མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་དང་བོན་རྒྱ་བསྟན་འཛིན་རབ་རྒྱས་གཉིས་ཀྱི་བཀོད་སྒྲིག་འོག ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་ཐེངས་བཞི་པ་སྤྱི་ལོ་ ༢༠༡༣ ཟླ་༨ ཚེས ༡༠ ཉིན་རྡ་སའི་མེག་ལོར་བསྟན་ནོར་གསོལ་མགྲོན་ཁང་དུ་བསྡུས་པ་དང་། མཛད་སྒོའི་སྐུ་མགྲོན་ལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད། སྤྱི་འཐུས་སྨན་དགེ་མཁྱེན་རབ། ཚོགས་སྐྱིད་བཅུ་གཅིག་གི་སྐུ་ཚབ། མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ། འབྲེལ་བ་ལས་ཁུངས་ཀྱི་སྐུ་ཚབ། རྩོམ་པ་པོ་དང་སྙན་ངག་པ་སུམ་ཅུ་བརྒལ་བ་དང་གསར་འགོད་པ་མང་པོ་བཅས་མཉམ་འཛོམས་ཀྱིས་འཚོགས་ཡོད་པ་དང་། མཛད་སྒོ་གྲུབ་པ་དང་སྙན་ངག་པ་རྣམས་ཀྱིས་སྙན་ངག་གྱེར་འདོན་དང་བསམ་ཚུལ་སྦྱངས་བཤད་ཆུ་ཚོད་ལྔ་དང་ཕྱེད་ཀ་བར་གནང་ཡོད་པ་རེད། བགྲོ་གླེང་འདིའི་སྔ་ཕྱི་བར་གསུམ་དུ་སྙན་ངག་པ་ཚོས་གླིང་ཚའི་ལྟ་བ་དང་། བསམ་བློའི་འཁྱེར་ཕྱོགས། རླབས་ཆེན་གྱི་བློས་གཏོང་བཅས་ཀྱི་ཐད་བསམ་ཚུལ་འདོན་པ་དང་རྗེས་དྲན་ཞུ་བཅས་ཀྱི་གླེང་སློང་དང་སྙན་ངག་གྱེར་འདོན་བྱས་ཡོད་པ་དང་། མཛད་སྒོའི་སྐབས་གླིང་ཚ་ལྷ་མོ་སྐྱིད་ཀྱིས། ངས་ཕུ་བོས་བྱམས་བརྩེ་བཀའ་དྲིན་ཅན་གྱི་ཕ་མ་དང་། ཕྲུ་གུ་སོགས་བཞག་ནས་སོང་ཡོད་མོད། འདི་ནི་ཚོར་བ་མེད་པ་དང་། བྱམས་བརྩེ་མེད་པ། ཁྲེལ་གཞུང་མེད་པའི་ཀུན་སྤྱོད་ཅིག་ག་ལ་ཡིན། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་སོགས་ཞི་བའི་འབོད་ཚིག་ལྔ་ནི་ངའི་ཕུ་བོའི་ཡོད་ཚད་དང་རེ་འདུན་ཡིན། ཕུ་བོའི་གཡོལ་ཐབས་མེད་པའི་གདམ་ག་དེས་དྲིན་ཆེན་ཕ་མ་གཉིས་དང་གཉེན་ཉེ་ཡོད་ཚད་རྡོ་ལེབ་ཚ་བོའི་སྟེང་གི་གྲོག་མ་བཞིན་སྡོད་ཐབས་མེད་པའི་སེམས་ངལ་གྱི་གནས་སུ་ལྷུང་ཡོད། ཡིན་ནའང་། ང་ཚོས་ཁེར་རྐྱང་ལམ་ཁར་གྱར་པའི་ཕུ་བོ་ལ་འཁང་ར་བྱེད་ག་ལ་སྲིད། དེ་ནི་ཕུ་བོ་ཁོ་རང་གི་ཆེད་དུ་མིན་ལ། ཁྱིམ་ཚང་གཅིག་གི་འཚོ་གནས་ཀྱི་ཆེད་དུ་མིན་པས་ཡིན། དབྱར་དགུན་གནམ་གཤིས་ཀྱི་འགྱུར་ལྡོག་ཡོང་ཐེངས་རེར། ད་དུང་ཕ་མའི་སེམས་ཁམས་ལ་ཆུ་ཕྲན་ལྟ་བུའི་མིག་ཆུ་བཞུར་ཐེངས་རེར། ང་ཚོས་ཁྱོད་དྲན་བཞིན་ཡོད། ང་ཚོས་ཁྱོད་གླེང་བཞིན་ཡོད་ཅེས་ཕུ་བོའི་ལས་འགུལ་སྐོར་ལ་ཁོ་མོའི་བསམ་ཚུལ་བརྗོད་ཡོད་པ་དང་། སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་གིས། ཤེས་རབ་ཀྱི་ནམ་མཁར་ཕྱོགས་པའི་སྙན་ངག་གྱེར་འདོན་འདུ་འཛོམས་ཀྱི་བཀོད་སྒྲིག་པ་ཞིག་བཀུར་འོས་སྤྱི་འཐུས་ཤིག་ཆགས་ཡོད་ནའང་། ལས་ཀའི་བྲེལ་བའི་དབང་གིས་འདུ་འཛོམས་སྔ་མ་དག་གི་སྐབས་ཀྱི་སྙན་ངག་དག་ཀློག་ཐུབ་ཡོད་པ་མ་རེད། གཉིས་ནས་རང་ཉིད་རྩོམ་པ་པོ་དང་སྙན་ངག་པ་གང་ཡང་མིན་པར་བོད་ཀྱི་རྩ་དོན་ཐོག་ལས་ཀ་ལས་ནས་ཡོད་པའི་སྤྱི་བའི་མི་ཞིག་ཡིན་པས། དེབ་མང་པོ་དང་རྩོམ་གང་ཚང་ཀློག་པའི་དུས་ཚོད་ཡོང་གི་ཡོད་པ་མ་རེད། ཡིན་ནའང་། སྤྱི་ཚོགས་ནང་ཏོག་ཙམ་གླེང་སློང་ཡོང་བའི་རྩོམ་དག་གོ་གི་འདུག སྐབས་དེ་དག་ལ་འགའ་རེ་ཀློག་གི་ཡོད། དེ་མ་གཏོགས་དེང་རབས་སྙན་ངག་གི་ཁ་ཕྱོགས་སོགས་གང་ལ་འགྲོ་གི་ཡོད་མེད་སོགས་ལ་རྒྱུས་མེད། དེའི་ཕྱིར། སྙན་ངག་ལ་རྒྱུས་ཡོད་པ་ཚོས་དེ་གླེང་རོགས་ཀྱིས། དེ་རིང་སྙན་ངག་ལ་རྒྱུས་ཡོད་མང་པོ་ཞིག་འཛོམས་འདུག ང་ཚོས་རྩ་བའི་གནད་དོན་དང་འབྲེལ་བའི་སྟེང་ནས་གླེང་དགོས། ད་རེས་བརྗོད་གཞི་དེ་དུས་དང་འཚམ་པའི་
སྙན་ངག་གྱེར་འདོན་གྱིས་ཚོགས་འདུའི་སྟེང་ལ་ཆབ་སྲིད་པ་མང་སྐུ་མགྲོན་དུ་བོས་ཡོང་བས་ཕན་ཐོགས་ཡོད་པ་མ་རེད། ཆབ་སྲིད་པ་ཡག་པོ་མ་རེད་ཟེར་བ་མིན་ཡང་སྙན་ངག་གི་ཚོགས་འདུའི་སྟེང་དུ་སྙན་ངག་པ་གདན་འདྲེན་ཞུ་དགོས། སྙན་ངག་ལ་དཔྱད་བརྗོད་པ་གདན་འདྲེན་ཞུ་དགོས། ཚོགས་འདུ་འདིའི་དབང་ཆ་ཡོངས་རྫོགས་ཆབ་སྲིད་པའི་ལག་ལ་ཤོར་ཚར་དུས་ཆབ་སྲིད་འདུ་འཛོམ་འདྲ་བོ་རེ་ཆགས་ན་མ་གཏོགས་སྙན་ངག་གི་ནུས་པ་ཐོན་པ་ལ་ཕན་གི་མ་རེད། ཡག་པོ་ཞེ་དྲགས་བྱུང་མི་འདུག་བསམ། གལ་སྲིད་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གླེང་བསམ་ན་ཡང་གླེང་སྟངས་དེ་སྙན་ངག་ལས་བརྩམ་དགོས་གི་རེད། གླིང་ཚ་ཁོ་རང་ཡང་སྙན་ངག་པ་ཞིག་རེད། ཆབ་སྲིད་པ་མང་པོ་ཞིག་འཛོམ་རུང་སྙན་ངག་གི་ནུས་པ་དང་རིན་ཐང་གླེང་ཤེས་གི་མ་རེད། ལྟོས་དང་ཤེས་མི་འདུག་ག
སྙན་ངག་གྱེར་བའི་ཚོགས་འདུ་བསྡུ་སྐབས་སུ་བོད་ཡིག་གི་སྙན་ངག་འབྲི་མཁན་དང་དབྱིན་ཡིག་སོགས་ཀྱི་སྟེང་དུ་སྙན་ངག་རྩོམ་མཁན་ཚོ་ལྷན་འཛོམ་ཡོང་དགོས། ཉམས་མྱོང་བརྗེ་རེས་བྱེད་དགོས། གོ་རྟོགས་སྤེལ་རེས་བྱེད་དགོས། རྩ་དོན་གླེང་རེས་བྱེད་དགོས། གཅིག་གིས་གཅིག་ལ་མཐོང་ཆུང་མ་ཡིན་པར་གཅིག་གི་ས་ནས་སློབ་སྦྱོང་ལེན་དགོས། ཡིན་གཅིག་མིན་གཅིག་ཆབ་སྲིད་རྐྱང་གི་ལས་འགུལ་ཞིག་ལ་བསྒྱུར་དགོས་དོན་མེད།
གླིང་ཚའི་ཆེད་དུ་སྙན་ངག་གྱེར་འདོན་བྱེད་པའི་ཐབས་ལམ་ནས་གླེང་བ་འདི་གལ་ཆེན་རེད། ཁོ་རང་ངཚོས་རྒྱུན་ཏུ་གླེང་དགོས་ཀྱི་ཡོད། ཟུར་ཞུ་ཞིག་ལ།ཀླུ་མཁར་བྱམས་འདིས་ཁ་རྒྱག་པ་བཤད་ནས་བསྡད་ཡ་མ་གཏོགས་ལག་ལེན་དུ་ཅི་ཡང་མི་བསྟར་མཁན་ཡིན་པ་དང་སྐབས་འཚོལ་རིང་ལུགས་པ་ཞིག་ཡིན་པ་ཚང་མས་ཤེས་གསལ་ཡིན།སྔོན་མ་ཁོ་ཤི་གི་ཡིན་ཅེས་ཐེངས་མང་བཤད་ཡོད།དེང་སང་གྲགས་འགུལ་སྤུ་ཙམ་མེད་པར་གདོང་གི་སྤུ་སུབ་དེ་ཚོ་བདག་པོ་བརྒྱབ་ནས་སུ་ལ་སྒུགས་ཡོད་མེད་མི་ཤེས།
ང་ཚོའི་རྒྱལ་ཁབ་ཟེར་དུས་ཀྲུང་གོ་ལ་ཟེར་གྱི་ཡོད་པ་མིན་ནམ། ཚེ་བརྟན་རྡོ་རྗེ་ཡིས་འཕྱར་བའི་རྒྱལ་དར་དེ་ཡང་ཀྲུང་གོའི་རྒྱལ་དར་རེད་བ་་་་་་ཀླུ་མཁར་འདི་ལྐུགས་བ་ལ།་་་་ཧཧཧ
ད་སྙན་ངག་གྱེར་འདོན་དེ་ཀླུ་མཁར་བྱམས་ལ་རྒོལ་རྡུང་བྱེད་པའི་ལག་ཆ་མ་བྱེད། ཀླུ་མཁར་ལ་ཁ་རྡུང་བྱས་ནས་སུ་ལ་ཡང་ཕན་ཐོགས་གི་མ་རེད། ཀླུ་མཁར་ཁོ་རང་ཡང་སྙན་ངག་པ་ཞིག་རེད། དེ་ལས་སྙན་ངག་གྱེར་འདོན་རང་གི་ཁ་ཕྱོགས་དང་ཡར་རྒྱས་ནུས་པ་སོགས་གླེང་། ཁོང་ཚོས་དངོས་སུ་འཚོགས་པ་བཞིན་ང་ཚོ་ཞུགས་ཐུབ་མེད་ན་ཡང་ང་ཚོས་དྲ་ཐོགས་འདིར་བགྲོ་གླེང་བྱེད།
ངས་གོ་ཐོས་བྱས་ན་ཀླུ་མཁར་བྱམས་ཟེར་བའི་མི་འདི་ལ་གླིང་ཚ་སྟོང་གིས་དོ་ཟླ་མེད་པར་འདྲ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་མོ་ལོ་༡༣་བཙོན་དུ་བཞུགས་མྱངས་པར་འདྲ། མ་ཟད་ཁོག་གི་རྒྱལ་ཞེན་གཅིག་པོ་འདི་ལ་རྒྱལ་བཙོང་བ་ས་ཡ་མང་པོས་དོ་ཟླ་ག་ནས་འོང་།
ཅོ་རི་ཉི་མས་བཤད་སྟངས་དེ་ཡང་ཐལ་དྲགས་པ་རེད། གླིང་ཚས་རྒྱ་ནག་གི་རྒྱལ་དར་འཕྱར་བ་ནོར་འཁྲུལ་ཡིན་པ་ཁོ་ན་གླེང་ནས་སུ་ལ་ཡང་ཕན་ཐོགས་གི་མ་རེད། དེ་དབུ་མའི་ལམ་ཁོ་རང་ཚང་གི་ལས་འགུལ་སྤེལ་སྟངས་ཤིག་རེད། དབུ་མའི་ལམ་འདི་གསང་སྔགས་ཀྱི་དཀྱིལ་འཁོར་ཞག་ལ་དཔེ་བཞག་ན་དགག་བསམ་ན་དབུ་མའི་ལམ་གྱི་དཀྱིལ་འཁོར་གྱི་གཙོ་བོ་ཚོ་དགག་པ་ལས་སྒོ་སྲུང་ཚོ་དགག་ནས་ཕན་ཐོགས་གི་མ་རེད། མ་གཞི་ང་ཚོས་སྐྱོན་གཅིག་མཐོང་དུས་མི་དེ་ཕྱོགས་ཡོངས་ནས་ནག་པོ་བཟོ་བའི་ནོར་འཁྲུལ་དེ་ང་ཚོའི་ཤེས་ཡོན་ཅན་གྱི་སྤྱི་ཚོགས་འདིའི་ཞན་ཆ་ཞིག་རེད། དེ་ལས་ཁོའི་བཟང་ཕྱོགས་ན་ག་རེ་འདུག་གླེང་དགོས་པ་རེད།
གླིང་ཚ་དང་ཀླུ་མཁར་གཉིས་ཀས་ལས་འགུལ་སྤེལ་སྟངས་མི་འདྲ་བ་གཉིས་ཀྱི་སྒོ་ནས་བོད་ཀྱི་མདུན་ལམ་གྱི་ཆེད་དུ་འཐབ་རྩོད་གནང་དང་གནང་བཞིན་པ་རེད། ཁོང་གཉིས་ཀ་ལ་གུས་འདུད་དང་རྒྱབ་སྐྱོར་དགོས་ད་དགོས། འདི་གཉིས་ཀ་ང་ཚོའི་དཔའ་བོ་གཉིས་ཡིན་པ་མ་གཏོགས་ང་ཚོས་གཅིག་དཀར་གཅིག་ནག་བྱས་ན་ཕན་མི་ཐོགས།
ཡ་ཡ་་་ད་ཡང་སྤོབས་པ་མཐའ་ཡས་ཀྱིས་དཀྱིལ་འཁོར་གྱི་གཙོ་བོ་དགག་རྒྱུའི་ལས་འགུལ་སྣེ་ཁྲིད་བྱེད་ཀྱི་འདུག་ག ལྟོས་ཨ་ལྟད་མོ་རྗེས་ནས་མཐོང་ཡོང་།
གྲོགས་པོ་ལུང་རྟོགས་ལགས། མིན་མིན།་དེ་རིང་ཁྱོན་ནས་མིན། དཀྱིལ་འཁོར་གྱི་གཙོ་བོ་དང་སྒོ་སྲུང་ཟེར་བའི་མིང་ཚིག་འདི་ཚོ་ཁར་སང་གསང་སྔགས་སངས་རྒྱས་ཀྱི་གསུང་ཡིན་མིན་རྩོད་པའི་དུས་སུ་ཁ་ལ་ལོབ་སོང་བ་རེད། དེ་རིང་འདིར་ཁོང་ཚོས་སྙན་ངག་གླེང་བའི་མིང་ཐོག་ནས་འཚོགས་འདུག ང་སྙན་ངག་འབྲི་ཤེས་མཁན་ཞིག་མིན་མོད་སྙན་ངག་ཀློག་པར་དགའ་མཁན་ཞིག་དང་སྙན་ངག་གི་ནུས་པ་བསམ་གྱིས་མི་ཁྱབ་པར་ཡིད་ཆེས་ཡོད་མཁན་ཞིག་ཡིན། དེར་འདི་ཡང་ང་ཚོའི་སྤྱི་ཚོགས་ཆད་བསྡད་ཡོད་པའི་ལས་འགུལ་རེ་ཡིན་པའི་ཆ་ནས་གླེང་སློང་ཏོག་ཙམ་ཡོང་ན་བསམ་པ་ཡིན། མི་དགོས་པའི་འཇིགས་སྣང་དེ་འདྲ་མ་གནང་རོགས།
ཚོགས་འདུ་ངོ་སྤྲོད་ཀྱི་རྩོམ་འདི་ལ་ལྟོས་དང་། བཀོད་སྒྲིག་བྱེད་མཁན་བོན་རྒྱ་ངག་སྙན་ངག་འབྲི་མཁན་རེད། རྨོག་རུ་ལགས་ཆབ་སྲིད་པ་ཞག་ཡིན་པ་ལས་སྙན་ངག་བྲིས་ཡོད་མེད་མི་ཤེས། དེ་མ་གཏོགས་པ་ཆབ་སྲིད་པ་རྐྱང་རྐྱང་གི་མིང་མ་གཏོགས་སྙན་ངག་པ་གཅིག་གི་མིང་ཡང་འདིར་བཀོད་མི་འདུག དེ་ཁོ་ན་ལ་བལྟས་ཀྱང་སྙན་ངག་གི་འཚོགས་འདུ་མིང་སྟོང་ཙམ་མ་གཏོགས་དོན་དུ་ཆབ་སྲིད་ཚོགས་འདུ་ཞིག་ཡིན་པ་གསལ་སྟོན་བྱས་འདུག གླིང་ཚ་ལགས་ཀྱི་གཅུང་མོ་ཚུད་པའི་ཚོགས་ཞུགས་པ་ཚོས་གླིང་ཚའི་སྙན་ངག་གི་སྐོར་དང་སྦྱར་ནས་ཁོང་གླེང་ཐུབ་ན་ཁོང་གི་བློས་བཏང་དེ་དང་སྦྲགས་ནས་ཁོང་ནི་ངེས་པ་དོན་གྱི་སྙན་ངག་པ་ཡིན་པའི་ཆེ་མཐོང་ཆེ་རུ་འགྲོ་བ་ལ་ཕན་ཐོགས་གི་རེད་བསམ།
སྤོབས་མཐས་བཤད་པ་ལྟར་སྙན་ངག་གྱེར་འདོན་གྱི་སྐུ་མགྲོན་ལ་ཆབ་སྲིད་མི་སྣ་མགྲོན་འབོད་བྱེད་པ་ནི་འབྲེལ་མེད་དོན་གཞན་རེད། མ་གཞི་ནས་བོད་ཀྱི་ཆོས་དང་ཆབ་སྲིད་གཉིས་ཉ་ཉུང་བསྲེས་ནས་་་་ཆོས་བཤད་སར་ཆབ་སྲིད་བཤད། ཆབ་སྲིད་ཤོད་སར་ཆོས་བཤད་བསྡད་མཁན་ཞིག་རེད། དེས་གང་སྟོན་གྱི་ཡོད་རེད་ཟེར་ན་ཆབ་སྲིད་ཀྱི་གནད་དོན་མ་གྲུབ་དུས་ཆོས་ཡིན་མདོག་དང་་་་ཆོས་བཤད་དུས་ཆབ་སྲིད་མ་ཤེས་ན་ཆོས་ཡང་དག་པ་ཞིག་རང་གིས་ཉམས་ལེན་མི་བྱེད་པ་ཁ་དང་ལག་མ་མཐུན་དུས་ཡང་དེ་དུས་ཆབ་སྲིད་མཉམ་བསྲེས་བྱེད་ཀྱི་ཡོད་རེད། དྲ་གྲོགས་ཅོ་རིས་གསུངས་པ་བཞིན། མ་ནིའི་ཕན་ཡོན་བཤད་དུས་དང་འདོན་དུས་ཀྱང་མང་པོ་ཞིག་གིས་ཆབ་སྲིད་འཁྲབ་ཡོང་གི་འདུག
བོད་ཆོས་དད་གངས་ཅན་པའི་མངོན་ལྐོག་རྒྱབ་མདུན་གང་ན་ཡང་ཁྱོད་སྤོབས་པ་དཀར་པོར་ཆགས་པའི་ལས་ཞིག་བསགས་མེད་པ་ཤེས་བར་བྱོས།
ང་ཚོའི་མགོ་བ་དཔོན་པོ་ཚོ་གང་གལ་མི་ཤེས་པའི་ལྐུག་པ་ཏག་ཏག་མ་རེད་ཐལ། ཁྱོད་འདྲ་མོ་རང་ཚིགས་མེད་མཁན། ཁ་ཚིག་མེད་མཁན་ཞིག་གིས་མཐོང་ཆུང་བྱེད་ཐུབ་ནི་མ་རེད།
ང་ཚོའི་ནང་བ་ལ་དགེ་མཚན་ཞིག་ཡོད་པ་དེ་ལྷ་འདྲེ་གདོན་དགག་གཙོ་ཆེན་ཚང་མ་བཏུལ་ནས་ལྷ་སྲུང་ཆོས་སྐྱོང་དུ་བཀོད་ནས་ཚེ་སྲོག་དོན་ལྡན་དུ་བཀོད་སྲོལ་ཡོད་ཡང་། ཁྱོད་འདྲ་མོ་ལྷ་འདྲེ་གང་ལ་ཡང་མི་གཏོགས་པའི་ལྟ་ལོག་ཚོ། དྲག་པོ་གསང་སྔགས་པ་ཚོས་ཐོད་རུས་རྐང་དུང་ཞིག་ལ་ཕབས་བཞག་ན་ཡག་ཤོས་རེད།
གླིང་ཚ་བུས་ད་ལོ་རྒྱ་དམར་གྱི་དར་ཁྱེར་མེད། ད་དེའི་སྐོར་འདས་པ་འདས་པའི་སར་བཞག་ན་ལེགས་སྙམ། དངོས་ཡོད་དང་བསྟུན་ན་དབུ་མའི་ལམ་གྱི་ངོ་བོ་དེ་རང་རེད། ཡིན་ནའང་བལྟ་ངོས་ལ་མི་མཛེས་པ་འདྲ་པོ་ཞིག་མཐོང་གི་ཡོད་ཙང་འདས་པའི་ཆར་དེའི་ཐོག་དྲ་ངོས་སུ་མང་པོ་མང་པོ་ཞིག་གླེང་ཚར་རེད། ད་ནི་ཁོང་གིས་བོད་བསྟན་སྲིད་ཀྱི་དོན་དུ་སོ་སོའི་ཕ་མ་དང་། གཅུང་མོ། བཟའ་ཟླ། བུ་བུ་མོ་བཅས་བཞག་ནས་རང་སྲོག་བློས་གཏོང་གི་ལས་འགུལ། ད་སྐབས་འཆི་དང་གསོན་ཆ་མ་འཚལ་བའི་སྐབས་འདིར་ང་ཚོས་ཁོའི་བློས་གཏོང་ལ་ཡི་རངས་ཞུ་བ་དང་འབྲེལ་ཁོང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གཞུང་མང་གཉིས་ཀས་བྱེད་འོས་སྙམ།
ད་ལྟ་བོད་ཀྱི་ཆོས་རྒྱུད་ནང་དུ་ལྷ་འདྲེ་བསྟེན་དང་མི་བསྟེན་གྱི་སྙོག་ཁྲ་ལུང་པར་མི་ཤོང་བ་དེ་སུ་ལ་འདུག་གམ
བོད་སྐྱོབས་མགུར་ལྷ་རྣམས་ལ་རྒྱ་གར་གྱི་ངན་སྔགས་དང་དུག་རྫས་མི་གཙང་སྣ་དགུ་བདུགས་ནས་མནོལ་དུ་བཅུག་པ་རེད་ཟེར་འདུག་ཏན་ཏན་བཏུལ་བ་ཡིན་པ་འདྲ།
དུས་འགྱུར་གྱི་སྐབས་སུ་བོད་ཀྱི་དགོན་པ་དང་རྟེན་གསུམ་བཤིག་མཁན་ཕལ་ཆེ་བ་བོད་མི་རེད་ཟེར། ཁ་ཚིག་གཉིས་མེད་ཀྱི་དད་པའི་འཇོན་སྟངས་དེ་འདྲ་རང་རེད། སྟོན་པ་གཅིག་ལ་བསྟན་པ་མི་འདྲ་བ་མང་དུ་བྱུང་ནས་ནང་འཁྲུགས་མུ་མཐའ་མེད་པར་སྤེལ་བ་དེ་ཚོ་ནང་པའི་ཁ་ཚིག་མེད་པའི་དད་པའི་སྟོབས་ཡིན་ནམ།
ཐོ་རེངས་སྐར་ཆེན་ཇི་བཞིན་ཁྱད་དུ་འཕགས་པའི་རྩོམ་པ་པོ་ཞིག་ཆབ་སྲིད་པ་གཡོ་སྒྱུ་ཅན་ཚོའི་གཡོ་འོག་ཏུ་ཚུད་ནས་མི་ཚེ་སྟོང་ཟད་དུ་ཕྱིན་སོང་། ཕངས་སེམས་ཆེན་པོ་ཡོད།
ཁོང་ད་ལྟ་གང་སོང་ཆ་མེད་ཀྱི་དུས་སྐབས་འདིར་ཁོང་གི་ལས་གུལ་ལ་ཆ་སྨད་བྱ་མི་རུང་ལ་ཁོང་གི་ལས་སྒུལ་འདི་ནི་བློ་སྟོབས་དང་ལྡན་པ་ཞིག་དང་བསམ་བརྗོད་ལས་འདས་པ་ཞིག་ཡིན་མོད་དེ་ལྟར་ཡིན་མིན་རང་སྟིང་དུ་བསམ་བློ་ཞིག་ཐོང།།
ཆབ་སྲིད་འཐབ་རྩོད་ནི། ཉ་འཛིན་པ་དང་འདྲ། ཆབ་སྲིད་ཤེས་ནས་ཆབ་སྲིད་འཐབ་རྩོད་བྱེད་པ་ནི། ཆུ་བོའི་འགྲམ་ལ་བསྡད། ལྕགས་ཀྱུ་ཆུར་འཕངས་ནས་འཛིན་པ་འདྲ། དེའི་ངོས་གཞན་ན། ཆུ་ལ་མཆོང་ནས། ཉ་འཛིན་པ་ནི་གོང་གི་ལྡོག་ཟླའོ། དེས་ན། ཨ་མདོ་བ་མང་ཤོས་ནི། དཔེར་མཚོན་ཕྱི་མ་རེད། རང་སྲེག་ངོ་རྒོལ་མང་ཤོས་ཨ་མདོ་ནས་བྱུང་བའང་དེ་ཡིན་ནོ།
སྙན་ངག་གི་བསྟན་པ་དང་ཆབ་སྲིད་ལ་ཕན་རེ་མ་འཐོག་ན། སྙན་ངག་ནི་ངག་འཁྱལ་གི་ཚིག་ཉོག་རང་ལས་མ་འདས། དེས་ན་སྤྱི་ཚོགས་སམ་ཆབ་སྲིད་དང་སྙན་ངག་གཉིས་མཚམས་རེར་སྦྲེལ་ན་བཟང་སྙམ།
སྙན་ངག་གི་བགྲོ་གླེང་ཡན་ཆད་འདུས་ཚོགས་ཤིག་བསྐངས་དུས་ཆབ་སྲིད་ཀྱི་དབུ་ཁྲིད་ཚོ་གདན་ཞུ་བྱས་ཏེ་གཏམ་བཤད་གནང་གི་འཇུག་པ་འདི་ཡག་པོར་མཐོང་མ་སོང་། སྤོབས་པས་བཤད་པ་དེ་ག་ཡིན།
དབུ་ཁྲིད་ཚོས་ཀྱང་རང་ས་ནས་མི་བཞུགས་པར་སྐད་བཏང་བཏང་ཚང་མར་ཕེབས་རྐྱང་གནང་བ་ཡག་པོ་མི་འདུག ཕེབས་པ་མ་ཟད་ཤེས་མི་ཤེས་གཉིས་ཀྱིས་དེའི་སྐོར་ལ་སྐད་ཆ་དང་བསམ་ཚུལ་བཤད་གནང་གི་འདུག
འདི་ལྟར་ངན་གོམས་སུ་སོང་བས་མཇུག་འབྲས་ནི་རྩོམ་པ་པོ་ཚོས་ཆབ་སྲིད་གར་སྟེགས་ནས་ཆབ་སྲིད་བཤད་ཅིང་། ཆབ་སྲིད་དབུ་ཁྲིད་ཚོས་ཀྱང་སྙན་ངག་དང་རྩོམ་རིག་ཐོག་ལ་འཛེམས་མེད་དུ་སྐད་ཆ་བཤད་པ་རེད།
ཁྱི་བསྲེས་ཕག་བསྲེས་ཟེར་ན་འདི་འདྲ་ལ་ཟེར་བ་རེད།
སྤོབས་པ་མཐའ་ཡས་ལགས།
རྩ་བའི་ཆ་ནས་བཤད་ན་ཉིད་ཀྱི་ལྟ་ཚུལ་འདི་ལ་རྒྱབ་སྐྱོར་ཡོད། གང་ཡིན་ཟེར་ན་བརྗོད་གཞི་གང་ཡིན་པ་དེའི་ཐོག་ལ་བགྲོད་གླེང་དང་བསམ་ཚུལ་བརྗེད་རེས་བྱས་ན་འདུར་འཛོམས་དེའི་དགོས་པ་གྲུབ་པ་རེད། དེ་མིན་སྙན་ངག་གྱེར་སར་ཆབ་སྲིད་བཤད། ཆབ་སྲིད་གླེང་སར་ཆོས་འདྲ་བཤད་བསྡད་ན་འདུར་འཛོམས་དེའི་མིང་དང་དཔེ་དེ་མ་འདྲ་བ་ཞིག་གི་དངོས་པོར་གྱུར་སོང་རེད་དེ། ད་རེས་ཀྱི་འདུར་འཛོམས་འདིའི་གླེང་གཞི་ཟེར་ན་རེད། གླིང་ཚ་དང་འབྲེལ་པའི་སྙན་ངག་གྱེར་འདོན་འདུར་ཚོགས་ཤིག་ཡིན་དུས་རང་བཞིན་གྱིས་གླེང་ཚའི་སྐོར་མ་བཤད་རང་བཤད་འདྲ་ཞིག་རེད། སོང་ཙང་གླེང་ཚའི་ལས་འགུལ་ཆབ་སྲིད་དང་འབྲེལ་ནས་ཡོད་སྟབས་ཆབ་སྲིད་པ་ཁག་ཅིག་བདེན་འདྲེན་ཞུ་དགོས་པ་ཆགས་སོང་བ་ཡིན་གྱིན་རེད་འདོད་ཀི འདི་ནི་ངའི་བསམ་ཚུལ་ཙམ་ཡིན།
ང་ཚོའི་སྤྱི་ཚོགས་འདིའི་མཐོ་འབྲིང་དམའ་གསུམ་གྱིས་སྐད་ཆ་རེ་བཤད་ཡོང་དུས་༼ཆབ་སྲིད༽་ཅེས་པའི་ཚིག་འདི་བེད་སྤྱོད་གཏོང་རྐྱང་ཡིན་ལ་ཚིག་འདི་ཁ་ནང་ལའང་འཆར་ཅན་དུ་སླེབས་ཡོང་། ད་དུང་ང་རང་ནི་ཚིག་འདིས་ཐོམ་མེ་སེ་བཏང་ཡོང་། དོམ་དམ་པའི་ཚིག་འདི་ལ་འབྲེལ་བཤད་ཅི་ལྟར་བསྐྱོན་མིན་དང་གོ་བ་ག་འདྲ་ཞིག་གི་ངོར་འགྲོ་དགོས་མིན་དྲ་གྲོགས་རྣམ་པའི་ལན་ཞིག་བསྐྱོན་རོགས།
ཧཧཧཧཧ མ་གཞི་ནས་ལས་ཀ་གང་བྱེད་ཀྱང་དམིགས་ཡུལ་ཡག་པོ་ཞིག་གཏན་འབེབས་བྱས་ཡོད་ན་་་ཧཧཧཧཧ
ད་རན་གྱི་སྙན་ངག་གྱེར་འངོན་འདི་ནི་སྤྱི་མཚུངས་སྙན་ངག་གྱེར་འདོན་ལྟར་སྙན་ངག་གི་རྒྱུ་ངོ་བོ་འབྲས་བུ་སོགས་མཐོར་འདེགས་འདོད་ཙམ་མ་ཡིན་པར། སྙན་ངག་པ་གླིང་ཚ་བུ་ཆབ་སྲིད་ཀྱི་གནས་དོན་ཐོག་ནས་ག་སོང་ཆ་མེད་དུ་སོང་བ་ལ། དེ་ཉིད་སྤྱི་ཚོགས་སུ་བཙལ་ཞིང་གླེང་འདོད་པ་ཡིན་ཙང་ལས་གཞི་འདིའི་ལས་བྱང་གི་སྦྱོར་དངོས་འཇུག་གསུམ་འདི་འདྲ་ཞིག་བྱེད་དགོས་ངེས་སུ་མཐོང་ལ་རྣམ་དཔྱོད་དང་ལྡན་པ་ཞིག་རེད་འདོད། ཕྱོགས་རེའི་མིག་ཅན་དག་གི་ནི་ནམ་ཡང་དཔོགས་དཀའ་བར་སེམས་པས་ཅ་ཅོ་མི་ཉུང་བ་ཞིག་བཏོན་དང་འདོན་བཞིན་པ་ལ་ནི་གད་མོའི་གནས་ཙམ་དུ་ཟད།
དང་པོ།
གླིང་ཚ་འདི་རྩོམ་པ་པོ་ཞིག་རེད། དེ་ཡང་རྩོམ་པ་པོའི་ནང་ནས་འཐབ་རྩོད་པ་ཞིག་ཀྱང་རེད། འོན་ཀྱང་། ཁོང་ཆབ་སྲིད་པ་མ་རེད། དེར་བརྟེན། ཁོང་གི་སྐོར་གླེང་ན། ཆབ་སྲིད་པ་ཚོ་སྐད་བཏང་ནས་གླེང་མི་དགོས་གི
གཉིས་པ།
གླིང་ཚའི་གོམ་བགྲོད་དེ་ཆབ་སྲིད་དང་འབྲེལ་བ་ཡོད་པ་རེད། འབྲེལ་བ་ཡོད་པ་དེ་རྩོམ་པ་པོ་ཚོས་གླེང་ན་འགྲིག་གི གླིང་ཚས་རང་གི་བྱུང་བ་ཁག་ཉིན་ཐོར་ཡང་བཀོད་ཡོད་པ་རེད། དེ་ཡང་རྩོམ་པ་པོ་ཚོས་གླེང་དགོས་གི
གསུམ་པ།
ཆབ་སྲིད་པ་ཚོའི་ལས་ཀ་ཅི་རེད། རང་གི་རྐུབ་སྟེགས་སྲུང་བ་དང་དམངས་ལ་ངོ་ཟོལ་འཁྲབ་པ་གཉིས་རེད། འདི་རྩོམ་པ་པོ་ཚོའི་ལས་ཀ་མ་རེད། གླིང་ཚ་ཡང་འདིའི་གྲས་ན་ཡོད་མ་རེད། དེར་བརྟེན། གླིང་ཚའི་དོན་དག་གླེང་ན། རྩོམ་པ་པོ་དང་སྙན་ངག་པ་ཚོས་གླེང།
བཞི་པ།
གལ་སྲིད་བཀོད་སྒྲིག་བྱེད་མཁན་ཚོས། གླིང་ཚའི་དོན་དག་གླེང་བ་ལ་ཆབ་སྲིད་པ་སྐད་མ་བཏང་ན་དོན་དག་ཇེ་ཆེར་གཏོང་མི་ཐུབ་གི་བསམ་གྱིན་ཡོད་ན། དེ་ནོར་བ་རེད། གླིང་ཚའི་དོན་དག་འདི་རྒྱལ་སྤྱིའི་སྒང་ལ་བསྐྱལ་དགོས་ན། རྡ་ལམ་ས་ལར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཡོད་པ་རེད། མཐུན་ཚོགས་འདི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་ཞིག་རེད། འདི་ལ་ནུས་ཤུགས་ཆེན་པོ་ཡོད་པ་རེད། ད་དུང་། བོད་པའི་བོད་ཡིག་དང་དབྱིན་ཡིག་གི་དྲ་རྒྱ་ཁག་དང་ཚགས་པར་ཁག དུས་དེབ་ཁག་བཅས་ཀྱི་རྩོམ་སྒྲིག་པ་ཚོ་སྐད་བཏང་ནས་འདི་ཆེ་རུ་བཏང་ན་འགྲིག་གི འདི་ཚོ་ཡང་རྩོམ་པ་པོའི་སྡེ་ནས་རེད།
སྤོབས་པ་མཐའ་ཡས་དང་། འཇིགས་མེད་ནུབ་པ་གཉིས་ཀྱི་བསམ་ཚུལ་དེར་མོས་མཐུན་དང་རྒྱབ་སྐྱོར་གཉིས་ཆ་ཡོད། འདི་ནི་སྙན་ངག་གྱེར་ས་ཡིན་པ་ལས། ཆབ་སྲིད་གླེང་ས་མིན་སྟབས་ཆབ་སྲིད་དང་འབྲེལ་ཡོད་ཀྱི་མི་སྣ་འདིར་དགོས་དོན་མེད། དེ་ནི་ཉ་ཉོག་མཉམ་བསྲེས་ལྟ་བུ་རེད།
ཆབ་སྲིད་པ་ཚོས་ཅིག་བྱ་བསམ་ན་གླིང་ཚའི་གནས་སྟངས་དང་ཁོང་གི་ཞི་བའི་ལས་འགུལ་དེ་ཐོག་ལ་དྲིལ་བསྒྲགས་ངང་རྒྱབ་སྐྱོར་གནང་རྒྱུ་དེ་ཁ་ཚ་དགོས་གཏུག་ཅིག་རེད། སྙན་ངག་གི་དོན་དག་དེ་ཆབ་སྲིད་པ་ཚོ་ལ་འབྲེལ་མི་ཆེ།
དོན་ངོ་མ་བཤད་ན་རྡ་ས་ན་སྙན་ངག་པ་ཡོད་པ་མ་རེད། ཆབ་སྲིད་པ་ཞིག་དེ་ལས་ཡོད་པ་མ་རེད། གང་ཡོད་པ་དེ་ཚོ་ཁྲམ་པ་དང་།གཡོ་ཅན། སྐབས་འཚོལ་བ། ཕྱི་རྫིག་ནང་སྟོང་རྐྱང་རྐྱང་རེད།
མཆན་ ༡༩ པ་འདྲེ་རྐང་ཐོ་དང་། མཆན ༢༢ པ་ཁྱི་རྒན་གཉིས་ཀྱིས་གསུངས་པ་ལ་རྒྱུ་མཚན་འདུག
རྒྱབ་སྐྱོར་ཡོད།
མཆན་ ༢༣ པ་འཇིགས་མེད་ནུབ་པ་ལགས་ནས་གསུངས་པ་བདེན་བདེན་འདྲ་ཡང་། འོན་ཀྱང་རྩོམ་པ་པོ་གླིང་ཚ་ལགས་ཀྱི་ལས་འགུལ་འདི་བོད་བསྟན་པ་ཆབ་སྲིད་དང་འབྲེལ་ནས་ཡོད་པས་དེ་རིང་གི་སྙན་ངག་གྱེར་འདོན་འདིའང་འདི་ལྟར་ཚོགས་དགོས་པ་བྱུང་ཡོད་པར་སྙམ
དེ་མིན་བཙན་བྱོལ་ནང་གི་བོད་པའི་རྩོམ་པ་པོར་རློམ་པ་ཁ་ཤས་ཀྱིས་རང་ཉིད་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པའང་ཤེས་གི་ཡོད་ཚོད་མི་འདུག
ད་དུང་དེའི་རིགས་ཀྱིས་ཆབ་སྲིད་མི་ཤེས་མི་ཟེར་བར་ཆབ་སྲིད་ཀྱི་ངོ་བོ་ཡག་པོ་མེད་ཚུལ་སོགས་གླེང་གིན་འདུག དེས་མང་པོ་ཞིག་མཚོན་ཐུབ། དཔེར་ན་སོ་སོའི་སློབ་སྦྱོང་གི་རྨང་གཞི་ག་རེ་ཡིན་མིན་དང་། ཆབ་སྲིད་སོགས་འཛམ་གླིང་སྤྱིའི་ཤེས་བྱའི་གནས་ལ་དོ་སྣང་དང་གོ་རྟོགས་ག་འདྲའི་ཡོད་མེད་སོགས་མང་།
དམིགས་བསལ་ད་ལྟའི་ང་ཚོ་བོད་པའི་གནས་སྟངས་ཛ་དྲག་གི་གནས་སྐབས་ཞིག་ཏུ་གྱུར་བསྡད་ཡོད་པས་རྩོམ་པ་པོ་ཚོས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་སྤེལ་དགོས་པ་གལ་ཆེན་རེད་བསམ་སོང་།
བསོད་ནམས་ལགས། རྡ་རམ་ས་ལ་ན་ཅི་ཡང་མེད་ན་རྒྱ་དམར་གུང་ཁྲན་སྲིད་གཞུང་འདི་འདྲ་ཞིག་སྐྲག་དགོས་དོན་ཅི་ཡིན་ནམ། རྒྱ་དམར་གཞུང་གིས་ཞི་དྲག་གསང་གསུམ་གྱིས་དམག་འཐབ་བྱས་ཀྱང་ད་དུང་ཡང་འདི་ལྟར་གནས་དོན་ཅི་ཡིན་ནམ། རྡ་རམ་ས་ལ་ན་ཡོད་རབས་ཅིག་བཤད་ན་མི་ཁྱོད་འདྲ་འདྲ་ཚོ་སྐྲག་ཡོང་རྒྱུ་ཞིག་བཤད་རྒྱུ་ཡོད།
རྨོག་རུ་དང་བོན་རྒྱ་གཉིས་ཁ་ནས་སྙན་ངག་གྱེར་འདོན་བཤད་པ་མ་གཏོགས་དོན་ངོ་མ་སྐུ་མགྲོན་ཚང་མ་ཆབ་སྲིད་པ་རྐྱང་རྐྱང་རེད་འདུག
བཤས་ར་ནང་སེམས་ཅན་སྲོག་གཅོད་མཁན་དེ་ཤན་པ་ཡིན་པར་ཀུན་གྱི་ཤེས་ཀྱི་ཡོད་ཀྱང་ཡིན་ནའང་ད་ལན་རྨོག་རུ་དང་བོན་རྒྱ་གཉིས་ཀྱིས་བླ་མ་གདན་འདྲེན་ཞུས་སེམས་ཅན་སྲོག་གཅོད་བཅུག་འདུག་ག ད་མ་ཎི་གྲངས་ཡག་ཨྃ་མ་ཎི་པད་མའིཧཱུྃ༔ ཆབ་སྲིད་སྙན་ངག་གྱེར་འདོན་ད་དུང་ཡིན་ད།
གླིང་ཚ་འདི་རིང་གི་ཉིན་མོ་འདིར། ཀུན་གྱིས་ཁྱེད་གླེང་གཞིར་འགྱུར། དོན་དངོས་ཐོག་བོར་རླགས་ཤོར་ཞིང་སུས་ཀྱང་མཐོང་ཐོས་མེད་པའི་ཁྱེད་རང་། འདུ་འཛོམས་འདིའི་ཐོག་ཀུན་གྱིས་ཁྱེད་དྲན་ཞིང་ཡོད། མི་རིགས་ལ་བཅངས་པའི་ལ་རྒྱ་དང་སེམས་ཤུགས་རླབས་ཆེན་དེས་ཁྱིམ་ཚང་གཅིག་གི་བདེ་སྐྱིད་ལ་སྣང་མེད་གཏོང་ཕོད་པའི་ཁྱེད་རང་། ངོ་མ་ངོ་མཚར་ཆེ། ཁྱེད་ཀྱིས་རང་ཕྲུག་ནར་མ་གསོན་པའི་བྱིས་པ་གཉིས་སྐྱུར་ཕོད་པ་དང་། བྱིས་པ་གཉིས་ཀྱི་སྐྱེད་མ་དེར་བདག་མེད་ཀྱི་ཡུག་མ་ཞིག་གི་ཆོ་ལོ་བསྩལ། ད་དུང་མགོ་སྐྱེས་ཀྱི་ལན་བུ་སྐྱ་བོར་གྱུར་བའི་ཕ་མ་ཟུང་ལ་བསྙེན་བཀུར་གྱི་ཞབས་ཏོག་མེད་པར་ཀུན་སེམས་གྱི་རྟ་ཕོར་སེམས་ཕྲལ་གྱི་ཁུར་པོ་ཆེན་པོ་ཞིག་བསྐྱལ། ཁྱེད་གནས་འདི་ནས་འབྲལ་བའི་ཉིན་ནས་བཟུང་ཁོང་ཚོའི་འཚོ་བ་ལ་བདེ་སྐྱིད་ཀྱི་འོད་སྣང་མེད་ཅིང་དྲན་འཆར་དང་ཡིད་མི་བདེ་བའི་དངངས་ཚབ་ཀྱི་ངང་ནས་ཉིན་ཞག་རིང་པོ་རིང་པོ་ཞིག་ངལ་བས་བསྐྱལ་བའི་དབུ་ཁྱུད་བརྩམས་དགོས་བྱུང་། ཁྱེད་ཀྱིས་རྐང་རྗེས་རེ་རེར་ཁོང་ཚོའི་སེམས་འཁུར་དང་གཅེས་སེམས་ཀྱི་རྗེས་བསྙེགས་ཡོད་ལ། གནམ་གཤིས་ཀྱིས་འགྱུར་ལྡོག་རེ་རེར་ཁོང་ཚོའི་སྨོན་འདུན་དང་མགོན་སྐྱབས་འབོད་པའི་ཀུ་འདེབས་ཡོད། ད་དུང་ཁ་ལྕེ་ལ་བདག་པོ་མེད་པའི་མགོ་སྟོང་བའི་མུ་ཅོར་དང་ཡིག་བསྙོགས་བདག་གི་ཁོང་ཚོ་སེམས་ཕམ་ཀྱི་གནས་སུ་བསྐྱལ་བ་དང་མཚན་མོ་ངལ་གསོ་བའི་གཉིད་ཀྱི་གོ་སྐལ་དེ་ཡང་འཇག་པ་དེ་དག་གིས་འཕྲོག་བཞིན་ཡོད། འདོར་ན་དེ་དག་ཐམས་ཅད་ཁྱེད་ཀྱིས་མི་རིགས་ཞིག་དང་རྒྱལ་ཁབ་གཅིག་གི་ཆེད་དུ་ཁོང་ཚོར་ཤུལ་དུ་བཞག་པའི་ལེགས་སྐྱེས་ཤིག་རེད། ངོ་མ་ཁྱེད་ལ་བདུད་ཀྱིས་ཁ་ལོ་བསྒྱུར་བཞིན་ཡོད་དམ། སངས་རྒྱས་ཀྱིས་བྱིན་གྱིས་རླབས་སམ། སེམས་པ་ཆེན་པོ། ཁྱེད་ཀྱིས་ཁོང་ཚོར་བཞག་པའི་སྡུག་བསྔལ་དེ་དག་དང་རང་གི་མྱོང་བའི་དཀའ་སྡུག་གི་ཕུང་པོའི་འོག་ནས་མི་རིགས་དེར་བདེ་སྐྱིད་ཀྱི་བསུ་བ་ཞུ་རུ་ཕེབས་པ་ནི་མཁའ་འོག་ན་གཟུ་བོར་གནས་པའི་མི་ཞིག་ཡིན་ན་ཅི་འདྲའི་མཛེས་ཨང་།
གཅེས་འཛིན་ཆེ་བའི་མི་ངས་གནས་དེ་ནས་ཁྱེད་ལྟར་དུ་ཡོད་ཚད་བློས་གཏོང་ཕོད་པའི་སྙིང་སྟོབས་དེ་མེད་ཀྱང་རང་སེམས་བདག་པའི་ངང་ནས་རང་མི་རིགས་ཀྱི་ཆེད་དུ་དཀའ་སྤྱད་ཁྱད་གསོད་གནང་མཁན་གྱི་ཁྱེད་དང་ཁྱེད་ཀྱི་ནང་མི་ཀུན་ལ་ཐུགས་རྗེ་ཆེ་ཞུ་བའི་སྤོབས་པ་ཡོད་ལ་བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་ཚིག་ཀྱང་ཡོད།
གླིང་ཚ་འདི་ངོ་མ་རླབས་ཆེན་ཡིན།།
ཀླུ་སྨྱོན་འདི་ངོ་མ་སེམས་མེད་ཡིན།།
རང་སྲེག་མཁན་ངོ་མ་དཔའ་བོ་ཡིན།།
རབ་དགའ་འདི་ངོ་མ་ཤེས་མེད་ཡིན།།
ཐོ་རེངས་སྐར་ཆེན་ཇི་བཞིན་ཁྱད་དུ་འཕགས་པའི་རྩོམ་པ་པོ་ཞིག་ཆབ་སྲིད་པ་གཡོ་སྒྱུ་ཅན་ཚོའི་གཡོ་འོག་ཏུ་ཚུད་ནས་མི་ཚེ་སྟོང་ཟད་དུ་ཕྱིན་སོང་། ཕངས་སེམས་ཆེན་པོ་ཡོད། ་་་་ཟེར།
རྒྱལ་ཁབ་དང་མི་རིགས་ཚོང་ལ་བསྒྱུར་མཁས་ཀྱི་སྤེན་ཚེ་དང་རྡ་སའི་སྤྱི་རྫས་སྒེར་བདག་པ་ཉེས་ཅན་དྭང་ཤར་སོགས་སྙན་ངག་གྱེར་འདོན་ལ་སྐད་གཏོང་བ་ནི་བློ་ཕམ་དང་ངོ་རྒོལ་ཡོད། མི་ངན་འདི་ཚོར་བསྟེན་ན་འུ་ཚོའི་སྙན་ངག་དེ་ཕངས་པ་ལ།