ཁྲོ་གཏུམ།
ཡིག་འབྲི་དཀར་སེར་དམར་ལྗང
ཤོག་བུ་དཀར་པོའི་ཞལ་ངོ་དབྱར་ཁའི་གནམ་ངོ་འདྲ
ཁྱོད་འདྲ་ང་འདྲ
དུས་ཀྱི་ལུས་པོར་ངལ་དུབ་སྣ་ཚོགས་ཤིག
རྡོག་ལམ་བདེ་མོ་གོམ་ཁས་འཇལ་བའི་རིག་པ་ཞ་ཉེ་འབིགས
འདི་ནས་ཆས་ཤིང
གན་ནས་འདུག་པ
ཁྱོད་ཀྱི་ཐོན་གནས་སྔ་མོ་ཉིད་ཀྱི་དེ་ལས་གཞན་ཞིག་སུ་ཡིས་རྙེད
སེམས་ཀྱི་མཁོ་བ་དེ་རིང་སྒྲུབ་པ་དེ་ལས་སང་ཉིན་གང་ཞིག་བྱེད
སྔ་ནུབ་གཉིས་ཀྱིས་ཁྱོད་ལ་ཀུ་རེ་ཅི་ཞིག་བསྟན
ཤོག་བུའི་སེམས་པ དུས་ཀྱི་སེམས་པ
དཀར་སེར་དམར་ལྗང་ཡིག་འབྲི་དག་གིས་ཁྱོད་ཀྱི་མགོ་བོ་གང་ལ་བརྡབས
༢༠༡༤།༠༧།༡༩ཉིན།
མུ་ནག་ལ་བློ་བཅོལ་བའི་དུས་དེ་ནས།
ཁ་སང་ལ་བལྟས་ན། དེ་རིང་ལ་གཉིད་སྐྱིད་པོ་ཁུག་ཐུབ་གི།
རྨི་ལམ་གྱི་ཞིང་ནས། འོད་སྟོང་མཐུ་སྟོང་ཅན་གྱི་རྗེ་བླ་མར།
གསོལ་བ་ད་རེ་བཏབ་ན། ལས་འབྲས་སང་ཉིན་མ་གཏོགས་མི་འཁོར་གི།
རྐང་བ་ལ་ལྷམ་མེད་པ། ཚོར་ནི་མ་དགོས། རིག་ནི་ཞིག་ཡང་མི་འདུག།
ཁ་ཡར་འཁོར་ནས་ཆོས་དོན་ན་འདྲ།
ཁ་མར་འཁོར་ནས་སྙན་ངག་ཀློག་ན་འདྲ།
བཤད་རྒྱུ་ཞིག་བཤད་ཀིན་མེད་དུས། ཤེས་རྒྱུ་ཞིག་མེད་པ་ཡང་གཞུག་ནས་མཁྱེན་སོང་།
མུན་ནག