མི་གསོན་པོ།
ནོར་སྲུང་སྟོབས་ཀྱིས་བཟུང་བའི་ལོ་ཁམས་ལ།།
དབྱིག་འཛིན་འབྱུང་བས་བརྒྱན་པའི་གནམ་ལོ་འགྲོས།།
བཀྲ་ཤིས་ཕུན་སུམ་ཚོགས་པའི་དགའ་སྟོན་ལྷན།།
མངོན་པར་ཤར་འདི་སྤྲོ་སེམས་སྣང་བས་བསུ།།
བྱ་ལོར་བྱ་སྤུ་གནོན་གྱི་རྙོག་འཛིན་ཁྲོད།།
རང་རིགས་སྤུན་ཟླའི་སེམས་ཁམས་དུམ་བུར་གྱུར།།
ཁྱི་ལོར་ཁྱི་འཛིང་བྱས་ཀྱས་ཁྱི་ལྤགས་རྣམས།།
མི་རལ་དཔེར་བཞིན་ནང་ཁུལ་མཐུན་སྒྲིལ་ཤོག།།
བྱ་ལོར་བྱ་ངན་མང་པོས་ནང་ཁུལ་དཀྲུགས།།
ཆོལ་གསུམ་དབྱེར་འབྱེད་ཆོས་ལུགས་ཐ་དད་གྱུར།།
ཁྱི་ལོར་ཁྱི་ཡིས་བདག་པོ་ངོ་ཤེས་ལྟར།།
ཕྱི་དགྲ་ནང་གཉེན་དབྱེར་འབྱེད་ངོ་ཤེས་ཤོག།
བྱ་ལོར་བྱ་བ་གང་ཡང་མ་བསྒྲུབས་པར།།
གཞན་སྐྱོན་ཁོ་ན་དྲ་ཐོག་བསྒྲགས་ལ་བྲེལ།།
ཁྱི་ལོར་ཁྱི་སྤྱང་ནང་བཞིན་མི་ཟུག་པ།།
རང་གི་ལས་དོན་རང་གིས་བསྒྲུབ་པར་ཤོག།
བྱ་ལོར་བྱ་སྤུ་རླུང་གིས་གཏོར་བ་ལྟར།།
མཐུན་སྒྲིལ་གོང་བུ་གཅིག་གྱུར་འཐོར་ན་ཡང་།།
ཁྱི་ལོར་ཁྱིམ་ཚང་གཅིག་གི་ནང་མི་བཞིན།།
ཆོལ་གསུམ་བོད་མི་རྡོག་རྩ་གཅིག་སྒྲིལ་ཤོག།
མེ་བྱ་ལོ་ལ་འཁྲུགས་རྩོད་མེ་འབར་ཡང་།།
ས་ཁྱི་ལོ་ལ་ས་གཞི་ལྟར་བརྟན་སྟེ།།
རྒྱུ་དང་མི་རྒྱུ་སྐྱེ་འགྲོའི་ཚེ་སྲོག་ལ།།
ཉེ་འཚེ་གོད་ཆགས་གེགས་དང་བྲལ་བ་ཤོག།
ས་ཁྱི་ལོ་འདིར་ས་གཞི་རིལ་མོའི་ཁྱོན།།
ཞི་བདེ་སྣང་བ་དཀར་པོ་ཡོངས་འཁྱུད་པའི།།
བཀྲ་ཤིས་གནམ་ལོ་གསར་པའི་དགའ་སྟོན་གྱིས།།
ཕུན་ཚོགས་བདེ་དགའི་དཔལ་ཡོན་འབར་གྱུར་ཅིག།
མེ་བྱ་ལོ་ལ་བྱ་ནད་ཕོག་ན་ཡང་།
ས་ཁྱི་ལོ་ལ་གསོ་བ་སྨན་གྱི་བཅོས་།
མེ་བྱ་ལོ་ལ་བྱ་སྤུ་རླུང་གཏོར་ཡང་།
ས་ཁྱི་ལོ་ལ་རླུང་གནོན་ཟན་ནན་གྱིས་།
ཁྱི་ཕག་གཉིས་ཀས་རྐུབ་སྟེགས་མི་རྩོད་པའི་ལོ་གསར་བཟང་།
ས་ཕོ་ཁྱི་ལོར།
་
ས་དེ་བོད་ས་ཟེར། །
ས་དེ་བོད་མིའི་རེད། །
་
ཕོ་དེ་བོད་མི་རེད། །
ཕོ་དེ་བོད་ཕོ་རེད། །
་
ཁྱི་དེ་བོད་ཁྱི་རེད། །
ཁྱི་དེ་ས་ཁྱི་རེད། །
་
ལོ་དེ་བོད་ལོ་རེད། །
ལོ་གསར་བོད་མིའི་རེད། །
བོད་ས་བོད་ཁྱི་བོད་མིར་མཁོ། །
ཕོ་མོ་ཡོད་ཚད་བོད་རིགས་རེད། །
ཉི་སྟོང་བརྒྱ་དང་ཞེ་ལྔའི་ལོར། །
བོད་རྒྱལ་ལོ་གསར་བཀྲ་ཤིས་ཤོག །
ས་ཕོ་ཁྱི་ལོར།
་
ས་གཡོམ་ལ་སོགས་འབྱུང་འཁྲུགས་དང་། །
ཕོ་མོ་དབྱེ་འབྱེད་བརྙས་བཅོས་དང་། །
བོད་ཁྱི་བོད་མི་ཡོད་ཚད་ལ། །
བོད་སར་རྒྱ་གཞུང་ཉམས་ཉེས་ཤོག །
ས་ཁྱི་ལོར།
་
ས་དེ་ས་ངོ་མ་ཤེས་ན། །
ས་དེ་བོད་འབངས་ས་ཆ་རེད། །
་
ཁྱི་དེ་ཁྱི་ངོ་མ་ཤེས་ན། །
ཁྱི་དེ་འབྲོག་ཁྱི་རྩོད་མེད་རེད། །
་
ཕོ་དེ་ཕོ་ངོ་མ་ཤེས་ན། །
ཕོ་དེ་བོད་ཕོ་བྱང་སེམས་རེད། །
་
ལོ་དེ་ལོ་ངོ་མ་ཤེ་ན། །
ལོ་དེ་ས་ཕོ་ཁྱི་ཡི་ལོ། །
་
ལས་དེ་ལས་ངོ་མ་ཤེས་ན། །
ལས་ས་དབུ་ལམ་ཞི་སྒྲིག་རེད། །
་
དགྲ་དེ་དགྲ་ངོ་མ་ཤེས་ན། །
བོད་དགྲ་དམར་གཞུང་སྲིད་ངན་རེད། །
་
གཉེན་དེ་གཉེན་ངོ་མ་ཤེས། །
ཛམ་གླིང་བདེན་ཚད་གཉེན་འབྲེལ་རེད། །
་
ས་ཕ་ཁྱི་ཡི་ལོ་གསར་ལ། །
གཞེས་བྱེས་ཡོངས་ལ་བཀྲ་ཤིས་ཤོག །
ས་ཁྱི་ལོར།
བཀའ་ཤག་ནོར་བའི་མི་ཁ་བཟློག །
སྤེན་ཚེ་ཤོར་བའི་མི་ཁ་བཟློག །
བློ་སེང་ཐོབ་པའི་མི་ཁ་བཟློག །
སྤྱི་འཐུས་ནོར་བའི་མི་ཁ་བཟློག །
༄། །ནོར་འཛིན་བགེགས་མོའི་ཁམས་དང་རབ་འགྲོགས་པའི། །
ནོར་སྲུང་སྟོབས་ཀྱིས་དྲེགས་པའི་གནམ་ལོ་གསར། །
ས་སྟེང་མིག་གཅིག་བླ་མ་མཆོག་གིས་དབུས། །
གཞིས་བྱེས་བོད་འབངས་ཡོངས་ལ་འཚམས་འདྲི་ཞུ། །