀྱི་དུས་བབ་རྩོམ་སྒྲིག་ཟུར་བ་དགེ་འདུན་རབ་གསལ། ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་རྡོ་རྗེ་དབང་ཕྱུག དབུ་མའི་ལམ་གྱི་ལས་འགུལ་པ་དམ་ཆོས་དཔལ་བཟང་སོགས་ཀྱིས་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་ཤིས་ཚིག་སྒྲོན་འབུལ་དང་། གོང་ས་མཆོག་གི་མཛད་འཕྲིན་ལས་འཕྲོས་པའི་གཏམ་གླེང་དང་། དྲི་བར་ལན་འདེབས་ཀྱིས་མཚོན་པའི་བགྲོ་གླེང་བྱས་ཤིང་། ༼སྤྱི་ཚོགས་མེ་ལོང༽་གི་གསར་འགོད་པ་བསྟན་འཛིན་ཆོས་དབྱིངས་དང་། སྒྱུ་རྩལ་པ་མགོ་ལོག་ཟླ་བྷེ་སོགས་ཀྱིས་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་གནང་།
ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་འདུ་འཛོམས་གྱི་གོ་སྒྲིག་པ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་འདུ་འཛོམས་སྐབས་གསུམ་པ་དང་། རྨོག་རུ་ཚང་གི་ཕོ་བྲང་གི་དྲ་ཚིགས་ངོ་སྤྲོད་གནང་། ཁོང་གིས་གསུང་དོན། ཤེས་རབ་ཀྱི་ནམ་མཁའ་ནི་འཛམ་གླིང་ཞི་བདེ་དེད་དཔོན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་མཐའ་བྲལ་བའི་ཟག་མེད་ཐུགས་ཀྱི་དཀྱིལ་འཁོར་དང་། ཆེས་བླ་ན་མེད་པའི་མགོན་པོ་མཆོག་ཉིད་ཀྱི་མཛད་པ་འཕྲིན་ལས་ཤེས་རབ་ཀྱི་ནམ་མཁའ་ཡངས་པོར་སྒྱུ་རྩལ་ངག་རིག་གིས་དྲངས་པའི་དད་འདུན་གྱི་མཆོད་པའི་སྒྲ་དབྱངས་ཤིག་ཡིན་ཞེས་དང་། ངོ་སྤྲོད་ཀྱི་སྨོན་ཚིག་ལྟ་བུར་གསུང་དོན། འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་སྐུ་ཚེ་མཛད་འཕྲིན་བསྐལ་བརྒྱར་བརྟན་པ་དང་།མགོན་པོ་མཆོིག་ཉིད་ཀྱི་ཞབས་ཟུང་གསེར་གྱི་འཁོར་ལོ་ཁ་བ་གངས་ཅན་ལྗོངས་སུ་མགྱོགས་མྱུར་ཆིབས་འཁོད་གནང་བ་སོགས་ཀྱི་དགེ་བའི་བསོད་ནམས་ཀྱི་སླད་དགུང་གྲངས་༧༦་ལ་ཕེབས་ པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཕ་ཡུལ་གངས་ཅན་ལྗོངས་ཀྱི་དད་ལྡན་པ་ཁག་ཅིག་གིས་སྲོག་བསླུ་ཉ་ཁྲི་སུམ་སྟོང་ཉིས་བརྒྱ་དགུ་བཅུ་གོ་དགུ་དང་། ཆིག་སྟོང་བཞི་བརྒྱ་ཐམ་པ། རྟ་ཁྱུང་གཤོག་སྔོན་མོ་གཙོ་བྱས་པའི་རྟ་ནོར་ལུག་གསུམ་གྲངས་བརྒྱད་ཅུ་ཐམ་པ་བཅས་ཀྱི་ཚེ་ཐར་གཏོང་གནང་མཛད་ཡོད་པ་ལགས་ན་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། ཕྱག་ན་པདྨོ་བསྟན་འཛིན་ རྒྱ་མཚོ་ལ།། གསོལ་བ་འདེབས་སོ་གཞེད་དོན་ལྷུན་འགྲུབ་ཤོག། ཅེས་པའི་གསོལ་འདེབས་སྨོན་ཚིག་གིས་མཇུག་བསྡུས་ཡོད་པ་དང་། རྨོག་རུ་ཚང་གི་ཕོ་བྲང་ཞེས་པའི་དྲ་ཚིགས་ཀྱི་ངོ་སྤྲོད་གནང་དོན། ༼རྨོག་རུ་ཚང་གི་ཕོ་བྲང་༽ཞེས་པའི་དྲ་ཚིགས་ནི་དུས་རབས་ཉེར་གཅིག་པའི་འགྲོས་དང་བསྟུན་པའི་བརྡ་འཕྲིན་གསར་བའི་ཅོང་བརྡ་དང་ལྷན་དུ་བཞེངས་བསྐྲུན་བྱས་པ་ཡིན་ལ།གནའ་བོའི་ལོ་རྒྱུས་ཁྲོད་ཀྱི་ས་ཕག་དང་རྡོ་བ་བརྩིགས་པའི་ཕོ་བྲང་བཟོ་ལས་ཀྱི་རྒྱ་ ལས་བརྒལ་བའི་དུས་རབས་ཀྱི་ཚབ་མཚོན་ཞིག་ཀྱང་ཡིན།
ལྷག་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་གཞིས་ལུས་བོད་པ་མི་མང་། ཡང་སྒོས་རྨོག་རུ་ཚང་གི་ལྷ་སྡེ་མི་སྡེ་ཀུན་ཀྱང་ས་ཐག་ཅི་ཙམ་གྱིས་ཁ་ཐག་རིང་ནའང་། མི་མང་གི་དད་པ་དང་ཡིད་ཆེས་དུས་ནམ་ཡང་གཏན་དུ་འབྲལ་ཐབས་མེད་པའི་ལོ་རྒྱུས་ཞིག་གི་དད་འདུན་གྱི་བདེན་རྟགས་ཡིན་པས།འདི་ནས་མི་མང་གི་ཡིད་ཆེས་དང་དད་འདུན་གྱི་ཚབ་མཚོན་ཡོང་ཕྱིར་བརྡ་འཕྲིན་གྱི་སྤྱོད་སྒོ་བརྒྱུད་དེ་འཛམ་གླིང་མི་མང་གི་མིག་སྔར་༼རྨོག་རུ་ཚང་གི་ཕོ་བྲང་༽ཞེས་པའི་དྲ་ཚིགས་བརྒྱུད་ལམ་གྱི་ཕོ་བྲང་འདི་གསར་ བཞེངས་བྱས་པ་ཡིན།
འདི་ནི་ཚབ་མཚོན་ཅིག་དང་། རྟེན་འབྲེལ་ཞིག་གི་ངོ་གདོང་ཡིན་པ་མ་ཟད། རྨད་བྱུང་བསོད་ནམས་བསགས་པའི་དགེ་རྩ་ཞིག་ཀྱང་ཡིན། ལྷག་པར་ལྷག་བསམ་དག་པའི་གསོལ་འདེབས་ཀྱི་ཁྲོད་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོིག་གིས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་གནང་སྩལ་ཡོང་བའི་གསོལ་འདེབས་ཀྱི་འབོད་སྒྲའང་ཡིན། ཀུན་ཁྱབ་བརྡ་འཕྲིན་གྱི་བཟོ་རིག་ལས་གྲུབ་པའི་༼རྨོག་རུ་ཚང་གི་ཕོ་བྲང་༽ནི་༸ གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་བའི་བཀའ་སློབ་དང་།གསུང་རྩོམ།མཛད་ རྣམ་སོགས་དང་། ལྷག་པར་དད་ལྡན་སེར་སྐྱ་ཀུན་གྱིས་ངག་རིག་གི་མཆོད་པའི་ཚོམས་ཆེན་ ཀྱི་དཀྱིལ་འཁོར་ཞིག་ཡིན་ལ།དཀྱིལ་འཁོར་འདི་ལ་རྟེན་ཅིང་འབྲེལ་བ་དང་། འབྲེལ་བར་འབྱུང་བའི་རིགས་དྲུག་ཡོད་དོ་ཅོག་གི་བདེན་དོན་དང་སྨོན་ལམ་མྱུར་དུ་འགྲུབ་པ་ དང་། འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་དེ་སྐྱེ་བ་ནས་ཚེ་ རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་གསོལ་འདེབས་སྨོན་ལམ་ཡང་ཞུ་རྒྱུ་ཡིན་ཞེས་སོགས་ཀྱིས་ངོ་སྤྲོད་གནང་ཡོད་པ་རེད།
བོད་ཀྱི་དུས་བབ་གསར་འགོད་པ་དོན་འགྲུབ་བཀྲིས་སོགས་ཀྱིས་རང་མོས་ཀྱི་དགོངས་འཆར་སྤེལ་བ་དང་། དྲི་བ་དྲི་ལན་སོགས་མཛད་དེ་ཕྱི་དྲོ་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་། ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་ལས་འགུལ་གོ་སྒྲིག་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཀྱི་གཏམ་བཤད་གྲུབ་རྗེས་དཀར་སྐྱོང་བཞེས་ལག་གི་གསོལ་ཚིགས་ལ་རོལ་ཡོད་པ་རེད།
རྨོག་རུ་ཚང་གི་ཕོ་བྲང་དྲ་ཚིགས་ཀྱི་ཁ་བྱང་ནི། www. mogrutsang.com
ཤེས་རབ་ཀྱིས་ནམ་མཁར་ཕྱོགས།། ལོག་རྟོག་གིས་ས་གཞི་དཀྲུགས།།
ཤེས་རབ་ཀྱི་ནམ་མཁར་ཕྱོགས།
ནག་ཤེས་ཀྱི་ས་གཞིར་གང་།
ལྷོ་ཟད་ནས་བྱང་མཐར་འཁྱམས།
མགོ་བཙུགས་ཀྱང་མཇུག་མ་མེད།
ཤེས་རབ་ཀྱི་ནམ་མཁར་ཕྱོགས།
བྱ་ལོང་གིས་ནམ་མཐའ་འཚོལ།
ལོག་རྟོག་གི་སྤྲིན་ནག་འཁྲུགས།
ཕྱོགས་འཐེན་གྱིས་ཐོག་རྒོད་ཕབས།
མྱི་སྐོར་ལོག་འདི་ཚོས་བཀྲ་ཤིས་བདེ་ལེགས་ཞུ་སྟངས་ཡང་སྐོར་ལོག་རྐྱང་རྐྱང་རེད། ད་ག་རེ་ཡིན་ན་ཡིན། རྨོག་རུ་ཚང་གི་ཁྱིམ་གཞི་གསར་བར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། མ་ཟད་བོད་མི་དམངས་སྤྱི་འཐུས་ལ་འདེམ་ཐོན་བྱུང་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་ཡག་ཡིན། བརྩོན་པ་ལྷོད་མེད། དཀའ་སྤྱད་འབད་བརྩོན། དཀའ་ངལ་སེལ་ནས། རྒྱལ་ཁ་ལེན་དགོས།།
འདི་ཡང་རིག་གནས་བྱ་བཞག་དར་སྤེལ་ལ་སྨན་པའི་འདུ་ཤེས་མཚོན་སྟངས་ཤིག་ཡིན་ན་ཐང། འོན་ཀྱང། ཐོག་མར་བོད་ཀྱི་སྤྱི་འཐུས་ལ་ལངས་པ་དེ་དམིགས་ཡུལ་དང་འཆར་གཞི་ཞིག་ལོས་ཡོད། སྤྱི་ཚོགས་དང་མི་དམངས་ཀྱི་ཆེད་དུ་ལས་ཀ་ག་རེ་བྱེད་དུ་ཡོང་མིན་གསལ་བོ་ཞིག་མེད་ན། ལོ་ལྔའི་རིང་སྤྱི་འཐུས་ཀྱི་རྐུབ་བཀྱགས་སྟེང་བསྡད་ཚར་རྗེས་སྤྱི་འཐུས་རྙིང་པའི་སྤུས་ཚད་ལ་གྲུབ་འབྲས་དང་འགན་ཁུར་གྱི་ཚད་ལོན་ཡོད་མེད་ཀྱི་ཆ་ནས་བལྟས་ཏེ། མུ་མཐུད་སྤྱི་འཐུས་ལ་གདམས་ན་འགྲིག་གི་ཡོད་མེད་སོགས་གང་འཚམ་ཚད་ལོན་པའི་སྤྱི་འཐུས་འཚོལ་བའི་ལམ་ཁ་འདི་རྙེད་མི་སྲིད། སྤྱི་འཐུས་ཚང་མས་སྤྱི་ཡོངས་ལ་ཁྱབ་པའི་སྐད་ཆ་གཅིག་དང་དམིགས་ཡུལ་གཅིག་བགྲངས་ནས་འདུག བྱེ་བྲག་གི་འགན་ཁུར་དེ་རང་གི་ནུས་པའམ་འཇོན་ཐང་ལ་ཚད་འཇལ་ནས་བཤད་མི་སྲིད། གང་ལྟར། ཤོར་བ་ཡང་འདི་འདྲ་ཡ་ལེ་ཡོ་ལེ་བྱས་ནས་ཤོར་བ་རེད། ང་ཚོས་སྤྱི་འཐུས་བདམས་སྟངས་འདི་ལ་ཁྱི་ཟུག་སྟངས་ཀྱི་རྣམ་པ་ཤིག་མངོན་ཡོང་གི དཔེར་ན། མི་ཞིག་གིས་ལས་ཀ་ཙག་ཙིག་འདི་དང་འདི་བྱེད་ཀྱི་ཡོད་ཅེས་སྐད་ག་ཚོད་རྒྱག་ཐུབ་ན་དེ་སྤྱི་འཐུས་ལ་ཆགས་འགྲོ མི་དེས་སྐད་རྒྱག་དུས་ངའི་ལངས་ཕྱོགས་དབུ་མའི་ལམ་ཡིན་པ་མི་དམངས་ལ་ཡང་ནས་ཡང་དུ་གོ་མ་བཅུག་སྤྱི་འཐུས་ཀྱི་འོས་ཤོག་མི་བླུག ད་འདི་འདྲ་ཞིག་རེད།
ཤེས་རབ་ཀྱི་ནམ་མཁར་ཕྱོགས།།
གཏི་མུག་གི་མུན་ཀློང་འཁྱམས།།
ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་འདུ་འཛོམ་ཐེངས་གསུམ་པ་ལེགས་གྲུབ་བྱུང་བ་དང་། རྨོག་རུ་ཚང་གི་དྲ་ཚིགས་ཞེས་པ་ཞིག་ཀྱང་དབུ་འབྱེད་གནང་བ་སོགས་ནི་བཙན་བྱོལ་སྤྱི་ཚོགས་འཁྲོད་ཡར་རྒྱས་གོང་འཕེལ་གྱི་རྣམ་པ་ཞིག་ཡིན་པར་མངོན། སྤྱིར་རྨོག་རུ་ཚང་འདི་གཞན་དབང་གི་ལྕགས་སྒྲོག་ལས་གྲོལ་ཏེ་རང་དབང་གི་མདུན་སྐྱོད་བྱེད་བཞིན་པའི་ཡར་རྒྱས་ཀྱི་ཕོ་ཉ་བ་ཞིག་རེད། འོན་ཀྱང་ཁོང་གི་བྱ་བ་མང་དག་ཅིག་ལམ་འགྲོ་མ་བྱུང་པ་ནི་ཡར་རྒྱས་ཀྱི་བཀག་རྡོ་རྙིང་ཞེན་ཅན་གྱི་མི་བུ་རེ་ཟུང་གི་ལམ་དུ་འགྲོ་མ་བཅུག་པ་ཞིག་རེད། དེང་སྐབས་ཁོང་ཉིད་རླུང་རྟ་འཕར་བཞིན་པ་དང་དུས་བསྟུན་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཕྱག་ལས་རྣམས་ཐུགས་འདོད་ལྟར་འགྲུབ་པ་དང་། དྲ་རྒྱ་གསར་པའི་ལས་རིམ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་ཡི་རངས་བསྔགས་བརྗོད་ཞུ།
ཤེས་རབ་ཀྱི་ནམ་མཁར་ཕྱོགས་ཏེ།།
ལོག་རྟོག་ལ་འགྲམ་ལྕག་བཞུས།།
ཕྲག་དོག་གི་མཆེ་བ་གཟེངས་ཏེ།།
ལས་ངན་གྱི་དྲ་འབུར་སྐྱེས།།
ཤེས་རབ་ཀྱི་ནམ་མཁར་ཕྱོགས་ཏེ།
ལོག་སྤྲིན་དེ་ཕུངས་པར་གཏོར
ཤེས་རིག་གི་ཉིན་བྱེད་གསར་པའི།
རང་ཞལ་དེ་ངོམ་པར་བསྟོད་དོ།
སྒོ་དབྱེའི་པད་མོའི་འདབ་གྲོལ་དེ།
བཀྲ་ཤིས་ཀྱི་གཏམ་བཟང་ཤར་སོང།
དབྱེ་བསྡུ་ཡི་གྲུབ་འབྲས་ཐོབ་རྒྱུར།
རེ་བ་ཡི་སྨོན་ལམ་བཏབ་ཡོད།
ཤེས་རབ་ཀྱིས་ནམ་མཁར་བཀྱགས་ནས་ས་ལ་འབབ་མི་ཐུབ་པ་རེད་དམ།
མཛའ་སེམས་གསེར་གྱི་རང་མདངས་མ་ཡལ་བའི་དྲ་གྲོགས་གཞོན་ནུ་ཟླ་མེད་གཙོ་བོས་དྲ་གྲོགས་ཡོངས་ལ་གུས་བརྩིའི་འཚམས་འདྲི་ཞུ་འབུལ་དང་སྦྲགས་དྲ་ཚིགས་ཀྱི་གསལ་བཤད་དེ་བསྐྱར་དུ་འགོད་འབུལ་ཞུས་པ་ཡིན་ལ།བརྗོད་བྱ་དང་རྗོད་བྱེད་སོགས་གང་ཅིའི་ཆར་ལམ་སྟོན་ཡོང་བའི་རེ་འདུན་ཞུ་རྒྱུ་དང་།
དྲ་ཚིགས་འདི་ཉིད་དུས་ཚོད་ཐུང་ངུ་ཞིག་གི་ནང་བྲེལ་འཚུབ་ཀྱིས་བཟོ་འགོད་བྱས་པ་ཡིན་པས་དྲ་ཚིགས་དང་བརྒྱུད་ལམ་གཞན་ནས་བརྗོད་བྱའང་ཕབ་ལེན་མང་པོ་ཞིག་བྱེད་དགོས་བྱུང་སོང་བར་དགོངས་དག་དང་།རིམ་པས་དྲ་ཚིགས་རང་ཉིད་ཀྱིས་ཁ་ཕྱོགས་ངེས་ཅན་ཞིག་འདོན་ཐུབ་རྒྱུ་ནི་གདེང་སྤོབས་ཀྱི་ཆོད་སེམས་དེ་ཡིན།
གསལ་བཤད།
རྨོག་རུ་ཚང་གི་ཕོ་བྲང་》ཞེས་པའི་དྲ་ཚིགས་ནི་དུས་རབས་ཉེར་གཅིག་པའི་འགྲོས་དང་བསྟུན་པའི་བརྡ་འཕྲིན་གསར་བའི་ཅོང་བརྡ་དང་ལྷན་དུ་གཞེངས་བསྐྲུན་ཞེས་པ་ཡིན་ལ།གནའ་བོའི་ལོ་རྒྱུས་ཁྲོད་ཀྱི་ས་ཕག་དང་རྡོ་བ་བརྩིགས་པའི་ཕོ་བྲང་བཟོ་ལས་ཀྱི་རྒྱ་ལས་བརྒལ་བའི་དུས་རབས་ཀྱི་ཚབ་མཚོན་ཞིག་ཀྱང་ཡིན།
ལྷག་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་གཞིས་ལུས་བོད་པ་མི་མང་།ཡང་སྒོས་རྨོག་རུ་ཚང་གི་ལྷ་སྡེ་མི་སྡེ་ཀུན་ཀྱང་ས་ཐག་ཅི་ཙམ་གྱིས་ཁ་ཐག་རིང་ནའང་།མི་མང་གི་དད་པ་དང་ཡིད་ཆེས་དུས་ནམ་ཡང་གཏན་དུ་འབྲལ་ཐབས་མེད་པའི་ལོ་རྒྱུས་ཞིག་གི་དད་འདུན་གྱི་བདེན་རྟགས་ཡིན་པས།འདི་ནས་མི་མང་གི་ཡིད་ཆེས་དང་དད་འདུན་གྱི་ཚབ་མཚོན་ཡོང་ཕྱིར་བརྡ་འཕྲིན་གྱི་སྤྱོད་སྒོ་བརྒྱུད་དེ་འཛམ་གླིང་མི་མང་གི་མིག་སྔར་《རྨོག་རུ་ཚང་གི་ཕོ་བྲང་》ཞེས་པའི་དྲ་ཚིགས་བརྒྱུད་ལམ་གྱི་ཕོ་བྲང་འདི་གསར་གཞེངས་བྱས་པ་ཡིན།
འདི་ནི་ཚབ་མཚོན་ཅིག་དང་།རྟེན་འབྲེལ་ཞིག་གི་ངོ་གདོང་ཡིན་པ་མ་ཟད།རྨད་བྱུང་བསོད་ནམས་བསགས་པའི་དགེ་རྩ་ཞིག་ཀྱང་ཡིན།ལྷག་པར་ལྷག་བསམ་དག་པའི་གསོལ་འདེབས་ཀྱི་ཁྲོད་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོིག་གིས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་གནང་སྩལ་ཡོང་བའི་གསོལ་འདེབས་ཀྱི་འབོད་སྒྲའང་ཡིན།
ཀུན་ཁྱབ་བརྡ་འཕྲིན་གྱི་བཟོ་རིག་ལས་གྲུབ་པའི་《རྨོག་རུ་ཚང་གི་ཕོ་བྲང་》ནི་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་བའི་བཀའ་སློབ་དང་།གསུང་རྩོམ།མཛད་རྣམ་སོགས་དང་།ལྷག་པར་དད་ལྡན་སེར་སྐྱ་ཀུན་གྱིས་ངག་རིག་གི་མཆོད་པའི་ཚོམས་ཆེན་ཀྱི་དཀྱིལ་འཁོར་ཞིག་ཡིན་ལ།དཀྱིལ་འཁོར་འདི་ལ་རྟེན་ཅིང་འབྲེལ་བ་དང་།འབྲེལ་བར་འབྱུང་བའི་རིགས་དྲུག་ཡོད་དོ་ཅོག་གི་བདེན་དོན་དང་སྨོན་ལམ་མྱུར་དུ་འགྲུབ་པ་དང་།འཕགས་པ་སྤྱན་རེས་གཟིགས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་དེ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་གསོལ་འདེབས་སྨོན་ལམ་ཡང་ཞུ་རྒྱུ་ཡིན།
http://www.mogrutsang.com
རྨོག་རུ་ཚང་ལགས་ནས་ཁྱེད་ཀྱིས་དྲྭ་ཚིགས་ཀྱི་ནང་དོན་དང་དམིགས་ཡུལ་སོགས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
ངོ་ཐོག་བཤད་ན་ལས་དབུ་འཁྱུད་བཟུང་རྒྱུ་སླ་ན་ཡང་འཇུག་སྐྱོང་གི་བྱ་བ་གང་ཡིན་དཀའ་མོ་ཟིག་ཡིན།
འོན་ཀྱང་ངས་ཁྱེད་ཀྱི་བསམ་པ་ཇི་བཞིན་འགྲུབ་པའི་སྨོན་འདུན་དང་རྒྱབ་སྐྱོར་ཀྱང་བྱེད་ཐུབ་པ་ཡོད་ཚེ་ཞུ་ངེས་ཡིན།
ལས་དོན་རྣམས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།
དྲྭ་ཚིགས་ཀྱི་ཁ་བྱང་བཀོད་པ་དེ་ལེགས་བྱུང།
དྲ་གྲོགས་ལ་སྟོད་བུ་སོགས་སྐུ་མགྲོན་དུ་ཕེབས་པར་ཐུགས་རྗེ་ཆེ།
ལྷག་པར་འདས་མ་འོངས་ད་ལྟ་གང་དུ་བལྟས་ཀྱང་ང་ཚོར་ཆེས་མཁོ་གལ་ཆེ་བ་ནི་ཆིག་བསྒྲིལ་ཡིན་པས་མི་ཡི་གོ་གནས་དང་།ཡོན་ཏན་ཡོད་མིན་གྱི་ཁྱད་པར་མིན་པར་ཚང་མས་འདིའི་ཕྱོགས་སུ་མི་རེ་ངོ་རེ་ཡི་འགན་ཅིག་འཁུར་ཐུབ་ན་གལ་ཆེ་ཤོས་དེ་རེད་བསམ་གྱིན་འདུག
དེ་མིན་ཁ་ནས་ཆིག་བསྒྲིལ་བཤད།དོན་དངོས་གཞན་ཞིག་ཏུ་རྒྱུག་ཕྱིན་ན་༸གོང་ས་ཐམས་ཅད་མཁྱེན་པའི་ཐུགས་ཀྱི་བཞེད་དགོངས་དང་།གཞིས་བྱེས་བོད་མིའི་བསམ་དོན་འགྲུབ་རྒྱུ་ནི་ཐག་རིང་བ་ཞིག་ཏུ་མཐོང་གིན་འདུག་་་སེམས་གཏམ་གྱི་ཚུལ་དུ་ཕུལ་བ་ཡིན།བཤད་སྟངས་ནོར་ན་དགོངས་འགལ་མེད་པར་ཞུ།
ང་ཚོ་ཚང་མས་གཞིས་ལུས་སྤུན་ཟླ་ཚོར་མིག་དཔེ་ལྟ།་་་གཞིས་ལུས་བོད་མི་ཚོར་དྲན་གསོ་བྱེད།གཞིས་ལུས་བོད་མི་ཚོ་གདོང་མཆོངས་ཀྱི་དཔའ་བོ་ངོ་མ་རེད།འདི་ང་ཚོའི་སེམས་ལ་ཉར་ཐུབ་པ་བྱེད།བོད་རྒྱལ་ལོ།
རྨོག་རུ་ལགས། ལས་དོན་གྲུབ་འབྲས་དང་བཅས་རྒྱུན་འཁྱོངས་ཡུན་གནས་ཡོང་བའི་སྨོན་འདུན་ཡོད།
བཀུར་འོས་རྒན་རྨོག་རུ་ལགས་ཁྱེད་ནས་ཁྱེད་ཀྱི་དྲྭ་ཚིགས་དང་དེ་ཡི་མ་འོང་པའི་དམིགས་ཡུལ་དང་ སྒྲུབ་ཕྱོགས་དང། ལམ་ཕྱོགས་ཀྱི་གནད་གསལ་ཁ་བཏོད་པར་ངོ་ཐོག་ཐུགས་རྗེ་ཆེ་ཞུ། ད་ལྟ་ཡིན་ན་ཤེས་རབ་རིག་པ་ཅན་གྱི་ཤེས་རབ་གྱི་རྩལ་འདོན་དང། མི་འཇིགས་དཔའ་བོའི་དཔའ་བདར་འདོན་རྒྱུའི་དུས་ལ་སླེབ་ཡོད་པས་དེས་ན་ལུས་སེམས་ཆིག་སྒྲིལ་གྱིས་རྩལ་དྲུག་རྩལ་གསུམ་ངོམ་རྒྱུ་ཡོད་ན་ངོམ་པའི་དུས་ཤིག་ཡིན་ཅིང་དེས་ན་ཁྱེད་ཀྱི་དགོངས་དོན་བརླབས་ཆེན་དེ་ལ་རྒྱབ་སྐྱོར་དང་གདུངས་དེམས་མཉམ་བསྐྱེད་ཞུ་ངེས་ཡིན། ཁྱེད་ཀྱི་བསམ་པའི་དམིགས་ཡུལ་མཐར་ཐུག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་སླར་ཡང་ཞུ་བཞིན་ཡོད།
བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་ལགས་ཀྱི་ཕོ་བྲང་གསར་བཞེངས་ལེགས་འགྲུབ་བྱུང་བའི་མཛད་སྒོའི་སྒོ་འབྱེད་གོང་ས་་སྐྱབས་མགོན་ཡིད་བཞིན་ནོར་བུའི་འཁྲུང་སྐར་དང་བསྟུན་པ་འདིས་རྟེན་འབྲེལ་ཆེན་པོ་བྱུང་ཡོད། གཅིག་ནས་རྨོག་རུ་ཚང་གི་ལྷ་སྡེ་མི་སྡེ་ཀུན་ཀྱང་ས་ཐག་ཅི་ཙམ་གྱིས་ཁ་ཐག་རིང་ནའང་།མི་མང་གི་དད་པ་དང་ཡིད་ཆེས་དུས་ནམ་ཡང་གཏན་དུ་འབྲལ་ཐབས་མེད་པའི་ལོ་རྒྱུས་ཞིག་གི་དད་འདུན་གྱི་བདེན་རྟགས་སླད་མེད་པར་མཚོན་ཡོད། ཡང་ཕྱོགས་ཅིག་ནས་བསམ་བློ་བཏང་ན་བཙལ་བྱོལ་སྤྱི་ཚོགས་ཀྱི་མི་རབས་རྒན་པའི་མི་རིགས་དང་རྒྱལ་ཁབ་ཀྱིས་འཐབ་བརྩོད་ལེའུ་དང་པོ་རྫོགས་ནའང་མི་རབས་གསར་པའི་འཇུགས་སྐྱོང་ལེའུ་གཉིས་པ་དང་གསུམ་པའི་ན་གཞོན་ཤེན་ཡོན་ཅན་ཚོས་རིག་གཞུང་དང་མི་རིགས་འཐབ་བརྩོད་སོགས་སྔར་དང་མི་འདྲ་པར་དུས་རབས་ཀྱི་འགྲོས་དང་བསྟུན་པའི་ལྷག་བསམ་དང་སྙིང་སྟོབས་འཇོན་ཐང་དཔའ་ངལ་འཛོམས་པའི་ངང་མདུན་བསྐྱོད་ཀྱི་གོམ་ཁ་ཡངས་པར་བྱེས་ཡོད་པར་གསལ་བོ་མཚོན་འདུག་པས་བཀྲ་ཤིས་བདེ་ལེགས་ཞུ། ཨ་རིའི་རྒྱལ་ས་ནས།
རྣམ་པ་ཚང་མས་ལེགས་གསོལ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་།ང་ཚོ་ཚང་མས་ཆེ་ས་རྐྱང་རྐྱང་ལ་རེ་བ་རྒྱབ་ནས་ཆུང་སའི་འགུལ་བསྐྱོད་ལ་དོ་སྣང་མ་བྱས་པར་བསྡད་ན་དེ་ཡང་འགྲིག་མི་འདུག་བསམ་གྱིན་འདུག་་་་
ད་ལྟའི་དུས་ཚོད་ལ་ཆེས་གལ་ཆེ་བ་ནི་བོད་ཕྱི་ནང་གི་སྟོབས་ཤུགས་མཉམ་རུབ་བྱེད་རྒྱུ་དེ་་རེད།སྟོབས་ཤུགས་ཆིག་སྒྲིལ་དང་།སྟོབས་ཤུགས་མཉམ་རུབ་བྱེད་པ་ལ་ཚང་མས་ནུས་པ་ཞིག་འདོན་དགོས་པར་བསམ་གྱིན་འདུག
ལྷག་པར་༸གོང་ས་ཐམས་ཅད་མཁྱེན་པའི་ཞབས་ཀྱིས་ཟིན་པ་དང་།བཀའ་གསུང་གི་བྱིན་རླབས་ཐོབ་པའི་ཁོར་ཡུག་འདིའི་ནང་དུ་ཆིག་སྒྲིལ་ཟེར་བ་དེ་ཁག་ཙམ་ཡིན་པའི་རྣམ་འགྱུར་མཐོང་གིན་འདུག་་་་དེ་བཞིན་སྤྱི་འཐུས་ལས་ཐོགས་རེ་ཟུང་གི་དགོངས་པའི་ནང་དུའང་།ན་ཚ་རྙིང་པ་དང་།བསམ་བློ་རྙིང་པ།འཐེན་འཁྱེར་རྙིང་པའི་བག་ཆགས་ལྷག་བསྡད་ཀྱིན་འདུག་་་་
གང་ལྟར་ང་ཚོ་ཐུན་མོང་གི་ཐོག་ནས་ཆིག་སྒྲིལ་གྱི་ཕྱོགས་སུ་ནུས་ཤུགས་ཤིག་འདོན་དགོས་པ་དེ་རྩ་བའི་རྩ་དོན་ཞིག་རེད་བསམ་གྱིན་འདུག་པས་ཚང་མས་ཐུགས་གཟབ་གནང་བའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན།
ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་ཚང་མར་དཀྱིལ་འཁོར་གཅིག་གི་འཐབ་རྩོད་པས་ངོས་ནས་བཀྲིས་བདེ་ལེགས་ཞུ་བ་ཡིན།
བོད་རྒྱལ་ལོ།