སོག་མདའ།
སེར་པོ་གསེར་དང་ཟངས་དཀར་དངུལ་སོགས།།
རིན་ཆེན་ནོར་བུའི་རྒྱན་གྱིས་བཞེངས་པས།།
མཐོན་པོ་མཆོད་ཁྲིའི་འདབ་མའི་སྟེང་ནས།།
འོད་མདངས་འཚེར་བའི་མཆོད་མེ་སྒྲོན་གསོལ།།
དད་པའི་ཕྱག་གསུམ་ལྷ་ལ་ཕུལ་ནས།།
དྲི་ཞིམ་སྤོས་དཀར་རྐང་གསུམ་སྒྲོན་ཏེ།།
སྐྱབས་འགྲོ་རྣམ་གསུམ་ཡིད་ནས་སྒོམ་ཞིང་།།
དག་གཙང་སེམས་ཀྱིས་སྨོན་ལམ་འདེབས་གསོལ།
མཐོ་དམའ་རན་པའི་འབོལ་གདན་ཐོག་ནས།།
ལུས་པོ་རྡོ་རྗེའི་དཀྱིལ་དྲུང་ངང་དུ།།
བསམ་གཞིག་ཡན་པོའི་རྩེ་གཅིག་སྒོམ་དེ།།
སེམས་ཀྱི་ངོ་བོ་ཞི་བར་གནང་གསོལ།།
ཕྱག་ཕྲེང་རྩེན་པའི་འགྲོས་དང་ལྷན་ཏུ།།
ཡིག་དྲུག་མ་ནིའི་དབྱངས་རྟ་འཕུར་བས།།
དད་པའི་བྱིན་རླབས་ཚན་ཁ་ཅན་པོས།།
སྡིག་སྒྲུབ་དག་པའི་བཤགས་པ་གནང་གསོལ།།
བསགས་པའི་དགེ་ཚོགས་མ་ལུས་མཐའ་དག །
རྫོགས་པའི་འགྲོ་བ་སེམས་ཅན་ཐམས་ཅད།།
ཚོགས་བྱང་གོ་འཕང་མྱུར་ཏུ་འཐོབ་པར།།
སྨོན་ལམ་བཟང་པོས་བསྔོ་བ་གསུང་གསོལ།།
༢༠༡༣་༥་༡༦་ཉིན་རང་ཤག་ནས་བྲིས།།
ས་ག་ཟླ་བར་མ་ཎི་འདོན་སྲོལ་འདུག །
དེ་རིང་ས་ག་ཟླ་བ་དུས་ཚོད་རྫོགས་པ་རེད་ཆོས་ཕྱོགས་ཀྱི་བྱ་བ་ག་འདྲ་ཞེས་བསྒྲུབས་སམ