མཁན་པོ་ཚུལ་རྣམ་གྱིས་བརྩམས། རྫ་ཚེ་རིང་བཀྲ་ཤིས་ཀྱིས་འོས་སྦྱོར་བྱས།
ཁོ་བོ་བོད་ཆུ་འབྲུག་ལོའི་ཟླ་གསུམ་པའི་ཚེས་བརྒྱད་རེས་བཟའ་པ་སངས་ས་ཆུ་འཕྲོད་སྦྱོར་དགེ་བའི་ཉིན། ཤར་ཕྱོགས་ཀྱི་གླིང་ཕྲན་མཛེས་ཤིང་ཡིད་དུ་འོང་བའི་ཡུལ་ལྗོངས་ནོར་བུའི་གླིང་ཞེས་སམ།ཡོངས་གྲགས་ཐེ་ཝན་ཞེས་འབོད་པ་དེའི་རྒྱལ་སྤྱིའི་གནམ་ཐང་ནས་། ཕྱི་དྲོའི་ཆུ་ཚོད་གསུམ་པ་ནས་མཁའ་ལམ་བརྒྱུད་མ་ལེ་ཤིས་ཡ་ཞེས་སྔོན་ནང་པའི་རྒྱལ་ཁབ་དང་ལྷག་ཏུ་ཐེག་ཆེན་གསང་སྔགས་བསྟན་པ་དར་བར་བཤད་ཅིང་། ཕྱིས་ཁ་ཆེའི་ཆོས་ལུགས་བྱེད་མཁན་དུ་གྱུར་པའི་རྒྱལ་ས་ཀྭ་ལ་ལུན་པུར་Kuala lumpurགྱི་གནམ་ཐང་བརྒྱུད་དགོང་མོ་ཤྲི་ལངྐའི་རྒྱལ་ས་ཁོ་ལོན་པོColoboལ་འབྱོར། ད་རེས་འགྲོ་དོན་ནི་གནས་བསྐོར་དང་མཆོད་འཇལ་སྤྲོ་འཆམ་སོགས་མ་ཡིན་པར་ཞིབ་འཇུག་དང་རྒྱུས་ལོན་ཞིག་གི་ཆེད་དུ་སོང་བ་ཡིན།
རྒྱང་ནས་མཐོང་བའི་ལང་ཀའི་ཡུལ་ཆེན་པོའི་ཟུར་ཞིག
ཕྲན་ནི་ལར་གནས་བསྐོར་དང་སྤྲོ་འཆམ་ལ་དགའ་བ་ཡིན་ཡང་། དེ་རིང་ནི་བྱ་བ་གལ་ཆེན་གཞན་དང་དམིགས་ཡུལ་གཞན་ཞིག་བཟུང་ནས་སོང་བ་ཡིན། དེ་ཡང་ཉེ་བའི་ལོ་ཤས་རིང་ལོ་རེ་བཞིན་རང་ནས་ཚོགས་བསགས་སྒྲིབ་སྦྱངས་ཅུང་ཟད་རེ་དང་། ནང་པའི་ཆོས་བརྒྱུད་གཞན་དང་སྟོན་པ་དང་བསྟན་པ་གཅིག་པའི་ཆོས་མཆེད་རྣམས་ངོ་ཤེས་དང་མཐུན་ལམ། སློབ་སྦྱོང་དང་རྒྱུས་ལོན། ཞོར་ལ་ཁམས་དྭངས་དང་ངལ་གསོ་སྤྲོ་འཆམ་བཅས་ཀྱི་ཆེད་གནས་བསྐོར་ལ་འགྲོ་བཞིན་པ་ལས། ད་ལོར་སེངྒ་ལའི་གླིང་ངམ་དེང་དུས་ཤྲི་ལངྐར་འབོད་པའི་ནང་པའི་རྒྱལ་ཁབ་དེར་། སྔོན་ཞིག་ནས་ཤྲི་ལངྐའི་དགེ་སློང་རྣམས་ནས་བཙུགས་པའི་འཛམ་གླིང་དགེ་འདུན་མཐུན་ཚོགས་ཞེས་པས་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་ནས་ལོ་ཉིས་སྟོང་དྲུག་བརྒྱ་འཁོར་བའི་འཁྲུངས་སྐར་མཛད་སྒོར་ངོ་ཤེས་ཤིག་གི་བརྒྱུད་མགྲོན་ཤོག་ཤིག་འབྱོར་། དེར་བརྟེན་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་མཛད་སྒོར་མཉམ་ཞུགས་དང་། ཞོར་ལ་མཆོད་འབུལ་དང་གནས་བསྐོར་བཅས་ལ་སོང་བ་ཡིན།
ཤྲི་ལངྐའི་དགེ་འདུན་པ་ནི་ནང་བསྟན་སྤྱི་ལ་གཟི་བརྗིད་དང་བྱས་རྗེས་ཅན་ཞིག་ཏུ་མཐོང་། འདི་ལྟ་བུའི་རྒྱལ་སྤྱི་ཅན་གྱི་དགེ་འདུན་ཚོགས་པ་དང་པོ་གཙུགས། དགེ་བསྙེན་རྡརྨ་པཱ་ལས་རྒྱ་གར་གྱི་ནང་པའི་གནས་ཆེན་ཁག་ཕྱི་རོལ་པའི་ལག་ནས་བླངས་ཏེ་ཉམས་གསོ་གནང་། ནང་པའི་དར་ཆ་གསར་དུ་བཟོས། བྱང་ཆུབ་ཆེན་པོའི་ཚོགས་པ་འཛམ་གླིང་གང་སར་བཙུགས། ལོ་ཉིས་སྟོང་ལྷག་ལ་བསྟན་པ་ལ་ཉམས་ཆག་ཆེན་པོ་མ་ཤོར་། ལང་ཀའི་ཡུལ་མི་རྣམས་ལ་ནང་ཆོས་ཀྱི་སློབ་གསོ་ཤ་ཐིམ་རུས་ཐིམ་དུ་བྱས། དུས་ད་ལྟ་ཡང་ནང་ཆོས་ལ་བརྩི་བཀུར་དང་མཐོང་ཆེན་ཐོབ། ཕྱི་རྒྱལ་ཁབ་མང་པོར་ནང་ཆོས་སྤེལ་བར་མཛད། ཡང་དཔེར་མཚོན་གཞན་ཞིག་ནི།སྐབས་འདིའི་སྨོན་ལམ་གྱི་དགོང་ཚོགས་ཤིག་གི་སྟེང་སེངྒ་ལའི་དགེ་སློང་ཞིག་གིས། སངས་རྒྱས་པའི་རྗེས་འཇུག་རྣམས་། མཐུན་སྒྲིལ་གྱིས་ཤོག ངེས་པར་མཐུན་སྒྲིལ་བྱེད་དགོས། མཐུན་སྒྲིལ་ནི་ང་ཚོའི་སྟོབས་ཤུགས་ཡིན། མཉམ་དུ་ལོངས་ཤོག ཅེས་བོས་སོང་བས་ང་ནི་སེམས་འགུལ་ཧ་ཅང་ཐེབས་ནས་ལུས་ཀྱི་བ་སྤུ་ལྡང་། མིག་ནས་འཆི་མ་ཤོར་གྲབ་བྱས་བྱུང་། ཆོས་བརྒྱུད་སོ་སོས་སྨོན་ལམ་གསུངས་སྐབས། ངའི་ཆོས་གྲོགས་བོད་ཀྱི་དགེ་འདུན་པ་ཚོ་གཅིག་གིས་སྨོན་ལམ་བཏོན། དེ་ནི་ཤྲི་ལངྐར་གཞུང་འབྲེལ་ཐོག་བོད་ཀྱི་སྨོན་ལམ་འདོན་པ་ཐེངས་དང་པོ་རེད།ཅེས་དང་། ངེད་རྣམས་ནས་ཀྱང་བོད་ཀྱི་གྲྭ་པས་ཞབས་འདྲེན་མ་སོང་བ་ཞིག་དགོས་ཞེས་ཚང་མས་ལྷག་བསམ་དང་གཟབ་ནན་དད་འདུན་རྩེ་གཅིག་གནང་སོང་བས། དེར་བཞུགས་མང་པོ་ཞིག་ནས་བསྔགས་བརྗོད་བྱས་པ་ཐོས། རྒྱལ་ཁབ་ཉི་ཤུ་ལྷག་འདུག རྒྱལ་ཡོངས་ཀྱི་གསར་ཤོག་དང་གློག་བརྙན་ནང་ནས་ཉིན་མང་པོར་རྒྱང་བསྒྲགས་བྱས། ཤྲི་ལང་ཀའི་སྲིད་འཛིན་ཡང་ཚོགས་ཞུགས་གནང་། ཁོང་ནི་དགེ་འདུན་པ་ལ་ཤིན་ཏུ་གུས། དགེ་འདུན་པའི་མདུན་སྐུ་མགྲོན་བཞུགས་སར་མ་བཞུགས་པར་རྒྱབ་ཀྱི་མི་སྐྱ་རྣམས་ཀྱི་གྲལ་འགོར་བཞུགས་སོང་། དེ་ནི་དཀོན་མཆོག་གསུམ་ལ་རྒྱབ་མི་གཏོད་པར་གུས་པ་མཚོན་བྱེད་རེད་འདུག མི་མང་རྣམས་ཁོང་ལ་ཧ་ཅང་དགའ། ངེད་རྣམས་ཀྱི་སྣེ་ཁྲིད་པས་མི་མང་པོས་ཁོང་ནི་གཏན་གྱི་སྲིད་འཛིན་ཡོང་བའི་རེ་བ་ཡོད་ཟེར། དེའང་སྟོན་པའི་འཁྲུངས་སྐར་ནི་ས་ག་ཟླ་བར་ངོས་འཛིན་འདྲ་ཡང་རང་རེ་བོད་ལས་གཞན་པའི་སངས་རྒྱས་ཀྱི་འཁྲུངས་ཡུལ་དང་མཛད་པ་སྟོན་པའི་གནས་བལ་ཡུལ་དང་རྒྱ་གར་། སྟོན་པ་ཉིད་ནས་གཏད་རབས་རེ་རེ་ནས་བརྒྱུད་པའི་ལྷོ་བརྒྱུད་ཀྱི་གནས་བརྟན་སྡེ་པ་། ཐེག་པ་ཆེན་པོའི་ཆོས་ལོ་ཉིས་སྟོང་སྔོན་ནས་དར་བའི་རྒྱ་ནག་དང་། དེ་ལས་བརྒྱུད་པའི་འཇར་པན་དང་ཀོ་རི་ཡ་སོགས་བསྟན་པ་བྱང་ལ་བརྒྱུད་པའི་སངས་རྒྱས་ཀྱི་རྗེས་འབྲང་པ་ཕལ་ཆེན་སྡེ་པ་ཡོངས་ནས། རང་རེའི་ས་ག་ཟླ་བར་རྩིས་པའི་ཟླ་གཅིག་སྔོན་ལ་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་འདུག་པས་དུས་ཚོད་དེར་རང་རེ་བོད་པ་རྣམས་ནས་ཞིབ་འཇུག་རེ་བྱས་ན་བཟང་བར་སེམས། འོན་ཀྱང་རང་རེ་བོད་པའི་གཤིས་ནི་དགེ་ཆོས་དང་འདྲ་བའི་དཔྱོད་ལྡན་ཉུང་ཤས་རེ་མ་གཏོགས་མང་ཆེ་ཤོས་ནི་རང་མཐོང་ཆེ་ཤིང་དད་པའི་རྗེས་འབྲངས་གཙོ་བོར་བྱེད་པ་ལས་གཞན་ལ་དཔྱོད་པའི་ཤེས་རབ་དང་བརྩོན་འགྲུས་ཞན་པ་དང་། བསྒྱུར་བཅོས་ཀྱི་སྤོབས་པ་དེ་ལས་དབེན་པས་རེ་བ་དེ་ཙམ་མ་མཆིས།
སྔོན་ཞིག་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་གྲུ་འཛིན་ལངྐའི་ཡུལ་ལ་ཡོད་པར་ཐོས་པ་དང་། དུང་དཀར་ཚིག་མཛོད་དང་། རྒྱ་ཡི་སློབ་དཔོན་ཆེན་པོ་ཝེན་ཚེག་དང་། ཕྱིས་ཞིབ་འཇུག་པ་མང་པོ་ནས་ཀྱང་སེངྒ་ལའི་གླིང་ཡིན་པར་ངོས་འཛིན་གནང་། བསྟན་འགྱུར་ཁྲོད་ཀྱི་པོ་ཊ་ལའི་ལམ་ཡིག་ལས་རྒྱ་གར་གྱི་ལྷོ་ཕྱོགས་ཀྱི་རི་བོ་མ་ལ་ཡའི་ཉེ་འགྲམ་ལ་ཡོད་པར་གསུངས། རང་རེའི་ལྷ་སའི་ཇོ་ཁང་གི་རྟེན་གཙོ་སྤྱན་རས་གཟིགས་རང་བྱུང་ལྔ་ལྡན་སོགས་རྟེན་བྱིན་རླབས་ཅན་མང་པོ་སེང་ག་ལ་ནས་གདན་དྲངས་ཚུལ་ལོ་རྒྱུས་ལས་གསལ་བས་གནས་དེར་སླེབས་པ་ཙམ་གྱིས་ལོ་རྒྱུས་དེ་ཉིད་ཤེས་འདོད་ཤིན་ཏུ་ཆེ་བར་བྱུང་། སྤྱན་རས་གཟིགས་ཀྱི་སྐུ་རྙིང་ལོ་སྟོང་ཕྲག་སྔོན་གྱི་སྐུ་ཆེན་པོ་ཡང་མཇལ་རྒྱུ་འདུག ཁོང་རྣམས་ནས་ཨརྱ་ཨ་ཝ་ལོ་ཀི་ཤྭ་རེ་ད་ལྟ་བྱང་ཆུབ་སེམས་དཔའ་རེད་མ་འོངས་པའི་སངས་རྒྱས་རེད་ཅེས་རང་རེས་རྗེ་བཙུན་བྱམས་པ་བཞིན་འགྲེལ་བཤད་འདུག དེས་བསྐོར་འགའ་ཞིག་ལ་དྲིས་པས་ལང་ཀའི་དགེ་སློང་མ་ཧཱ་སངྒ་རང་གི་ངོ་ཤེས་པ་རྒྱ་སྐད་མཁྱེན་པ་ཐེ་ཝན་ལ་ཡུན་རིང་བཞུགས་མྱོང་ཡོད་པ་ཞིག་ནས། དེ་སྔོན་རྒྱ་ནག་དང་ཐེ་ཝན།ཁོ་རེ་ཡ་སོགས་ནས་ཞིབ་འཇུག་ཡང་ཡང་བྱས་ཀྱང་ངེས་གཏན་མ་ཁེལ། ཁོང་དང་མང་པོ་ཞིག་ནས་ལངྐའི་ཡུལ་གྱི་བྱང་ཕྱོགས་གྲོང་ཁྱེར་རྗེ་ཧུས་ནའི་ཕྱོགས་ཀྱི་གླིང་ཕྲན་ཆུང་ངུ་ནཱ་ག་དིས་པ་ཅེས་པ་རྒྱ་གར་ལྷོ་ཕྱོགས་རྭ་མེ་ཤྭ་རེ་དང་མི་རིང་བར་ཡོད་པ་དེ་ཉིད་ཡིན་ལས་ཆེ་ཞེས་གསུངས།
ཟིན་བྲིས་འབྲི་གནང་བ་པོ་དང་བོད་ཀྱི་མཧན་རྡ།
ཡང་གཞན་ཞིག་ནི།ལངྐའི་ཆོས་གྲོགས་འགའ་ནས་བོད་པ་ལ་བརྩི་བཀུར་ཆེ་བ་དང་སྔོན་བོད་ཀྱི་གྲ་པ་ཞིག་སེང་ག་ལར་འབྱོར་ནས་སེང་ག་ལའི་རང་བཙན་ལ་བྱས་རྗེས་རླབས་ཆེན་བསྐྲུན་པ་དང་། ཁོང་ནི་མཁས་པ་དང་རྩོམ་པ་པོ་སྙན་ངག་མཁན་གྲགས་ཅན་ཏུ་འདུག་པས་ཁོང་གི་བརྩམས་པའི་སྒྲུང་དང་ཡ་རབས་མི་ཆོས་དང་ལྷ་ཆོས་མང་པོ་ཞིག་ད་ལྟ་ཤྲི་ལངྐའི་རྒྱལ་ཡོངས་སློབ་གྲྭའི་སློབ་ཚན་ནང་ལ་བཞག་ནས་ཡུལ་མི་ཀུན་གྱིས་སློབ་སྦྱོང་བྱེད་བཞིན་པ་ཐོས། དེ་ངས་དང་པོ་བྲེལ་ཟིང་ངང་ཧར་བསམ་གྱིས་མཁས་དབང་དགེ་འདུན་ཆོས་འཕེལ་ཡིན་ན་སྙམ་ནས་ཞིབ་འཇུག་ཅིག་བྱེད་འདོད་བྱུང་། མིང་ལ་ངས་དང་པོ་ཐོས་སྐབས་བོད་ཀྱི་མ་ཧན་རྡ་ཞེས་པ་ཐོས། Tibet Mahi da. སྤྱིར་མཧནྡ་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་ཡིན་། ལོ་ཉིས་སྟོང་གི་ཡར་སྔོན་ནས་སེངྒ་ལའི་གླིང་ལ་སངས་རྒྱས་ཀྱི་ཆོས་དང་པོ་སྤེལ་བ་ལ་ཕེབས། དགྲ་བཅོམ་པའི་གོ་འཕང་ཐོབ་ནས་མཐར་གནས་དེར་སྐུ་མྱ་ངན་ལས་འདས། ཁོང་ལ་དགྲ་བཅོམ་པ་མཧནྡ་ཞེས་འབོད། ArahanthMahida དེའི་ཕྱིར་ཁོང་རྣམས་ནས་དད་གུས་དང་བཀའ་དྲིན་རྗེས་དྲན་ཆེད་བརླབས་ཆེན་གྱི་བྱས་རྗེས་ཅན་གྱི་མི་ལ་མཧནྡ་ཞེས་བཏགས། ད་ལྟའི་སྲིད་འཛིན་ལ་ཡང་མཧནྡ.Mahi da Rajapaksaཞེས་འབོད་། ད་རེས་བྱ་བ་གཙོ་བོ་འགའ་ཞིག་ལས་ཞིབ་འཇུག་གི་སྐོར་ལས། བོད་ཀྱི་མཧནྡ་ནི་དགེ་འདུན་ཆོས་འཕེལ་མ་ཡིན་པར་ཤེས། ཁོང་ནི་བོད་རིགས་འཁྲུངས་ས་འབྲས་ལྗོངས་རྒྱལ་ས་སྒང་ཐོག་ནས་ཡིན་པས་ཡིག་ཆ་མང་པོ་ཞིག་ནས་སི་ཀིམ་མཧནྡ་ཞེས་གྲགས། Sikhim. Mani da ཁོང་འཁྲུངས་ས་འབྲས་ལྗོངས་ལ་འཁྲུངས་ཀྱང་མི་རིགས་ནི་བོད་རིགས་རེད་འདུག རང་ཉིད་ཀྱིས་ཀྱང་བོད་པ་ཡིན་པར་གསུངས། ཆུང་དུས་འབྲས་ལྗོངས་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་དང་ཆུང་འདྲེས་ཀྱི་གྲོགས་སུ་གྱུར་པས་ཧ་ཅང་བརྩེ་སེམས་མཐུན་པས་ཡང་ཡང་ཡིད་ལ་འཁོར་བས་བརྗེད་དཀའ་བའི་རྗེས་དྲན་ཆེད་ཁོང་གི་མཚན་ལ་ཡང་བཀྲ་ཤིས་རྣམ་རྒྱལ་བཏགས་། སྤྱི་ལོ་༡༩༠༡ལ་དཔལ་འབྲས་མོ་ལྗོངས་ལ་འཁྲུངས། ༡༩༡༤ལ་ལང་ཀའི་ཡུལ་ལ་ཕེབས། ༡༩༥༡ལོར་སེང་ག་ལར་འདས། ཁོང་གི་བརྩམས་པའི་དེབ་བཞི་བཅུ་ལྷག་ཡོད་སྐད། ཁོང་གི་གསུང་མང་པོ་ཤིག་སིང་ག་ལའི་ཡིག་ཐོག་ལ་འདུག ཁོང་གི་སྙན་རྩོམ་ཤིག་གིས་ལང་ཀའི་མི་མང་ལ་སེམས་འགུལ་ཆེན་པོ་ཐེབས་སྐད། ཁོང་ནི་སེང་ག་ལར་ཧ་ཅང་སྙན་གྲགས་ཆེ། ཁོང་འདས་སྐབས་ཤྲི་ལངྐའི་རྒྱལ་ཁབ་ནས་གཞུང་འབྲེལ་ཐོག་མྱ་ངན་བྱས། སྐུ་ཕུང་སྲེག་བྱེད་ཙན་དན་ཁོ་ནས་ཞུས་། ཞག་བདུན་ཕྲག་གཅིག་ལ་ཡུལ་མི་མང་པོ་ཤིག་སྡུག་བསྔལ་གྱིས་ངུ་རྒྱུན་མ་ཆད་པར་བཤད། ཁོང་ལ་ཡུལ་མི་ཀུན་གྱིས་མཐོང་དང་དད་པ་ཧ་ཅང་ཆེ། ཁོང་རྗེས་དྲན་ཆེད་མཧནྡའི་ལམ་དང་། མཧནྡའི་སློབ་གྲྭ་ཞེས་ནང་པའི་སློབ་གྲྭ་ཆེན་པོ་དང་གྲོང་ཁྱེར་གྱི་ལམ་ཆེན་བཅས་ལ་ཁོང་གི་མཚན་མཐོང་དང་རྗེས་དྲན་གྱི་མིང་མང་པོར་བཏགས། ད་དུང་ཁོང་གི་དགོན་པ་དང་རྗེས་དྲན་གྱི་འདྲ་སྐུ་བཅས་འདུག འདིར་ཕྱོགས་ཡུལ་མི་མང་པོས་བོད་པ་མི་ཤེས་པ་རྣམས་ཀྱིས་ཀྱང་བོད་ཀྱི་མཧནྡ་ཤེས་བཞིན་འདུག སེང་ག་ལའི་དགེ་སློང་ཞིག་དང་མཉམ་དུ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དགེ་བསྙེན་རྡརྨ་པ་ལའི་འཁྲུངས་ཡུལ་མ་ཏི་ར་ལ་སོང་བས་ལམ་བར་ཟ་ཁང་ཞིག་ནས་ཇ་ཞིག་འཐུང་བས་ང་མཐོང་བ་དང་ཟ་ཁང་གི་ལས་བྱེད་པ་གཅིག་གིས་ཏྲིས་རྦེ་ཏྲི་མཧནྡ་ཞེས་གུས་ཕྱག་བྱེད་བཞིན་འདུག སྐད་བསྒྱུར་བརྒྱུད་བཤད་པ་ཁོང་གི་མི་ཚེའི་ནང་ལ་བརྗེད་དཀའ་བའི་མི་ཚེའི་སློབ་གསོ་དང་ཆེས་དགའ་ཤོས་བོད་ཀྱི་མཧནྡའི་བསླབ་བྱ་རྣམས་ཡིན་པར་བཤད། ཡུལ་མིའི་ངག་དང་ཁོང་གི་རྩོམ་དང་སིངྷལའི་ཡི་གེ་མང་པོ་ཞིག་ནང་བོད་ཀྱི་མཧནྡ་ཞེས་གསལ། ད་ལྟ་དྲ་རྒྱ་དང་དབྱིན་ཡིག་གསར་པ་རྣམས་ལ་སིས་ཀིམ་མཧནྡ་ཅེས་བྲིས་འདུག དེ་ནི་ཁོང་གི་འཁྲུངས་ས་འབྲས་ལྗོངས་ནས་ཡིན་པས་སིས་ཀིམ་ཞེས་འབོད་པ་དང་། མི་རིགས་ནི་བོད་རིགས་ཡིན་པ་དང་ཁོང་བོད་ལ་ལྷག་ཞེན་ཡང་ཆེ་སྐད་། དེའི་ཕྱིར་བོད་ཀྱི་མ་ཧན་དྷ་ཞེས་གྲགས། ཁོང་གི་དགོན་པ་ནི་རྒྱལ་ས་ཁོ་ལིམ་པོའི་གྲོང་ཁྱེར་གྱི་ཕྱི་ལོགས་ཆུ་ཚོད་གཅིག་ལྷག་ཙམ་གྱི་གྲོང་པ་ཆུང་ཆུང་ཞིག་གི་ནང་ལ་འདུག དེར་ཁོང་གི་ཤག་དང་ལྷ་ཁང་དང་འདྲ་སྐུ་ཅིག་དང་དྲན་རྟེན་རྡོ་རིང་ངོས་ལ་ལོ་རྒྱུས་ཐུང་ཐུང་བརྐོས་པ་ཅན་དང་། སྐུ་གདུང་མཆོད་རྟེན་ཆུང་ངུ་ཞིག་དང་ལྷ་ཁང་རྙིང་པ་ཆུང་ཆུང་བཅས་འདུག མཁས་པས་ཤུལ་དུ་འཇོག་རྒྱུ་རྒྱུ་ནོར་དང་ཁང་ཆེན་སོགས་མ་ཡིན་པར། ཤུལ་ཏུ་བསྟན་པ་དང་སེམས་ཅན་ལ་ཕན་པའི་བྱས་རྗེས་དང་ལྷག་ཏུ་ཤེས་ཡོན་གྱི་ལེགས་སྐྱེས་དང་བརྩམས་ཆོས་རྣམས་རེད་འདུག དགེ་འདུན་ཆོས་འཕེལ་གྱིས་འཇིག་རྟེན་འདིར་ཚུར་འོང་དོན་ནི་བྱ་བ་ཞིག་བསྒྲུབ་ནས་ཕར་འགྲོ་དགོས་པ་རེད་གསུངས་པ་ཤིན་ཏུ་བདེན། མི་ཚེའི་དགོས་པ་ལྟོ་གོས་དང་རྒྱུ་ནོར་སོགས་མ་ཡིན་པར་དེ་དག་ནི་ལུས་འཚོ་བའི་ཆེད་ལམ་གྱི་གྲོ་ཆས་ཙམ་དུ་འདུག གཙོ་བོ་བྱ་བ་བཟང་པོ་ཞིག་བསྒྲུབ་དགོས་པར་མཐོང་། སངས་རྒྱས་བཅོམ་ལྡན་འདས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ནས་སྐུ་མྱ་ངན་འདས་ཀྱང་ཁོང་གི་གསུང་བཞུགས་པ་ལ་བརྟེན་སངས་རྒྱས་ཀྱི་མཛད་པ་དུས་ད་ལྟ་ཡང་རྒྱས་བཞིན་འདུག གོང་གི་ལྷ་ཁང་ནང་གི་ཀ་བ་སོགས་བོད་ལུགས་དང་འབྲེལ་བ་ཡོད་པ་རེད་ཅེས་བན་དེ་ཞིག་ནས་བཤད་བཞིན་འདུག་ཀྱང་། ཞིབ་ཏུ་བལྟས་ན་ཡུལ་གྱི་ཁང་པ་དང་ཕལ་ཆེར་འདྲ་བ་འདུག་པས་སྔོན་རྙིང་པའི་སྐབས་བོད་ལུགས་བཞིན་ཡོད་ལས་ཆེ། ད་ལྟ་རྒྱལ་ཁབ་གཞུང་ནས་ལྷ་ཁང་དང་འགྲེམས་སྟོན་ཁང་དཔེ་མཛོད་བཅས་ཉམས་གསོ་བྱེད་བཞིན་འདུག་པས་དཔེ་ཆ་དང་ཅ་དངོས་ནི་གང་ཡང་མ་མཐོང་ངས་ཀྱང་ཞབས་འདེབས་ཅུང་ཟད་ཕུལ་བ་ཡིན་། དེ་འདྲའི་མཚན་སྙན་ཆེན་པོ་ཅན་ལ་དགོན་པ་དང་བཞུགས་ས་ནི་ཧ་ཅང་སྟབས་བདེ་དང་ཆུང་ཆུང་ཞིག་རེད་འདུག
མཚམས་འདིར་དྲན་སོས་པ་ཞིག་ལ།མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་བཀའ་སློབ་ཤིག་ནང་ཁོང་གི་གྲོགས་པོ་འཇར་པན་མཁས་པ་གཅིག་དང་གསུངས་མོལ་ཁྲོད་། འཇར་པན་པས་བོད་མི་རིགས་དང་རིག་གཞུང་རྣམས་ནི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཅན་དང་། བོད་མི་རྣམས་ནི་ངག་གི་རྩལ་དང་རྣམ་དཔྱོད་དང་འཇོན་ཐང་ཅན་ཞིག་འདུག ཡིན་ནའང་སེམས་ཕམ་པ་ཤིག་ལ་མང་པོ་ཤིག་གཉིད་འདུག་པ་དང་། ད་དུང་ཡང་གཉིད་སྨན་ཟ་བཞིན་མཆིས། གལ་ཏེ་གཉིད་ལས་སད་ན་སྔོན་ཐོན་གི་མི་རིགས་དང་འགྲན་ཐུབ་པ་དང་དེ་ལས་བཟང་བ་འདུག་ཅེས་བསྔགས་བརྗོད་གསུངས་པ་ཡང་ལོས་བདེན་སྙམ། སྐད་དང་མི་རིགས་ཐ་དད་པའི་རྒྱང་རིང་ས་མཐའ་འདི་ལྟ་བུ་ལ་བོད་ཀྱི་བན་དེ་ཞིག་སླེབས་ནས་བོད་ཀྱི་རིག་གཞུང་གི་ཤུགས་རྐྱེན་གྱིས་འདི་འདྲའི་བརླབས་ཆེན་གྱི་བྱས་རྗེས་བཞག་འདུག སེངྒ་ལའི་སྤྱི་ཚོགས་ཁྲོད་ཁོང་ནི་ནམ་མཁའི་ཉི་མ་དང་ཟླ་བ་བཞིན་དང་།ཁོང་གི་མཛད་རྗེས་དང་གཟི་བརྗིད་ནི་ནམ་ཡང་ནུབ་པ་མེད་པ་ལྷང་ངེར་གསལ་བར་ངེས། འདི་ནི་ཤིན་ཏུ་དགའ་སྤོབས་འོས་པ་དང་། རང་རེའི་མི་རིགས་འདི་བརླབས་ཆེན་གྱི་མི་རིགས་ཤིག་དང་རིག་གཞུང་འདི་ལོ་རྒྱུས་རིང་ཞིང་གཏིང་ཟབ་པ་དང་ཕུན་སུམ་ཚོགས་པར་ངོས་འཛིན་བྱེད་འོས། བོད་ཀྱི་མཁས་དབང་འགས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པར་གསུངས། མི་རིགས་གཞན་རྣམས་ནས་ཁོང་རྣམས་ཀྱི་རིག་གཞུང་གི་ལོ་རྒྱུས་ལོ་སྟོང་ཕྲག་བཞི་ལྔ་ཡིན་ཞེས་སྤོབས་པ་དང་བཅས་འབོད་བཞིན་ཡོད། ཆུང་བྱིས་པ་ནས་རྒས་ལ་ཐུག་པའི་བར་རྣ་བ་ཚ་ཚ་དང་སེམས་པ་གཟན་གཟན་བར་ཐོས་པའི་བོད་རྒན་རྣམས་ནི་རྗེས་ལུས་དང་ཀླ་ཀློ་མུན་ནག་བྲན་གཡོག་ཅེས་པ་ནི་སྒྲོ་སྐུར་གྱི་ཞྭ་མོ་ཞིག་ཅིའི་ཕྱིར་མིན། འོན་ཀྱང་ད་ལྟ་རང་རེ་ཕལ་ཆེར་གཉིད་སྐྱིད་པོ་ཁུག་ནས་ཉལ་བས་བོད་མི་རིགས་འདི་རྗེས་ལུས་ཀྱི་མི་རིགས་ཤིག་ལ་གྱུར་ཡོད། གཉིད་ལས་དཀྲོགས་བྱེད་གཅིག་པུ་ནི་རང་རེ་བོད་པ་སྐྱ་སེར་ཚངས་མས་མནའ་དེང་གྱི་ཤེས་ཡོན་ཡ་མ་བྲལ་བར་སློབ་སྦྱོང་བྱེད་རྒྱུ་ཁོ་ནར་མཐོང་། སློབ་སྦྱོང་ནི་དགོས་འདོད་འབྱུང་བའི་ནོར་བུ་ཆེན་པོ་ཡིན། མདོ་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག།ཅེས་གསུངས་པ་བཞིན་དང་། དེང་སང་འཛམ་གླིང་གང་སར་རྒྱལ་ཁབ་གཞུང་དང་སྒེར་ཚང་མས་ཤེས་ཡོན་ལ་གལ་ཆེན་བཟུང་ནས་དཔལ་འབྱོར་དང་དུས་ཚོད་ནུས་པ་མང་པོ་སློབ་གྲྭ་དང་སློབ་སྦྱོང་ལ་གཏོང་བཞིན་ཡོད། ལང་ཀའི་མི་རྣམས་ཀྱིས།ཀྱི་རྒྱལ་ཁབ་ནི་ཧ་ཅང་ཡར་རྒྱས་ཅན་གྱི་ལུང་པ་མ་ཡིན་ཀྱང་མི་ཚང་མ་ལ་གཞི་རྩའི་ཤེས་ཡོན་དང་འཕྲོད་བསྟེན་ཆ་རྐྱེན་ཡོད་། ཁོར་ཡུག་ནི་སངས་རྒྱས་ཆོས་ལུགས་ཀྱི་གོམས་སྲོལ་བཟང་པོ་ཡོད་པས་དེ་ནི་ངེད་རྣམས་ཀྱི་ང་རྒྱལ་དང་སྤོབས་པ་ཡིན་ཞེས་བཤད། དེ་བཞིན་ང་རང་ཚོའི་རོང་འབྲོག་སོགས་གྲོང་དང་གྲོང་ཁྱེར་གང་ལ་ཡོད་ཀྱང་བྱིས་པ་ཐམས་ཅད་ལ་གཞི་རྩའི་སློབ་སྦྱོང་ཐོབ་དགོས། ད་ལྟ་རང་རེ་ཕལ་མོ་ཆེ་ཡིག་རྨོངས་ཡིན། དེ་བཞིན་རང་རེ་དགོན་པ་རྣམས་ནས་ཀྱང་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་བཞེངས་རྒྱུ་གཙོ་བོ་མི་བྱེད་པར་དགེ་འདུན་པ་མཐོ་བླ་སྤྲུལ་དང་དམའ་གྲྭ་པ་དཀྱུས་མ་ཡན་ནས་ནང་ཆོས་གཙོར་བྱས་པའི་རིག་གནས་དང་དེང་དུས་ཀྱི་སྤྱི་ཚོགས་དང་སྐད་ཡིག་སོགས་ལ་སློབ་སྦྱོང་བྱེད་དགོས། མ་འོངས་པར་དགོན་པ་ཞེས་པ་ནི་ཆོས་སློབ་སྦྱོང་དང་ཉམས་ལེན་བྱེད་སའི་སློབ་གྲྭའི་རྭ་བ་དང་། བཀའ་བསྟན་འགྱུར་སོགས་ཆོས་ཀྱི་དཔེ་ཆ་རྣམས་ནི་ཆོས་བརྩེགས་དང་ཞབས་རིམ་གྱི་ཞལ་འདོན་ཁོ་ན་མ་ཡིན་པར་སློབ་ཚན་གྱི་སློབ་དེབ་ལ་འགྱུར་བ་དང་། ཆོས་ནི་སློབ་གསོའི་ངོ་བོར་ཤེས་དགོས། རང་རེའི་དམ་པ་གོང་མ་རྣམས་ཀྱིས་ཀྱང་དེ་ལྟར་གསུངས། ཐེ་ཝན་གྱི་དག་ཞིང་ཆོས་བརྒྱུད་ཀྱི་སློབ་དཔོན་ཆེན་པོ་ཅིན་ཁུང་ནས་ཀྱང་།སངས་རྒྱས་ཀྱི་ཆོས་ནི་ཆོས་ལུགས་མ་ཡིན་པར་སློབ་གསོ་རེད་ཅེས་གསུངས། སྤྱིར་དུས་མཆོད་དང་སྒྲུབ་ཆེན་། རྔ་རྡུང་རོལ་གསུམ། གཏོར་བརྒྱག་དང་གར་འཆམས། ལྷ་བསྒོམ་སྔགས་བཟླས། གནས་བསྐོར་ཇོ་མཇལ་སོགས་བཟང་ཡང་།ཐེག་པ་ཆེན་པོའི་ཉམས་ལེན་གཙོ་བོ་གཞན་ལ་ཕན་པའི་ཆོས་དང་ནོར་སོགས་ཀྱི་སྦྱིན་པ་དང་། རང་རྒྱུད་ཀྱི་ངན་སྤྱོད་བསྡོམ་པའི་ཚུལ་ཁྲིམས་སོགས་ཕར་ཕྱིན་དྲུག་དང་བྱམས་པ་དང་སྙིང་རྗེའི་ལྟ་སྤྱོད་རྣམས་ལ་སློབ་སྦྱོང་དང་ལག་ལེན་གཙོ་བོར་བྱེད་དགོས། མི་སྐྱ་རྣམས་ནས་ཀྱང་གསེར་དངུལ་དང་གཟི་བྱུར་སོགས་རྒྱན་ཆ་གསོག་འཇོག་དང་། ཁང་པ་དང་རླངས་འཁོར་སོགས་བག་མེད་ཀྱི་འཚོ་བ་རྒྱས་སྤྲོས་མི་བྱེད་པར་དཔལ་འབྱོར་དང་དུས་ཚོད་ནུས་པ་རྣམས་བྱིས་པ་སློབ་སྦྱོང་ཆེད་གཏོང་དགོས། རང་རེས་ཡར་རྒྱས་དང་བདེ་སྐྱིད་ནི་གནམ་ནས་དཀོན་མཆོག་གི་གནང་ཐབས་མེད་ལ་ས་ནས་གཞན་གྱིས་རྔན་པ་ཡང་སྤྲད་ཐབས་དེ་བས་མེད། ཚད་མའི་སྐྱེས་བུ་དམ་པ་སྟོན་པ་ཐུགས་རྗེ་ཅན་གྱིས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་ཏུ་འགྱུར་། །ཅེས་གསུངས་པ་ལྟར་རོ། །
ལར་བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་ཟེར་བའི་དཔེ་བཞིན་རང་རེ་བོད་པ་རྣམས་ནི་རང་ལ་རང་ཡིད་ཆེས་པ་དང་རེ་བ་ཐམས་ཅད་རང་ལ་བཅོལ་བའི་སྤོབས་པ་ཆུང་བ་དང་། ཡ་ཀིའི་ལྷས་སྐྱོབ་འགྲོ། མ་ཀིའི་དཔོན་གྱིས་འདྲེན་འགྲོ། ཕ་ཀིའི་གྲོགས་ཀྱིས་ཕན་ཡོང་སྙམ་པའི་སྒྱིད་ལུག་དང་བག་འཁུམ། གཞན་རྟེན་གྱི་གོམས་གཤིས་ངན་པ་འདིས་རྟག་ཏུ་ཕུང་བཞིན་ཡོད། ངས་ངོ་ཤེས་པའི་ཐེ་ཝན་གྱི་དགེ་བསྙེན་མ་ཞིག་ནས་མོ་རང་གི་བུ་མོ་ལ་བསླབ་བྱ་བཤད་པ། བུ་མོ་ཁྱོད་རང་ད་ལྟ་སློབ་སྦྱོང་ལ་ཤུགས་རྒྱག་རྒྱུ་དང་ཤེས་བྱ་སྣ་མང་སྦྱངས་ནས་མ་འོངས་པར་རང་གི་རྐང་པའི་སྟེང་རང་ལངས་ཐུབ་པ་བྱེད་དགོས། ནམ་ཡང་ཁྱོ་ག་ལ་ཡིད་ཆེས་བྱེད་མི་ཐུབ། གཞན་རྟེན་གྱི་ཡིད་ཆེས་དེ་བས་བྱ་མི་རུང་ཞེས་ཐོས་པས་དང་པོར་རང་རེའི་ལྟ་སྤྱོད་དང་མི་མཐུན་པ་དང་། མོ་རང་གི་ཁྱོ་གས་གང་འདྲ་བསམ་ཡོང་སྙམ་ནས་ཅུང་ཚོར་བ་མ་བདེ་ཡང་། དཔྱད་ན་མི་ཡི་སྤོབས་པ་དང་སེམས་ཤུགས་བསྐྲུན་པ་ལ་འདི་ལྟ་བུ་སློབ་གསོ་དགོས་པར་སྣང་། མོའི་ཁྱོ་གས་ཀྱང་བདེན་པའི་རྣམ་འགྱུར་བསྟན་ནས་རྒྱབ་སྐྱོར་བྱས་སོང་། ཡང་རང་རེ་རྣམས་ནས་ཤིན་ཏུ་ནས་སློབ་སྦྱོང་བྱེད་དགོས་པ་ཞིག་ནི། དྲིན་ཤེས་པ། དྲིན་དྲན་པ། དྲིན་བཟོ་བ་རྣམས་ཡིན། ལར་བོད་པ་རྣམས་ནི་དྲིན་ཚོར་བཀའ་ལ་བརྗེད་སླ་བའི་མི་རིགས་ཤིག་ཡིན་ཤས་ཆེ། དཔེར་ན།སྔོན་གྱི་ཆོས་རྒྱལ་དང་མེས་པོ་བཀའ་དྲིན་ཅན་རྣམས་ཀྱི་རྗེས་དྲན་སྲུང་བརྩི་དང་རྗེས་དྲན་རྟེན་སོགས་ཧ་ཅང་ཉུང་། ཡང་གཞན་ཞིག་ནི། རི་བོ་གྲུ་འཛིན་ཡང་ཡིན་ངེས་ཀྱི་ངེས་པ་མ་རྙེད། རྒྱ་ཡི་ལོ་ཙཱ་བ་འགས་རི་བོ་མ་ལ་ཡི་ཉེ་འགྲམ་གྱི་རི་གཟར་ལ་བགྲོད་དཀའ་བ་རི་རྩེ་ལ་འཚེའུ་དང་ལྷ་ཁང་ཡོད་པར་བཤད། ནཱ་ག་ཏིས་པ་ནི་མཚོ་དཀྱིལ་ཀྱི་གླིང་ཕྲན་ཆུང་ཆུང་དང་དེ་ཡང་རི་མེད་པའི་ཐང་ཞིག་འདུག
དེ་ལས་ཐག་མི་རིང་བ་ཞིག་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་མོ་སངྒཱ་མིས་ཏས Sanghamittaབྱང་ཆུབ་ལྗོན་ཤིང་ལངྐར་གདན་དྲངས་པ་དང་།གནས་མཆོག་རྡོ་རྗེ་གདན་ནས་བྱང་ཆུབ་ལྗོན་ཤིང་མེར་ཚིག་རྗེས་འཕགས་ཡུལ་ལ་སླར་ཡང་བྱང་ཆུབ་ལྗོན་ཤིང་གདན་དྲངས་པའི་གྲུ་ཡི་འབབ་ཚུགས་ཀྱི་མཚོ་ཁ་འདུགདེར་སོང་ནས་སྨོན་ལམ་རེ་བཏོན།
རི་བོ་མ་ལ་ཡ་གནམ་ལྕགས་འབར་བ།
རི་བོ་མ་ལ་ཡ་ནི།་རེའི་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་ཞེས་པ་དེ་ཡིན་པར་དམ་པ་མང་པོས་གསུངས། རིག་འཛིན་རྒྱལ་པོ་ཀུ་མ་རཱ་ཛས་གསང་བསྔགས་ཀྱི་བསྟན་པ་ཇི་ལྟར་དར་ཚུལ་ཞུས་པས་སྟོན་པ་མྱ་ངན་ལས་འདའ་ཁར་ལུང་བསྟན་པ་བཞིན། དཔལ་ཕྱག་ན་རྡོ་རྗེས་ཞབས་ཀྱིས་བཅགས། རིགས་ཅན་དྲྭ་མ་རྣམ་ལྔ་ལ་གསང་སྔགས་ནང་རྒྱུད་གསུངས་པར་གྲགས་པའི་གནས་སུ་ངེས་། རང་རེ་བོད་པས་ཁ་ཏོན་བྱེད་བཞིན་ཁ་ལ་བྱང་བྱང་དུ་ཡོད་པའི་གུ་རུ་རིན་པོ་ཆེའི་གསོལ་འདེབས་ལེའུ་བདུན་མ་ལས། རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེཿ །བདུད་པོ་མ་ཏྲ་རུ་ཊ་དྲག་པོས་བསྒྲལཿ ཞེས་པ་དང་། གསང་སྔགས་བསྟན་པ་དང་པོ་དེ་ནས་དརཿ གསུངས་པ་བཞིན་དཔལ་གསང་བའི་བདག་པོ་དང་ཁྲོ་བོ་རྟ་མཆོག་འབར་བ་སོགས་ཀྱིས་གསང་སྔགས་ཀྱི་རྒྱུད་གསུངས་པའི་གནས་སུ་དམ་པ་མང་པོས་ངོས་འཛིན་གནང་། རི་བོ་ཤིན་ཏུ་མཐོ་ལ་བགྲོད་དཀའ་བས་ངེད་རྣམས་མཚན་གང་ལ་འཛེགས། ཆུ་ཚོད་བདུན་ལྷག་ཙམ་འགོར་། རི་རྩེར་སྟོན་པའི་ཞབས་རྗེས་ཤིག་མཇལ་རྒྱུ་འདུག ལྟད་མོ་ཡང་ངོ་མཚར་བ་མཆིས། དཔྱོད་ལྡན་ཁ་ཅིག་ནས་རི་འདི་ཟངས་མདོ་དཔལ་རི་དང་གླིང་འདི་རྔ་ཡབ་སྲིན་པོའི་གླིང་ལ་བཞེད། ཟངས་མདོག་དཔལ་གྱི་རི་བོ་ཙིཏྟའི་དབྱིབས། །གསུངས་པ་ལྟར་རི་ཡི་དབྱིབས་གཟུགས་ནི་སྙིང་གྱེན་ལ་བསླངས་པ་འདྲ་བ་ཁ་མདོག་བྲག་རྡོ་དམར་ཟིང་ངེ་བ་འདུག ཡང་གཏེར་ཆོས་འགའ་ལས། ཡུལ་གྱི་མིང་ནི་ལངྐའི་ཡུལ། །གནས་ཀྱི་མིང་ནི་དཔལ་གྱི་རི་། །གསུངས་པ་ལྟར་ཁོང་རྣམས་ནས་ལུང་པ་འདིའི་མིང་ལ་ལངྐཱའི་ཡུལ་ཞེས་འབོད་། ད་ལྟ་ཡང་ཁོང་རྣམས་ནས་ཕན་ཚུན་སྐད་ཆ་བཤད་སྐབས་ལངྐཱ་ལངྐ་ཞེས་པ་ལས་ཤྲཱི་ལངྐ་ཞེས་བརྗོད་པ་ཉུང་། ལངྐའི་ཡུལ་ཞེས་པའི་དོན་ནི་སྲིན་པོའི་ཡུལ་ཞེས་པའི་དོན་ཡིན། ཕྱོགས་ཀྱང་རྒྱ་གར་ཡུལ་དབུས་ཀྱི་ལྷོ་ནུབ་མཚམས་ལ་ཡོད། དགེ་ཆོས་ཀྱི་གསུངས་ལས་རྒྱ་གར་ལ་ཁོང་རྣམས་ནས་འཛམ་བུ་གླིང་ཞེས་འབོད་པར་གསུངས། དེ་ལྟ་ན་ལང་ཀ་འཛམ་བུ་གླིང་གི་གླིང་གཡོགས་རྔ་ཡབ་གླིང་ཡིན་ལས་ཆེ། སྐབས་རེར་ཟངས་གླིང་དུ་ཡང་བཤད། ཟངས་གླིང་ནི་ཁོང་རྣམས་ནས་ཟངས་མདོག་གི་གླིང་ཞེས་འབོད། Copper color island དབྱིན་ཡིག་ནང་ཁོང་རྣམས་ཀྱི་ལོ་རྒྱུས་ལས་དེ་ལྟར་བྲིས་ཡོད། ངེད་རྣམས་བོད་ཟླ་གསུམ་པའི་ཚེས་བཅུ་ལ་འབྱོར་། རིག་སྔགས་འཛིན་པ་ཆེན་པོ་འོད་གསལ་རྡོ་རྗེ་རིན་པོ་ཆེ་ཡང་ཐུགས་ཤིན་ཏུ་དགྱེས། རྟེན་འབྲེལ་བཟང་བར་གསུངས། ལྷོ་ནུབ་རྔ་ཡབ་སྲིན་ཡུལ་ཟངས་མདོག་དཔལ་གྱི་རི་བོ་ཅེས་མིང་སྒྲ་ཚང་མ་མཐུན། ཟངས་མདོག་དཔལ་རི་ཡིན་ན་ཞིང་ཁམས་ཀྱི་བཀོད་པ་དང་གུ་རུ་རིན་པོ་ཆེ་སོགས་མཇལ་བར་ཐལ་བའི་སྐྱོན་གང་ཡང་མེད་། ལས་དག་པ་ལ་མཇལ་དུ་རུང་བ་དང་། ལས་སྣང་བསམ་གྱིས་མི་ཁྱབ་པས་མཐའ་གཅིག་ཏུ་འདིའོ་ཅེས་བརྗོད་དཀའ། གནས་ལ་ཡང་མཚོན་བྱ་མཚོན་བྱེད་དང་དྲང་ངེས་སོགས་སྣ་ཚོགས་ཡོད་པ་ཡང་ཤེས་པར་བྱའོ།།
འཕགས་ཡུལ་གྱི་གནས་བྱ་རྒོད་སྤུངས་རི་ལ་སྟོན་པ་ད་ལྟ་ཡང་བཞུགས་ནས་ཤེར་ཕྱིན་གྱི་མདོ་གསུངས་བར་ལུང་ལས་གསལ་ཡང་ཐམས་ཅད་ཀྱིས་མཇལ་བར་མི་ངེས་པ་བཞིན་ནོ།། ད་དུང་རང་རེའི་མགོན་པོའི་རྒྱུད་དང་བསྟོད་ཚོགས་རྣམས་ནས་། མགོན་པོ་ནག་པོ་ཆེན་པོས་ལང་ཀའི་གྲོང་ཁྱེར་སུམ་བརྩེགས་འཇོམས་ཚུལ་སོགས་གསུངས་པ་ཡང་ཤྲི་ལང་ཀའི་ཡུལ་ལ་ངོས་འཛིན་པ་ལས་གཞན་སྙེད་པར་དཀའ། དེས་ན་ངོ་མཚར་བ་ཤིག་ལ་བོད་ཀྱི་གསང་བ་ཐམས་ཅད་རྒྱ་གར་ལ་ཐུག རྒྱ་གར་གྱི་གསང་བ་ལང་ཀའི་ཡུལ་ལ་ཐུག ལང་ཀའི་གསང་བ་ནི་གསང་བ་བསམ་གྱིས་མི་ཁྱབ་པ་ཆོས་ཉིད་བསམ་བརྗོད་དང་བྲལ་བ་ལས་མ་འདས། ཁོང་རྣམས་ཀྱི་ལོ་རྒྱུས་ནང་སྔོན་གསང་སྔགས་བསྟན་པ་དར་བར་བཤད། ཡང་གནས་འདི་སྲིན་ཡུལ་ལ་ངོས་འཛིན་པ་ནི་མནའ་བོའི་རྒྱ་གར་གྱི་སྒྲུང་རཱ་མ་ནའི་གཏམ་བརྒྱུད་དུ་ཡང་ཤིན་ཏུ་གསལ། ཧཱནུམནྠས་སྤྲེལ་དམག་ཁྲིད་ནས་རྒྱ་གར་ལྷོ་རྒྱ་མཚོ་རྡོ་ཟམ་ལ་བརྟེན་ནས་བརྒལ། སྲིན་པོ་ལངྐ་མགྲིན་བཅུ་བསད་པའི་ལོ་རྒྱུས་བཤད་པ་ལྟར་རོ། །
རང་རེའི་གསང་སྔགས་རྒྱུད་འགར་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར་དཔལ་རྟ་མགྲིན་གྱིས་རུ་ཊ་ཐར་པ་ནག་པོ་བསྒྲལ་ནས་རུ་ཊའི་ཆས་རྣམས་དཔའ་ཆས་སུ་བཞེས་པས་ཕྱིས་ཁྲོ་བོ་ཡོངས་ཀྱི་ན་བཟའ་དང་རྒྱན་ཆས་སུ་གྱུར། དེའི་ཕྱིར་དཔལ་ཆེན་པོའི་ཆས་བཅུ་བྱུང་བའི་ལོ་རྒྱུས་ཕལ་ཆེར་སེང་ག་ལའི་གླིང་ལ་ཐུག་པར་སེམས། སྔོན་སེང་ག་ལའི་གླིང་ལ་གསང་སྔགས་བསྟན་པ་དར་བ་བཤད་བཞིན་འདུག ཡུལ་ནི་བསིལ་དྲོད་སྙོམས་ཤིང་དབྱར་དགུན་ཁྱད་པར་ཆེན་པོ་མེད། དགེ་ཆོས་ཀྱིས་གསུངས་པ་བཞིན་ལྗོན་ཤིང་དང་ནགས་ཚལ་འཐུག་པས་རྒྱང་ནས་བལྟས་ན་རྒྱ་མཚོ་ཆེན་པོ་དང་འདྲ་བར་ལྗང་མེར་རེ་ཡོད་གསུངས་པ་བཞིན་འདུག རང་བྱུང་གི་སྐྱིད་ཚལ་དང་ཁོར་ཡུག་ལྗོན་ཤིང་ལ་གཅེས་སྤྲས་ཆེ། ལམ་དང་ཁང་པ་སོགས་འཛུགས་སྐྲུན་ལ་ཁེལ་ནས་ལྗོན་ཤིང་གཅོད་དགོས་བྱུང་ན་མར་ཤིང་གཅིག་བཅད་ན་ཡར་གཅིག་འཛུགས་པར་བཤད།
སངས་རྒྱས་འཁྲུངས་སྐར་ལ་མཐོ་སྲིད་འཛིན་དང་དགེ་འདུན་པ་གཙོས་མི་མང་པོས་ལྗོན་ཤིང་བཙུགས་ནས་འཁྲུངས་སྐར་རྗེས་དྲན་བྱེད་བཞིན་འདུག དགེ་སློང་ཞིག་གིས་ང་ལ་འདི་ལྟར་གསུངས། སངས་རྒྱས་ནི་རང་བྱུང་ཁམས་དང་ལྷག་པར་ལྗོན་ཤིང་ལ་ཐུགས་དགྱེས། ལྗོན་ཤིང་འཛུགས་པ་ནི་སངས་རྒྱས་ལ་མཆོད་པ་མཆོག་ཏུ་འགྱུར་བར་བཤད། དེ་ཉིད་བདེན་པར་ཡང་སེམས་ཏེ། སྟོན་པ་ཤཱཀྱ་སེང་གེ་དང་པོ་ལུམྦུའི་ཚལ་ལྗོན་ཤིང་པཀྴིའི་འོག་ལ་སྐུ་འཁྲུངས། བར་ཏུ་རྡོ་རྗེ་གདན་བྱང་ཆུབ་ལྗོན་པའི་དྲུང་ལ་མངོན་པར་སངས་རྒྱས། མཐར་རྩ་མཆོག་གྲོང་སཱ་ལི་ལྗོན་པའི་འོག་སྐུ་མྱ་ངན་ལས་འདས། དུས་རྒྱུན་ཆོས་གསུངས་པ་དང་སྒོམ་གནང་བ་ཁམས་སངས་ལ་ཕེབས་པ་ཕལ་ཆེར་ལྗོན་ཤིང་ཁྲོད་གནང་། དེའི་ཕྱིར་རང་རེ་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འབྲངས་པ་རྣམས་ནས་ཀྱང་རང་བྱུང་ཁོར་ཡུག་དང་ལྗོན་ཤིང་ལ་ཤིན་ཏུ་གཅེས་སྤྲས་བྱེད་པར་རིགས་སོ། །
མི་གྲངས་ཁྲི་གཅིག་སྟོང་དགུ་བརྒྱ་ལྷག་ཡོད་། དེས་ནང་དགེ་འདུན་པ་ཁྲི་གསུམ་བཞི་ཡར་མར་ཡོད་སྐད། དེ་ལ་རིགས་གཉིས་ཏེ་གཅིག་ནི་རི་ཡི་སུལ་དང་ནགས་ཀྱི་ཁྲོད་ལ་བཞུགས་ནས་ཏིང་ངེ་འཛིན་སྒོམ་པ་གཙོ་བོར་མཛད། གཞན་ནི་གྲོང་དང་གྲོང་ཁྱེར་དང་ཉེ་བའི་དགོན་པར་བཞུགས་ནས་མི་མང་རྣམས་ལ་ཆོས་འཆད་སྤེལ་དང་སྤྱི་ཚོགས་ཞབས་ཞུ་སོགས་དགེ་ལས་སྣ་ཚོགས་གནང་། དགོན་པ་ཕལ་མོ་ཆེས་དྭ་ཕྲུག་དང་དྭ་ཕྲུག་མ་ཡིན་པའི་སློབ་གྲྭ་དང་རྒན་གསོ་དང་སྨན་ཁང་སོགས་མི་མང་ལ་ཕན་པའི་ཕྱག་ལས་སྣ་མང་གནང་། དགེ་སློང་གཞན་ཞིག་ནས་རྒྱལ་སྤྱིའི་ནང་པའི་སློབ་གྲྭ་ཆེན་མོ་ཤིག་འཆར་འགོད་བྱེད་བཞིན་འདུག སློབ་གྲྭ་འཛུགས་པའི་དགོས་པ་ཁོང་གིས་བསྟན་པ་སྤེལ་བ་ལ་ཆེད་མཁས་མི་སྣ་གསོ་སྐྱོང་བྱེད་རྒྱུ་གལ་ཆེན་ཡིན་པར་གསུངས། བཟའ་ཉི་མ་ལ་རྟག་པར་བྱིས་པ་སློབ་ཆུང་ནས་མཐོ་འབྲིང་འཛིན་རིམ་བཅུ་གཉིས་བར་དགོན་པ་ལ་འགྲོ་ནས་ཆོས་སློབ་པ་དང་མདོ་འདོན་པ། ཡ་རབས་སྤྱོད་བཟང་གཙང་སྦྲ་འཕྲོད་བསྟེན་སོགས་སློབ་པར་མཛད་པས་ཡུལ་མི་རྣམས་དགེ་འདུན་པ་ལ་དགའ་བ་དང་དད་གུས་ཆེ་། ཆོས་ཀྱི་ཕྱོགས་ནས་དད་པ་ཙམ་མ་ཡིན་པར་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་མཁན་དུ་རྩི་ནས་དགའ་བ་དང་དྲིན་ཆེན་ལ་བཀུར་། ལང་ཀའི་ཡུལ་གྱི་མི་རྣམས་རྒྱ་གར་གྱི་གདོང་དབྱིབས་དང་ཆས་གོས་སོགས་འདྲ་ཡང་ཀུན་སྤྱོད་དང་བསམ་བློ་གཙང་སྦྲ་སོགས་ཁྱད་པར་ཧ་ཅང་ཆེ། མི་ཕལ་མོ་ཆེ་རྣམས་རྒྱུད་ཞི་ཞིང་དུལ་བ། འ་འུར་གྱི་ཀུ་ཅོ་ཉུང་བ། ཕན་ཚུན་ལ་གུས་ཞབས་ལྡན་པ། གཙང་སྦྲ་དང་ཀུན་སྤྱོད་ལེགས་པ། སེམས་རྒྱུད་སྤྲོ་བས་ཁེངས་པ། དྲང་བདེན་ལ་གཙིགས་སུ་འཛིན་པ། ཁོར་ཡུག་ལ་གཅེས་པ་སོགས་ཡ་རབས་ཀྱི་སྲོལ་མང་པོ་འདུག དེ་ནི་ནང་ཆོས་ཀྱི་སློབ་གསོ་སྤྱི་ཚོགས་ཁྲོད་ཁྱབ་ནས་མི་ཡི་སྤུས་ཚད་མཐོར་འདེགས་སོང་བ་རེད་འདུག བོད་ཀྱི་ནང་ཆོས་ཀྱིས་གང་ཟག་ཉུང་ཤས་ཚད་མཐོན་པོའི་མཁས་གྲུབ་ཀྱི་གོ་འཕང་ཐོབ་ཡོད་ཀྱང་། བོད་ཀྱི་སྤྱི་ཚོགས་ནང་སྤྱི་ཡོངས་ལ་མི་ཡི་ཆུ་ཚད་ཡར་རྒྱས་ལ་དེ་ཙམ་ནུས་པ་ཐོན་མེད། དེ་ནི་ཆོས་ཀྱི་བཟང་ངན་མ་ཡིན་པར་ཆོས་ཀྱི་ལམ་སྟོན་གྱི་ཁ་ཕྱོགས་བསྒྱུར་སྟངས་མ་འདྲ་བ་ལས་བྱུང་བར་སྙམ། དཔེར་ན་རང་རེས་བཤད་གྲྭ་ཁག་ནས་གཞུང་ཆེན་ཁག་ལ་མི་ལོ་བཅུ་ཕྲག་མང་པོ་སྦྱངས་ནས་རིག་པའི་དགག་སྒྲུབ་མང་པོ་བྱས་ཀྱང་དེ་དག་གཙོ་བོ་སྔར་རྒྱ་གར་གྱི་མཁས་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་དུས་རབས་བཅུ་པའི་ཡར་མར་ནས་བྱུང་བའི་སྔོན་གྱི་རྒྱ་གར་གྱི་ཕྱི་ནང་གི་ཆོས་ལུགས་དང་གྲུབ་མཐའ་དང་སྤྱི་ཚོགས་ལ་རིག་པས་དགག་སྒྲུབ་བྱས་པ་ལས་དུས་རབས་ཉི་ཤུ་པའི་ཡར་མར་གྱི་དེང་དུས་ཀྱི་སྤྱི་ཚོགས་དང་ལྷག་ཏུ་བོད་ཀྱི་ནང་ཆོས་དང་རིག་གཞུང་སྤྱི་ཚོགས་ཀྱི་འདས་མ་འོངས་ལ་དེ་ཙམ་རིགས་པས་དཔྱད་པ་དང་སློབ་སྦྱོང་བྱས་མེད། ཅུང་ཟད་ཡོད་པ་རྣམས་ཀྱང་བོད་སྔ་ཕྱིའི་ཚད་མ་དང་དབུ་མའི་ལྟ་གྲུབ་ཀྱི་བཞེད་མཚམས་དང་མཁས་པ་རྣམས་ཀྱི་འདོད་ཚུལ་འདྲ་མིན་དཔྱད་ནས་ཕལ་ཆེར་དུས་ཚོད་རྫོགས་ཡོད། དེ་ནི་དེང་སང་ཞིབ་འཇུག་སྡེ་ཚན་གྱི་ཁོངས་སུ་གཏོགས་པ་ལས་ལག་ལེན་དང་སློབ་སྦྱོང་གི་སྡེ་ཚན་དུ་མི་གཏོགས། མ་འོངས་པར་རང་རེའི་བཤད་གྲྭ་ཁག་ཞིབ་འཇུག་བྱ་ཡུལ་དང་ཁྱད་ལས་མཁན་གསོ་སྐྱོང་བྱེད་ཡུལ་ཙམ་མ་ཡིན་པར་ནང་ཆོས་སློབ་སྦྱོང་བྱེད་ཡུལ་གྱི་ཐུན་མོང་གི་ནང་བསྟན་གྱི་སློབ་གྲྭའི་ངོ་བོར་འགྱུར་དགོས། བཤད་གྲྭ་བ་ཞེས་དགེ་འདུན་པ་འགས་སློབ་སྦྱོང་བྱེད་པ་ཙམ་མ་ཡིན་པར་གྲྭ་བཙུན་ཚང་མ་བཤད་གྲྭར་སོང་ནས་སློབ་སྦྱོང་བྱེད་དགོས། དཔེར་ན་ཡར་ཐོན་ཅན་གྱི་ལུང་པར་བྱིས་པ་ཚང་མ་སློབ་གྲྭ་ལ་འགྲོ་དགོས་པ་བཞིན་འགྱུར་དགོས། དེ་བཞིན་རང་རེ་བོད་ཀྱི་བླ་གྲྭ་རྣམས་ནས་ཀྱང་དགོན་པའི་ནང་། ཆོས་ཀྱི་བྱ་བ་ཁོ་ན་མ་ཡིན་པར་ཕྱི་རོལ་ཏུ་སོང་ནས་སྤྱི་ཚོགས་ལ་ཕན་པའི་བྱ་བ་རེ་མ་སྒྲུབ་ན་བོད་ཀྱི་བླ་གྲྭ་དང་མི་མང་བར་ཁ་ཐག་ཇེ་རིང་དང་ཇེ་རིང་དུ་འགྲོ་བཞིན་པ་ཧ་ཅང་གསལ། དེང་སང་བོད་པ་གཞོན་སྐྱེས་མང་པོས་གྲྭ་པ་ནི་སྤྱི་ཚོགས་ཀྱི་ཁུར་པོ་དང་། བླ་སྤྲུལ་རྣམས་ནི་སྤྱི་ཚོགས་ཀྱི་བཤུ་བཞོག་མཁན་རེད་ཅེས་སྔོན་མི་ཡིས་ཤོད་ཅེས་བཙན་ཤེད་ཀྱིས་བཤད་པ་རྣམས། ད་ལྟ་རང་འགུལ་གྱིས་བཤད་མཁན་དང་བསམ་མཁན་མང་རུ་འགྲོ་བ་དང་། ཡང་ཁམས་ཕྱོགས་ནས་བགྲོ་གླེང་ཞིག་གི་སྟེང་བོད་ཀྱི་དགོན་པས་བོད་ཀྱི་སྤྱི་ཚོགས་ལ་ཕན་གནོད་གང་ཡོད་ལ་བསམ་ཚུལ་བཏོན་པར་བརྒྱ་ཆ་དྲུག་བཅུ་ལྷག་ནས་གནོད་པར་བཤད་པ་དང་སུམ་ཅུ་ལྷག་ནས་ཕན་པ་ཡོད་པར་བཤད་པ་ཐོས། དེ་ནི་རང་རེ་དགོན་སྡེ་རྣམས་ལ་ཉེན་བརྡ་ཚབ་ཆེན་ཞིག་གཏང་བ་མ་ཡིན་ནམ། ད་ནི་རྩོད་རིགས་ཀྱི་ཐལ་སྒྲ། རྩོམ་པ་པོའི་སྨྱུག་ཁ། རྟོགས་སད་པའི་འབོད་སྒྲ། ཤེས་ཡོན་པའི་སྣེ་ཁྲིད་། དགོན་སྡེ་ཡི་འདུ་འཚོགས། ཚོང་པའི་དཔལ་འབྱོར་། དབང་ཅན་གྱི་ནུས་ཤུགས་ཚང་མ་བོད་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་ལ་ཁ་ཕྱོགས་གོམ་པ་སྤོས་ནས་སྤྱི་ཚོགས་འདི་ཡར་རྒྱས་དང་འཆམ་མཐུན། སློབ་གསོ་དང་ཤེས་ཡོན་། ནང་ཆོས་ཀྱི་གོ་རྟོགས་དང་མི་རིགས་ཀྱི་ཆུ་ཚད་སོགས་ཇེ་བཟང་དང་ཇེ་ལེགས་སུ་གཏང་ནས་དཔལ་ཡོན་གཉིས་ཕྱུག་གི་མི་རིགས་ཤིག་བསྐྲུན་དགོས། མི་རིགས་ཞིག་ལ་མཚོན་ན་ཤེས་ཡོན་དང་སློབ་གསོ་མེད་ན་མ་འོངས་པར་མདུན་ལམ་གྱི་རེ་བ་ཅི་ཡང་མེད་། དེའི་ཕྱིར་རང་རེའི་ནུས་ཤུགས་སྤྱི་ཚོགས་ཀྱི་ཕན་བདེ་དང་ཤེས་ཡོན་སླ྄ོབ་གསོ་ལ་འདོན་དགོས་པར་སྙམ སྤྱོད་འཇུག་ལས། སེམས་ཅན་འགུ་བྱ་མ་གཏོགས་པའི། །རྒྱལ་བ་དགྱེས་པའི་ཐབས་གཞན་མེད། །ཅེས་གདམས་པ་དེ་སྙིང་གི་དཀྱིལ་ལ་འཆང་རིགས་སོ།། ལང་ཀའི་ཡུལ་འདིར་དེང་སང་གནས་བསྐོར་ལ་འགྲོ་སྐབས། མཐོང་ན་སློང་། མ་མཐོང་ན་རྐུ། ཐུབ་ན་འཕྲོག། མ་ཐུབ་ན་བཅོས་མི་འཛུམ་སྟོན་པའི་སློང་མོ་བ་ཡང་མི་འདུག མར་མེ་དང་སྤོས་སོགས་ཅ་ཁ་ཉོས་ཟེར་ནས་རྗེས་འདེད་། ཉོས་ན་གོང་སྤར།མ་ཉོས་ན་ཚིག་པ་ཟ། གཅིག་ཉོས་ན་ཡང་ཉོས་ཟེར་བ་དང་ཅ་དངོས་ཀྱི་རིན་ཐང་མི་ཡི་གདོང་པ་ལ་བལྟས་ནས་ཚོད་བྱེད་པ་སོགས་རྫུན་དང་གཡོ་རྒྱུའི་གང་བའི་ཚོང་བ་ཡང་མི་འདུག ལར་འདི་འདྲའི་རིགས་ཆོས་པ་ཞིག་གི་ངོས་ནས་བཤད་ན་ཕར་ཕྱིན་དྲུག་ཀ་ཉམས་སུ་ལེན་པའི་གོ་སྐབས་མང་བས་མཐའ་གཅིག་ཏུ་འདི་རིགས་ངན་པར་མ་ངེས་ཀྱང་འགའ་ཞིག་ལ་སུན་པོ་དང་མཐོང་སྣང་མི་ལེགས་པ་ཡང་ཡོད།
ཤྲི་ལང་ཀའི་དགེ་འདུན་པ་གྲངས་དེ་ཙམ་མི་མང་ཡང་སྤྱི་ཚོགས་ལ་ཤུགས་རྐྱེན་ཤིན་ཏུ་ཆེ་། དགེ་འདུན་པ་རྣམས་ཞོག་པ་ཆུ་ཚོད་བཞི་ཙམ་ནས་བཞེངས། རྟེན་གྱི་དྲུང་ལ་ཕྱག་དང་མཆོད་པ་ཕུལ་རྗེས་མདོ་འདོན་པ་དང་། ཏིང་ངེ་འཛིན་སྒོམ། དེ་རྗེས་དགོན་པའི་འཁོར་ཡུག་གཙང་སྦྲ་བྱས་ནས་ཞོག་ཇ་ལ་རོལ་བ་སོགས་དྭངས་བ་འདྲེན་པ་མང་པོ་མཆིས། རྟེན་ནི་དགོན་པ་རེ་ལ་སྟོན་པའི་སྐུ་དང་མཆོད་རྟེན་རེ་དང་བྱང་ཆུབ་ལྗོན་ཤིང་གསུམ་ལས་གཞན་མང་པོ་མི་འདུག ནང་པའི་མི་ཚང་རེ་ལ་སངས་རྒྱས་ཀྱི་སྐུ་རེ་མེད་ས་མེད་པར་བཤད། ང་ཡང་ཁྱིམ་ཚང་ཁ་ཤས་ལ་སོང་ནས་བལྟས་པས་དེ་བཞིན་འདུག རྒྱུན་ཏུ་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་མཚན་སྔགས་འདོན་པ་དང་ཕྲེང་བ་བཟུང་བ་སོགས་མཐོང་རྒྱུ་དཀོན། དགེ་འདུན་པའི་གཙོ་བོ་སངྒ་རཱ་ཛ་ཞུ་བའི་གནས་བརྟན་བགྲེས་པ་ཞིག་འདུག དེ་ལ་ཡུལ་དེས་སྐྱ་སེར་ཀུན་གྱིས་བརྩི་བཀུར་ཤིན་ཏུ་ཆེ་། མ་ཧཱ་སངྒ་གཞན་དང་རྒྱལ་ཁབ་ཀྱི་སྲིད་འཛིན་རྣམས་ནས་ཀྱང་ཞབས་ལ་སྤྱི་བོའི་བཏུད་པ་དང་། མཇལ་བའི་སྐབས་མདུན་ལ་པུས་གཙུགས་ཐལ་སྦྱར་བྱེད་བཞིན་འདུག དེ་ནི་རང་རེའི་བོད་ཀྱི་བླ་ཆེན་ཕལ་མོ་ཆེ་ནང་བཞིན་གསེར་དངུལ་སོགས་ཀྱི་ཁྲི་ཆེན་པོ་དང་། དར་གོས་ཀྱི་གདན།རིན་པོ་ཆེའི་རྒྱན་དང་། ཕྲུག་དང་རྒྱ་གསེར་སོགས་བཟང་དགུའི་ཁྲི་དང་གདུགས་ན་བཟའ་སོགས་ཧ་ཅང་རྒྱས་སྤྲོས་དང་། བླ་བྲང་ཆེན་པོ་དང་སྐུ་འཁོར་སོགས་མི་ཆེན་དང་རྒྱལ་པོའི་ལུགས་བཞིན་གང་ཡང་མ་མཆིས། བསམ་གཏན་གྱི་ཁང་བུ་སྟབས་བདེ་ཞིག་གི་ནང་དབུ་རྐྱང་ཞབས་རྗེན་དང་། ངུར་སྨྲིག་གི་ཆོས་གོས་དང་། འདོད་ཆུང་ཆོག་ཤེས་ཅན་། ཕྱག་ན་བསིབ་གཡབ་ཅིག་བསྣམས་ནས་འདུལ་འཛིན་ཆེན་པོ་ཤིག་ལོས་ཡིན་བསམ་ཤོར་བ་། སྔོན་སྟོན་པ་ཞལ་བཞུགས་སྐབས་དགེ་འདུན་པ་རྣམས་འདི་འདྲ་བ་ཞིག་ཡོད་ངེས་སྙམ་ནས་ཡུད་ཙམ་ལྷག། མཇལ་བ་ཙམ་གྱིས་དད་གུས་དང་དང་བ་འཕེལ་བ་ཞིག་བཞུགས་འདུག ངས་བོད་ཀྱི་བླ་ཆེན་རྣམས་དང་ཡང་ན་བླ་ཆེན་ག་གེ་མོ་ཞིག་ལ་མ་དད་པར་ཆེད་དུ་སྒྲོ་སྐུར་ཞུས་པ་མ་ཡིན་པར་རང་རེའི་བོད་པའི་གོམས་སྲོལ་བཤད་པ་ཡིན། ཁོང་རྣམས་ལ་བཟང་ངན་གྱི་ཞེན་ཆགས་དང་རྟོག་པ་མེད་ལས་ཆེ་བས་སྐྱོན་གྱིས་མི་གོས་པ་རེ་སྲིད་ཀྱང་། ངས་ཚུལ་མཐོང་གི་བློས་གཞལ་ནས་བཤད་པ་ཡིན། ལར་རང་རེས་སྲོལ་རྒྱུན་མང་པོར་དག་སྣང་ཁོ་ན་སྦྱང་བར་བྱ་བ་ལས། དཔྱད་ན་རྣམ་རྟོག་གི་འཆར་སྒོ་མང་པོ་ཤར་བས་རེ་ཞིག་གཏང་སྙོམས་ཆེན་པོ་ལ་གནས་པར་བྱའོ།།
གལ་ཏེ་ངན་པའི་ཚིག་ལས་བཟང་པོའི་བློ་རྙེད་ཅེས་བཤད་པ་བཞིན་བཟང་ལེན་སྐྱོན་སེལ་རེ་བྱུང་ན་དད་པ་དང་དགའ་བའི་གནས་སུ་མཆིས། འདི་ནི་བོད་ཀྱི་སྲོལ་རྒྱུན་དང་ཐོབ་ཐང་ལུགས་སྲོལ་རེད་ཅེས་ཨུ་ཚུགས་གནང་ན་ལགས་སོ་ཞུ་བ་ལས་ཅི་བྱ། ལར་ནི་རང་རེའི་རྒྱན་ཆས་མང་པོ་ཞིག་ནི་རྒྱ་ནག་དང་ཧོར་སོག་རྣམས་ཀྱི་ཆེན་པོའི་ཆས་གོས་སུ་ངེས་པ་ལས་བོད་ཀྱི་སྲོལ་དང་ལྷག་པར་རབ་ཏུ་བྱུང་བའི་ཆས་ནི་མ་ཡིན་པར་ཤེས་དགོས། ཡང་དགོད་བྲོ་བ་ཞིག་ལ།དགེ་སློང་རྣམས་ཀྱི་ན་བཟའི་མདོག་མི་འདྲ་བ་ཁ་ཤས་སེར་པོ་དང་འགའ་ནི་དམར་པོ་ཡང་འདུག་པས་ཅིའི་ཕྱིར་མི་འདྲ་བ་དྲིས་པས། མི་ཚང་གཅིག་གི་བུ་ཆེ་བ་རབ་ཏུ་བྱུང་ན་མདོག་སེར་པོ་དབང་བ་དང་། དེ་འོག་རྣམས་རབ་ཏུ་བྱུང་ན་མདོག་དམར་པོ་གོན་དགོས་ཟེར། ཡུལ་གྱི་ཁ་ཟས་ནི་མང་ཤོས་སྔོ་ཚལ་རིགས་དང་ཤིང་འབྲས་རྣམས་ཡིན་། ཁྱིམ་པ་དང་རབ་ཏུ་བྱུང་བ་ཀུན་གྱིས་ཉ་ཤ་སོགས་ཆུ་གནས་ལ་ལོངས་སྤྱོད་ཀྱང་འབུ་རིགས་སོགས་མང་པོ་མི་ཟ།
ཡང་ཉིན་ཞིག་རྒྱ་ནག་ཧང་ཀྲོས་ནས་ཡིན་པའི་རྒྱ་རིགས་ཁ་ཤས་དང་མཉམ་དུ་ཉིན་གོང་ཟ་མ་ཟོས་པས་ཁོང་རྣམས་ནི་ཤྲི་ལང་ཀར་ཚོང་ལས་གཉེར་བཞིན་ཡོད་ཟེར། ཁོང་ནས་བཤད་པ་འཛམ་གླིང་འདིའི་སྟེང་རྒྱ་རིགས་ནང་བཞིན་ལས་ལ་བརྩོན་པ་ཅན་ཧ་ཅང་ཉུང་ཟེར། དེ་ཕལ་ཆེར་བདེན་པར་གོ། རྒྱ་མི་རིགས་ནི་ལས་ལ་བརྩོན་འགྲུས་དང་སྙིང་རུས་ཆེ་ཤིང་དཔལ་འབྱོར་གསོག་སྒྲུབ་ལ་མཁས་པ་དང་། སོ་སོའི་མི་རིགས་དང་རིག་གཞུང་ལ་ཧ་ཅང་ཤ་ཞེན་ཆེ་བ་སོགས་བཟང་པོ་ཡང་མང་བས་ལེགས་ཆ་རྣམས་རང་རེ་བོད་པ་རྣམས་ཀྱིས་ཀྱང་ཁོང་རྣམས་ལ་སློབ་སྦྱོང་བྱེད་དགོས་པར་འདུག སྔོན་གདོང་དམར་བོད་པའི་རླུང་རྟ་དགུང་ལ་སྙེགས་དུས་རྒྱ་དཀར་ནག་དང་ཧོར་སོག་སོགས་ཕྱོགས་བཞིའི་ཆོས་དང་རིག་གནས་དཔལ་འབྱོར་སོགས་ལེགས་ཆ་རྣམས་ཁ་བའི་ལྗོངས་ལ་དྲངས་ནས་བོད་གངས་ཅན་པ་ཞེས་ཆོས་རིགས་དང་དཔལ་ཡོན་ཕུན་སུམ་ཚོགས་ནས་སྟོབས་ཆེན་གྱི་མི་རིགས་ཤིག་བྱུང་མྱོང་། ད་ལྟའི་ཆར་རང་རེ་བོད་པ་རྣམས་ཁ་ལས་དང་རླུང་རྟ་རྒུད་པའི་དུས། བོད་མིའི་གཞོན་སྐྱེས་ལྷག་བསམ་ཅན་མང་པོའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་། ཆོས་སྤེལ་མཁན་མང་པོ་ལ་རང་རེའི་ཕ་མེས་ཀྱི་བཀའ་སྤྱད་ཀྱིས་སྒྲུབ་པའི་ཆོས་དང་རིག་གཞུང་ཕྱིར་འདྲེན་དང་ཕྱིར་བཙོང་བྱེད་པ་ལས་རིག་གཞུང་ནང་འདྲེན་མི་འདུག་ཟེར་ནས་འཁངས་ར་བྱེད་བཞིན་པ་ཐོས། དེ་ནི་སྤྱིར་གཞན་ལ་ཆོས་སྤེལ་བ་དང་རིག་གནས་ཀྱི་ལེགས་སྐྱེས་འབུལ་བ་ཤིན་ཏུ་བཟང་ཡང་། རང་རེ་ཉམ་ཐག་པའི་མི་རིགས་འདི་ཡི་ལས་དབང་ལ་ཡང་གཞིགས་ནས། མཁྱེན་སྤྱན་ཡངས་པའི་ལོ་ཙཱ་བ་དང་ཆོས་སྨྲ་བ་རྣམས་ནས་ཀྱང་ཤར་ནུབ་ཀྱི་ཚན་རིག་དང་དཔལ་འབྱོར་རིག་པ། ལོ་རྒྱུས་དང་སྤྱི་ཚོགས་རིག་པ་སོགས་རིག་གཞུང་གང་མང་བོད་བསྒྱུར་གནང་ནས་རང་རེ་གངས་ཅན་པའི་གཞོན་སྐྱེས་རྣམས་ལ་ལེགས་སྐྱེས་སུ་ཕུལ་ན་ཅི་འདྲའི་བྱས་རྗེས་མི་ཆེའམ། དེ་ནི་དངོས་གནས་གཟི་བརྗིད་ཅན་གྱི་བྱ་བ་ཤིག་རེད་ལ་བྱམས་པ་དང་སྙིང་རྗེའི་བྱ་སྤྱོད་ཅིག་ཀྱང་ཅིའི་ཕྱིར་མིན།
ཡང་ཆེས་ཟབ་པའི་ཚོར་བ་ཞིག་ནི། གནམ་ཐང་ནས་ཕྱིར་ཐོན་སའི་སྒོ་ཆེན་ལ་སྟོན་པའི་སྐུ་ཤིག་བཞེངས་འདུག དེ་ཡང་མཛེས་རྒྱན་གྱི་ཆེད་ཙམ་མ་ཡིན་པར་ཉིན་བཞིན་མཆོད་པ་འབུལ་བ་དང་། ཡུལ་གང་ལ་སོང་ཡང་ལམ་གྱི་མདོ་དང་ལམ་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྐུ་དང་མཆོད་རྟེན་དང་བྱང་ཆུབ་ལྗོན་ཤིང་བཅས་འདུག དེ་ལ་ཡང་རྟག་པར་མེ་ཏོག་དང་ཆུ་སོགས་མཆོད་པ་འབུལ་བ་དང་ཕྱག་མཆོད་བྱེད་པ་མཐོང་རྒྱུ་འདུག སྐུ་རྣམས་ལ་ཉིན་བཞིན་མཆོད་པ་འབུལ་བ་དང་དེ་ཡང་སངས་རྒྱས་དངོས་བཞུགས་པར་མོས་ནས་མཆོད་པ་འབུལ་བ་དང་།དཔེར་ན་རང་རེས་ནང་ལ་དགེ་འདུན་པ་བཞུགས་པ་ལ་སྔ་གྲོ་དང་ཉིན་གུང་ཞལ་ཟས་འབུལ་བ་བཞིན་འདུག སྔོན་དགེ་འདུན་ཆོས་འཕེལ་ནས་བུད་མེད་ཀྱིས་སངས་རྒྱས་ཀྱི་སྐུ་ལ་མི་རེག་པ་དང་། དགེ་ཚུལ་སངས་རྒྱས་ཀྱི་སྐུ་མདུན་མི་ཉལ་བ་དང་། ཕྱི་དྲོ་སངས་རྒྱས་ལ་མཆོད་པ་མི་འབུལ་བ་སོགས་དམ་ཆོས་འདུལ་བའི་སྤྱོད་པ་དང་མཐུན་པ་མང་པོ་ཡོད་པར་གསུངས། ཁོང་རྣམས་ཀྱི་ཉམས་ལེན་གཙོ་བོ་ཚུལ་ཁྲིམས་བསྲུང་བ་དང་། ཏིང་ངེ་འཛིན་བསྒོམ་པ་དང་། སྦྱིན་པ་གཏོང་བ་དེ་གསུམ་གཙོ་བོ་ཡིན་ཞེས་བཤད་བཞིན་འདུག སྤྱིར་སངས་རྒྱས་བསྟན་པའི་རྩ་བ་ནི་ལུང་རྟོགས་གཉིས་སུ་ངེས་པ་དང་། ལུང་སྡེ་སྣོད་གསུམ་ཞེས་འདུལ་བ། མདོ་སྡེ། མངོན་པ་གསུམ་ལ་སློབ་སྦྱོང་བྱེད་པ་དང་། ལམ་བསླབ་པ་གསུམ་ཞེས་ཚུལ་ཁྲིམས། ཏིང་འཛིན། ཤེས་རབ་གསུམ་ལ་ཉམས་ལེན་དགོས་ཀྱང་རང་རེ་མང་པོ་ཤིག་ནི་རྩ་བ་བོར་ནས་ཡལ་ག་ལ་འཐམ་ཡོད། ཐེངས་འདིའི་ལྗོངས་རྒྱུ་དེས་དུས་ཀྱི་མཐའ་ཡང་སངས་རྒྱས་ཀྱི་བསྟན་པ་འདི་འདྲ་གནས་འདུག་བསམས་ནས་ཉིན་ཤས་རིང་སེམས་ནང་ལ་སྤྲོ་ལྷང་ངེར་གནས་པ་ཞིག་བྱུང་སོང་། རེ་ཞིག་འདི་ནས་མཚམས་འཇོགས་བྱེད་རྒྱུ་ཡིན། ཞིབ་ཕྲ་ནི་མཁས་པའི་དབང་པོ་དགེ་ཆོས་ལགས་ཀྱི་སེང་ག་ལའི་གླིང་གི་ལམ་ཡིག་ལས་གསལ་བས་དཔྱོད་ལྡན་རྣམས་ནས་སྤྱན་རས་དེར་གཡོ་བར་ཞུ། དུས་མཐའི་དགེ་སྦྱོང་གི་གཟུགས་བརྙན་ཙམ་འཆང་བ་མཁན་པོ་ཚུལ་རྣམ་སུ་འབོད་པས་སེང་ག་ལའི་གླིང་ནས་བྲིས།།
ཐུགས་རྗེ་ཆེ།
གོང་གི་པར་འདི་ནི་དགེ་འདུན་ཆོས་འཕེལ་རང་རེད་འདུག
རྫ་ཚེ་རིང་བཀྲ་ཤིས་ལགས། འོས་སྦྱོར་བྱས། ཟེར་ན་ག་རེ་རེད་དམ།?
མཁོ་སྤྲོད་བྱེད་པའི་དོན་ཨེ་ཡིན་ལགས། འདི་མིང་ཚིག་གསར་པ་རེད་དམ་རྙིང་པ་རེད།
ང་ཡང་གནས་མཆོག་འདི་ལ་གནས་མཇལ་དུ་འགྲོ་ཐུབ་ཐབས་བྱེད་རྒྱུ། མཁན་པོ་ཚུལ་རྣམ་ལགས་ཐུགས་རྗེ་བླ་ན་ཆེ།
མཁན་ཆེན་ཁྱེད་ཤྲཱི་ལངྐའི་རྒྱལ་ཁབ་དེར། ཞིབ་འཇུག་དང་རྒྱུས་ལོན་ཞིག་གི་ཆེད་དུ་ཕེབས་པའི་མཐོང་ཐོས་དང་འབྲེལ་བའི་བོད་རིགས་ཡོངས་ལ་བསླབ་བྱ་རིང་ཐང་དང་བྲལ་བ་བསྩལ་གནང་བར་དགུ་གུས་ཡི་རང་དང་འབྲེལ། ཡུལ་དེར་ཞིབ་འཇུག་དང་རྒྱུས་ལོན་གནང་བའི་ལྗགས་རྩོམ་མྱུར་དུ་མཇལ་བའི་རེ་སྨོན་ཞུ།
མཁན་པོས་ཡག་ཐག་ཆོད་ཅིག་གསུངས་བཞག ཐེངས་འགའ་མཇལ་དུ་སོང་ཡང་མི་ངོམས་ས་ཞིག་འདུག གང་ལྟར་གསང་སྔགས་ཀྱི་གནས་ཆེན་དང། བྱང་སེམས་ཀྱི་གདན་ས། ཉན་ཐོས་ཀྱི་འཚོ་གནས་ཕུན་སུམ་ཚོགས་པ་ཞིག་རེད་འདུག ཤྲི་ལང་ཀ་ལབ་ན་རྒྱ་སྐད་རེད། བོད་སྐད་དུ་་་་་
མཁས་པས་ཤུལ་དུ་འཇོག་རྒྱུ་རྒྱུ་ནོར་དང་ཁང་ཆེན་སོགས་མ་ཡིན་པར། ཤུལ་ཏུ་བསྟན་པ་དང་སེམས་ཅན་ལ་ཕན་པའི་བྱས་རྗེས་དང་ལྷག་ཏུ་ཤེས་ཡོན་གྱི་ལེགས་སྐྱེས་དང་བརྩམས་ཆོས་རྣམས་རེད་འདུག དགེ་འདུན་ཆོས་འཕེལ་གྱིས་འཇིག་རྟེན་འདིར་ཚུར་འོང་དོན་ནི་བྱ་བ་ཞིག་བསྒྲུབ་ནས་ཕར་འགྲོ་དགོས་པ་རེད་གསུངས་པ་ཤིན་ཏུ་བདེན།
དང་།
བོད་མི་རྣམས་ནི་ངག་གི་རྩལ་དང་རྣམ་དཔྱོད་དང་འཇོན་ཐང་ཅན་ཞིག་འདུག ཡིན་ནའང་སེམས་ཕམ་པ་ཤིག་ལ་མང་པོ་ཤིག་གཉིད་འདུག་པ་དང་། ད་དུང་ཡང་གཉིད་སྨན་ཟ་བཞིན་མཆིས། གལ་ཏེ་གཉིད་ལས་སད་ན་སྔོན་ཐོན་གི་མི་རིགས་དང་འགྲན་ཐུབ་པ་དང་དེ་ལས་བཟང་བ་འདུག་ཅེས་བསྔགས་བརྗོད་གསུངས་པ་ཡང་ལོས་བདེན་སྙམ།
ཡང་།
ཆུང་བྱིས་པ་ནས་རྒས་ལ་ཐུག་པའི་བར་རྣ་བ་ཚ་ཚ་དང་སེམས་པ་གཟན་གཟན་བར་ཐོས་པའི་བོད་རྒན་རྣམས་ནི་རྗེས་ལུས་དང་ཀླ་ཀློ་མུན་ནག་བྲན་གཡོག་ཅེས་པ་ནི་སྒྲོ་སྐུར་གྱི་ཞྭ་མོ་ཞིག་ཅིའི་ཕྱིར་མིན། འོན་ཀྱང་ད་ལྟ་རང་རེ་ཕལ་ཆེར་གཉིད་སྐྱིད་པོ་ཁུག་ནས་ཉལ་བས་བོད་མི་རིགས་འདི་རྗེས་ལུས་ཀྱི་མི་རིགས་ཤིག་ལ་གྱུར་ཡོད། གཉིད་ལས་དཀྲོགས་བྱེད་གཅིག་པུ་ནི་རང་རེ་བོད་པ་སྐྱ་སེར་ཚངས་མས་མནའ་དེང་གྱི་ཤེས་ཡོན་ཡ་མ་བྲལ་བར་སློབ་སྦྱོང་བྱེད་རྒྱུ་ཁོ་ནར་མཐོང་། སློབ་སྦྱོང་ནི་དགོས་འདོད་འབྱུང་བའི་ནོར་བུ་ཆེན་པོ་ཡིན།
༥༽ པདྨ་ལགས། ཤྲཱི་ལངྐ་ལབ་ན་སཾསྐྲྀཏའི་སྐད་ལ་ཡིན་ནམ་སྙམ། བོད་སྐད་དུ་དཔལ་གྱི་སྲིན་གླིང་ཞེས་བསྒྱུར་ན་ག་འདྲ་འདུག
ལར་བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་ཟེར་བའི་དཔེ་བཞིན་རང་རེ་བོད་པ་རྣམས་ནི་རང་ལ་རང་ཡིད་ཆེས་པ་དང་རེ་བ་ཐམས་ཅད་རང་ལ་བཅོལ་བའི་སྤོབས་པ་ཆུང་བ་དང་། ཡ་ཀིའི་ལྷས་སྐྱོབ་འགྲོ། མ་ཀིའི་དཔོན་གྱིས་འདྲེན་འགྲོ། ཕ་ཀིའི་གྲོགས་ཀྱིས་ཕན་ཡོང་སྙམ་པའི་སྒྱིད་ལུག་དང་བག་འཁུམ། གཞན་རྟེན་གྱི་གོམས་གཤིས་ངན་པ་འདིས་རྟག་ཏུ་ཕུང་བཞིན་ཡོད།
དང
དེ་བཞིན་རང་རེ་བོད་ཀྱི་བླ་གྲྭ་རྣམས་ནས་ཀྱང་དགོན་པའི་ནང་། ཆོས་ཀྱི་བྱ་བ་ཁོ་ན་མ་ཡིན་པར་ཕྱི་རོལ་ཏུ་སོང་ནས་སྤྱི་ཚོགས་ལ་ཕན་པའི་བྱ་བ་རེ་མ་སྒྲུབ་ན་བོད་ཀྱི་བླ་གྲྭ་དང་མི་མང་བར་ཁ་ཐག་ཇེ་རིང་དང་ཇེ་རིང་དུ་འགྲོ་བཞིན་པ་ཧ་ཅང་གསལ། དེང་སང་བོད་པ་གཞོན་སྐྱེས་མང་པོས་གྲྭ་པ་ནི་སྤྱི་ཚོགས་ཀྱི་ཁུར་པོ་དང་། བླ་སྤྲུལ་རྣམས་ནི་སྤྱི་ཚོགས་ཀྱི་བཤུ་བཞོག་མཁན་རེད་ཅེས་སྔོན་མི་ཡིས་ཤོད་ཅེས་བཙན་ཤེད་ཀྱིས་བཤད་པ་རྣམས། ད་ལྟ་རང་འགུལ་གྱིས་བཤད་མཁན་དང་བསམ་མཁན་མང་རུ་འགྲོ་བ་དང་། ཡང་ཁམས་ཕྱོགས་ནས་བགྲོ་གླེང་ཞིག་གི་སྟེང་བོད་ཀྱི་དགོན་པས་བོད་ཀྱི་སྤྱི་ཚོགས་ལ་ཕན་གནོད་གང་ཡོད་ལ་བསམ་ཚུལ་བཏོན་པར་བརྒྱ་ཆ་དྲུག་བཅུ་ལྷག་ནས་གནོད་པར་བཤད་པ་དང་སུམ་ཅུ་ལྷག་ནས་ཕན་པ་ཡོད་པར་བཤད་པ་ཐོས། དེ་ནི་རང་རེ་དགོན་སྡེ་རྣམས་ལ་ཉེན་བརྡ་ཚབ་ཆེན་ཞིག་གཏང་བ་མ་ཡིན་ནམ།
བོད་གངས་ཅན་པ་ཞེས་ཆོས་རིགས་དང་དཔལ་ཡོན་ཕུན་སུམ་ཚོགས་ནས་སྟོབས་ཆེན་གྱི་མི་རིགས་ཤིག་བྱུང་མྱོང་། ད་ལྟའི་ཆར་རང་རེ་བོད་པ་རྣམས་ཁ་ལས་དང་རླུང་རྟ་རྒུད་པའི་དུས། བོད་མིའི་གཞོན་སྐྱེས་ལྷག་བསམ་ཅན་མང་པོའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དང་། ཆོས་སྤེལ་མཁན་མང་པོ་ལ་རང་རེའི་ཕ་མེས་ཀྱི་བཀའ་སྤྱད་ཀྱིས་སྒྲུབ་པའི་ཆོས་དང་རིག་གཞུང་ཕྱིར་འདྲེན་དང་ཕྱིར་བཙོང་བྱེད་པ་ལས་རིག་གཞུང་ནང་འདྲེན་མི་འདུག་ཟེར་ནས་འཁངས་ར་བྱེད་བཞིན་པ་ཐོས།
དང་།
ཁོང་རྣམས་ཀྱི་ཉམས་ལེན་གཙོ་བོ་ཚུལ་ཁྲིམས་བསྲུང་བ་དང་། ཏིང་ངེ་འཛིན་བསྒོམ་པ་དང་། སྦྱིན་པ་གཏོང་བ་དེ་གསུམ་གཙོ་བོ་ཡིན་ཞེས་བཤད་བཞིན་འདུག སྤྱིར་སངས་རྒྱས་བསྟན་པའི་རྩ་བ་ནི་ལུང་རྟོགས་གཉིས་སུ་ངེས་པ་དང་། ལུང་སྡེ་སྣོད་གསུམ་ཞེས་འདུལ་བ། མདོ་སྡེ། མངོན་པ་གསུམ་ལ་སློབ་སྦྱོང་བྱེད་པ་དང་། ལམ་བསླབ་པ་གསུམ་ཞེས་ཚུལ་ཁྲིམས། ཏིང་འཛིན། ཤེས་རབ་གསུམ་ལ་ཉམས་ལེན་དགོས་ཀྱང་རང་རེ་མང་པོ་ཤིག་ནི་རྩ་བ་བོར་ནས་ཡལ་ག་ལ་འཐམ་ཡོད། ་་་་་་ཅེས་གསུངས་འདུག
མཁན་པོ་ཚུལ་རྣམ་ལགས་ཤིན་ཏུ་ནས་ཐུགས་རྗེ་ཆེ། རང་རེ་རྣམ་ནས་བསླབ་བྱ་ལེན་རྒྱུ་མང་པོ་བཀོད་འདུག་པས་་དེ་དེ་བཞིན་དུ་གྲུབ་པའི་སྨོན་འདུན་ཞུ།
གནས་བཤད་ཡིད་འཕྲོག་པ་ཞིག་གནང་འདུག བོད་ཀྱི་ཆོས་རིག་སློབ་གསོ་དང་གོམས་སྲོལ་ངན་པ་འདོར་དགོས་པའི་སྐོར་གྱི་དགོངས་འཆར་དེ་ཚོ་ཡིད་ལ་འཇུག་པ་ཞིག་བྱུང་། དེ་དེ་བཞིན་ནོ། གནས་སྐོར་ཟིན་བྲིས་པ་དང་འོས་སྦྱོར་པ་གཉིས་ཀར་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་།
མཁན་པོ་ཚུལ་རྣམ་གྱིས་བརྩམས། རྫ་ཚེ་རིང་བཀྲ་ཤིས་ཀྱིས་འོས་སྦྱོར་མཛད་པ་བཀླགས། གནས་ཚུལ་ལེགས། རིང་བས་ཡོངས་རྫོགས་ལེགས་པར་ཀློག་མ་ཐུབ། ཚིག་ཁ་ཤས་ཞུ་འདོད་བྱུང་། དེ་ཡང་། སེངྒ་ལའི་གླིང་ཞེས་བྲིས་ཀྱང་། རང་རེའི་བཀའ་འགྱུར་འདུལ་བ་ན། དེད་དཔོན་སིང་གཧལས་བཙུགས་པའི་གླིང་ཡིན་པས་སིང་གཧ་ལ་ཞེས་མིང་ཐོགས་པར་གསུངས། འབྲས་ལྗོངས་སུ་སྐྱེས་པའི་གྲྭ་པ་ཞིག་སིང་གཧ་ལའི་སྐད་ཀྱི་སྙན་དངགས་པ་ཆེན་པོ་ཆགས་པའི་ལོ་རྒྱུས་ཁུ་ནུ་བླ་མ་རིན་པོ་ཆེ་ཞལ་སྔ་ནས་ཐོས། བདག་གི་སེམས་ལ་ཁོང་གནས་བརྟན་པའི་དགེ་སློང་ཞིག་ཡིན་ངེས་སྙམ་ཀྱང་། གོང་གི་སྤར་དེ་མཐོང་ནས་བོད་ཀྱི་མ་ཧེནྡ་གནས་བརྟན་པའི་དགེ་སློང་ཞིག་ནི་ཡིན་མི་འདུག ཆུང་ངུའི་སྐབས་སུ་སིང་གཧ་ལར་ཕེབས་དགོས་པའི་རྒྱུ་མཚན་ཡང་མ་ཤེས། བོད་ཀྱི་མཁས་པ་ཆེན་པོ་དགེ་འདུན་ཆོས་འཕེལ་མཆོག་དང་མཇལ་ཕྲད་ཀྱི་ལོ་རྒྱུས་སམ། བོད་ཀྱི་མ་ཧེནྡ་སྙན་དངགས་པ་ཆེན་པའི་སྐོར་ལ་གང་ཡང་བྲིས་མེད་པ་དེ་ཡ་མཚན་པ་ཞིག་ཏུ་ཡང་མཐོང་། གོང་གསལ་ལོ་རྒྱུས་ལས་དགེ་ཆོས་སིང་གཧ་ལར་བྱོན་སྐབས་སུ། བོད་ཀྱི་མ་ཧེནྡ་མཆོག་སིང་གཧ་ལ་ན་བཞུགས་པར་མངོན།
མཁན་པོ་ཚུལ་རྣམ་མམ། རྫ་ཚེ་རིང་བཀྲ་ཤིས་གཉིས་ལས་སུས་བྲིས་པ་ཡིན་ན་ཡང་། དགོངས་ཞེས་པར་དགོང་ཞེས་བྲིས་པ་ནི། བཀའ་བསྟན་གསུང་འབུམ་སོགས་སྔོན་གྱི་སྐད་ཡིག་ལ་རྩིས་མེད་པར་ཁྱེད་ཅག་གིས་བོད་ཡར་རྒྱས་སྐོར་ལ་མང་པོ་ཞིག་གསུངས་པ་དེ་དོན་དང་མཐུན་པ་ཞིག་ཏུ་འདུག་གམ།
ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས།
ངས་དགོངས་ལ་དགོང་བྲིས་ཡོད་ན་ཡིག་ནོར་རེད། ཡིག་ནོར་ནི་སུས་ཀྱང་ཤོར་སྲིད་པ་རེད། དེ་ལས་ཆེད་དུ་དགོངས་པའི་དགོངས་ལ་ས་མཐའ་མི་དགོས་སྙམ་དུ་བསམ་མ་མྱོང་།
སེངྒ་ལའི་གླིང་ལ་དེད་དཔོན་སེང་གེའི་གླིང་ཞེས་བྲིས་པ་ནི་བདེན་ཡང་། སིང་ཧག་ལ་ཞེས་པའི་འབྲི་ཚུལ་ཞིག་མེད་ངེས་ཡིན་སྙམ་པ་འདིར་རྒན་ལགས་ཀྱིས་ཀྱང་བསྐྱར་དུ་དགོངས་པ་ཞིག་བཞེས་རོགས། དགེ་སློང་དེ་གནས་བརྟན་སྡེ་བའི་དགེ་སློང་མིན་པའི་རྒྱུ་མཚན་གང་ཡིན་ཞིག་ཀྱང་གསུངས་རོགས།
བཀའ་དྲིན་ཆེ་མཁན་པོ་ལགས། ལོ་རྒྱུས དང་བསླབ་་བྱ་ཡག་ཐག་ཆོད་གསུངས་འདུག་གནས་དེར་འགྲོ་ཐུབ་པའི་སྨོན་ལམ་་ཡོད། གནས་དེར་གནས་བསྟན་རྡོ་རྗེ་མོ་ཡི་ལོ་རྒྱུས་དམིགས་བསལ་འདྲ་འདུག་གམ། སིང་གྷ་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། ། སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ།
རིང་ནས་ཀློག་ཁོམ་མ་བྱུང་།
རྗེས་ནས་འདི་རིགས་ལེ་ཚན་ལེ་ཚན་བྱས་ནས།
ཉུང་ཙམ་ཉུང་ཙམ་མུ་འཐུད་ནས་བཀོད་ན་ཡག་པོ་འདུག
ཚུལ་བློ་གང་བྱས་ཚང་མ་རྫ་ཚེས་ལྷད་བཟོ་བྱེད་ནས་འགྲོ་བ་རྨོངས་དུ་བཅུགས་པ་འདིས་བོད་ཀྱི་གེགས་སུ་མི་འགྱུར་བར་སྨོན།
༧ཡོངས་འཛིན་དམ་པ་མཁན་ཆེན་ཚུལ་ཁྲིམས་རྣམ་དག་དང་འོས་སྦྱོར་པ་ཚེ་རིང་བཀྲ་ཤིས་ལ་ཡི་རང་དང་བསྔགས་བརྗོད་ཡོད། བླ་མའི་མཛད་པ་དེ་འདྲ་རེད། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་སྦྱོར། །ཅེས་པའི་ལྗགས་རྩོམ་རྣམ་དག་གཅིག་ཏུ་འདུག ཡིན་ན་ཡང་གཞན་ལ་འགྲམ་ཆུ་ཤོར་དགོས་པ་ཅི་འདུག ཁྱེད་རྣམ་པས་སྣ་འདྲེན་ནས་ང་ཚོའི་གངས་ལྗོངས་ཕྱུག་མོ་ཡང་དེ་འདྲ་ཞིག་ཏུ་གནང་ཤོག་ཨྰ།
༼ངེད་རྣམས་ཀྱི་སྣེ་ཁྲིད་པས་མི་མང་པོས་ཁོང་ནི་གཏན་གྱི་སྲིད་འཛིན་ཡོང་བའི་རེ་བ་ཡོད་ཟེར་༽ འདི་ནི་བླ་མ་བཟང་པོ་ཞིག་གི་གཏམ་རང་རེད། དམངས་གཙོའི་ལུང་པར་ལོ་བཞི་དང་ལྔའི་བར་དུ་འོས་ཤོག་གི་ལམ་ནས་སྲིད་འཛིན་དང་སྲིད་བློན་སོགས་འདེམས་པ་མ་མཁྱེན་པ་ཡིན་སྲིད། ཁོང་གི་མཚན་ལ་མ་ཧིན་དྲ་ར་ཛ་པཤ་ཟེར། ད་ལྟ་སྲིད་འཛིན་བྱེད་ཐེངས་གཉིས་པ་རེད་སྙམ། གཏན་གྱི་སྲིད་འཛིན་ནི་གང་ཤེས། སེམས་ཚོར་གྱི་གཏམ་ཙམ་དུ་ཟད།
དོན་གྱི་མཁས་པ་གང་དུ་ཕེབས་ན་ཡང་། །
ལེགས་བཤད་ཆུང་ངུ་ཡིན་ཡང་གུས་པས་ལེན། །
སེམས་རྩར་དུག་གིས་མྱོས་པའི་རིགས་ཅན་དག །
གང་དུ་ཕྱིན་ཡང་ཐམས་ཅད་ལོག་པར་མཐོང་། །
དོན་གྱི་མཁས་པ་ཀུན་གྱིས་མངགས་འོས་ཀྱང་། །
ཆོས་ལུགས་འཐེན་འཁྱེར་འབག་ནག་གསོལ་བཞིན་དུ། །
གང་སྐུའི་གསང་གསུམ་ཁྱབ་བསྒྲགས་བྱེད་ཚུལ་འདིས། །
ལྷ་ལུང་དཔལ་གྱིས་བོད་རྒྱལ་བསྣུབས་རེ་དྲན།
གང་གི་གསང་གསུམ་རིན་ཆེན་ནོར་བུའི་མཛོད། །
གཟུར་གནས་མཁས་པའི་སྤྱན་ལ་ལེགས་མོད་ཀྱང་། །
ཕྱོགས་རེས་མིག་ཟུང་འུག་པའི་རྗེས་འགྲོ་འགས། །
ནམ་ཡང་ལོག་པར་མཐོང་བར་སྙིང་རྗེའི་ཡུལ། །
སིངྒ་ལའི་རྒྱུད་རིམ་གྱི་ལོ་རྒྱུས་མདོར་བསྡུས་ཞིག་ངོ་སྤྲོད་གནང་བ་སྣང་བ་འགྲོ་བ་ཞིག་བྲིས་འདུག ཡིན་ཡང་སིངྒ་ལའི་དགེ་སློང་ཚོའི་སྔགས་ཀྱི་ཐེག་པ་ཁས་ལེན་མི་བྱེད་པས་གསང་བདག་གི་སྔགས་དར་སའི་གནས་ཡིན་མིན་ཐེ་ཚོམ་ཤིན་ཏུ་ཆེ།ཟངས་མདོག་དཔལ་གྱི་རི་བོ་ཡིན་མིན་ཡང་དེ་བས་ཀྱང་ཐེ་ཚོམ་ཆེ།འདྲ་པར་འདིའི་རི་བོ་ཟངས་མདོག་བཞིན་འདུག་མོད།འདི་ནི་གྱོ་མོག་དམར་བོ་ཞིག་རེད་སྙམ།ཎ་ལན་ཊའི་གནས་ཀྱི་ཤུལ་ལུས་གྱོ་ཆག་ཆ་ཚང་ཡང་གྱོ་མོག་དམར་བོ་ཟངས་མདོག་འདྲ་བ་ཞིག་སྙམ།གང་ལྟར་ཀློག་སྤྲོ་བོ་ཞིག་བྲིས་འདུག་པས་ཐུགས་རྗེ་ཆེ།
གནས་བཤད་རྒྱས་འབྲི་འདི་ཤིན་ཏུ་ལེགས་པར་མ་ཟད།རང་གི་བསམ་ཚུལ་དངཡང་ཆ་འདྲ་བའི་ཚིག་གཅིག་མིག་གིས་མཐོང་བྱུང་བས་ཧ་ཅང་དགའ་སྤྲོ་བྱུང་།
དེ་གང་ཟེར་ན་མཁས་ཆེན་འདི་བ་ཚང་གིས་༼ འཕགས་ཡུལ་གྱི་གནས་བྱ་རྒོད་སྤུངས་རི་ལ ༽ཞེས་གསུངས་པ་འདི་ངའི་བསམ་ཚུལ་དང་གཞི་གཅིག་ཏུ་བབས་འདུག
བྱ་རྒོད་སྤུངས་པའི་རི་ལ་ཕྱིན་ཏེ་ཉེ་འཁོར་གྱི་གཡས་གཡོན་དང་། སྟེང་འོག་རྒྱ་མདུན་གྱི་ཕྱོགས་ཡོངས་ལ་རྒྱང་རིང་ཐུང་གང་ནས་བལྟས་ཀྱང་་་གནས་འདི་ནི་བྱ་རྒོད་སྤུངས་པའི་རི་ཞིག་དང་འདྲ་བ་མ་གཏོགས་ལས་གཞན་བྱ་རྒོད་ཕུང་པོའི་རི་ཞིག་དང་རྩ་ནས་འདྲ་བོ་མི་འདུག་སྙམ་པ་ཞིག་རང་གི་ཡིད་ལ་ཡང་ཡང་འཁོར་མྱོང་། ཚུལ་དེ་ རང་གི་གནས་མཇལ་འགྲོ་རོགས་ཚུན་ལ་དེ་ལྟར་ལབ་རྒྱུ་བྱུང་།
ད་རེས་མཁས་དབང་ཚུལ་བློས་བྱ་རྒོད་སྤུངས་རི་ཞེས་བྲིས་པ་ནི་བདག་གི་བསམ་ཚུལ་གྱི་རྒྱབ་རྟེན་དུ་གྲུབ་འདུག་པ་དགའ་བའི་གནས་སུ་མཆིས།
སྤྱི་ལོ་༡༨༣༠་ལོ་རབ་བྱུང་བཅུ་བཞི་པའི་ལྕགས་སྟག་ལོར་བཙན་པོ་སྤྲུལ་སྐུ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ཀྱིས་འཛམ་གླིང་རྒྱས་བཤད་སྣོད་བཅུད་ཀུན་གསལ་ཞེས་པ་བརྩམས། སྤྱི་ལོ་༡༩༣༤་ལོར་དགེ་ཆོས་ཀྱིས་གཏམ་རྒྱུད་གསེར་ཐང་བརྩམས། བཙན་པོ་སྤྲུལ་སྐུ་རྒྱ་གར་དང་ལང་ཀར་ཕེབས་ཡོད་མེད་ཀྱི་གཏམ་སུ་ལའང་མི་འདུག་མོད། །གལ་ཏེ་ཕེབས་མེད་ཚེ་དེ་འདྲའི་ཞིབ་ཚགས་པོ་ཞིག་གང་ནས་འབྲི་ཐུབ། བརྩམས་ཆོས་འདི་གཉིས་ཀྱི་བར་ན་ལོ་བརྒྱ་ལྷག་གིས་ཁྱད་པར་ཡོད་ཀྱང་འཛམ་གླིང་སྤྱིའི་ས་བབས་དང་གླིང་ཕྲན་ཆགས་དབྱིབས་སོགས་ཚན་རིག་གིས་བཤད་པ་ལྟར་ཁུངས་འདྲེན་བྱས་ཤིང་གོ་ལའི་ཁ་བྱང་ན་བཤད་འདུག་ལྟ་བུ་ལུང་འདྲེན་མང་པོ་བྱས་འདུག །གཏམ་རྒྱུད་གསེར་ཐང་དུ་རྒྱ་གར་གྱི་སྣོད་བཅུད་གཙོ་བོར་བརྗོད་པ་ལྟར་བོད་ཀྱི་རྒྱལ་བསྟན་གང་ལས་བྱོན་པའི་རྒྱ་གར་གྱི་གླིང་ཟུར་གསུམ་ཡོད་པའི་ལྷོ་མཐའི་སྣེ་མོར་མ་དྷ་ར་སིའི་གྲོང་ཁྱེར་ཏེ་སྦྲང་རྩིའི་ཡུལ་ཞེས་འབོད་པ་དེང་སང་ཅེ་ནལ་ཞེས་པ་དེ་ནས་ཤྲི་ལང་ཀ་ནི་ཉན་ཐོས་སྡེ་བ་རྣམས་ཀྱི་རྩ་བའི་འབྱུང་ཁུངས་ཡིན་ཞེས་འདོད། བོད་ཀྱི་བླ་མ་མང་པོ་དེར་ཕེབས་ཡོད་ཀྱང་ཆོས་འབྱུང་དང་ལོ་རྒྱུས་སུ་མ་བཀོད་པ་མང་པོ་ཞིག་ཡོད་ཚོད་འདུག །གནས་དེར་གསང་སྔགས་ཀྱི་བསྟན་པ་དར་བ་ཁས་མི་ལེན། རབ་བྱུང་བས་གསང་སྔགས་ཉམས་ལེན་བྱེད་པ་ལ་དགག་པ་རྒྱག །བོད་ཀྱི་དགེ་འདུན་པ་རབ་བྱུང་བའི་རྟགས་མི་འདུག་ཟེར་མཁན་ཁོང་ཚོ་མ་ཡིན་ནམ། ཡིན་ཡང་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་བོད་ལ་མ་གཏོགས་ཡུལ་གྲུ་གཞན་ལ་ཡོད་སྲོལ་མི་འདུག །འདི་ལ་བསམ་ན་བོད་པ་ཟེར་བ་རླབས་ཆེན་གྱི་མི་རིགས་ཤིག་ཡིན་ཟེར་ན་ཆོག །
བདུད་འཇོམས་ཆོས་འབྱུང་ལས།
རི་མ་ལ་ཡ་ཡོད་པའི་ལངྐའི་ཡུལ་དེ་ཛམྦུའི་གླིང་གི་གླིང་གཡོག་རྔ་ཡབ་ཀྱི་ལངྐ་དེ་ནི་མ་ཡིན་ཏེ། ཞེས་དང་། བྱེ་བྲག་ལངྐའི་ཡུལ་དེ་སྔོན་སྲིན་པོ་སྒྲ་སྒོགས་ཀྱིས་བཟུབ་བའི་ཕྱིར་དེ་ལྟར་གྲགས་ལ། ཕྱིས་སྲིན་པོ་སྟོངས་ནས་དེད་དཔོན་སེང་གེས་བཟུང་བས་དེང་སང་སེངྒ་ལའི་གླིང་དུ་འབོད་པ་ཡིན་ཅིང་། ་་་་་
གཞན་ཡང་ཤྲི་ལངྒ་ཞེས་པའི་མིང་དོན་ལ་གནས་པའི་མིང་ཞིག་ཡིན་པ་གོང་གི་སྙན་པར་དང་པོའི་དབྱིབས་ལས་གསལ་བར་མངོན་འདུག
མཧན་རྡ་ཞེས་པའི་བོད་ཀྱི་མཁས་དབང་ཆེན་པོ་དེ་འབྲས་ལྗོངས་པ་ཞིག་མ་ཡིན་པར་མཁས་དབང་དགེ་ཆོས་མཆོག་ཡིན་པ་པིར་གྱི་བརྙན་རིས་ལས་ཁ་གྲག་འདུག
ཞིབ་བཀླགས་ཐེངས་གཅིག་བྱས་པས་ལང་ཀའི་ཡུལ་ཆེན་པོར་ཐེངས་གཅིག་འགྲོ་འདོད་སྐྱེས།།
དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་རྩོམ་སྟངས་འདྲ་བོ་འདུག་
༡ སིངྒ་ལའམ་སེངྒེ་འཛིན་གྱི་གླིང་དུ་ཐེག་ཆེན་དར་བའི་ལོ་རྒྱུས། གཏམ་རྒྱུད་གསེར་ཐང་ནང་། ་་འོན་ཀྱང་ཐེག་ཆེན་དར་བ་ནི་ཀུན་ལ་རྒྱུས་ཡོད་ཅིང་རྒྱལ་རབས་ནང་ནའང་རྒྱས། སྔོན་གྱི་དགེ་བསྙེན་ཀུརུ་ཀུལླགོམི་བྱ་བའི་ཐེག་ཆེན་པ་ཞིག་གིས་མཛད་པའི་བྱང་ཆུབ་ཤིང་གི་རྒྱལ་རབས་སོགས་སྣང་། འདིས་ཐེག་ཆེན་གྱི་མདོ་འགྲེལ་འགའ་ཡང་བྱས་ཟེར།་་
༢ གནས་བརྟན་རྡོ་རྗེ་མོའི་སྐོར། གསེར་ཐང་ནང་། ་་དེ་བཞིན་གནས་བརྟན་རྡོ་མོའི་བུ་ཡང་གར་བཞུགས་ཀྱི་ས་མིག་སུ་ལའང་རྒྱུས་མི་འདུང་པས། ཕྱིས་འགྲོ་མཁན་ཞིག་བྱུང་ན། མ་སྡེན་ཏ་ལའི་རི་སུལ་སུ་འཚོལ་བར་ཞུ།་་
༣ གོང་གསལ་ལོ་རྒྱུས་ནང་ངོ་སྤྲོད་ཁ་གསལ་གནང་འདུག་པའི་ནང་། འབྲས་ལྗོངས་ཀྱི་མཧེནྡ་སིངྒ་ལའི་གླིང་དུ་༡༩༥༡ ལོ་བར་ལོ་སུམ་ཅུ་སོ་བདུན་བཞུགས་འདུག་པ་དང་དགེ་ཆོས་ཕལ་ཆེར་ལོ་གཅིག་མ་ཟིན་ཙམ་བཞུགས་ཡོད་པ་རེད། དགེ་ཆོས་ཕར་ཕྱིན་སྐབས་མཧེནྡ་ཕ་གིར་བཞུགས་ཡོད་པའི་སྐབས་སུ་འཁེལ་འདུག ཡིན་ཡང་ཁོང་གཉིས་ཕན་ཚུན་ཐུག་མེད་པ་འདྲ། དགེ་ཆོས་ཀྱིས། ་་གུ་རུ་ལྷོ་ཕྱོགསཔས་སིངྒ་ལའི་ཀཎྡེ་ཡུལ་དུ་མཇལ་གསུངས་པའི་ཤནྟིཔའི་དངོས་སློབ་དེ་སྙེད་དུ་རེ་བས་བདག་ཡུལ་དེར་ཟླ་ཕྱེད་ལྷག་བསྐོར་ཀྱང་སུ་ལའང་རྒྱུས་མི་འདུག དེ་དུས་དགུང་ལོ་བདུན་བརྒྱ་ལོན་འདུག་གསུངས་པས་ད་ནི་དགུ་བརྒྱ་ལྷག་ཡིན་རྒྱུ་ལ། ཡང་ན་ནི་སྐུ་འདས་པར་ངེས། དེ་མིན་ཐེག་ཆེན་པ་མི་གཅིག་བོད་ནས་འོངས་པ་ལ་མཇལ་ཁ་ནི་ཅིའི་ཕྱིར་མི་གཏོང་སྙམ་པ་བྱུང་།་་ གསུངས་པའི་ནང་མི་གཅིག་བོད་ནས་འོངས་པ་ལ་གསུངས་ཡོད་པས་ཕལ་ཆེར་ཁོང་གཉིས་མཇལ་ཡོད་རྒྱུ་མ་རེད། མི་གྲངས་ཀྱང་གང་འཚམས་ཡོད་པའི་རྒྱལ་ཁབ་ཅིག་ནང་བོད་པ་གཉིས་ཡོད་པར་གཅིག་གཅིག་མ་ཕྲད་པ་ནི་དེ་འདྲ་ཡ་མཚན་སྐྱེ་དགོས་པ་ཞིག་ཅི་ལ་ཡོད་སྙམ།
ཆ་ཚང་ཀློག་ཟིན་པ་ཡིན། གནས་བཤད་ལ་གོ་བ་ལེན་རྒྱུ་ལས། བསླབ་བྱ་འམ་སློབ་གསོའི་ཕྱོགས་ནས་གོ་བ་བླང་ན་ཡག་ས་རེད། གནས་བཤད་དང་མཐོང་ཐོས་ལ་བསམ་ཚུལ་ཉུང་ན་ཡག་གི་རེད། དེ་མ་གཏོགས་དོན་དངོས་སྒྲིབ་འགྲོ་གི་རེད། གང་ལྟར་གནས་བཤད་དང་བསམ་ཚུལ་དཀྲུགས་མའི་རྩོམ་ཡིག་འདིར་ཐུགས་རྗེ་ཆེ།
དྲ་གྲོགས་རྣམས་པ། ཡང་དྲི་བ་ཞིག་སླེབས་སོང་། ཤྲི་ལིངྒ་ཡི་གེ་འདི་ཁ་ཐུག་ལ་གོ་བ་བླངས་ན་དཔལ་གྱི་མཇེ་ཆེན་པོ་ཟེར་བ་མ་རེ་དམ། ཤྲི་ཟེར་ན་དཔལ་དང་། ལིངྒ་ཟེར་ན་ཕོ་རྟགས་མ་རེད་དམ། རྟགས་འཇུག་སྐབས་སུ་སྟི་ལིངྒ་དང་། པུ་ལིངྒ་སོགས་མང་པོ་ཞིག་སྦྱང་མྱོང་མོད། བརྗེད་སོང་ཟིག
རེད། ལིངྒ་ནི་ཕོ་རྟགས་དང་ཤྲི་ནི་དཔལ་ལ་ཟེར། སོང་ཙང་།
གོང་གི་འདྲ་པར་དང་ཡུལ་གྱི་མིང་དོན་གཉིས་ཤིན་ཏུ་ནས་ཆ་མཚུངས་པ་རེད་ཅེས་ངས་གོང་ན་བཤད་ཡོད་པ་མཐོང་མ་བྱུང་ངམ།
ལ་ལ་ཞིག་གིས་སིངྒ་ལ་དང་སེངྒེ་གླེང་ཟེར་པ་ནི་ཤིན་ཏུ་ནས་མ་དག་པ་རེད།
དཔལ་ཕོ་རྟགས་སམ་ཤྲི་ལིངྒ་ཞེས་ཕོ་རྟགས་གི་མཚན་མའི་མིང་ཡུལ་བཏགས་པའི་གསང་སྔགས་ཀྱི་རྒྱུད་ཆེས་དར་སའི་ཡུལ་གྲུལ་ཞིག་ཡིན་པ་མཚོན་པ་རེད།
རྣལ་འབྱོར་དབང་པོ་རྫ་བཀྲ་ཤིས་ཚེ་རིང་ལེགས། ལན་གསུངས་པར་དགའ་བ་ཆེ། ལན་དང་པོ། ངས་སིང་གཧ་ལ་ཞེས་པ་མ་གཏོགས། སིང་ཧག་ལ་ཞེས་བྲིས་མི་འདུག སིང་ཧག་ལ་ཞེས་པའི་འབྲི་ཚུལ་ཞིག་མེད་ངེས་ཡིན། འདི་བདེན། དེ་ཡང་སིང་གཧ་ཞེས་པ། ག་ལ་ཧ་འོག་ཏུ་འབྲི་བ་ན། ངའི་གློག་ཀླད་དུ་ག་ལ་ཧ་འོག་ཏུ་སྦྱར་མི་ཐུབ་པས། ཚེག་མེད་པར་གའི་རྗེས་སུ་ཧ་བཀོད་པས། གྷ་ཞེས་པའི་དོན་ཡིན། བོད་སྐད་ཀྱི་ཡི་གེའི་འགྲོ་སྟངས་ལྟར་ན། གསལ་བྱེད་ཀྱི་རྗེས་སུ་གསལ་བྱེད་གཞན་ཚེག་མེད་པར་འབྱུང་ན། དེ་ཉིད་ཡི་གེ་བརྩེགས་མ་དང་འདྲ་བར་བརྩི་དགོས་པ་བོད་ལེགས་སྦྱར་གྱི་ཚིག་གཏེར་བཟོ་སྐྲུན་པ་ཞིག་གིས་གསུངས་པ་ལྟར་ལགས།
དུས་ཀྱི་དགོངས་དང་ཐུགས་ཀྱི་དགོངས་གཉིས་ཀར་ས་ཡང་འཇུག་དགོས་་ཤིང་། བོད་ཡུལ་འགའ་ཞིག་ཏུ་ས་ཡང་འཇུག་གི་སྒྲ་འཐོན་པར་འདོན་པ་དང་འབྲི་བ་ཡོད་ཀྱང་། དིང་དུས་ཡི་གེ་སྒྲ་གདངས་ཁ་ནས་འཐོན་པ་མེད་པ་དག་གིས་ཡང་འཇུག་དོན་ལ་ཐོབ་པ་མང་པོ་མེད་པར་བཟོ་བ་མང་དུ་མཐོང་། དེས་ན་ཉིད་ཀྱང་། གནམ་ཐང་བརྒྱུད་དགོང་མོ་ཤྲི་ལངྐའི་རྒྱལ་ས། ཞེས་བྲིས་པའི་དགོང་མོ་ལ་ས་ཡང་འཇུག་འབྲི་བ་བདེན་པ་ཡིན་ན་ནི། ཁོ་བོ་གནའ་བའི་ཀློག་སྟངས་ལ་འབད་ཅིང་། དེ་བཞིན་འབྲི་བ་ལ་ཡང་འབད། དེས་ན། ཁྱེད་བོད་སྐད་ཀྱི་འདབ་བརྒྱ་པ་རྒྱས་བཞིན་པའི་གཞོན་ནུར་གྱུར་པས་དུས་ཀྱི་དགོངས་ལ་ས་མ་བསུབ་ན། ཁོ་བོའི་འབད་པ་དོན་ལྡན་དུ་འགྱུར་བ་ཡིན།
གོང་གསལ་སྤར་ན་གསལ་བའི་སྐྱེས་བུ་དེ། གནས་བརྟན་སྡེ་པའི་དགེ་སློང་མ་ཡིན་པ་ནི། སྐྲ་རིང་པོ་ཡོད་པ་དང་། ཁ་སྤུ་ཡང་ཉམས་བརྗིད་འཐོན་པར་བཞག་པས་ཤེས་ཐུབ། ༧ཡོངས་འཛིན་དམ་པ་མཁན་ཆེན་ཚུལ་ཁྲིམས་རྣམ་དག་དང་།ཁྱེད་གཉིས་ཀྱིས་ཤྲཱི་ལངྐཱའི་གནས་བརྟན་སྡེ་པའི་དགེ་སློང་སྐྲ་རིང་པོ་དང་། ཁ་སྤུ་ཅན་དེ་འདྲ་གཟིགས་སོང་ངམ། ཞེས་སོ།།
ཤྲི་ལངྐ་ཞེས་པ་མ་གཏོགས་ཤྲི་ལིངྒ་ཟེར་བ་མ་གོ བོད་པ་ཚང་རྟོག་བཟོ་ལ་དགའ་བའི་ཞ་ཚན་དེ་ད་དུང་ལྷག་འདུག་སྨོ
བདུད་འཇོམས་ཆོས་འབྱུང་ལས།
རི་མ་ལ་ཡ་ཡོད་པའི་ལངྐའི་ཡུལ་དེ་ཛམྦུའི་གླིང་གི་གླིང་གཡོག་རྔ་ཡབ་ཀྱི་ལངྐ་དེ་ནི་མ་ཡིན་ཏེ། ཞེས་གསུངས་པ་ཐུགས་བདེན་པར་འདུག་སྙམ། སྤྱིར་གླིང་གི་སྐད་དོད་དཱི་བ་ཞེས་པ་ངེས་ཚིག་གིས་བཤད་ན་གཉིས་ལ་འཇུག་སྟེ། གང་སྤེལ་ལས། ཡུལ་དེར་ཆུ་རྣམ་པ་གཉིས་སུ་གྱུར་བས་ན་གླིང་ངོ་། ཞེས་དང་། བརྒྱད་སྟོང་བ་ལས། མཐའ་ཆུས་བསྐོར་བས་ན་གླིང་ཞེས་གསུངས་པ་དང་། ཤྲི་ལང་ཀ་གླིང་གཡོག་ཡིན་པར་སྙམ་ཏེ། དེ་མིན་ན་གླིང་གཡོག་འཇོག་དཀའ་བས་སོ།།རི་བོ་མ་ལ་ཡ་ནི་རྒྱ་མཚོའི་ཙན་དན་གླིང་ཕྲན་ཞིག་ཏུ་གྲགས་མོད་ཀྱང་དེང་སང་རྒྱ་གར་ལྷོ་ཕྱོགས་ཀུ་ཤལ་ནཱ་གྷར་དང་ཉེ་བའི་མ་ལ་ཡ་ཞེས་པ་རི་མཐོན་པོའི་རྩེ་ན་ལྷ་ཁང་རྙིང་རོའི་ཤུལ་འདུག་པའི་རི་དེ་ཡིན་ཟེར་མཁན་ཡང་འདུག །ཆོས་མངོན་པ་ལས་གླིང་དང་གླིང་ཕྲན་བརྒྱད་ཀྱི་ཁྱད་པར་ཚད་དབྱིབས་དང་མིའི་ཁ་དོག་གི་ཆ་ནས་ཀྱང་བཤད་དེ། རྒྱལ་སྲས་མ་དང་གང་སྤེལ་ལས། ས་གཞིའི་དབང་གིས་སེམས་ཅན་རྣམ་པ་སྣ་ཚོགས་པ་འདི་ནི་མངོན་སུམ་དུ་གྱུར་བ་ཡིན་ནོ།། ཞེས་ས་བབས་ཀྱི་དབང་གིས་སེམས་ཅན་སོ་སོ་ཆེ་ཆུང་དང་ཁ་དོག་སོ་སོར་འགྱུར་བར་བཤད་པ་དང་། དཔེར་ན་གངས་རི་དང་ཉེ་བའི་མི་ལ་དཀར་ཤམ་དང་རི་བོ་འབིགས་བྱེད་ལ་གནས་པའི་མི་ལ་སྔོ་བསང་དུ་བརྗོད་པ་བཞིན་ནོ།།གང་སྤེལ་ལས། དེའི་བར་གྱི་གླིང་བརྒྱད་ནི་ཞེས་བྱ་ལ་དེ་དག་ཐམས་ཅད་ནི་ལས་ངན་པའི་དབང་གིས་གྲུབ་པ་ཞིག་སྟེ། དེ་ཉིད་ཀྱི་ཕྱིར་དེ་ན་གནས་པའི་མི་རྣམས་ནི་ལུས་ཆུང་བ་ཡིན་ནོ།།ཞེས་པ་འདིའི་ལས་ངན་པ་ཞེས་པ་སྟོབས་ཤུགས་ཆུང་བ་ལ་ཟེར། གླིང་གཙོ་བོ་ལས་ལུས་ཆུང་བ་དང་གདོང་དབྱིབས་ལ་ཁྱད་པར་མེད་པར་བཤད། རྣལ་འབྱོར་སྤྱོད་པའི་ས་དང་དེའི་རང་འགྲེལ་ལས། གཅིག་ན་སྲིན་པོ་དག་གནས་སོ།།ཞེས་དང་། གཅིག་ནི་སྲིན་མོའི་གླིང་ཡིན་ནོ།།ཞེས་དང་། གང་སྤེལ་ལས། གཅིག་ན་སྲིན་པོ་དག་གནས་སོ་ཞེས་བྱ་བ་ནི་རྔ་ཡབ་པོ།།རྒྱལ་སྲས་མ་ལས་ཀྱང་དེ་བཞིན་དུ་གསུངས་པས་སོ།།
སིངྒྷ་ལ་ཞེས་པའི་ཡི་གེ་དེ་དག་པར་མཐོང་།
ཤྲི་ལིངྒ་དེ་སི་རི་ལིང་ག་ཟེར་ནས་ཀློག སི་རི་ལིངྒ་ཡང་བོད་པ་ཚོས་ཟངས་གླིང་ཟེར་ནས་ཀློག ཟངས་གླིང་དེ་ཡང་གསེར་གླིང་ཟེར་ནས་ཀློག བོད་པས་ཀློག་སྟངས་དེའི་དབང་གིས་ཟངས་གླིང་ཟེར་ནས་དེ་ལ་གོ་དོན་གཞན་ཞིག་བཞག་ནས་ཟངས་མདོག་དཔལ་རིའི་ཞིང་ཁམས་ཟེར་ནས་གོ་དོན་ཞིག་བཞག དེ་ཡང་ཤྲི་ལ་ཟངས་དང་གསེར་ཟེར་ནས་ཀློག ལིངྒ་ལ་གླིང་ཟེར་ནས་བོད་ཀྱི་ཀློག་སྟངས་ལ་བོད་ཀྱི་གོ་དོན་རེ་བཞག་ནས། དེ་ལས་འཕྲོས་ནས་གླིང་དང་གླིང་གཡོག་གི་སྐད་ཆ་རྫོགས་རྒྱུ་མེད་པ་དེ་ཚོ་སླེབས་ཡོང་གི་ཡོད་པ་རེད། དེ་ལས་ལིངྒ་ཟེར་བའི་དོན་དངོས་ལས་འཕྲོས་ནས་ས་ཆ་དེར་སྔོན་ཆད་གསང་སྔགས་ཇི་ལྟར་དར་ཡོད་མེད་ཕྱོགས་ལ་བསམ་བློ་བཏང་ན། དོན་ཐོག་མ་འཁེལ་ནའང་། དོན་དང་ཐག་ཉེ་ཞིག་ལ་སླེབས་རྒྱུའི་རེ་བ་ཡོད་ཀ ངོ་ནས་བཤད་ན་སི་རི་ལིངྒ་འམ། ཤྲི་ལིངྒ་དེ་ཁོང་ཚོ་རང་གི་སྐད་ཡིན་པ་ལས། བོད་སྐད་ཡིན་རྒྱུ་མ་རེད། སིངྒྷ་ལ་ཟེར་བའང་སི་རི་ལིངྒའི་བསྡུས་ཚིག་ལོས་ཡིན།
གཞོན་ནུ་ཨུ་ཚུགས་མ་རྒྱག་དང་། Sri Lanka ཤྲི་ལངྐ་ ལིངྒ་ལིངྒ་ག་རེའི་ལིངྒ་། ཁྱོད་ཀྱི་གཅིན་གཏོང་རྒྱུ་ཙམ་ལས་གཞན་བེད་སྤྱོད་མེད་པའི་ལིངྒ་ཨེ།
རྣམ་པ་དག་གིས་མདོ་སྡེ་ལང་ཀར་གཤེགས་པ་གཟིགས་མྱོང་ངམ། རཱ་ཝ་ཎ་ཡིས་སངས་རྒྱས་དེར་གདན་འདྲེན་ཞུས་སམ། ངའི་འདོད་པ་ནི། སྔོན་དུས་ལངཀཱ་ཞེས་པ་མ་གཏོགས་མེད་ཅིང་། ཆེ་བ་འདོན་པའི་ཕྱིར་ཤྲཱི་སྟེ་དཔལ་རྗེས་སུ་སྦྱར་པར་ངེས།
རྒྱུན་བཀོལ་མིང་མཛོད་ཆེན་མོའི་མཇུག་གི་འཛམ་གླིང་གི་མིང་ཚིག་འབྲི་སྟངས་གཏན་ལ་ཕབ་་གནང་བའི་ཁོངས་སུ་སིང་གྷ་ལ། ཞེས་བྲིས་འདུག སི་རི་ལན་ཀ་ནི་རྒྱ་སྐད་ཀྱི་འབྲི་སྟངས་རེད། དེ་ཡང་ཤྲྭི་ལང་ཀ་ཟུར་ཆག་པ་འདྲ། གང་ལྟར་ཡོངས་གྲགས་རེད།
ལང་ཀ་ནི་སྲིན་པོ་ཡིན་པས་ལིངྐ་དང་མི་འདྲ།
རྒན་ལ་དྭགས་ཀྱི་འབད་པ་སྐབས་འདིར་དོན་ལྡན་དུ་འགྱུར་དཀའ་སྟེ།
དག་ཡིག་གསར་སྒྲིག་ཏུ། ༼དགོང༽མཚན་མོའི་དུས་ཀྱི་མིང་སྟེ། དོ་དགོང་། མདང་དགོང་། དགོང་མོ་ཞེས་པ་ལྟ་བུ་ཞེས་དང་། རྒྱ་བོད་ཚིག་མཛོད་ཆེན་མོར། ༼དགོང་མོ༽ཉིན་མོར་ཆ་གསུམ་དུ་ཕྱེ་བའི་མཐའ་མའམ་བྱ་ཉལ་བའི་དུས་ཞེས་སོགས་གསུངས་པས་སོ།།
ཡང་ཞུ་རྒྱུར། མཆན་བཅུ་གཉིས་པར་ལ་དྭགས་ལགས་ཀྱིས་སིང་གཧ་ལ་ཞེས་པ་ལ་ཡོད་པ་ཐེངས་གསུམ་ལ་བྲིས་བཞག
གཉིས་དེ་བཀའ་བསྟན་གྱི་འབྲི་སྟངས་རྙིང་པ་ཡིན་ན་ངེས་པར་རྒྱུན་སྐྱོང་དགོས་པར་ཡང་མ་ངེས་ཏེ། གཞན་དུ་སྐད་གསར་བཅད་ལ་དགོས་པ་མེད་པར་འགྱུར་བས་སོ། །
རྒན་ལ་དྭགས་པས་གསུངས་པ་ལྟར། ལང་ཀར་གཤེགས་པའི་མདོ་ཚར་མང་པོ་བཀླགས་མྱོང་། མདོ་འདི་གསུངས་པའི་གནས་ཤྲི་ལང་ཀར་ཡིན་པ་དང་ནང་པ་ཚོས་དེང་སང་གི་བར་ལོ་རེར་གནས་དེར་དུས་མཆོད་བྱེད་བཞིན་པ་ཡོད་ཅེས་གཏམ་རྒྱུད་གསར་ཐང་ལས་བཤད། ལང་ཀར་གཤེགས་པའི་མདོ་འདི་གསུངས་པའི་དུས་མཆོད་བྱེད་པ་ཙམ་ལས་སློབ་གཉེར་བྱེད་མཁན་ཧ་ལམ་མེད་པ་འདྲ། སྤྱིར་མདོ་འདི་ཐེག་ཆེན་གྱི་འདི་མདོ་ཡིན་ཞིང་། བོད་སྔ་རབས་པ་རྣམས་ལ་སྙིང་པོའི་མདོ་བཅུ་ཞེས་གྲགས་པ་དེའི་ནང་ཚན་ཡིན། སློབ་དཔོན་ཐོགས་མེད་ལ་སོགས་པས་ལང་ཀར་གཤེགས་པའི་མདོའི་དགོངས་དོན་སེམས་ཙམ་དུ་བཀྲལ་ཞིང་། མདོ་དེ་ཉིད་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ།།ལུས་དང་ལོངས་སྤྱོད་གནས་འདྲ་བར།།སེམས་ནི་སྣ་ཚོགས་སྣང་བས་ན།།སེམས་ཙམ་དུ་ནི་ང་སྨྲ་འོ།།ཞེས་པའི་ལུས་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་དང་། ལོངས་སྤྱོད་ནི་གཟུགས་སྒྲ་སོགས་ཡུལ་ལྔ། གནས་ནི་སྣོད་ཀྱི་འཇིག་རྟེན་དུ་བཤད་ཅིང་། སློད་དཔོན་ཞི་འཚོས་ཀྱང་ལང་ཀར་གཤེགས་པའི་མདོ། ཕྱི་རོལ་གཟུགས་ནི་ཡོད་མིན་ཏེ།།རང་གི་སེམས་ནི་ཕྱི་རོལ་སྣང་།།ཞེས་པའི་ལུང་ཁུངས་སུ་དྲངས་ནས་ཁམས་གསུམ་སེམས་ཙམ་དུ་བཤད་ཅིང་། དབུ་མ་རྒྱན་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ།།ཕྱི་རོལ་དངོས་མེད་ཤེས་བར་བྱ།།ཚུལ་འདི་བརྟེན་ནས་དེ་ལ་ཡང་།།ཤིན་ཏུ་བདག་མེད་ཤེས་བར་བྱ།།ཞེས་ཐ་སྙད་དུ་ཕྱི་རོལ་གྱིས་སྟོང་པས་རྣམ་པར་རིག་པ་ཙམ་དང་། དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཚུལ་འདི་གཉིས་ཀྱི་སྒོ་ནས་ཐེག་པ་ཆེན་པོ་འཐོབ་པར་བྱེད་ཅེས་གསུངས་ཏེ། དབུ་མ་རྒྱན་ལས། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ།།རིགས་པའི་སྲབ་སྐྱོགས་འཇུ་བྱེད་པ།།དེ་དག་དེ་ཕྱིར་ཇི་བཞིན་དོན།།ཐེག་པ་ཆེན་པོ་པ་ཉིད་འཐོབ།།ཞེས་ཚུལ་གཉིས་ཤིང་རྟ་ཞེས་རི་བོ་དགེ་ལྡན་པ་རྣམས་ལ་གྲགས་པ་དེའོ། །
གནའ་སྔ་མོར་འཛམ་བུའི་གླིང་ན་སྲིན་པོ་དང་སྲིན་མོ་མི་ཤ་ཟ་མཁན་མང་དྲགས་ནས་དེ་དག་འདུལ་བའི་ཕྱིར་སངས་རྒྱས་མི་ཡི་གཟུགས་སུ་བྱོན་པ་གུ་རུ་རིན་པོ་ཆེ་ཨོ་རྒྱན་ཡུལ་གྱི་མཚོ་གླིང་དུ་མེ་ཏོག་པདྨའི་སྡོང་བོ་ལས་སྐུ་འཁྲུངས། སྲིན་པོའི་ཁ་གནོན་དུ་སྤྲུལ་བ་སྣ་ཚོགས་བསྟན་ནས་སྲིན་པོ་དང་སྲིན་མོ་རྣམས་ལ་དམ་པའི་ཆོས་བསྟན་ནས་དམ་པའི་ཆོས་ལ་བཀོད། དེ་དག་གི་སྐྱེ་རྒྱུན་བཅད་ནས་འཛམ་གླིང་བདེ་ལ་བཀོད། བོད་གངས་ཅན་གྱི་ཡུལ་དུ་ལྷ་འདྲེ་མཐུ་བོ་ཆེ་རྣམས་འདུལ་བའི་ཕྱིར་བོད་ལ་བྱོན། ཚེ་རིང་མཆེད་ལྔ་དང་བརྟན་མ་བཅུ་གཉིས་སོགས་དམ་ལ་བཏགས་ཏེ་བོད་ཀྱི་རྒྱལ་འབངས་རྣམས་བདེ་ལ་བཀོད་ནས་སངས་རྒྱས་བསྟན་པའི་སྲོལ་བཙུགས།
རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ།།པདྨ་ལས་འཁྲུངས་སྐུ་ལ་འདས་གྲོངས་མེད།།ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད།།ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།།ཞེས་པའི་གསོལ་འདེབས་འདི་སློབ་དཔོན་རིན་པོ་ཆེ་རྔ་ཡབ་སྲིན་པོའི་གླིང་དུ་གཤེགས་ཁར་རྒྱལ་པོ་ཁྲི་སྲོང་ལ་སོགས་པས་ཕེབས་སྐྱེལ་བྱེད་དུས་སུ་གསུངས་པ་ཡིན། སྲིན་པོའི་གླིང་དེ་ཤྲི་ལང་ཀ་ཡིན་ནམ་མིན།
དགེ་ཆོས་ལགས་ཀྱི་སིངྒ་ལའི་ལོ་རྒྱུས་ནང་ལ།
་་་་་ དེའི་ཕྱིར་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་མལཡ་སིངྒ་ལ་ན་ཡོད་པར་གསུངས་པ་ཡང་འདི་ཟེར། འོན་ཀྱང་སྙན་དངགས་ལ་གྲགས་ཆེ་བའི་མལཡྰ་དེ་རྒྱ་གར་ལྷོ་ན་ཡོད། སྤྱིར་མལ་ཡྰ་བྱ་བ་ཏམིལའི་སྐད་དེ་རིའི་མིང་ཙམ་ཡིན་ཅིང་ཏྲི་མལཡྰ་བྱ་བ་ཡང་དེ་དག་གི་སྐད་དེ་ཤྲི་མམལཡྰ་དང་དོན་གཅིག་ཅིང་། དཔལ་གྱི་རི་བོ་བྱ་བ་ཡིན།
ངས་དཔྱད་ན་ལང་ཀའི་ཡུལ་དེ་ལྷོ་ནུབ་སྲིན་པོའི ཡུལ་དེ་ཡིན་པ་འདྲ་སྙམ་སྔོན་ཡིག་ཆ་མང་པོའི་ནང་སྲིན་པོ་རྣམས་འཛམ་བ྄ུ་གླིང་ལ་འོང་ནས་མི་ཟ་བར་བཤད་པས་ལང་ཀི་ཡུལ་ལས་གཞན་པ་ནས་མི་ཟ་མཁན་སླེབས་པའི་ལོ་རྒྱུས་མི་འདུག། དྲ་གྲོགས་རྣམས་རྔ་ཡབ་སྲིན་པོའི་འདི་མ་གཏོགས་རྙེད་པར་དཀའ་བས་གཞན་ཞིག་ཨེ་ཡོད་ན་བསམ?
དེ་ཡང་བཙུན་པ་མ་ཧེན་དྷ་མཆོག་ནི་འབྲས་ལྗོངས་སུ་འཁྲུངས་ཤིང་ཤྲི་ལང་ཁར་རབ་ཏུ་བྱུང་། ཁོང་རང་ཉིད་ཀྱི་རང་ཉིད་བོད་རིགས་ཡིན་པར་ཞལ་གྱིས་བཞེས། ཤྲི་ལང་ཁར་ཡང་བོད་ཀྱི་མ་ཧེན་དྷ་ཐེ་ར་ཟེར་ནས་སྐད་གྲགས་ཆེ། ཁོང་གི་སྙན་ངག་པ་དང་རྩོམ་པ་པོ་ཞིག་ཡིན། གོང་གིས་སྐུ་ཚེ་གང་བོར་དཔེ་དེབ་བཞི་བཅུ་ཙམ་བརྩམས་ཡོད། ཁོང་གིས་ཤྲི་ལང་ཁའི་རང་བཙན་འཐབ་རྩོད་ལ་ཕྱག་ལས་རྒྱ་ཆེར་གནང་ཞིང་ཤྲི་ལང་ཁ་རང་བཙན་བྱུང་རྗེས་སུ་ཁོང་ནི་ཤྲི་ལང་ཀའི་རང་བཙན་ལེན་མཁན་གྱི་དཔའ་བོའི་གྲས་སུ་བགྲངས་ཡོད། དེ་ཡང་གྲོང་ཁྱེར་ལྟེ་བ་གོ་ལོམ་བྷོ་ཡི་སྲང་ལམ་ཞིག་ལ་ཁོང་གི་མིང་བཏགས་པ་དང་། ཁོང་གི་འདྲ་སྐུ་ཞིག་ཀྱང་བཞེངས་ཡོད། ༼ཁོང་གི་སྐོར་ཉུང་བསྡུས་ཤིག་ཟུར་དུ་ངོ་སྤྲོད་བྱ་འཆར་ཡོད་༽
ད་དུང་གྲོང་ཁྱེར་ཕོན་དྲི་ཆེ་རེས་ཡི་ནང་པ་མཐུན་ཚོགས་ཀྱི་དབུ་གཙོ་སོགས་ཀྱིས་གསུངས་བཤད་གནང་ཡོད།
༼བཙུན་པ་མ་ཧེན་དྷ་ཐེ་ར་མཆོག་གི་སྐུ་པར་གྱི་ཡོང་ཁུངས་www.dailynews.lkཡིན།གསུངས་ནས་སྐུ་པར་ཀྱང་བཀོད་འདུག་པས་སྐྲ་དང་ཞལ་ཚོམ་ཅུང་ཟད་ཡོད་ཀྱང་ཤྲི་ལང་ཀར་རབ་ཏུ་བྱུང་བ་ཡིན་ངེས་འདུག འདི་ནི་རྡོ་རྗེ་ཚེ་སྲུང་གི་གླེང་མོལ་http://dorjesvoice.blogspot.tw/2011/06/blog-post_4982.html
ཞེས་པ་ལས་དྲངས།
བཀའ་བསྟན་སོགས་སྔོན་གྱི་མཁས་པ་རྣམས་ཀྱིས་དུས་ཀྱི་དགོངས་དང་ཐུགས་ཀྱི་དགོངས་གཉིས་ཀར་ས་ཡང་འཇུག་བྲིས། གངས་ལྗོངས་ཀྱི་ཚད་ལྡན་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་སོགས་ཀྱང་དོན་འདི་ལ་གནས། མིང་སྒྲ་འབྱུང་སྟངས་ཀྱི་ལོ་རྒྱུས་ཚན་རིག་ཀྱིས་དཔྱད་ན་བཞེད་པའི་དགོངས་དེ་དུས་ཀྱི་དགོངས་ལས་བྱུང་། དེས་ན། བོད་སྤྱིའི་སྐད་དེ་སྲུང་འདོད་ན། གཞུང་དཔེ་ཚད་ལྡན་འདི་དག་གི་རྗེས་སུ་འབྲང་དགོས། དེས་ན་རང་ཅག་གིས་བོད་སྤྱིའི་སྐད་དང་། རིག་གཞུང་སོགས་སྲུང་སྐྱོབ་ཀྱི་ཆེད་དུ། སྔོན་གྱི་ཚད་ལྡན་ཡིག་ཆ་དག་གཙོ་ཆེའམ། ཚིག་མང་པོ་སྔར་གྱི་དག་ཆ་དང་མ་བསྟུན་པར་བྲིས་པའི་དག་ཡིག་གསར་སྒྲིགས་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་གཙོ་ཆེ། ཞེས་དྲི་བ་ལགས། གཞན་ཡང་དག་ཡིག་གསར་སྒྲིགས་དང་། བོད་རྒྱ་ཚིག་མཛོད་སོགས་ལ་གཞི་བཅོལ་ཏེ། ལྡང་ལ་འདང་དང་། སྩལ་ལ་བསྩལ་ཅེས་བཀའ་བསྟན་གཞུང་ལུགས་ཀྱི་དག་ཆ་ལ་དངོས་སུ་གནོད་པ་ན། གལ་ཏེ་ཁ་ཞེ་གཉིས་མེད་ཀྱིས་བོད་དང་། བོད་ཀྱི་རིག་གཞུང་གྱི་ཡར་སྐྱེད་ལ་འབད་ན། དག་ཡིག་གསར་སྒྲིག་དང་། བོད་རྒྱ་བོད་ཚིག་མཛོད་ཆེན་མོ་སོགས་ན་ཡོད་པའི་བོད་སྤྱིའི་སྐད་ལ་གནོད་པའི་ཚིག་དེ་དག་ལ་ཞུས་དག་བྱས་ཏེ། ཚིག་མཛོད་གསར་པ་དག་འདོན་ཐབས་ལ་འབད་དགོས་པ་མི་འདུག་གམ ཞེས་ཀྱང་དྲི་བ་ལགས། འོན་ཀྱང་དག་ཡིག་གསར་སྒྲིགས་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་རང་ཅག་ལ་ད་ལྟའི་སྐབས་མེད་དུ་མི་རུང་བ་ཡིན་པས་དེ་དག་མཛད་པ་པོ་རྒྱའི་མེས་པོ་ཀྲང་དབྱི་སུན་སོགས་ཀྱི་བཀའ་དྲིན་བསམ་དགོས་པ་ཡིན། བོད་རིག་གཞུང་ལ་ཁ་ཞེ་གཉིས་མེད་ཀྱིས་ཞབས་ཏོག་ཞུས་པའི་འབྲས་བུར་གྲོང་ཁྱེར་ནེཝ་ཡོརྐ་ལྟར་ཉིན་མོ་ཡང་གློག་འོད་ལ་བརྟེན་དགོས་པ་མ་ཡིན་པར་ཉི་འོད་མདངས་ལྡན་ཁང་བུ་ཉམས་དགའ་བ་ན་བྲིས་སོ།།
སིངྒ་ལའི་རི་བོ་མ་ཡ་ལའི་རི་རྩེ་འདི་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་སོང་སྐབས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པ་དང་མིའི་གསང་སྔགས་རིག་པ་འཛིན་པ་ལྔས་ལངྐའི་ཡུལ་གྱི་མ་ལ་ཡའི་རྩེ་མོར་རྫུ་འཕྲུལ་གྱིས་བྱ་བས་འདུས་པ་དང་། དེའི་ཚེ་གསང་བདག་ཕྱག་ན་རྡོ་རྗེ་དངོས་སུ་སྣང་ནས། རིགས་ཅན་ལྔ་དང་རིག་འཛིན་ཕོ་མོ་མང་པོ་ལ་སྔར་སྟོན་པས་གསང་སྔགས་གསུངས་པ་རྣམས་སླར་ཡང་བཟླས་ཏེ་སྟོན་པར་མཛད་ས་དེ་ཡིན་ན་ནི། གནས་ཤིན་ཏུ་ནས་རྩ་ཆེན་རེད་ལགས།
དག་ཡིག་ཟ་མ་ཏོག་ལས།
མདུན་དུ་དགུག་དང་མཚན་མོའི་དགུང་།།དུས་ཀྱི་དགུན་དང་དགེ་སློང་དང་།།དགེ་བཤེས་དགེ་བ་དགེ་ལེགས་སོགས།།དགོངས་པ་དང་ནི་ཕྱི་དྲོའི་དགོངས།།ཞེས་པ་ལྟར་མཚན་མོ་ལ་དགུང་དང་ཕྱི་དྲོ་ལ་དགོངས་ཞེས་འབྲི་སྲོལ་ཡོད་པ་ལྟར་དང་། དག་ཡིག་ངག་སྒྲོན་ལས་ཀྱང་། དགོངས་མོ་ཟོང་དགྲམ་མེ་ཏོག་དགྲམ།།ཞེས་པ་དེ་ལ་ཁུ་ནུ་བླ་མ་རིན་པོ་ཆེའི་འགྲེལ་བ་ལས། དགོངས་མོ་ཕྱི་དྲོ་སོགས། ཞེས་ཕྱི་དྲོ་སོགས་ལ་གསུངས་འདུག །ཕྱི་དྲོ་ཁ་ཟས་སྤངས་བ་ལ་དགོངས་བཅད་ཟེར་བ་ཡང་ཡོད་པས་། དཔྱད་པར་བྱའོ།།
དགོངས་མོ་དགོངས་ཟས་བཟས་བ་རྗེས་དགོངས་པ་ཡག་པོ་བཞེས་ནས་དགོངས་ཡངས་ངང་གཟིམ་གྲོགས་ཞེས་འབྲི་དགོས་སམ།
སིངྒྷལ་སྟེ་ཡི་གེ་མཚམས་སྦྱར་བ་དང་སིྃཧལ་སྟེ་མཚམས་སྦྱོར་མེད་པ་འདི་ཡང་ཀུན་གྱིས་འབོད་པའི་མིང་ཡིན་ཅིང་། དོན་ནི་སེང་གེ་འཛིན་བྱ་བར་འགྱུར། མིང་གཞན་ཙམརདྰིཔ་བྱ་བ་སྟེ། ཁོང་ཅག་གི་རྒྱལ་རབས་ན་ཡང་མིང་དེ་གསལ་ཞིང་། རང་ཅག་གི་གཞུང་མར་པོར་ཡང་སིངྒལ་དང་དེ་གཉིས་དོན་གཅིག་ཏུ་གསུངས།
དེ་བཞིན་ཏྰམྲ་དྭིཔ་སྟེ་ཟངས་གླིང་ཡང་འདི་ལ་ཟེར་བ། རང་རེའི་འདུལ་བའི་དཔེ་མེད་མའི་བྱུང་བའི་སྐབས་ནའང་གསལ་ལ། ཁོང་དག་ལ་ཡང་རྒྱུས་འདུག རྒྱ་གར་ནུབ་ཀྱི་ཀླ་ཀློ་རྣམས་ནིགླིང་འདི་ལ་སོརཎ་དྭིཔ་སྟེ་གསེར་གླིང་དུ་འབོད་ཅིང་གནས་ཆེན་དུ་བརྩི། དགེ་ཆོས་ཀྱིས།
ཤོག་གྲངས་༥༧ལས།
ཤྲྰིཔྰདམདཔལ་ཞབས་ནི་གླིང་གིདབུས་སུ་ཡོད་ཅིང་། ཤིན་ཏུ་མཐོ། གནམ་ལྕགས་ཀྱི་འཇིགས་པ་ཆེ་བས་སོས་དུས་ཀྱི་ཟླ་བ་གཉིས་ཙམ་ལས་མཇལ་མི་ཐུབ། རི་འདི་ཧྰམྲཀཊབང་སམནཏབྷདྲ་ཀུན་ཏུ་བཟང་པོ་མིང་འགའ་ཙམ་ཡོད། རྩེ་ན་བྲག་གི་སྟེང་དུ་སངས་རྒྱས་ཀྱི་ཞབས་རྗེས་ཀྱང་ཁྲུ་གང་བ་ཞིག་ཡོད། དེ་རྰམཎའི་ཞབས་རྗེས་ཡིན་ཅེས་མུ་སྟེགས་རྣམས་ཀྱང་མཆོད། ཨདམ་གྱི་ཞབས་རྗེས་ཞེས་ཀླ་ཀློ་དག་ཀྱང་མཆོད། བདག་པོ་ནི་སངས་རྒྱས་པ་དག་ཡིན། ཡང་དགེ་ཆོས་ལགས་ཀྱིས། གནས་དེར་སྟོན་ལན་གསུམ་བྱོན་པར་གསུངས་འདུག
འདིར་སིང་ག་ལ་དང་འབྲེལ་བའི་གསར་འགྱུར་ཞིག་འདུག གསུང་བཤད་གནང་མཁན་ཀརྨ་པ་ཨུ་རྒྱན་མཐའ་ཡས་རེད་འདུག
ཀརྨ་པས་མ་ཧཱ་ཡ་ན་དང་ཐེ་ར་ཝ་དྷ་གཉིས་མཉམ་འབྲེལ་གྱི་གཞི་འདིངས་དགོས་ཞེས་གསུངས་འདུག
འབྲས་ལྗོངས་སུ་འཁྲུངས་པའི་བཙུན་པ་མ་ཧེན་དྷ་ཐེ་ར་མཆོག
དེ་ཡང་ས་ག་ཟླ་བའི་དུས་ཆེན་ཉིན་མོར་རྒྱ་གར་རྒྱལ་ཡོངས་འགྲེམ་སྟོན་ཁང་དུ་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་དང་ཤྲི་ལང་ཁའི་ཆེས་མཐོའི་གཞུང་ཚབ་དོན་གཅོད་སློབ་སྟོན་པ་སོགས་ཀྱིས་གལ་གནད་ཆེ་བའི་གསུངས་བཤད་གནང་འདུག
དེ་ཡང་ཀརྨ་པས། སྤྱིར་བཏང་ནང་པའི་ལྟ་གྲུབ་ཀྱིས་དེང་སང་གི་རྩོད་རྙོགས་ཆེ་བའི་འཇིག་རྟེན་འདི་ཞི་འཇམ་ཡོང་བར་ཕན་ཐོགས་ཚད་མེད་པ་ཞིག་ཡོང་བཞིན་ཡོད། དེར་བརྟེན་མཁས་པ་ཚོས་ཞིབ་འཇུག་གི་ལམ་ནས་ཐེག་པ་ཐུན་མོང་བ་དང་ཐེག་པ་ཐུན་མོང་མ་ཡིན་པའམ་ཐེ་ར་ཝ་དྷ་དང་མ་ཧཱ་ཡ་ན་ཞེས་འབོད་བཞིན་པའི་ཆོས་རྒྱུད་ཆེན་པོ་གཉིས་ཀྱི་ལྟ་གྲུབ་ལ་ཞིབ་འཇུག་གི་ལམ་ནས་གཞི་གཅིག་ལ་དྲིལ་ཚུལ་ངོ་སྤྲོད་བྱེད་དགོས་ཀྱིན་འདུག དེ་ཡང་ཐུན་མོང་གིི་གཞི་གཅིག་དུ་འབབ་པའི་ཚུལ་དེ་ངོ་སྤྲོད་བྱ་ཐུབ་ན་མི་མང་པོའི་དོག་པ་སེལ་བར་ཕན་ཐོགས་ཆེན་པོ་ཡོད་ཚུལ་སོགས་གསུང་བཤད་རྒྱས་པར་གནང་འདུག
ཤྲི་ལང་ཁའི་སློབ་སྟོན་བློན་ཆེན་མཆོག་གིས། དེ་ཡང་ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་དགྲ་བཅོམ་པ་མ་ཧེན་དྷས་ཤྲི་ལང་ཁའི་གླིང་ཕྲན་འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤེལ་ཚུལ་དང་། དེ་ནས་བཟུང་སྟེ་སངས་རྒྱས་ཀྱི་ཆོས་ནི་ཤྲི་ལང་ཁའི་མི་མང་ལ་ལམ་སྣ་སྟོན་པའི་འོད་སྣང་ཉག་གཅིག་ཏུ་གྱུར་ཡོད། དེ་ཡང་ཤྲི་ལང་ཁའི་ལོ་རྒྱུས་དང་། རྩོམ་རིག གོམས་སྲོལ། སྤྱི་ཚོགས་ཀྱི་རིན་ཐང་ལྟ་ཚུལ་སོགས་ཕྱོགས་མང་པོར་ཤུགས་རྐྱེན་ཐེབས་ཡོད། སངས་རྒྱས་ཀྱི་ཆོས་འདིས་ཤྲི་ལང་ཁའི་མི་མང་ལ་ཡ་རབ་དང་། བཟང་སྤྱོད། བཟོད་སྒོམ། མཐུན་སྒྲིལ་བཅས་ཀྱི་གོམ་པ་མདུན་སྤོས་བྱེད་སྟངས་བསླབས་ཡོད་ཚུལ་སོགས་གསུངས་བཤད་གནང་འདུག
ད་དུང་ཁོང་གིས། ཉེ་བའི་ཆར་སེར་སྐྱའི་གྲོང་དུ་ནང་པ་སངས་རྒྱས་པའི་རྟེན་རྫས་མང་པོ་སྔོགས་འདོན་རྙེད་སོན་བྱུང་བ་ཚང་མར་གུས་ཕྱག་བྱེད་པའི་གོ་སྐབས་བྱུང་སོང་། དེ་ནི་ང་རང་ཉིད་ཀྱང་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་སྐལ་བ་བཟང་པོར་ཚོར་བྱུང་། རྟེན་རྫས་དེ་དག་ཤྲི་ལང་ཁའི་སྲིད་འཛིན་མཆོག་གིས་རྒྱ་གར་གཞུང་ལ་རེ་སྐུལ་ཞུས་པ་བཞིན་ཕྱི་ལོ་༢༠༡༢ལོའི་ས་ག་ཟླ་བའི་བར་དུ་ཤྲི་ལང་ཁའི་ཡུལ་དུ་ཉར་ཆོག་པའི་གནང་བ་ཐོབ་ཚུལ་སོགས་གསུངས་འདུག
འབྲས་ལྗོངས་དགོན་སྡེ་ལྷན་ཚོགས་ཀྱི་དབུ་གཙོ་ཡ་པོ་བསོད་ནམས་ཡོངས་དྷ་ལགས་ཀྱིས། ཤྲི་ལང་ཁའི་མི་མང་གིས་འབྲས་ལྗོངས་ནས་འཁྲུངས་ཤིང་ཤྲི་ལང་ཁའི་ཡུལ་དུ་སྐུ་ཚེ་བསྐྱལ་བའི་བཙུན་པ་མ་ཧེན་དྷ་ཐེ་ར་མཆོག་ལ་ཤྲི་ལང་ཁའི་གཞུང་དམངས་ཀྱིས་གུས་བརྩི་ཆེན་པོ་ཞུས་པར་ཐུགས་རྗེ་ཆེ་ཞེས་ཞུས་འདུག དེ་ཡང་བཙུན་པ་མ་ཧེན་དྷ་མཆོག་ནི་འབྲས་ལྗོངས་སུ་འཁྲུངས་ཤིང་ཤྲི་ལང་ཁར་རབ་ཏུ་བྱུང་། ཁོང་རང་ཉིད་ཀྱི་རང་ཉིད་བོད་རིགས་ཡིན་པར་ཞལ་གྱིས་བཞེས། ཤྲི་ལང་ཁར་ཡང་བོད་ཀྱི་མ་ཧེན་དྷ་ཐེ་ར་ཟེར་ནས་སྐད་གྲགས་ཆེ། ཁོང་གི་སྙན་ངག་པ་དང་རྩོམ་པ་པོ་ཞིག་ཡིན། གོང་གིས་སྐུ་ཚེ་གང་བོར་དཔེ་དེབ་བཞི་བཅུ་ཙམ་བརྩམས་ཡོད། ཁོང་གིས་ཤྲི་ལང་ཁའི་རང་བཙན་འཐབ་རྩོད་ལ་ཕྱག་ལས་རྒྱ་ཆེར་གནང་ཞིང་ཤྲི་ལང་ཁ་རང་བཙན་བྱུང་རྗེས་སུ་ཁོང་ནི་ཤྲི་ལང་ཀའི་རང་བཙན་ལེན་མཁན་གྱི་དཔའ་བོའི་གྲས་སུ་བགྲངས་ཡོད། དེ་ཡང་གྲོང་ཁྱེར་ལྟེ་བ་གོ་ལོམ་བྷོ་ཡི་སྲང་ལམ་ཞིག་ལ་ཁོང་གི་མིང་བཏགས་པ་དང་། ཁོང་གི་འདྲ་སྐུ་ཞིག་ཀྱང་བཞེངས་ཡོད། ༼ཁོང་གི་སྐོར་ཉུང་བསྡུས་ཤིག་ཟུར་དུ་ངོ་སྤྲོད་བྱ་འཆར་ཡོད་༽
ད་དུང་གྲོང་ཁྱེར་ཕོན་དྲི་ཆེ་རེས་ཡི་ནང་པ་མཐུན་ཚོགས་ཀྱི་དབུ་གཙོ་སོགས་ཀྱིས་གསུངས་བཤད་གནང་ཡོད།
ཀརྨ་པས་འདི་ན་གསུངས་འདུག
http://dorjesvoice.blogspot.co.uk/2011/06/blog-post_4982.html
དེར་ཡོད་པའི་རི་བོ་དེ་ཡང་། ཞེས་པ་ནས། སྐལ་ལྡན་རྣམས་ཀྱིས་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། །ཞེས་བཤད་པས་སོ། །
སིངྒཱ་ལའི་ཡུལ་གྱི་གནས་ཚུལ་རྣམས་མཐོང་སྐབས་མཁན་པོ་ངར་ཤ་འདྲ་ལངས་ཡོད་ས་རེད། དཔེ་ཡག་པོ་རེད། བོད་ཀྱི་མཐོ་རིམ་སྤྱི་ཚོགས་ནས་མགོ་བཙུགས་ནས་བསྒྱུར་བཅོས་འདྲ་བྱེད་རོགས་བྱས་ན་དངོས་གནས་བསམ་བློ་གཏོང་ས་ཡོད་པ་རེད། མི་རིགས་གཞན་གྱི་གོམ་གཤིས་དང་། བྱེད་སྟངས་ཁྱད་པར་བ་རེ་མཐོང་ཡོང་དུས་རང་རེའི་ལུང་པ་ལ་འཕྲོད་མིན་ལྟ་དགོས་པ་ལས་ནང་འདྲེན་རྐྱང་བྱས་ན་ཕན་ཐོགས་མེད་དེ། དཔེར་ན། ཉ་ཚེ་ཐར་གཏོང་བའི་རྒྱ་ཡི་ལུགས་སྲོལ་དེ་བོད་དུ་དྲངས་པ་བཞིན་ནོ། བསླབ་གསོའི་སྐོར་ལ་བསྒྱུར་བཅོས་དགོས་པའི་དགོངས་ཚུལ་གསུངས་པ་ལེགས་ཤིང་། བསྒྱུར་བཅོས་བྱེད་སྟངས་དེ་མ་ནོར་ཧ་ཅང་གལ་ཆཻ།
གཞན་ཞིབ་འཇུག་གི་སྐོར་ནི་གོང་མཆན་བཏགས་མཁན་ཚང་མས་ལེགས་སོ་འབུལ་གྱི་འདུག་ཀྱང་ངས་ནི་རྔ་མ་གཡུགས་ཐུབ་ས་མི་འདུག དཔེར་ན། སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་གྲུ་འཛིན་དེ་ན་ཡིན་པའི་སྐད་ཆ་འདྲ་བ་དང་། ཡང་གུ་རུ་རིན་པོ་ཆེའི་ཞིང་ཁམས་ཟངས་མདོག་དཔལ་རིའང་དེ་ཡིན་པའི་མདོག་འདྲ་བ། གནའ་ནས་ད་བར་དུ་གསང་སྔགས་ཀྱི་བསྟན་པ་དར་མྱོང་མེད་པའི་ཡུལ་འདིར་གསང་སྔགས་ཀྱི་བསྟན་པ་ཐོག་མར་དར་ས་དང་། བདུད་པོ་རུ་ཊ་བསྒྲལ་ནས་རྒྱུད་སྡེ་གསུངས་ས། མགོན་པོས་སྲིན་པོའི་བརྟུལ་བའི་གནས་སོགས་ཡིན་པར་བཤད་པ་ལས་སྒྲུབ་བྱེད་པའི་སྐད་འཁྱམས་མང་པོ་ཞི་ཕོན་པོར་བཅིངས་པ་ཙམ་རེད་འདུག དེ་ལས་ཏོག་ཙམ་རྒྱུས་ལོན་བྱུང་བའི་འབྲས་ལྗོངས་གྲྭ་པ་དེའི་སྐོར་ནས་ཅུང་ཙམ་གསལ་ཁ་གཏོད་དང་། གཞན་པ་དག་སྣང་ཅན་ལ་མི་འགལ་ཡང་བྱུང་རབས་ལ་ཞིབ་འཇུག་བྱེད་མཁན་དང་། དངོས་ཡོད་ལ་རྒྱུས་ལོན་བྱེད་མཁན་རྣམས་ཀྱིས་ནི་མིག་ཟུར་ཡང་མི་ལྟ་བ་ངེས་སོ།
ཁྱེད་ནི་དངོས་གནས་འབྲོག་ཕྲུག་འབ྄ོག་ཕྲུག་རང་རེད་ཤག བསམ་བློ་གུ་དོགས་པ་ཚིག་འཆལ་མང་བ། གཅོལ་ཆུང་གི་ད་འདི་འདྲ་ང་རང་ཚོ་ལ་མང་པོ་ཡོད་ནི་རེད། ཁྱེད་ནི་ཞིབ་འཇུག་ལ་བློ་འཁོར་མྱོང་མེད་ཁི། ད་དུང་སློབ་སྦྱོང་ལ་ཤུགས་རྒྱོབ་ད་ཁ་དྲོ་། ཁྱེད་ཀྱི་གསང་སྔགས་དར་མྱོང་མེད་པ་གང་ནས་མཁྱེན? འདི་རི་བོ་མ་ལ་ཡ་ཡིན་པ་མཁས་པ་མང་པོས་གསུངས་ཡོད་ཀི། དེ་ཡིན་ན་ངེད་ཚོས་རྒྱུད་དང་གཞུང་མང་པོར་ཕྱག་རྡོར་དང་རྟ་མགྲིན་བྱོན་པ་གསལ་བས་་དེ་ལ་ལན་ཅི་བཏབ།
དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་སྔགས་ཀྱི་རྒྱུད་སྡེ་གསུངས་པའི་ས་དེ་དེ་ཡིན་པ་ནི་སྨིན་གླིང་ལོ་ཆེན་གྱི་གསང་སྙིང་གི་འགྲེལ་པར་ཡང་ཧ་ཅང་ཞལ་གསལ་པོས་གསུངས་པར་མ་ཟད། ཀློང་ཆེན་པའི་སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲར་ཡང་ཡོད་སྙམ།
ད་ལྟ་མེད་པ་ཙམ་གྱིས་སྔར་དར་མ་མྱོང་བས་གཏན་མ་ཁྱབ་ལ། སྔར་དར་མྱོང་ན་ཡང་ཐུན་མོངས་ཡོངས་གྲགས་སུ་དར་བར་དེ་བས་མ་ཁྱབ།
དེས་ན་རིགས་ཅན་དྲ་མ་ལྔ་མ་བརྒྱུད་སྡེ་གསུངས་པ་ནི་སྤྱི་མདོ་དགོངས་པ་འདུས་པ་ལ་སོགས་པ་སྟེ། འོན་ཀྱང་འདི་རིགས་ནི་རིག་འཛིན་བརྡ་བརྒྱུད་དུ་གསུངས་པས་དེ་ཙམ་གྱིས་ཐུན་མོང་དུ་དར་བས་ཀྱང་མ་ཁྱབ་ལ་མ་གསུངས་པས་ཀྱང་མ་ཁྱབ།
འོན་ཀྱང་འབྲོག་ཕྲུག་འདིར་གོ་བརྡ་འཕྲོད་མིན་མི་ཤེས།
གོང་གསལ་སྤར་དེ་དགེ་འདུན་ཆོས་འཕེལ་གྱི་ཡིན་འདུག་ཅེས་མཆན་ཨང་དང་པོར་མེ་ཏོག་དཀར་པོས་ངོས་འཛིན། མེ་དཀར་ཁོ་རྣམ་དཔྱོད་ལེགས་པ་ཅན་ཞིག་ཏུ་ངོས་འཛིན། རྫ་བཀྲ་ཤིས་ལ་མགོ་བསྐོར་ཐེབས་པ་འདྲ། གནས་བརྟན་སྡེ་པའི་གྲྭ་པའི་ཆས་ལུགས་དེ་འདྲ་ཡོད་པ་ཞིག་མ་མཇལ་མ་མྱོང་བ་ཡིན། གཅིག་ན་མ་ཧེནད་དང་པོ་གནས་བརྟན་སྡེ་པའི་དགེ་སློང་ཆགས། རྗེས་སུ་དགེ་སློང་གི་སྡོམ་པ་ཕུལ་ནས། སྔགས་འཆང་གི་ལུགས་འཛིན་པ་ཡིན་ཤས་ཀྱང་ཆེའོ།།
ལ་དྭགས་པ་འདི་རྣམ་དཔྱོད་ཆེ། མཐོང་རྒྱ་ཡངས། བསམ་པ་དཀར། བསླབ་པ་རྒན་པས་ང་ཚོ་གཞོན་སྐྱེས་ཚོས་རྩི་མཐོང་ཞུ་ཡུལ་ཉག་གཅིག་ཡིན་ན་ཡང་། ད་རེས་དངོས་གནས་ཅུང་ཟད་ཨུ་ཚུགས་གནང་གིན་འདུག
པར་འདི་དག་ཁོང་ཚོས་རང་གི་དེབ་ཀྱི་ཐོག་ལ་དཔར། རི་མོར་ཡང་བྲིས། འདྲ་གསོབ་ཏུ་ཡང་བཞེས་འདུག་པ་ཤ་སྟག་རེད།
གཅིག་གཉིས་ཙམ་མ་རེད། མཁན་པོ་ཚུལ་དངོས་སུ་ཁོང་གི་དྲན་རྟེན་གྱི་འདྲ་སྐུ་ཡོད་ས་དང་དགོན་པ་ཡོད་ས་དེ་བཞིན་འབྲེལ་ཡོད་ཀྱི་འགྲེམ་སྟོན་ཁང་བཅས་ལ་ཕེབས་པའི་པར་ཡང་ངའི་ལག་ཏུ་ཡོད།
མ་ཟད་གོང་དུ་མ་ཧན་རྡ་ལགས་ཀྱི་པར་སྔ་མོ་ནས་རྡོ་རྗེ་ཚེ་སྲུང་གི་ཟིན་བྲིས་སུ་བཀོད་པའི་ཁུངས་འབྲེལ་ཐག་དང་བཅས་པ་འདུག གལ་ཏེ་ཁོང་གི་མཚན་གྱི་དག་ཆ་ཤྲི་ལང་ཀ་དང་དབྱིན་ཡིག་གང་རུང་གིས་ལེགས་པ་ཞིག་ཕྲིས་དང་ངེས་པར་རྙེད་ངེས་རེད།
དེ་ལ་དོགས་པ་ཙམ་ཡང་མི་དགོས།
ཁ་སྤུ་ཡོད་པ་ཙམ་གྱིས་དགེ་སློང་མིན་པར་ཡང་མི་འགྲུབ་ལ་གནས་བརྟན་སྡེ་པའི་དགེ་སློང་མིན་པར་ཡང་མི་འགྲུབ།
ཁོང་གི་འདྲ་པར་གནས་བརྟན་སྡེ་པའི་རབ་བྱུང་གི་ནབ་བཟའ་ཆ་ཚང་མནབ་པར་ཡང་ཁ་སྤུ་འདི་བཞིན་འདུག
ཁོང་ཆབ་སྲིད་ཀྱི་རང་བཙན་རྩོད་ལེན་པ་དང་སྙན་ངག་པ་ཞིག་ཡིན་སྟབས་ཁོང་ལ་མི་གཤིས་དང་སྤྱོད་པ་ལ་རྒྱུ་རྩལ་བ་དང་བསམ་བློ་བ་སོགས་ཀྱི་ཉམས་དང་སྤྱོད་པ་ཕྲན་བུ་རེ་ནི་ཡོད་ཆོག་པ་རེད་ལ། གང་ལྟར་དེ་ནི་དོན་དངོས་རང་རེད་འདུག་ལགས།
ས་པཎ་ལེགས་བཤད་ལས།
མཁས་པ་བརྩད་ཅིང་མ་དྲིས་པར།
དེ་ཡི་བར་དུ་གཏིང་མི་དཔོགས།
རྔ་ལ་དབྱུག་གུས་མ་བསྣུན་བར།
དེ་སྲིད་གཞན་དང་ཁྱད་ཅི་ཡོད།། ལེ་ ༡ ཚིགས་ ༨
རྣལ་འབྱོར་པའི་ཐུགས་ལ་ཕོག་ཡོད་ཚེ། བཟོད་གསོལ། སླར་ཞུ་བ་ཞིག་ལ་སྤར་འདི་ལས་ཁོང་གིས་དགེ་སློང་གི་ན་བཟའ་བཞེས་པའི་སྤར་ཡོད་ན། ཐང་རྗེས་མར་དེ་འདྲ་ཞིག་འབྱུང་ན། དགེ་ཆོས་དང་མ་ནོར་བར་འབྱུང་བ་ལ་དོན་ཆེ། གནས་བརྟན་སྡེ་པའི་ཆོས་གོས་བསྣམས་པའི་དགེ་སློང་ཞིག་དགེ་ཆོས་ཡིན་ཟེར་བ་ཞིག་མཐོང་བྱུང་། དགེ་ཆོས་་ལ་ མི་ཞིག་གིས་ཤྲཱི་ལང་ཀར་ཡོད་དུས་གྲྭ་ཆས་བཞེས་པ་ཡིན་ནམ། ཞེས་དྲིས་པ་ན་དགེ་ཆོས་ཀྱིས་གྲྭ་ཆས་གྱོན་པ་མ་ཡིན། གང་ཡིན་ཞེ་ན། མི་རྣམས་གྲྭ་པ་ལ་དད་པ་ཆེ་བས་རུབ་རྒྱབ་པ་འདུག་པས་གྲྭ་ཆས་མ་གྱོན་གསུངས་པ་ཞིག་ཀྱང་བཀླགས་མྱོང་། གལ་ཏེ་དགེ་ཆོས་ཀྱིས་ཤྲཱི་ལངྐཱ་ལ་བཞུགས་སྐབས་སུ་དགེ་སློང་ཆས་གཏན་ནས་མ་བཞེས་པ་ཡིན་ན། གནས་བརྟན་སྡེ་པའི་དགེ་སློང་གི་ན་བཟའ་གྱོན་ཡོད་པ་དེ་འབྲས་ལྗོངས་ནས་ཤྲཱི་ལངྐཱ་ལ་ཕེབས་པའི་བོད་ཀྱི་བན་དེ་མཧེནྡ་ཡིན་ངེས། དེ་ལྟར་ཡིན་ན་ཁོང་རྣམ་གཉིས་ཞལ་གདོང་འདྲ་བས། ནོར་སྲིད་པས། མེ་ཏོག་དཀར་པོ་ལ་ཡང་ཁག་མི་འདུག་སྙམ། བདག་གིས་མཧེནྡ་ཞེས་ཐོས་ཀྱི། མཧནྡ་ཞེས་པ་ཞིག་བདག་གི་མཐོང་ཐོས་ལ་མེད། དེ་ཡང་མཧེནྡ་ཞེས་པ་ལེགས་སྦྱར་མཧེནདྲ་སྟེ། བོད་སྐད་དུ། དབང་ཆེན་ཞེས་པ་ཡིན། བདག་གིས་ག་ལ་ཧ་ཡིག་བརྩེགས་མ་ཐུབ་པས། གའི་རྗེས་སུ་ཚེག་མེད་པར་གསལ་བྱེད་ཡོད་ན། བརྩེགས་མ་དང་འདྲ་ཞེས་གསལ་བཤད་བྱས་ཡོད་ཀྱང་། རྣལ་འབྱོར་པས་གཟིགས་མེད་པས། དེ་ལ་དེ་འདྲ་ལན་གསུམ་བྱུང་འདུག་ཅེས་སྐྱོར་བར་མཛད་འདུག དེ་ཡིས་བདག་ལ་ཕན་པ་མ་གཏོགས་གནོད་པ་མི་འདུག་པས། སླར་ཡང་ནོར་པ་དག་ལ་བཟོད་བཞེས་ཞུའོ།།
རྒན་ལ་དྭགས་པ་སྐུ་ཚེ་རིང། ཉིད་ཀྱིས། དེ་ཡང་མཧེནྡ་ཞེས་པ་ལེགས་སྦྱར་མཧེནདྲ་སྟེ། བོད་སྐད་དུ། དབང་ཆེན་ཞེས་པ་ཡིན།ཞེས་པའི། མཧེནྡྲ་ཕྲལ་ནས་ཇི་ལྟར་སྒྲུབས་དགོས། ཤྲཱི་ལང་ཀའི་ལོ་རྒྱུས་བུདྷ་གུཔྟའི་རྣམ་ཐར་དང་། གྲུབ་ཆེན་ཀ་ཧྞ་པའི་ལོ་རྒྱུས། རྒྱ་ནག་གི་བཙུན་པ་ཧྥ་ཤན་གྱི་ལམ་ཡིག་ན་ཡོད་པས་ཕྲན་རང་གི་དོགས་པ་སྔ་མོ་ནས་སེལ་ཡོད། ཁྱོད་རྣམས་ཀྱིས་ཀྱང་དེ་ལ་གཟིགས་ན་བློ་བསྐྱེད་འབྱུང་ངེས། གནས་སྐབས་བྲེལ་བ་ཆེ་བས་གསལ་བཤད་ཞུ་མ་ཐུབ་པར་དགོངས་འགལ་མེད་པར་ཞུ།
དྲི་མེད་ལྷག་བསམ་ལེགས། ཁྱེད་སྐུ་ཁམས་དྭངས་པ་ལགས་སམ། མཧེནྡྲ་ ཞེས་པ་མཚམས་སྦྱར་པ་སོ་སོར་ཕྲལ་ན། མཧཱ ཞེས་ཆེན་པོ་དང་། ཨིནྡྲ་ཞེས་སོ། ཨ་དང་ཨི་མཚམས་སྦྱོར་ན། ཨ་དང་ཨི་གཉིས་ཀ་ཨེ་ལ་འགྱུར། དེ་བཞིན་ད། ཨ་དང་ཨུ་གཉིས་མཚམ་སྦྱར་ན། ཡི་གེ་སྔ་ཕྱི་གཉིས་ཀ་ཨོ་ལ་འགྱུར། ཨ་ཡིས་ཨཱ་རིང་པོ་ཡང་འཐུས་པ་སོགས་གཞན་ལ་ཡང་རིགས་བསྒྲེ། འདི་ལ་ཡོན་ཏན་མཚམས་སྦྱོར་ཟེར། གངགཱ དང་ ཨུ་ད་ཀ་ ཆུ། དེ་དག་མཚམས་སྦྱར་ན། གངགོ་ད་ཀ ཞེས་པར་འགྱུར།
ཤྲཱི་ལང་ཀའི་ལོ་རྒྱུས་སུ། བུདྷ་གོ་ཥ། ཞེས་པ་ཕལ་ཆེར་རྒྱ་གར་ནས་བྱོན་པ། རྣམ་པར་དག་པའི་ལམ་ཞེས་པའི་བསྟན་བཅོས་རྩོམ་པ་པོ་ཚད་ལྡན་གྱི་མཁས་གྲུབ་ཆེན་པོ་ཞིག་བྱུང་བ་ཡོངས་གྲགས་ཆེ། ཉིད་ཀྱིས་བཀོད་པ་རྣམས་ཀྱི་སྐོར་ཆེས་ཆེར་རྒྱུས་མེད་པ་ཞིག་ཡིན་ནོ།།
བུདྷ་གོ་ཥ། ཞེས་པར་བུདྷ་གཧོ་ཥ། ཞེས་གའི་འོག་ཏུ་ཧ་ཡིག་བརྩེགས་མ་ཐུབ་པ་ན། ག་ལ་ཚེག་མེད་པ་ཧ་ཡིག་བྲིས་པ་དེ། ག་ཡིག་གི་འོག་ཏུ་ཧ་ཡིག་བྲིས་པའི་དོན་དུ་འགྱུར་བ་གནའ་སྔ་མའི་ལུགས་ལ་ཡང་དེ་ལྟར་སྣང་ངོ་།།
གུས་ཤིང་བཀུར་བར་འོས་པའི་རྒན་ལ་དྭགས་པ་སྐུ་ཚེ་རིང། མཚམས་སྦྱོར་ཞིབ་གསལ་གནང་བར་ཐུགས་རྗེ་ཆེ། ཕྲན་གྱིས་ཞུས་པའི་རྣམ་ཐར་ཁག་ན་ཤྲཱི་ལང་ཀའི་ས་ཕྱོགས་དང་། གནས་ཆེན་སོགས་ཅུང་ཟད་གསལ་བོ་བཞུགས་པ་ལས། ས་ཆ་དེའི་ལོ་རྒྱུས་སུ་མཁས་གྲུབ་དེ་དག་གི་གནས་ཚུལ་འཁོད་ཡོད་མིན་མ་ངེས་སོ། ། རྒན་ལགས་སྐུ་ཁམས་གསལ་དྭངས་དང་། ཐུགས་བཞེད་ལེགས་འགྲུབ་ཡོང་བར་སྨོན། །
ཉིད་ཀྱིས་གསུངས་པ་ལྟར། བཀའ་བརྒྱད་རྫོང་ཕྲང་གི་ཡིག་རྙིང་ཞིག་ཏུ། ཛྙཱ་ན་ལ་་་གཉའ་ན་དང་། བུདྷ་ལ།་་་ བུདཧ། ཛྭ་ལ་་་་ཛ་བ་ལ། ཞེས་བྲིས་པ་ཞིག་ཀྱང་མཇལ་མྱོང་། ཡིག་ནོར་ནི་མིན་པ་འདྲ། ཡང་། ཧ་རི་ནི་ས་ཞེས་པའི་ཡི་གེ་བཞི། འབྱུང་བ་བཞིའི་ཡི་གེ་ཡིན་ཚུལ་དང་། དེ་རིམ་པར་བཛྲ། རཏྣ། པདྨ། ཀརྨ་བཞིའི་རྩ་བའི་ཡི་གེ་འཕྲོ་གཞི་ཡིན་ཚུལ་ཞིག་ཀྱང་འདུག་པས་ཐུགས་ངེས་མཆིས་ཚེ་བཀའ་དྲིན་སྐྱོངས་བར་ཞུ།
ཁྱེད་མཁས་པ་ཚོས་མིང་དེ་ཡང་གཅིག་གྱུར་ཅིག་བྱས་མི་འདུག ཤྲི་ལང་ཁ་དང་ཤྲི་ལང་ཀ ཤྲྰི་ལིངྐ་ཞེས་བཤད་བཞག དོན་གྱིས་སྲིན་པོའི་དཔལ་ཏེ་ཤྲྰི་ལངྐ་ཡིན་པ་ཡིག་རྙིང་ཁག་ཏུ་གསལ། དྲི་མེད་ལྷག་བསམ་དང་ལ་དྭགས་འཇམ་དཔལ་གསུངས་ལྟར་ཡིན་པར་སྣང་། མིང་ཙམ་གསལ་ཐག་ཆོད་པ་མ་ཤེས་བཞིན་དུ་བགྲོ་གླེང་བྱེད་པ་དག་ང་ཚོས་དོན་མེད་དུས་ཚོད་སྟོང་ཟད་དུ་མིན་ནམ། བདེ་མོ་བྱོས།
སྐུ་ལྔའི་གསེར་སྐྱེམས་ནང་ལ།
སྲིན་པོའི་རྒྱལ་པོ་བཟའ་བདུད་རྰ་ཧུལ། །
དུས་གཉན་བརྒྱད་དུ་རྒྱུ་བའི་སྤྲུལ་པ་བརྒྱད། །
གདོང་མོ་བཞི་དང་གཟའ་བརྒྱད་རྒྱུ་སྐར་སོགས། །
གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །
སྔོན་ཚེ་ལང་ཀའི་སྒོ་སྲུང་ཆེན་པོ་ལ། །
དེང་སང་རྭ་སྒྲེང་རྒྱལ་སོགས་གནས་སྐྱོང་མཁན། །
ཕྱིང་དཀར་ཇོ་བོ་རྒྱལ་མཚན་འཁོར་བཅས་ལ། །
གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །
འདིར་ཡང་སྲིན་པོ་དང་ལང་ཀ་གསུངས་འདུག
༄། ལྷ་མི་རྣམས་འདྲེན་མཁན་པོ་ཚུལ་རྣནས་མཁྱེན། སྐུ་ཚེ་བསྐལ་བ་བརྒྱ་ཕྲག་བསྟན་པ་ཤོགས་།
༄། ལྷ་མི་རྣམས་འདྲེན་མཁན་པོོ་ཚུལ་རྣམས་མཁྱེན་། སྐུ་ཚེ་བསྐལ་བ་བརྒྱ་ཕྲག་བསྟན་པ་ཤོགས་།
ལངྐའི་ཡུལ་གྱི་གྲོང་བརྡལ་གྱི། །
དབུས་ཀྱི་རི་བོ་མ་ལ་ཡ། །
ཀོཀྐ་ཐང་མལ་རྒྱ་མཚོའི་མདོ། །
དྲག་ཤུལ་གཡོ་བའི་རྩེ་མོ་རུ། །
དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །
བདུད་ཀྱི་སྡེ་རྣམས་བཏུལ་ནས་ནི། །
གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །
མིང་གི་དབང་བསྐུར་བྲན་ཁས་བླངས་པའི། །
རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །
མགོན་པོ་ནག་པོ་ཆེན་པོ་དང་། །
ཉེ་གནས་ཀྲི་དི་ཤྭ་རི་མ། །
ད་དྲན་མ་གྲགས། སྡ་མོ་འདི་འདྲ་ཞིག་མང་པོ་འདོན་མྱོང་། འདི་ལངྐ་དང་འབྲེལ་བ་ཞིག་རེད་མིན་འདུག་གམ།
དྲྭ་གྲོགས་རྣམས། གོང་དུ་མཁན་པོའི་གསུངས་པ་བཞིན་མགོན་པོའི་རྒྱུད་དང་སྔགས་ཀྱི་རྒྱུད་མང་པོའི་འབྱུང་ཁུངས་དང་། ཟངས་མདོག་དཔལ་རི་སོགས་ཤྲི་རི་ལངྐ་ཡིན་ལས་ཆེ་བས་འདིའི་ཐོགས་མཁས་པ་རྣམས་ཀྱིས་བགྲོ་གླེང་རེ་གནང་ན་ལེགས། ང་ཚོ་བོད་ཀྱི་ཆོས་ཁུངས་རྣམས་ཤེས་རྒྱུ་གལ་མི་ཆེ་འམ། ངས་ནི་དེ་སྔོན་བསམ་གཞིགས་བྱེད་མྱོང་མེད་ལགས།
དེས་ན་ད་ནི་རང་ཅག་རྣམས་ཀྱི་གནའ་བོའི་ཕ་ཁྱིམ་དུ་གྱུར་པའི་མགདྷ་ནི། མུ་སྟེགས་ཀྱི་གནའ་མ་དང་། ཕི་ལིིང་པའི་་མག་པ་གཉིས་ཀྱིས་བཟུང་སྟེ། ཉམས་མི་ཕེབས་ཤིང་། བག་མི་བྲོ་བར་བྱས། འོ་ན་ད་ནི་རང་རེ་རྣམས་ལྷོ་ཕྱོགས་རྒྱ་མཚོའི་གླིང་ཕྲན་སིང་གྒལ་དེའི་ཚབ་ཏུ་བཅོལ་བ་སྐབས་སུ་བབས་པས།
རྡོ་རྗེ་འཆང་དང་ཤྰཀྱ་ཐུབ་པའི་བདག་གཅིག་འབྲེལ། ཡོད་སྨྲ་པ་དང་གནས་བརྟན་སྡེ་པའི་རྟེན་བྱུང་འབྲེལ། དེས་མ་ཚད། བྱང་གི་ཐེག་ཆེན་དང་ལྷོའི་ཐེག་དམན་པ་གཉིས་ཀའི་བར་ན། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡི་འབྲེལ་བ་སྟེ། གཉན་ཞིང་ཟབ་པའི་འབྲེལ་བ་འདི་རྣམས་ཐམས་ཅད་ཀུན་གྱི་བརྩི་དགོས་པ་ལགས།
འོན་ཀྱང་ལྷུང་བཟེད་ནག་པོ་ཅན་རྣམས་ནི་ཅི་ལ་ཡང་འཁྲུ་འཕྲིག་ཟ། མི་རྐང་གླིང་བུ་ཅན་རྣམས་ནི་གང་ཡང་ཐོག་བརྫིས་ཆེ། ལར་ཁོང་གཉིས་པོ་སུ་ཡང་མགོ་མཁྲེགས་ཨུ་ཚུགས་ཅན་གྱི་ཡང་རྩེར་སོན་པས། རེ་ཞིག་རང་རང་སོ་སོའི་ས་ནས་ཕན་ཚུན་དགའ་མགུ་དུང་སེམས་ཀྱི་ངང་དུ་བཞུགས་ཤིང་། སྟོན་པ་དང་བསྟན་པ་གཅིག་པའི་གཉེན་རྩིས་ཙམ་ཞིག་མ་ཡལ་བ་ནི་ཆེས་གནད་དུ་ཆེ་བ་ལགས་སོ། །དགེ་ཆོས་ཀྱི་གསུང་ཡང་བསྐྱར་ཅིག་ཀློར་ཞོར་དུ་འདིར་བཀོད།
རྙོག་དྲྭ་མང་གི་ཡ་ནམ་རྒྱུན་དེ་འདྲ་ཞིག་རེད་་་་་་་་
དེ་ནས་བསྐལ་པ་མང་པོ་འདས་པའི་འོག་ཏུ། སྲིན་ཡུལ་ལང་ཀ་རིའི་རྒྱུད་དུ་རུ་ཏྲ་བྱུང་། སྔོན་གྱི་དགེ་སཽང་ཐུབ་དཀའ་གཞོན་ནུ་རྡོ་་རྗེ་སེམས་དཔར་སངས་རྒྱས་པ་དེ་ཉིད་བཅོམ་ལྡན་འདས་བཛ་ཧེ་རུ་ཀར་བཞེངས་། དན་ཕག་ལག་ན་རྡོ་རྗེ་ཡང་རྡོ་རྡོ་ཕུར་པའི་སྐུར་བཞེངས། གཞན་ཡང་ཁྲོ་བོའི་དམག་ཚོགས་ཀྱིས་རུ་ཏྲ་བཏུལ།
ཁོའི་ལས་ཉོན་སྦྱངས་ཏེ་ཆོས་སྐྱོང་མགོན་པོ་ལེགས་ལྡན་དུ་དབང་བསྐུར་ནས་མཐར་སངས་རྒྱས་སུ་ལུང་བསྟན། རུ་ཏྲའི་ལུས་ཀྱི་ཚད་༼ཚལ་པ་༽པ་གནས་བརྒྱད་དུ་བོར་བ་ལས་གསང་བསྔགས་འབྱུང་བའི་གནས་བརྒྱད་བྱུང་། ཟག་པ་རྒྱ་མཚོ་ལ་དོར་བ་ཙནྡན་དུ་སྐྱེས་ཏེ་བདུད་རྩིའི་རྩ་བ་བརྒྱད་བྱུང་། དེ་ལ་སོགས་པ་འདི་ནི་གསང་སྔགས་འབྱུང་བའི་གཞི་ཡང་དག་པ་ཉིད་དུ་གྱུར་པའོ། །ཞེས་སོགས་གསལ།
མཁན་ཆེན་ལགས། ཐུགས་རྗེ་ཆེ།
ཟིན་ཐོ་འབྲི་ན་འདི་ལྟར་པར་རིས་དང་ཟླ་ཚེས། འགྲོ་སའི་ཡུལ་དང་བསྡད་སའི་གནས་སོགས་མཚོན་པ་འདིའི་རིགས་ལ་ཟེར། ཧ་ཅང་བཟང་གི
གནས་ཆེན་འདིར་མ་འཆི་གོང་ལ་ཉིན་ཅིག་སླེབ་པར་ཤོག །
དོ་དགོང་ཤྲཱི་ལངྐར་སླེབས་ཉམས་ཤིག་ཤར།
མ་རེད། ང་རང་གི་ཤག་གོག་དེ་རང་ལ་འདུག
ཡུན་རིང་སྔོན་ནས་འགྲོ་འདོད་ཀྱང་གནས་དེར་མ་སླེབས།
དོ་དགོང་དངོས་གནས་སྔོན་གྱི་འགྲོ་འདུན་དེ་བསྐྱར་དུ་སད།
གང་འདྲ་སེ་འགྲོ་དགོས་མིན་ཡང་བསམ་བློ་རབ་རིབ་བཏང་ཤོར།
མཁན་པོས་ངོ་མ་ངའི་སེམས་པ་སྡེར་མ་ཆགས་པ་བཟོས་སོང་།