འདྲེ་མགོ་རྡོ།
ལོ་ན་གཞོན་པའི་སྐུ་ཞབས་བློ་བཟང་སེང་གེས་རྩ་དོན་གསུམ་གྱི་དམ་བཅའ་འབུམ་བརྩེགས་སུ་བགྲང་ནས་དེ་རིང་གི་ཉིན་མོར་བསླེབས་པ་ན། རྒྱ་ནག་གི་ཨའོ་པཱ་མར་བོད་ནང་རང་ལུས་མེར་བསྲེགས་ཀྱིས་བདེན་དོན་ཆབ་སྲིད་ཀྱི་ཚོང་རྭ་ཆེན་པོ་ཞིག་བསྐྲུན་ཞིང་། བོད་མཐའ་མཚམས་མདོ་སྨད་རྔ་བའི་ཡུལ་གྲུ་ཀུན་ཏུ་སྐྱ་སེར་རིས་མེད་ཀྱིས་རང་ལུས་ནི་བོད་བསྟན་སྲིད་ཀྱི་ཆེད་དུ་བསྲེགས་ཆོག་ཆོག་ཡིན་པའི་རྒྱལ་སྲས་སེམས་དཔའི་སྙིང་སྟོབས་ལག་ཏུ་བླངས་པ་ན། འུ་ཅག་གི་ཤོག་བུའི་སེང་གེ་མཆོག་གིས་ལན་གཉིས་ལ་ཨིན་ཡིག་འཕྲིན་ཐུང་གཉིས་གྱ་ཚོམ་གྱིས་རྒྱལ་སྤྱིར་བསྒྲགས་ཤིང་། རང་གི་ཆབ་སྲིད་ཀྱི་ནང་ཁོག་རྣམས་ལས་སླ་བོའི་ངང་བློ་མཐུན་ཧུའུ་ཅིན་ཐའོ་འཁོར་དང་བཅས་པའི་མདུན་དུ་རིན་མེད་དུ་བཤམས། ད་དུང་ཁོང་གིས་ཡ་ང་སྙིང་རྗེ་ཐབས་ཤེས་གང་ཡང་མེད་པར། བོད་ནང་གི་ལས་འགུལ་མཚམས་འཇོག་དགོས་པའི་འདོན་ཚུལ་མ་བཏོན་ཞིང་། ཡུལ་གྲུ་ཉམས་ཆུང་གི་མིའི་ཚེ་སྲོག་ཀྱང་ཉམས་ཆུང་ཡིན་པའི་ངོས་འཛིན་གྱིས་དངོས་སུ་མེར་བསྲེགས་ལས་འགུལ་མུ་མཐུད་དགོས་པའི་བསྒྲགས་གཏམ་སྤེལ་ཡོད།
མི་སེམས་ཡོད་ཅིག་ཡིན་ན། རྒྱ་ནག་གི་གནས་སྟངས་ཤེས་མཁན་ཞིག་ཡིན་ན། སྒམ་བརླིང་དང་ལྗིད་ཁོག་ཅན་གྱི་གཏམ་བཤད་སྤེལ་ཐུབ་མཁན་ཞིག་ཡིན་ན། དེ་རིང་རྒྱ་ནག་ན་ཅཱང་ཙེ་མིན་རོ་ལངས་རྒྱབ་ནས་ལྕགས་ཕག་ལོའི་གསར་བརྗེའི་དུས་དྲན་ཀྱང་མག་མོག་པོར་བཟོས་ནས། དམར་ཤོག་གཞུང་འཛིན་ཚོགས་པ་ནང་ཁུལ་ལོ་རྗེས་མའི་འོས་འདེམས་ལ་ནང་འཁྲུག་རྒྱག་འགོ་བརྩམས་དུས། ཤོག་བུའི་སེང་གེ་འདིས་ཧུའུ་ཅིན་ཐའོས་རང་གི་འཛིན་སྐྱོང་ལྷིང་འཇགས་ཡོང་ཆེད་དམ་བསྒྲགས་ཆེ་རུ་གཏོང་ངེས་པ་མ་ཤེས་པར། མཐའ་མཚམས་པ་གན་ཚོ་ཤི་ན་ཤི་རུ་འཇུག་རྒྱུ་ཡིན་པ་ནི་ང་འདྲེ་མགོ་རྡོ་ཡ་མཚན་ཞིང་ཡི་མུག་པ་ཞིག་རེད།
ཅི་སྟེ། རྒྱལ་སྤྱིའི་མཁའ་དབྱིངས་སུ་འཆར་ཅན་གྱི་སེམས་འཚབ་བསྒྲགས་གཏམ་རེ་སྤེལ་རྒྱུ་ལས་གང་ཡང་མི་ཡོང་བ་གསལ་ཐག་ཆོད་ཡིན་ནའང་། ཁོང་གིས་རང་ཉིད་རྒྱ་ནག་གི་ཨའོ་པཱ་མ་དངོས་གནས་བྱེད་འདོད་ཀྱིས་ཆབ་སྲིད་ཀྱི་ཡོ་འཁྱོམ་ཆེན་པོའི་ནང་གཞིས་ལུས་མི་མང་གི་ཚེ་སྲོག་ལ་བདག་སྐྱོང་མི་བྱེད་པ་དང་། ཚེ་སྲོག་ཤོར་བ་རྣམས་ལ་རིན་ཐང་ལེན་རྒྱུའི་བློ་ཁོག་ཅི་གང་མཐོང་དུ་སྣོམ་དུ་མེད་པ་དང་། ཉི་མ་ཁ་དཀར་ངོ་དཀར་ལ་ཁོང་རྣམ་པས་མེར་སྲེག་ལ་གཟིགས་འདུག་རྒྱུ་འདི་དེང་རབས་ཤེས་ཡོན་ཡོད་མདོག་ལ་ཅི་མི་སྙམ་པའི་བོད་ཀྱི་ཤོག་བུའི་སེང་གེ་འདིས་སྟོན་བཞིན་པའི་བྱ་སྤྱོད་མིན་ན་ཅི་ཞིག་ཡིན་ནམ།
ཁོང་གིས་ཁ་སང་དེ་རིང་བཀའ་ཤག་གི་གཞུང་འབྲེལ་ཡིག་ཆ་ཨིན་ཡིག་ཐོག་བཟོས་ཤིང་། མེར་བསྲེགས་ཀྱི་ལས་འགུལ་བྱུང་བ་ནས་བྱེའུ་སྟུག་པ་འདྲ་བའི་ཨིན་ཡིག་ཡིག་ཆུང་གཉིས་ཕོ་གསར་གྱི་སྣང་བས་ཤར་མར་བྲིས་ཤིང་། དེའི་རྗེས་བོད་རྒྱ་འབྲེལ་མོལ་བསྐྱར་ཞིབ་གྲུབ་དོན་ཀྱང་ཨིན་ཡིག་བྱ་སྟིག་འདྲ་བ་ཞིག་ཏུ་བྲིས་ནས་གཞུང་འབྲེལ་ཁྱབ་བསྒྲགས་མ་བྱས་གོང་རང་གི་ངོ་དེབ་བརྒྱུད་ནས་སྒེར་གཅོད་དབང་འཛིན་པའི་ཤུགས་ཀྱིས་གཞུང་འབྲེལ་གསལ་བསྒྲགས་ཕྱི་རུ་བཀྲམས་པ་མཐའ་དག ཉི་མ་ཡག་པོ་ཞིག་ཤར་བའི་སྔ་ལྟོས་མ་རེད་ལ། ཁས་བླངས་དམ་བཅའ་རྣམས་ཞིག་ནས་རུལ་རྒྱུའི་ཉེར་ལེན་དངོས་གནས་དེ་ཆགས་བཞིན་པར་ཁོ་བོས་ངོས་འཛིན་བྱེད་ཀྱི་ཡོད།
བཙན་བྱོལ་བོད་གཞུང་གི་དྲ་རྒྱ་ལྟར་ན། ཤོག་བུའི་སེང་གེ་འདི་སང་ཉིན་གཞུང་འབྲེལ་ཕྱོགས་བསྐྱོད་ཐེངས་དང་པོ་བྱེད་ཀྱི་ཡིན་ནའང་། ཁོང་ལ་གསར་གཏོད་ཁྱབ་ཁོངས་ཀྱི་ཆབ་སྲིད་ལས་འགུལ་ཞིག་ཡོད་མདོག་འཛམ་གླིང་ཤར་ནུབ་ཀུན་ཏུ་མཐོང་མཁན་མི་འདུག་ལ། དེ་འབྲེལ་བོད་ནང་གི་ལས་འགུལ་སང་ལོའི་དཔྱིད་མཇུག་བར་མཚམས་འཇོག་གིས་རྒྱ་ནག་གཞུང་གི་རྣམ་འགྱུར་ལ་དུས་བཀག་བཟོ་མ་ཐུབ་ཚེ། རྒྱ་ནག་གི་ཨའོ་པཱ་མས་གངས་ཅན་སྐྱིད་གཤོངས་ནས་གཡུ་རལ་ཅི་ཙམ་ངོམས་ཡང་། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ལ་འབབ་པའི་རིན་གོང་ཅིག་དབུ་ཁྲིད་ནུས་འཇོན་གྱིས་མི་ལོན་པ་ངས་ཀྱང་ཕྱོགས་སྡོམ་བྱེད་ཐུབ་པས། བྱུང་ན། སྐུ་ཞབས་བློ་བཟང་འདིས་ཤོག་བུའི་སེང་གེར་འགྱུར་ངེས་ཀྱི་སྲིད་དོན་གཏམ་བརྗོད་ལས་འགུལ་དང་བཅས་པ་གཟབ་གཟབ་གནང་དགོས་ཚོད་གདའ་འོ།
༢༠༡༡། ༡༠། ༡༧། ཉིན།
ཨ་ལ་་་་འདྲེ་མགོ་རྡོག དེ་འདྲ་རང་དྭ་ཨེ་ཡིན་ན། གལ་སྲིད་ཡིན་པར་བདེན་ན།
ཝ་སྐྱེས་ལ་ནི་སེངྒེ་བཞིན། །མི་སྟེགས་ཅན་གཅམ་བུའི་ཚིག །ཞེས་པ་དེ་ཡིད་ལ་འཁོར་གིས། ཡིད་ལ་ཡང་ཡང་འཁོར་གིས། ཚིག་དོན་གཉིས་དཔེ་དང་བཅས་པ་ཏག་ཏག་འཕྲོད་པ་འདུག
ཧཧཧ ད་ང་ཚོའི་སྲིད་སྐྱོང་ཆེན་མོ་མཆོག
དེ་འདྲ་དངོས་གནས་ཡིན་གྱི་མ་རེད་དེ་ཁྱེད་རང་འདོད་ཚུལ་རེད།
བོད་པས་མང་མོས་ཡོད་པའི་སེང་གེ་ལ།
ཕྲག་དོག་ཚིག་གིས་མ་དམོད་འདྲེ་མགོ་རྡོ།
རང་རེ་མྱ་ངན་ཆེ་བའི་དུས་ཚོད་འདིར།
ནང་དཀྲུག་དབྱེན་སྦྱོར་མ་བྱེད་འདྲེ་མགོ་རྡོ།
ཕུ་ནུའི་རང་སྲོག་འཆོར་བའི་སྡུག་བསྔལ་ཁྲོད།
སྨྱུག་ཁ་ནང་དུ་མ་བསྐོར་འདྲེ་མགོ་རྡོ།
གངས་རི་མེ་ཡིས་ཞུ་བའི་དུས་ཚོད་འདིར།
ཁྲེལ་དགོད་ནང་ནས་མ་བྱེད་འདྲེ་མགོ་རྡོ།
ཀྱེ་མ་ཀྱེ་མ་གངས་ཕྲུག་སྣང་ངུ་དག།
དམར་བོ་མེ་ཡིས་གཞོབ་འདི་ཀྱེ་མ་ཧུད།
ད་ལྟ་འཆི་ལ་རན་གྱང་གཤེད་དམར་ཚོས།
མཚོན་གྱིས་གསོད་གཏུབ་བྱེད་པའི་ཚུལ་འདི་སྐྱོ།
ཕྱི་ནས་རྒྱ་མི་དམར་བོས་བོད་ལ་བརྙེས།
ནང་ནས་འདྲེ་མི་མགོ་རྡོས་བོད་ལ་བརྙེས།
ལས་ངན་བོད་ཀྱི་ལས་འདི་ཀྱེ་མ་ཧུད།
སྡུག་ཐོག་འདྲེ་ཡིས་བརྙས་འདི་ཀྱེ་མ་ཧུད།
ལས་འགུལ་མཚམས་འཇོག་དགོས་ཟེར་ན། ང་ཚོའི་མངོན་འདོད་གྲུབ་ཚར་བ་རེད་པས། མི་གཅིག་གཉིས་ཀྱི་ལས་དོན་མ་རེད་རྒྱལ་ཁབ་ཀྱི་ལས་དོན་རེད་མགོ་བཙུགས་ཆོག་ཆོག་དང་མཚམས་འཇོག་བྱེད་ཆོག་ཆོག་རྩེད་མོ་མིན་པ་ཤེས་དགོས།
བློ་སེང་སྲོལ་རྒྱུ་རིག་གནས་ཀྱི་ལྗིད་ཁོག་ཕར་ཞོག དེང་དུས་རིག་གནས་ཀྱི་རྩ་བ་ཡལ་ག་བརྟན་པོ་ཞིག་མེད་པ་ད་བར་བྱས་པའི་ལས་དོན་ལས་ཤེས་ཐུབ་ཀྱི་འདུག་པས། འདྲེ་མགོ་རྡོས་ཆབ་སྲིད་ཀྱི་གནད་འགག་ཅིག་བཤད་པ་དེ་ག་རང་རེད།
རང་ལུལ་མེ་ལྷར་ཕུལ་བཞིན་པའི་ལས་འགུལ་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་ལོས་ཞུ། དེ་འདྲ་བའི་ལས་འགུལ་མུ་མཐུད་སྤེལ་ན་བོད་མི་རྒྱལ་ཞེན་ཅན་རྣམས་རིམ་ཟད་ཀྱི་དཀའ་ཚེགས་ཆེན་པོ་ཞིག་ཡོང་ངེས། རྒྱུ་མཚན་དེས་འདྲེ་མགོ་རྡོས་ལས་འགུལ་རྩ་བ་ནས་མ་སྤེལ་ཟེར་བ་ཞིག་ཏུ་མ་གོ་བར། ཕྲལ་དུ་ཚེ་སྲོག་ཁོ་ན་གཏོང་བ་ལས་གཞན་པའི་ལས་འགུལ་སྤེལ་ན་དགེ་མཚན་ཆེ་བ་ཡོད་པ་བཤད་པ་གོ་དགོས་སྙམ་མོ།། །།
བོད་ཀྱི་བཀའ་ཁྲི་བློ་སེང་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྤྱི་ཚོགས་ནང་གི་ཆེས་མཐོའི་དཔོན་རིམ་ཁག་གི་གོ་གནས་འདེམས་ཐོན་བྱུང་སྟངས་ལྟར། ཁྲེལ་དང་ངོ་ཚའི་ཞལ་འབག་འཐུག་པོ་ཞིག་གདོང་ལ་གྱོན་ཏེ་ང་ལ་འོས་བླུགས་དང་ངས་འདི་དང་དེ་བྱ་རྒྱུ་ཡིན་ཞེས་བོད་ཀྱི་སྤྱི་ཚོགས་ནང་བྱུང་མ་མྱོང་བའི་འུར་གཏམ་ཆེན་པོ་ཞིག་རླུང་བཞིན་གཡུག་སྟེ་བློ་སེང་བཀའ་ཁྲིའི་གོ་སར་གཡུགས་སོང་། བཀའ་ཁྲིའི་དམ་འབུལ་སྐབས་སུའང་རྡ་སའི་གཙུག་ལག་ཁང་གི་ར་སྐོར་ནང་ཁོང་གིས་བོད་ཡིག་འབྲུ་འདེད་བྱེད་བཞིན་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་གི་ཡིན་ཞེས་དམིགས་ཡུལ་འདི་ཞེས་མེད་པའི་སྟོང་གཏམ་ཆུ་ནང་དུ་རྡོ་གཡུག་པ་ལྟར་བོད་མི་མང་ལ་འུར་སྒྲོག་བྱས་ཤིང་མི་མང་གི་ཐལ་སྒྲས་ར་སྐོར་ཡོངས་སུ་ཁེངས། སྤྱིར་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་འདོད་པ་བོད་བོད་གཞེས་བྱེས་མི་མང་གི་རེ་བའམ་མངོན་འདོད་དང་འཚམས་ན་ཡང་། མཐའ་གཅིག་ཏུ་ཞུ་གི་ཡིན་ཞེས་ཁས་ལེན་བྱེད་མཁན་བཀའ་ཁྲི་བློ་སེང་གཅིག་པུ་ཡིན། གང་ལྟར་བློ་བཟང་སེང་གེ་བཀའ་ཁྲིར་འགོད་མཁན་ནི་སྲོག་རྩར་རླུང་ཞུགས་པའི་རྒྱ་ཆེའི་བོད་མི་མང་རང་ཡིན་པས་བློ་སེང་སྒེར་ལ་སྐྱོན་བརྗོད་བྱས་པས་ཕན་ཐོག་མེད། ང་ཚོས་མུ་མཐུད་ནས་མཁས་དབང་བློ་བཟང་སེང་གེ་དང་། བཀའ་ཁྲི་བློ་བཟང་སེང་གེ་ཞེས་མི་ལོ་ལྔའི་ཉིན་མཚན་མ་ཎི་བགྲང་བ་བཞིན་ཕྲེང་བར་འདེད་དགོས་པ་རེད། དེ་ཙམ་ཡིན། །
དྲ་གྲོགས་རྣམ་པ་ཕེབས་པར་དགའ། ཁོ་བོས་རྒྱ་ནག་གི་ཨའོ་པཱ་མ་འདིས་རྒྱ་ནག་གཞུང་མ་ཤེས་པ་ཡིན་ནམ། ཤེས་ཀྱང་མ་ཤེས་ཁུལ་བྱེད་ཀྱི་ཡོད་ན། དེང་སང་དམར་ཤོག་ཏང་ནང་ཁག་གཉིས་ཀྱིས་ལོ་རྗེས་མའི་སྲིད་འཛིན་རྩོད་ཁ་རྒྱག་རྒྱུར། ཉེ་འཆར་ཅང་ཙེ་མན་ཐོན་པ་དེས་རྒྱ་ནག་གི་དབུ་ཁྲིད་རིམ་པའི་རྣོ་ངར་ཛ་དྲག་ཅན་དུ་བཏང་ཡོད། དེས་ཁོང་ཚོས་མངའ་ཁོངས་ཞི་འཇགས་གཏོང་ཆེད་བོད་ཀྱི་མེར་སྲེག་ལས་འགུལ་འདི་ལ་ཅི་མི་སྙམ་པའི་དམ་བསྒྲགས་བྱེད་ངེས་པས། ང་ཚོས་ཀྱང་སང་ལོའི་དཔྱིད་མཇུག་བར་རྒྱ་ནག་གཞུང་གི་ཡ་ལན་ལ་དུས་བཀག་གིས། བོད་ནང་གི་ལས་འགུལ་མཚམས་འཇོག་དགོས་རྒྱུར་འབོད་སྐུལ་བྱས་ན། འདི་གཞུང་ཞིག་དང་དབུ་ཁྲིད་ཀླད་པ་ཅན་ཞིག་གི་བྱེད་སྟངས་ཡིན་ཡང་། བློ་སེང་འདིས་རྒྱལ་ཁབ་ཀྱི་མཐའ་སྡོད་པ་ཚོ་རྩ་ཆེན་དུ་མི་བརྩི་བ་ནི་ཇེ་གསལ་ཇེ་གསལ་རེད། དེ་བས་ངས་ཁོང་ཤོག་བུའི་སེང་གེར་གྱུར་ན་མི་བཟང་བར་བསམ་ཚུལ་བཏོན་པ་ཡིན།
ལྷག་པ་ལགས་ནས་སྤྱི་འཐུས་ཚོགས་གཙོས། སྐབས་རྗེས་མར་བཀའ་ཤག་གི་གསུང་བཤད་ཡར་རྒྱས་འགྲོ་བའི་རེ་བ་ཡོད་ཅེས་འབོད་སྐུལ་གནང་བ་གསུང་འདུག
དངོས་གནས་བྱས་ན་བཀའ་ཁྲིས་བཀའ་དྲུང་ལ་གསུང་བཤད་དེ་དག་གི་བརྗོད་ཚིག་བཟོ་དགོས་པའི་བཀའ་བཏང་ན་དེ་ག་རེད། ཡིན་ནའི་བཀའ་དྲུང་དེས་ཞེ་དྲག་བྱེད་ཀྱི་ཡོད་ས་མ་རེད་དོ། ད་ལོའི་དམངས་གཙོའི་དུས་ཆེན་སྐབས་ལ་མཛད་སྒོའི་འགྲོ་སྟངས་འདི་འདྲ། འདི་འདྲ་རེད་ཅེས་བསླབ་ཡོད་ས་མ་རེད།
དཔེར་ན། རྒྱ་གར་རྒྱལ་གླུ་བཏང་ནས་རྒྱ་གར་རྒྱལ་དར་བསྒྲེངས་དུས། བོད་ཀྱི་རྒྱལ་དར་ཡང་མཉམ་དུ་བསྒྲེངས་ཚར་འདུག དངོས་གནས་བྱས་ན་བོད་ཀྱི་རྒྱལ་གླུ་གཏོང་དུས་གཞི་ནས་བོད་ཀྱི་རྒྱལ་དར་བསྒྲེངས་དགོས་པའི་འགྲོ་སྟངས་དེ་གས་བཀའ་དྲུང་གིས་བཤད་དགོས་རེད་དེ། དེ་འདྲ་གནང་མེད་པ་འདྲ། དངོས་གནས་ཞོགས་འདེགས་ཡག་པོ་བྱེད་མཁན་གྱི་བཀའ་དྲུང་ཞིག་དགོས་གལ་ཆེན་པོ་རེད། སླད་ཕྱིན་བཀའ་ཤག་གི་གསུང་བཤད་རྣམས་བཀའ་ཁྲི་རང་ཉིད་ཀྱི་བསམ་ཚུལ་རྨང་གཞིར་ཡོད་པའི་བརྗོད་གཞི་ཁག་ངེས་པར་དུ་ཚིག་བརྗོད་ལེགས་ལ་དོན་གཟབ་པ་ཞིག་བཀའ་དྲུང་ལ་བཟོ་བཅུག་ན་ཡག་པོ་འདུག
ཚེ་སྲོག་མ་གཏོང་རོགས་ཞེས་རེ་སྐུལ་ཡང་ཞུ་ཆོག
ཚེ་སྲོག་གཏོང་རྒྱུ་ཡིན་ཞེས་དང་བླངས་ཀྱང་གནང་ཆོག
ཚེ་སྲོག་བཏང་དང་མ་བཏང་ཁྱད་པར་ལ་བསམས་ནས།
ཚེ་སྲོག་འདྲ་ཡང་རིན་ཐང་མི་འདྲ་བ་ལོས་ཤེས།
རྗེས་མ་བཀའ་བློན་ཁྲི་པ་བོད་ནས་གསར་དུ་ཕེབས་པ་ཞིག་་བསྐོས་ན་དགའ་་གི་རེད། གང་ཡིན་ཟེར་ན་བོད་ནང་བོད་མི་དཀའ་ངལ་དངོས་སུ་མཐོང་བའི་ཉམས་མྱོང་དང་བོད་ཀྱི་སྐད་ཡིག་ཡག་་པོ་ཤེས་པ་དང་བོད་་ལ་ཤ་ཚ་དེ་ཚོ་ཆེ་གི་རེད་
དྲ་གྲོགས་ཕན་ཚུན་སྐྱོན་བརྗོད་ཁོ་ན་མ་ཡིན་པར་བསམ་ཚུལ་ལྷུགས་པོ་བརྗོད་རོགས་ཞུ།
བློ་བཟང་སེང་གེ་ལ་སྐྱོན་ཡོད་པ་ཧ་གོ་ན་དང་པོ་ནས་མི་ལབ་སུས་བཀག་སོང་ལི་ལི་ཤོེར་ཚར་ནས་སྐར་ཁུང་འགོག་ཐབས་བྱེད་པ་ནི་ཕོ་མཐའི་བྱ་བ་ཞིག་མ་རེད་དམ་དུས་ཚོད་འདི་ལྟ་བུ་ཞིག་ལ་ཁ་ནང་དུ་སློག་ནས་ཆིག་ལབ་རྒྱག་མཁན་འདྲེ་མགོ་རྡོག་ལྟ་བུ་དེ་ཚོ་ནང་ལ་མ་གཏོགས་ཁ་ཕྱིར་བལྟས་ནམ་ཡང་དཀའ
སྐད་ཆ་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དུས་རྒྱུན་ཡིན་ན་ང་རྒྱ་མིའི་ཟེར་སྟངས་རེད་ཟེར་བ་དང་། རྒྱ་མིའི་རྒྱུགས་ཁྱི་ཟེར་བར་མཐའ་གཅིག་ཏུ་དགའ་པོ་མེད་མཁན་ཞིག་ཡིན། ཡིན་ནའང་དེ་རིང་དངོས་འབྲེལ་འདྲེ་འགོ་རྡོ་ཟེར་བ་དེ་ལ་དེ་རང་འབོད་ཆོག་པ་འདུག་སྙམ། དོན་དམ་པའི་བྱེད་སྟངས་འདི་ཚོ་ཧ་ཅང་སྐྱོ་པོ་རེད།
གཡུ་མཚོ་ལགས་ དེ་སྔོན་བོད་མི་ཕོ་ང་ཡིན་ཟེར་མཁན་མང་པོའི་ལས་ཀ་བྱས་རེད་་རྒྱལ་སྤྱི་འི་ཁྲིམས་གཏུགས་ཡག་ཕར་ཞོག་བོད་ཀྱི་གནས་ཚུལ་འཇའ་ལྟར་ཡལ་བའི་མཚམས་ལ་སླེབས་སོང་།བཀའ྄་བློ་བཟང་སེངྒེ་ལམ་སང་བྱ་བ་ཆེན་པོ་ཞིག་བྱེད་ཐུབ་ཡག་བཀའ་ལས་ཁག་པོ་རེད་ད།དེ་བསྐོར་ལབ་ཀྱང་དོན་མེད་རེད་དེ་ལས་ང་ཚོ་བོད་ནང་ཛ་དྲག་ལ་ཕན་པའི་བཀའ་མོལ་འདྲ་གནང་ན་ཡག་པོའདུག །
ཤོག་བུའི་སེངྒེ་རེད་ཟེར་མཁན་དེ་ཚོས་བོད་དོན་ལ་བསམ་ནས་ཤོད་པ་མ་རེད། སྔོན་མ་རྒྱ་ནག་དམར་ཕྱོགས་པའི་མགོ་ཁྲིད་མོའུ་ཡིས། ཨ་རི་ལ་སྐྲག་མི་དགོས་ཤོག་བུའི་སྟག་དང་འདྲ་ཟེར་བ་གཅིག་མཚུངས་རེད།
འདྲེ་མགོ་རྡོ་ལགས
རང་སྲོག་དོར་མཁན་གྱི་དཔའ་པོ་རྣམས་ཆབ་སྲིད་གོ རྟོགས་མེད་པའི་ལྐུག་པ་རེད་བསམ་གྱི་ཡོད་དམ། རྒྱ་ནག་གི་ཁ་ཡ་མི་བཤད་པ་སུས་ལུང་གི་བསྟན་པ་རེད། མ་རྩོད་ན་སུས་ཀྱང་ཁ་ཡ་བྱེད་ཀྱིན་མ་རེད།
གོང་ས་མཆོག་བོད་ལ་ཕེབས་ཐུབ་མིན་དེ་བཀའ་ཁྲིའི་ལག་པར་ཡོད་པ་ཞིག་ག་ལ་ཡིན། ཡིན་ན་ཡང་བཀའ་ཁྲིས་གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་གི་ཡིན་གསུངས་པ་དེ་གཞིས་ལུས་བོད་མིའི་རེ་འདོད་རེད། གནད་འགག་ཆེན་པོ་རེད།
དེང་སང་སྤྱིར་བཏང་བསམ་ཚུལ་སྤེལ་མཁན་མང་པོ་ཞིག་གིས་སོ་སོའི་བསམ་ཚུལ་ཤོད་ཀྱི་ཡོད་མདོག་བྱེད་ཀྱི་ཡོད་པ་རེད། མི་དེ་ཚོའི་བསམ་ཚུལ་གང་འདྲ་ཞིག་སྤེལ་ན་དེ་ལ་རྩ་བའི་ཆ་ནས་དྲན་ཆོག་གི་མ་རེད་རྩ་བ་ནས་ཞུ་གི་མེད། ལྷག་པར་ཆབ་སྲིད་ཐོག་བོད་མི་ཞིག་གི་བསམ་ཚུལ་ཨེ་ཡིན་ན་བསམ་འོངས་པ་དེ་འདྲ་ཡང་སྤེལ་གྱི་ཡོད་པ་རེད། འདི་ང་གོ་རྒྱ་དང་ཐོས་རྒྱ། ཉམས་མྱོང་བཅས་མེད་སོང་བ་མིན་ན་བསམ་ཚུལ་འདི་ཚོ་གང་འདྲ་ཡིན་ནམ་བསམ་དགོས་པ་ཞིག་རེད། དྲ་རྒྱ་ཁག་གིས་ངོས་ནས་བསམ་ཚུལ་དེ་དག་སྤེལ་གྱི་ཡོད་པ་རེད། སྨྲ་བརྗོད་རང་དབང་ལ་བརྩི་བཀུར་ཡིན་ངེས་རེད། རེད་དེ་མཁྱེན་དགོས་པ་ཞིག་ལ། མི་འདི་དག་གང་ན་ཡོད་པ་དང་། སུ་ཡིན་པ། ག་རེ་བྱེད་ཀྱི་ཡོད་པ་བཅས་ངེས་པར་མཁྱེན་དགོས་པ་རེད་སྙམ།
གཞན་ཡང་གཞིས་ལུས་མི་མང་དང་། བོད་དོན་གླེང་གི་ཡོད་པར་བརྗོད་མཁན་ཞིག་ཡིན་ན། ཐོག་དང་པོ་རང་ཉིད་ལ་ཚང་དགོས་པ་ནི། རང་གི་མིང་དངོས་སུ་འདོན་ཕོད་དགོས་པ་དེ་རེད། རང་གི་མིང་དངོས་འབྲེལ་དེ་ཡང་འགོད་མི་ཕོད་མཁན་ཞིག་གིས་བོད་ཀྱི་བདེ་སྡུག་གླེང་མདོག་བྱེད་པ་ནི་དངོས་འབྲེལ་ཁས་ལེན་བྱེད་ཐུབ་པ་ཞིག་རྩ་བ་ནས་མ་རེད། དེ་ཡང་དེང་སང་རྡུང་མཁན་དང་གསོད་མཁན་སུ་ཡང་ཡོད་པ་མ་རེད། བསམ་ཚུལ་ག་རེ་ཡོད་ན་བགྲོ་གླེང་ཞུ་ཆོག་གི་རེད། ཡིན་ནའང་འདྲེ་འགོ་རྡོ་ལྟ་བུའི་སུ་ཡིན་གར་ཡོད་མེད་པ་འདི་རིགས་ངོས་ལེན་ཞུ་ཐུབ་པ་ཞིག་མ་རེད།
འདྲེ་མགོ་འདྲེ་ཡི་མགོ་བོ་རེད།རྡོ་ནི་རང་མགོ་རྡུང་ཡག་རེད།
དག་བཅོས།
མ་དཔྱད་འཆལ་གཏམ་འདྲེ་མགོ་རྡོ་འཛིན་ལགས།
སྦྲུལ་མ་ཟླ་གཉིས་ཕྱིན་པའི་ཨ་མ་ལ།།
ད་དུང་ཕྲུ་གུ་སྐྱེ་ཡི་མི་འདུག་བརྗོད།།
བསམ་ཞིང་བསམ་ན་རྨོངས་པའི་འཆལ་གཏམ་ཙམ།།
མི་རིགས་བདེ་སྡུག་ལྷད་མེད་དུང་ཞེན་ན།།
ཨ་ཕའི་བུ་ཕྲུག་བཤད་སྟངས་འདི་འདྲ་མིན།།
ཟླ་བ་གཉིས་གསུམ་ཕྱིན་པའི་བཀའ་ཁྲི་ལ།།
འཇོན་མེད་འབྲས་བུ་མི་འདུག་མ་གསུང་རོགས།།
ཞིང་ལ་ས་བོན་བཏབ་ན་ཇི་ཙམ་འགོར།།
རིག་དཔྱོད་རྣམ་ཤེས་དགོས་པ་ཤིན་ཏུ་གཅེས།།
དཔྱད་མེད་འཆལ་གཏམ་མ་ལུས་ཡོངས་སྤང་ནས།།
ཆོལ་གསུམ་མི་རིགས་མཐུན་སྒྲིལ་ལག་དམ་གནང་།།
བཀའ་ཁྲིའི་ལས་འགན་སྒེར་ལས་ཇི་བཞིན་མིན།།
དེ་ལ་རྒྱབ་སྐྱོར་མི་རིགས་མཐུན་སྒྲིལ་དགོས།།
ཞིང་ཁ་འབྲས་བུ་རེག་པའི་གནས་འདོད་ན།།
ཆུ་ལུད་དྲོད་གསུམ་ལྷད་མེད་དངོས་བརྩོན་དགོས།།
ཆུ་མེད་ལུད་དྲོད་གཉིས་ཀྱིས་ཞིང་མི་སྐྱེ།།
དེ་བཞིན་མི་རིགས་མཐུན་སྒྲིལ་གནས་མེད་ན།།
བཀའ་ཁྲི་སེང་གེང་གཅིག་གིས་འབྲས་སྨིན་དཀའ།།
ཆོལ་གསུམ་མཐུན་སྒྲིལ་ཡིད་སྐྱོང་ནས།།
མ་འོངས་སོན་རྩའི་བུ་ཕྲུག་ལམ་བཟང་སྟོན།།
དོན་མེད་འཆལ་གཏམ་ཚིག་གིས་མ་སྦྱོར་རོགས།།
བོད་ནང་དུ་རྒྱལ་གཅེས་དཔའ་བོ་ཚོས་སྐུ་སྲོག་ཞུགས་ལ་ཕུལ་བའི་ལས་འགུལ་བརྩམས་པ་རྣམས་ཕྱི་ཕྱོགས་ནས་དྲིལ་བསྒྲགས་རྒྱལ་སྤྱིའི་ནང་ས་ཁྱབ་རྡོ་ཁྱབ་ཅིག་གནང་ཐུབ་མ་སོང་བསམ་པའི་ཚོར་སྣང་ཤུགས་ཆེ་བྱུང་།
གནས་བཏང་དེའི་འདྲའི་འོག་ལ་བོད་ནང་གི་བོད་མི་དཔའ་བོ་རྣམས་སྐུ་གསོན་པོར་བཞུགས་དགོས་པ་གལ་ཆེན་པོ་ཡིན། སྐུ་ངོ་སེང་གེས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་པ་བྱ་ཡི་ཡིན་གསུངས་པ་བཞིན་བོད་ནང་གི་བོད་མི་རྣམས་ནས་ཀྱང་༧གོང་ས་བོད་ལ་གདན་འདྲེན་དགོས་ཞེས་རང་ལུས་བློས་བཏང་སྟེ་ངོ་རྒོལ་བྱེད་པར་སེང་གེ་་ནས་ཆར་པ་ཆུ་གྲོགས་ཀྱི་ཚུལ་དུ་དེ་སྔོན་འོས་བསྡུའི་སྐབས་སུ་ཚ་ཚ་འུར་འུར་གྱི་སྐྱབས་བཅོལ་བོད་མི་གནས་སྡོད་ཀུན་ཏུ་ཞབས་ཀྱི་བཅགས་ནས་འཇོན་འཇོན་བཏང་བཏང་གི་འུར་སྒྲ་བསྒྲགས་པ་བཞིན་དུ་ད་ཆ་ཛ་དྲག་གི་གནས་སྐབས་འདིར་འཛམ་གླིང་སྐྱེ་བོ་མཐོ་དམན་ཀུན་གྱི་རྣ་བར་རྔ་བའི་དཔའ་བོའི་མཛད་རྗེས་འདི་སྒྲོགས་པར་སྨོན། རྗེས་ལུས་འཐེབ་སོང་། ཚོར་སྣང་མེད་པར་བཞུགས་སོང་། སེང་གེ་ལགས།
ཁ་བས་་་གསུངས་པར་རྒྱུ་མཚན་འདུག་ཁོང་བཀའ་ཁྲིར་ལང་སྐབས་ནས། ལོ་གསུམ་བཞི་ཉམས་མྱོང་བསག་དེ་ནས་ལས་དོན་དངོས་ལ་བཞུགས་རྒྱུའི་དམ་བཅའ་ཡོད་པ་རེད། ཉམས་མྱོང་དང་ཤེས་ཚད་ཡག་པོ་ཡོད་ན་བཀའ་དྲུང་གིས་བྲིས་པའི་གསུང་བཤད་བཀའ་ཁྲིས་སྔོན་དུ་མ་གཟིགས་པ་མི་སྲིད་པས་སོ།།།།
སྲིད་འཛིན་པ་མཆོག་གི་འདི་འདྲ་གནང་གི་འདུག
http://www.tibettimes.net/news.php?showfooter=1&id=4989
༧གོང་ས་མཆོག་དབུས་པའི་བོད་མི་ ༥༠༠༠ གི་ཟས་བཅད་སྨྱུང་གནས།
འདོན་སྤེལ། ༢༠༡༡/༡༠/༡༩
དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཏུ་༧གོང་ས་མཆོག་དབུ་བཞུགས་ཐོག དཔལ་རྒྱལ་བ་ཀརྨ་པ་མཆོག་དང་བཀའ་ཟུར་ཀིརྟི་རིན་པོ་ཆེ། བཀའ་ཁྲི་བློ་བཟང་སེང་གེ་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཆེ་ཕྲ་ཡོངས་དང་། བཞུགས་སྒར་ཉེ་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་གི་སློབ་ཕྲུག་བཅས་སྐྱ་སེར་ ༥༠༠༠ ལྷག་གིས་སྨོན་ལམ་མཆོད་འབུལ་དང་ཟས་བཅད་སྨྱུང་གནས་གནང་ཡོད།
བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་གི་འོག དེ་རིང་རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༦༠ ཙམ་གྱི་ནང་བཙན་བྱོལ་བོད་མི་ཚོས་ཉིན་བརྒྱ་དུས་གཅིག་ལ་ཞལ་འདོན་སྨོན་ལམ་དང་ཟས་བཅད་སྨྱུང་གནས་གྱི་ལས་འགུལ་སྤེལ་གྱི་ཡོད་པ་ལྟར། དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་དབུ་བཞུགས་ཐོག དཔལ་རྒྱལ་བ་ཀརྨ་པ་མཆོག་དང་སྐྱབས་རྗེ་ཀིརྟི་རིན་པོ་ཆེ། བཀའ་བློན་ཁྲི་པ་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཡོངས། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་ལས་བྱེད། བཞུགས་སྒར་ཉེ་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་། སློབ་གྲྭ་ཁག་གི་སློབ་ཕྲུག་བཅས་སེར་སྐྱ་ལྔ་སྟོང་ ༥༠༠༠༠ ལྷག་མཉམ་ཞུགས་ཀྱིས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྨོན་ལམ་མཆོད་འབུལ་དང་། ཛ་དྲག་གཉན་འཕྲང་གི་དཀའ་སྡུག་འོག་གནས་པའི་གཞིས་བཞུགས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཆེད། ཉིན་ཧྲིལ་བོའི་ཟས་བཅད་སྨྱུང་གནས་དབུ་འཛུགས་གནང་ཡོད།
མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་སྟེ། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པའི་མི་ལོ་དྲུག་ཅུའི་རིང་བོད་ཐོག་གདུག་རྩུབ་མནར་གཅོད་ཚད་མེད་བཏང་ཡོད་པ་དང་། རྒྱ་གཞུང་གི་མི་སེར་སྤེལ་བའི་ལམ་ལུགས་འོག་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་སྟབས། ༢༠༠༨ ལོ་བོད་མདོ་དབུས་ཁམས་གསུམ་ནང་ཞི་བའི་གྱེན་ལངས་བྱུང་བ་འཛམ་གླིང་ཡོངས་ཀྱིས་མཁྱེན་གསལ་ཡིན་སྐོར་དང་། ཁོང་གིས་ “ བློ་ཕམ་པ་ཞིག་ལ་རྒྱ་གཞུང་གི་མགོ་ཁྲིད་ཚོས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་ཚབ་ཏུ་མུ་མཐུད་སྲིད་བྱུས་མཁྲེགས་བཟུང་ཁོ་ནས། བོད་མི་རྣམས་ཨུ་ཐུག་ཐབས་ཟད་ཀྱི་གནས་ལ་གྱར་བ་དང་། ཆོས་བྱེད་དགེ་འདུན་གྱི་སྡེ་དང་། དགོན་པ་གྲྭ་ཚང་ཁག་ལ་དམིགས་བསལ་སྡང་ཟུག་གིས་ལས་དོན་རུ་ཁག་ཟེར་བའི་མི་སྣ་ཆེད་གཏོང་གིས། ཆོས་ཀྱི་བྱ་བར་དམ་བསྒྲགས་དང་སུན་བཙིར་ཐེ་བྱུས་གང་བྱུང་བྱེད་ཀྱི་ཡོད་སྟབས། ད་ལོའི་ཕྱི་ཟླ་ ༣ པ་ནས་རྔ་པ་དང་རྟའུ། གསེར་རྟ་སོགས་སུ་བོད་མི་མང་པོ་བཀག་ཉར་གྱིས་གནས་སྟངས་ཛ་དྲག་ཏུ་ཕྱིན་པ་དང་། ད་བར་བོད་རིགས་ན་གཞོན་ ༩ ཙམ་གྱིས་སྐུ་ལུས་ཞུགས་མེར་བསྒྲོན་པའི་ལམ་ནས་བོད་ནང་རང་དབང་བསྐྱར་གསོ་དང་། ༧གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ། རྒྱ་གཞུང་གི་མཁྲེགས་བཟུང་སྲིད་བྱུས་ལ་བཟོད་ཐབས་མེད་པར་ངོ་རྒོལ་གནང་བའི་གནས་ཚུལ་བྱུང་ཡོད་པས། ཁོང་ཚོའི་རྒྱལ་གཅེས་ལྷག་བསམ་དང་སྙིང་སྟོབས་ལ་རྗེས་དྲན་གྱིས་གདུང་སེམས་མཉམ་སྐྱེད་ཞུ་རྒྱ་ཡིན་ ” ཞེས་འཁོད་འདུག
བཀའ་ཁྲི་མཆོག་གིས་མུ་མཐུད་དུ། “ དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབོད་སྐུལ་ལྟར་བཙན་བྱོལ་བོད་མིའི་སྡོད་སྒར་ཡོངས་སུ། ས་གནས་ཀྱི་གནས་བབ་ལ་གཞིགས་པའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་སྟབས། ལས་འགུལ་དེ་དག་ཞི་བའི་སྒོ་ནས་ཡུལ་ཁྲིམས་དང་མ་འགལ་བ་དང་། ཆེ་མཐོང་ལྡན་པ་ཞིག་ལ་ངོས་འཛིན་གནང་དགོས་པ་གོ་སྐབས་འདི་བརྒྱུད་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་གཞུང་གི་མགོ་ཁྲིད་ཚོས་དྲག་གནོན་སྲིད་བྱུས་མྱུར་དུ་མཚམས་འཇོག་དང་། ཞི་བའི་སྒོ་ནས་བོད་མིའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་ནན་མོ་ཞུ་རྒྱུ་ཡིན། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡོང་ཆེད། རྟོག་ཞིབ་མི་སྣ་དང་གསར་འགོད་པ་ཚོགས་པ་ཞིག་བོད་ནང་ངེས་པར་གཏོང་དགོས ” ཞེས་འཁོད་འདུག
སྐབས་དེར་གསར་འགོད་པས་ལས་འགུལ་འདིའི་ཐད། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤཱ་བསྟན་འཛིན་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ “ ཕྱི་ཟླ་གསུམ་པ་ནས་ཨ་མདོ་རྔ་པའི་ནང་བོད་རིགས་ན་གཞོན་ཚོས། རང་གི་རྒྱལ་ཁབ་དང་མི་རིགས་ཆེད་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་རེད། དཔའ་པོ་དཔའ་མོ་དེ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། དེ་རིང་བཀའ་སྤྱི་གཉིས་ཐུན་མོང་ཐོག་འཛམ་གླིང་གང་སར་ཉིན་བརྒྱ་དུས་གཅིག་ལ། ༧གོང་ས་མཆོག་གི་སྐུའི་བླ་གཟའ་དང་བསྟུན་ཏེ་ལས་འགུལ་སྤེལ་གྱི་ཡོད། ལས་འགུལ་འདི་ལ་༧གོང་ས་མཆོག་གིས་ཀྱང་མཛད་བྲེལ་ཡོད་མིན་ལ་མ་ལྟོས་པར། ཞོགས་པ་ཚོགས་མགོན་དུ་ཞབས་སོར་བཀོད་དེ། དེ་རིང་ཉིན་ཧྲིལ་བོར་སྨྱུང་གནས་ལ་བཞུགས་རྒྱུ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདས་གྲོངས་སུ་གྱུར་བ་ལ་སྨོན་ལམ་མཆོད་འབུལ་གནང་གི་ཡོད་ལ། ཁོང་ཚོའི་བྱས་རྗེས་དེ་ཆུད་ཟོས་དུ་མི་འགྲོ་རྒྱུའི་ཆེད་དུ། བཀའ་བློན་ཁྲི་པའི་མཚན་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་རྒྱལ་ཁག་ཁག་གི་མགོ་ཁྲིད། བོད་དོན་རྒྱབ་སྐྱོར་ཚོགས་པ། འགྲོ་བ་མིའི་ཐོབ་ཐོབ་ཐང་ཚོགས་པ་ཁག་ལ་ཡིག་ཐོག་ནས་འབོད་སྐུལ་ཞུས་ཏེ། བོད་ནང་གི་སྲིད་བྱུས་གུ་ཡངས་དང་གསར་འགོད་པ་ཆེད་གཏོང་ཐུབ་རྒྱུར་འབད་བརྩོན་གནང་གི་ཡོད ” ཅེས་བརྗོད་སོང་།
ཐེངས་འདིའི་ཉིན་བརྒྱ་དུས་གཅིག་གི་ཟས་བཅད་སྨྱུང་གནས་དེ་ནི། འདས་པའི་བོད་པའི་རྩ་དོན་འཐབ་རྩོད་ཁྲོད་ཀྱི་གཞུང་དམངས་མཉམ་ཞུགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད།
ཁ་བརྡ་དྲ་བ་འདི་ངོ་མ་དྲ་ཚིགས་ཡག་པོ་ཞིག་རེད། ངས་ཀྱང་འདི་བརྒྱུད་ནས་རང་གི་བསམ་ཚུལ་ཤོད་འདོད་འདུག་པས་དག་མཆན་གནང་རོགས་ཞུ། དྲ་ལམ་ནས་ཁྲིམས་མེད་ལུགས་མེད་ཀྱི་རང་གི་སྐད་ཆར་རང་གིས་འགན་མ་ཁུར་བ་དེ་འདྲ་སྔར་ཡང་བྱས་མ་མྱོང་ལ་ཕྱིས་ཀྱང་བྱེད་མི་སྲིད། དྲ་བའི་དོ་དམ་པ་མཆོག་ཐུགས་ལྷོད་ལྷོད་གནང་རོགས། ཁ་དྲོ་བཀྲ་ཤིས།
དྲ་གྲོགས་རྣམ་པ་མང་པོ་ཞིག་ཕེབས་ནས་བགྲོ་གླེང་ཚ་བོ་གནང་གི་འདུག་དེས་ང་དགའ་བྱུང་། ཁ་སང་རང་ཉིད་གནས་སའི་ས་ཆར་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མདུན་ནས་སྨྱུང་གནས་བླངས་ཏེ་སེམས་རྩེ་གཅིག་གིས་མ་ཎི་བགྲང་སྟེ་བསྡད་པས་འདིར་ཡོང་ཁོམ་མ་བྱུང་།
ངས་ག་རེ་བཤད་ཀྱི་ཡོད་མེད་དེ། ཁ་སང་གི་བཀའ་བློན་ཁྲི་པའི་བྱེའུ་སྟིག་འདྲ་པའི་འཕྲིན་ཐུང་དེ་དག་ལ་གཞི་བྱས་ཏེ་བཤད་པ་ཡིན། མཐའ་མ་དེར་བསྒྲགས་གཏམ་སྤེལ་དུས་ཀྱང་གནས་སྐབས་མེར་བསྲེགས་ལས་འགུལ་མཚམས་འཇོག་རྒྱུ་གསུངས་མི་འདུག དེ་ནི་བར་དེར་ཅང་ཙེ་མན་རོ་ལངས་རྒྱབ་པ་ལ་བརྟེན་ནས་ཏང་ནང་དབང་ཆའི་འཐབ་རྩོད་ཡོང་དོགས་ཀྱིས། སང་ལོའི་དཔྱིད་འཇུག་བར་ས་གནས་ས་སོར་ད་ལྟའི་ཧུའུ་ཡི་འཛིན་སྐྱོང་ལ་ལྷིང་འཇགས་བཟོ་ཆེད་དམ་བསྒྲགས་ཤུགས་ཆེར་བཟོ་ངེས་སྟབས། ངས་རྒྱ་ནག་ནང་གི་གནས་སྟངས་ཤེས་པའི་ཐོག་ནས་སྐད་ཆ་བཤད་པ་ཡིན། དེ་བློ་སེང་གིས་མ་ཤེས་པ་དེ། ལོ་ངན་སྒང་ལ་ཟླ་ལྷག་རང་རེད།
ཁ་སང་ཕྱི་ཚེས ༡༥ ནས་རྔ་བ་ཁུལ་དུ་དམ་བསྒྲགས་ཆེ་རུ་བཏང་བའི་གནས་སྟངས་ཚང་མས་མཁྱེན་མཁྱེན་པ་རེད། དེ་བས་ངས་བར་འདིར་སྐུ་ཚབ་རྣམ་པས་ནང་མོལ་ཅིག་བྱེད་ཐུབ་ཀྱི་ཡོད་མེད། ཡང་ན་དུས་བཀག་ཅིག་བཟོས་ཏེ་དོན་དག་ལ་རེ་བ་དང་རྣམ་འགྱུར་འདྲ་སྟོན་མིན་རྒྱ་གཞུང་ལ་དྲི་བ་ཞིག་བཏང་ན་ཏག་ཏག་རེད་འདོད་པ་དེ་ཡིན། ཉེ་སྔོན་ཕྱི་སྲིད་མགྲིན་ཚབ་པའི་སྐད་ཆ་དེ་ཚོ་སྔོན་དང་མི་འདྲ་བར། འུ་ཐུག་ཡོད་པ་དང་དངངས་སྐྲག་ཡོད་པའི་གནས་སྟངས་ཐོག་ཡོད་པ་ཚང་མར་ངེས་གསལ་རེད། དེ་བས་བློ་སེང་འདིས་རྒྱ་ནག་གི་གྲོགས་པོ་ཚོ་བརྒྱུད་ནས་རྒྱ་ནག་ནང་གི་དེ་རིང་སང་ཉིན་གྱི་གནས་སྟངས་ཤེས་པ་བྱས་ན་དེ་གྱོང་མ་རེད། ཕན་རེད་ཅེས་ཞུ་ཡི་ཡོད།
དེ་མིན། ཆོལ་ཁའི་ན་ཚ་ཅན་གྱི་མི་སྐོར་ཞིག་གིས་དོན་མེད་ཟོལ་བསྟོད། ངོ་ཚ་མེད་པར་རང་བསྟོད་རྒྱག་པ་དག་གིས་རྩ་དོན་ལ་ཕན་དུ་མེད་པ་གནམ་དཔང་ལ་བཙུགས་ནས་བཤད་ཀྱང་ཐུབ། དེ་བས་བློ་སེང་འདི་དོན་དམ་པར་ཟླ་ངོ་ཁ་ཤས་ནང་ལྟོས་ལྟོས་རིག་རིག་ལ་ཤོག་བུའི་སེང་གེར་འགྱུར་གྱིན་གདའ།
http://www.youtube.com/watch?v=bWNQJTPpkxo&feature=player_embedded གནས་སྟངས་འདིས་ངས་བཤད་པ་བདེན་དཔང་བྱེད་ཀྱིན་འདུག
གསལ་ཁ་བཤད་རྒྱུ་ཞིག་ལ། གོང་དུ་ངས་བཤད་པའི་གནད་དོན་འདི་དག་ཐད། འཇིགས་བྲལ་བསྟན་འཛིན་ཞུ་བར་གང་བགྲོ་གླེང་རྒྱུ་ཡོད་ན། ངས་ལག་གཉིས་རྡེབ་བཞིན་བསུ་བ་བྱེད་བཞིན་ཡོད། དེ་མིན་ཁྱེད་ཚོའི་ན་ཚས་ཟིན་པའི་འཁུན་སྒྲ་དག་མི་སྐད་ཀྱི་ཀློང་དུ་མ་བསྲེས་ན་དགའ་འོ། ཞེས་ཁྱེད་དང་རིགས་འདྲ་བ་དག་ལ་གསེད་བཀྲོལ་དུ།
འཇིགས་མེད་ལགས། ཁྱེད་རང་དང་ཐོག་མ་ནས་བཀའ་ཁྲི་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། ཁྱེད་ཀྱིས་རྒྱབ་སྐྱོར་བྱེད་ཡུལ་གྱི་བཀའ་ཁྲི་དེས་ཁས་བླངས་པའི་སྟོང་སྐད་དང་ལག་ལེན་གཉིས་འདྲེ་ཤར་སྒོ་དང་གླུད་ནུབ་སྒོར་གྱུར་སྟབས། འུ་ཐུག་ཐབས་ཟད་ཀྱིས་ཁྱེད་རང་དགའ་པོ་མེད་པའི་ཚིག་ངན་པ་རྒྱ་མིའི་སོ་པ་ཞེས་པ་དེ་འདྲེ་མགོ་རྡོ་ཡི་མགོ་བོར་གཡོགས་སོང་། གནས་ཚུལ་དེས་ཁྱེད་རང་གནས་ལུགས་སྤྱོད་པའི་བློ་ལྡན་ཞིག་མིན་པ་ར་འཕྲོད་པ་རེད། འདྲེ་མགོ་རྡོས་དེང་སྐབས་རྒྱ་ནག་གི་དབང་འཛིན་པའི་འཐབ་རྩོད་རྣོ་ངར་ཅན་འདི་འདྲའི་སྐབས། སྡིག་པ་མིག་བཙུམ་གྱིས་བོད་མི་ཞི་རྒོལ་བར་དམར་གསོད་ཀྱི་དོན་རྐྱེན་ལྷག་རྒྱུར། སྐུ་ལུས་ཞུགས་འབུལ་གྱི་དོན་རྐྱེན་སོགས་ཞི་རྒོལ་རྣམས་གནས་སྐབས་ངང་འཐེན་དགོས་པའི་འབོད་སྐུལ་དགོས་པའི་བསམ་ཚུལ་བཏོན་འདུག གཞན་དྲྭ་གྲོགས་རེས་འགའི་གསུང་ཚུལ། མུ་མཐུད་བཀའ་ཁྲིའི་གྲུབ་འབྲས་སྒུག་དགོས་པའི་སྐོར་གསུངས་འདུག བཀའ་ཁྲིའི་གྲུབ་འབྲས་ག་དུས་བར་སྒུག་རྒྱུ་ཡིན་ནམ། རྒྱུ་སྔ་མ་སྔ་མ་ལས་འབྲས་བུ་ཕྱི་མ་ཕྱི་མ་སྐྱེས་ཀྱི་རེད་མ་གཏོགས་ལོ་ལྔ་ནས་གཞི་ནས་གྲུབ་འབྲས་བྱུར་བུ་བ་ཞིག་འོང་ཐབས་མེད། དཔེར་ན། བཀའ་བློན་བདམས་པ་དེ་འབྲས་བུ་རེད། འབྲས་བུ་ཡོངས་སུ་རྫོགས་པ་སྨིན་སོང་ངམ། ལོ་ལྔའི་འཆར་གཞིའི་གསུང་བཤད་གྲོས་ཚོགས་སུ་གནང་བ་དེ་རྒྱུ་རེད་ལ་འབྲས་བུའང་རེད། འབྲས་བུའི་ཕྱོགས་ནས་དཔྱད་ན་རིན་ཐང་མེད་ལ། རྒྱུའི་ཕྱོགས་ནས་དཔྱད་ན། འབྲས་བུ་རྙིང་ཧྲུལ་ཞིག་ལས་གཡུར་ཟའི་འབྲས་བུ་འོང་བའི་རེ་བ་བྲལ།
དགོངས་དག འཇིགས་མེད་ལགས། ཞེས་པ་འཇིགས་བྲལ་བསྟན་འཛིན་ལགས། ཞེས་བཅོས་པར་ཞུ།
འདྲེ་མིང་པ་ལ་ཞུ་རྒྱུ། གལ་སྲིད་དེ་འདྲའི་དགའ་བསུ་ཡོད་ན་ངས་དགའ་པོའི་ངང་ནས་ཁྱོད་ལ་སྒུག་བསྡད་ཡོད། ཡིན་ནའང་ང་ལ་ཆ་རྐྱེན་གཅིག་ཡོད། དེ་ནི་ཁྱོད་རང་གིས་དངོས་མིང་དང་། གར་ཡོད། གང་བྱེད་བཅས་ཀྱི་གནས་སྟངས་སྤྱི་ཚོགས་ཐོག་གསལ་པོ་བཟོས་ནས་ཕེབས་ཤོག་ཟེར་བ་དེ་ཡིན། དེ་མིན་དེང་སང་བོད་དོན་གླེང་མདོག་བྱེད་བཞིན་དོན་དམ་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གུང་ཁྲན་ཏང་གི་ལས་འགན་སྒྲུབ་མཁན་འདི་མིན་ནམ་སྙམ་པར་བྱེད་པ་གང་ཞིག་ལ། བཙལ་ན་རྙེད་དུ་མེད་པ་མང་པོ་ཞིག་འདུག་པ་དེ་འདྲའི་རིགས་ལ་ངོས་འཛིན་བྱེད་རྒྱུ་ལས་ཐབས་གང་ཡང་མི་འདུག་ལ། དེར་བརྟེན་ང་གཉིས་བགྲོ་གླེང་བྱེད་པར་ཆ་རྐྱེན་དེ་དག་ཁས་ལེན་བྱེད་རོགས།
ཁྱེད་མ་གཏོགས་བོད་ནང་དུ་རང་སྲོག་དོར་མཁན་དང་འཐབ་རྩོད་བྱེད་མཁན་གྱི་དཔའ་རྟུལ་རྣམས་ནི་རྒྱལ་སྤྱིའི་སྤྱི་ཆོགས་དང་རྒྱ་ནག་གི་གནས་སྟངས་ཧ་མི་མཁན་ཤ་སྟག་རེད་དགོངས་ཀྱི་ཡོད་དམ། དེ་ལྟར་ཡིན་ན་ཤར་དུང་རིའི་དུས་དབེ་ཀློག་དང་། བོད་ནང་གི་བོད་མི་མང་གི་བསམ་བློའི་གནས་ཚད་ག་འདྲ་ཡིན་མིན་རྟོགས་ཐུབ་ལ། ཁོང་ཚོས་རྒྱ་ནག་རྟོགས་པའི་བསམ་བློའི་གོ་རྟོགས་དང་ཆབ་སྲིད་ཀྱི་གནས་ཚད་ནི་ཕྱི་སྡོད་བོད་མིའི་གོ་རྟོགས་ལས་ཀྱང་མད་དུ་མཐོ་བ་ཡོད་པ་ངེས་ཤེས་རྙེད་ངེས་རེད།
ལྷག་པ་ལགས་ཀྱིས་ཕྲན་གྱི་བསམ་ཚུལ་རྣམས་བརྗོད་འདུག དེར་ལན་མེད་ན་ཀླན་ཀ་འཚོལ་བ་རང་རེད། རང་གི་ཀླད་པའི་མ་གཅུམ་པའི་གནས་ཚུལ་གནས་ལུགས་ཤིག་ཕར་ཕྱོགས་ནས་བཤད་ཡོང་དུས། དེ་རྒྱ་མིའི་སོ་པ་ཡིན་དགོས་དོན་མེད་ཀ།
འཇིགས་བྲལ་བསྟན་འཛིན་ལགས། ཁྱེད་རང་སོ་པ་ཡིན་གྱི་མ་རེད། འདྲེ་མགོ་རྡོ་བཙལ་ནས་ག་རེ་གནང་གི་ཡིན། ཆོ་མེད་པའི་སྐད་ཆ་མ་ཤོད། ལུང་རིགས་དང་། ཤེས་ཡོན་གྱིས་འདང་གི་མེད་ན་འདྲེ་མགོ་རྡོའི་རྩོམ་དགག་རྒྱུ་ཞོག མུ་མཐུད་སློབ་སྦྱོང་ཡག་ཙམ་བྱོས། ང་ཚོ་ཕན་ཚུན་གནས་ལུགས་ཤིག་འཚོལ་ཆེད། དྲྭ་ཐོག་ཐོན་པ་རེད། འདྲེ་མགོ་རྡོས་ཁྱེད་རང་དྲྭ་ཐོག་ཕེབས་རྒྱུར་དགའ་བསུ་ཞུས་འདུག ངས་དཔྱད་ན། ཁྱོད་རང་གིས་བཤད་པར་ཆོ་མི་འདུག འདས་པའི་ལོ་རྒྱུས་ནང་ང་ཚོས་རང་གི་རྒྱལ་ཁབ་ལ་ཞེན་འཁོགས་བྱེད་རྒྱུ་ཉུང་ཞིང་། ལུང་ཚན་དང་ཆོས་ལུགས་ཀྱི་ཞེན་འཁོགས་ལས་ང་ཚོ་ཕུང་བ་རེད། ད་ལྟ་ཡང་ཕུང་ཞིང་འདུག བཀའ་ཁྲི་བློ་སེང་ལ་རྒྱབ་སྐྱོར་ཚད་ལས་འདས་པ་བྱེད་མཁན་ཁྱོད་ལྟ་བུས། བཀའ་ཁྲིའི་ནོར་འཁྲུལ་གྱི་ཕྱག་ལས་གནང་སྟངས་ཐོག་སྐྱོན་བརྗོད་ཙམ་བྱེད་རྒྱུ་ཕར་བཞག གཞན་གྱིས་སྐྱོན་བརྗོད་བྱས་ཏེ་ནོར་འཁྲུལ་ཡོ་བསྲང་ཡོང་རེ་བྱེད་པ་རྣམས་ལ་མི་འདོད་པ་འདི། ཁྱོད་རང་གི་སེམས་གཙང་མ་མེད་པའི་རྟགས་ཤིག་རེད།
ལྷག་པ་ལགས་གྱིས་་གསུང་ཡ་དེ་དངོས་ནས་ཡག་པོ་འདུག་དྲན་སོང་་་་ག་རེ་ཡིན་ཟེར་ན་ང་ཚོས་སྤྱི་ཚོགས་འདི་ལ་སྐྱོན་དང་ཡོན་ཏན་བཤད་ཡུང་དུས་་་མི་དེ་ལ་ལམ་སང་རྒྱ་མི་ཉུལ་མ་རེད་ཟེར་ནས་སྐྱོན་བཙུག་བྱེད་ཡ་དེ་རྩ་བ་ནི་ཡག་པོ་མི་འདུག་་་་་བོད་མི་ཚང་མ་ལ་བོད་དོན་ལ་སེམས་ཕྲན་མེད་པ་སུ་ཡང་ཡོད་མ་རེད་དྲན་གི་འདུག་་་་་
དྲ་གྲོགས་ཁ་ཤས་ཀྱིས་རང་གི་རིགས་ཀྱི་རྩ་དོན་བཤད་ཀྱང་རྒྱའི་སོ་པར་བཤད་པ་འདི་དག་ལ་དངོས་གནས་དགའ་བསུ་ཞུ་རྒྱུ་ཡིན། ངས་གང་དུ་རྒྱ་ལ་ཕན་པའི་ཚིག་གཅིག་བྲིས་ཡོད་ན་དེར་དཔྱད་པས་སྒྲུབ་དང་། སྐབས་དེར་དེ་ལས་ཀྱང་གསལ་བོ་ཆགས་ཀྱི་རེད།
ཨོ་ཨོ། འཇིགས་བྲལ་བསྟན་འཛིན་ལགས་ཀྱིས། འདྲེ་མགོ་རྡོ་རྩད་ཆོད་ནས་ཆོལ་ཁོངས་ག་རེ་ཡིན་མིན་ཤེས་འདུག