སྐྱོ་བྲག་དགའ་དབང་།
བོད་མེ་སྤྲེལ་ས་ག་ཟླ་བའི་ཉ་ལ་རང་གི་ལས་ཀ་འགའ་རེའི་ཆེད་དུ། རྒྱ་གར་གྱི་རྒྱལ་ས་དིལླི་གསར་པ་ལ་སྡོད་དགོས་བྱུང་བ་ནི་ཧ་ཅང་གི་སྐལ་བ་བཟང་བ་སྟེ། རྒྱལ་ཡོངས་འགྲེམ་སྟོན་ཁང་དུ་སངས་རྒྱས་ཀྱི་གདུང་རུས་འཁྲུལ་མེད་བཞུགས་པ་རྣམས་མཇལ་དུ་སོང་། འཛུལ་འཛིན་ལ་ཧིན་སྒོར་ཉི་ཤུ་ཡིན་པས་ལས་སླ་བ་དང་། ཁང་མིག་ཀུན་ཏུ་གྲང་གློག་བཏང་བས་བསིལ་དྲོད་སྙོམས་པོ་རེད། ལྗོངས་རྒྱུ་བ་རྣམས་ཀྱང་ཁུ་སིམ་པོས་འགྲོ་འདུག་བྱེད་པས་འུར་ཟིང་གི་སྐྱོན་ཡང་མི་འདུག །
གདུང་རུས་རྣམས་ནི། ཕྱི་ཤེལ་ཁང་གྲུ་བཞི་དང་། ནང་ཐེ་ལན་ཌིའི་ལུགས་ཀྱི་མཆོད་རྟེན། ཙནྡན་གྱི་ཤིང་ལ་གསེར་ཆུ་བྱུག་པའི་སྟེང་དབུས། འགྱིག་ཤེལ་གྱི་བང་རིམ་གོང་འོག་རྣམས་སུ་སྐོར་བཤམ་བྱས་གདའ།
རྒྱ་གར་བའི་ནང་པ་ཕོ་མོ་རྒས་གཞོན་བརྒྱ་ཕྲག་ཁ་ཤས་ཤིག་གིས། མཆོད་རྟེན་གྱི་མདུན་དུ་སྤོས་དང་མེ་ཏོག་རེ་ཟུང་བཤམས་ཏེ། ལྷོ་བརྒྱུད་ནང་པའི་དགེ་སློང་ལོ་གཞོན་བབས་ཆགས་ཤིག་གདན་འདྲེན་གྱིས། སྐྱབས་འགྲོ་ལ་སོགས་པའི་འདོན་པ་རྣམས་དབྱངས་དང་བཅས་པས་བཏོན་སོང་བ་ན། རྒྱ་གར་གྱི་སྐད་ནི་དམ་པའི་ཆོས་ཀྱི་རང་སྐད་རྣལ་མ་དེ་ཡིན་ཕྱིར། སྐད་རིགས་གཞན་གྱི་འདོན་པ་དང་ཁྱོན་ནས་མི་འདྲ་བའི་བརྗིད་ཆགས་བག་བྲོ་འདུག །
ང་ཡང་མཆོད་རྟེན་གྱི་མདུན་འཁྲིས་སུ་རང་གི་བསིལ་ལྷམ་གདན་དུ་བྱས་པ་ལ་སྐྱིལ་མོ་ཀྲུང་གིས་འཁོད་དེ། སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། བཀའ་དྲིན་རྣམས་རྗེས་སུ་དྲན་པའི་དད་པ་དང་། དགའ་བ་དང་། གུས་པའི་སེམས་བླ་ན་མེད་པས། གསོལ་བ་ཡང་དག་པར་བཏབ་སྟེ། ཏིང་འཛིན་རྒྱལ་པོའི་མདོ་ལས། སྐུ་ལུས་དག་ནི་གསེར་གྱི་མདོག་འདྲ་བས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་གཞག་ཡིན། །ཅེས་པའི་ཏིང་ངེ་འཛིན་ལ་འཇུག་ལྡང་གིས་ཆུ་ཚོད་ལྔ་ཙམ་ཕྱིན་པར་བྱས་པ་ཡིན།
གཞན་རྒྱ་གར་བའི་ཕོ་གཞོན་མོ་གཞོན་གཉིས་ཤིག་འདུག་པས་ཀྱང་དབྱིན་ཡིག་ཐོག་ནས་འདོན་པ་མང་ཙམ་བཏོན་པའི་མཎྜལ་གྱི་ལག་པའི་ཕྱག་རྒྱ་ལ་བལྟས་ན་བོད་བརྒྱུད་ནང་པ་ཞིག་ཡིན་བཟོ་འདུག ཁོང་གཉིས་ཀྱང་སྒོམ་ལ་ཡུན་རིང་ཞུགས་ཏེ། འགྲོ་ཁར་ང་ལ་ཧིན་སྒོར་ཆིག་སྟོང་གི་གནང་སྦྱིན་མཛད་བྱུང་ལ། ངས་ཀྱང་སྦྱིན་བདག་ཡོན་བསྔོ་ཅི་ནུས་སུ་བགྱིས་པས་མཐའ་བརྒྱན་པ་ཡིན།
གང་ཟག་སོ་སོའི་འབྱོར་ནུས་ལ་དཔགས་པའི་རང་གི་སྟོན་པའི་མཛད་པ་རྣམས་རྗེས་དྲན་བྱ་སྟངས་མི་འདྲ་བ་ཡོད་པ་ལས། རྒྱལ་ཁམས་པ་ཁོ་བོས་འཇོན་ཚོད་ནི་འདི་ག་ཙམ་མོ། །
ཆུ་ཚོད་ལྔ་ལ་སྒོར་གཅིག་སྟོང་། ཆུ་ཚོད་རེར་སྒོར་ཉིས་བརྒྱ། སྐར་མ་རེར་སྒོར་གསུམ་དང་ཨ་ན་ཉེར་ལྔ། སྐར་ཆ་རེར་་་་་་་་ད་མི་ཤེས་ཀི
ནང་བ་ཡོངས་ཀྱིས་ས་ག་ཟླ་བ་དུས་དྲན་བྱེད་སྟངས།ཕལ་ཆེ་བ་ཕྱག་མཆོད་འབུལ་ལ་སོགས་པའི་མཚོན་པའི་འདྲ་བོ་རེད།ཡིན་ན་ཡང་མི་འདྲ་ས་ནི།བོད་བརྒྱུད་ནང་བསྟན་གྱི་གཞི་ལུས་དགོན་པ་མང་ཆེ་བར་ས་ཟླའི་ཚེས་བཅོ་ལྔའི་ཉིན་བསྙུང་གནས་སྲུང་གི་ཡོད་པ་ལྟར།ཐེག་དམན་གྱི་ཆོས་དར་སའི་ལུང་བར་དེ་འདྲ་མེད་ཚོད་འདུག་པས།དེའི་གནད་འགག་གང་ལ་ཐུག་ཡོད་ན་བཙལ་དགོས་སོ།།
༅༅། གནས་ས་ཕྱོགས་གང་སར་འགྲོ་དགོས་པ།།བཟློག་མེད་ཀྱི་ཚེ་སྔོན་ལས་བསྐོས་རེད།།
ལྷོ་ཤར་གྱི་རྒྱལ་ཁབ་ཀེཎ་ཌར་ནས།། མགོན་བསྟན་འཛིན་རྒྱ་མཚོའི་གདམ་ངག་རྣམས།།
དུས་ཉིན་མཚན་མེད་པར་དྲན་བཞིན་ཡོད།།
དེང་དུས་ཀྱི་སྙན་འཕྲིན་དྲ་རྒྱ་ནས།།
མགོན་ཞི་བདེའི་དེད་དཔོན་མཛད་འཕྲིན་དང།།
གསུང་བྱམས་བརྩེའི་གཞན་ཕན་བཀའ་སློབ་རྣམས།།
དུས་ཉིན་ལྟར་མཇལ་ཉན་ཞུ་བཞིན་ཡོད།།
ཡ་ཡ་། ཐོག་མར་སེམས་བསྐྱེད་ཀྱི་ཟིན་འདུག བར་དམིགས་མེད་ཏིང་འཛིན་ལ་ཆུ་ཚོད་ལྔ་བཞུགས ཐ་མར་ཡོན་བསྔོ་སྦྱིམ་པའི་བདག་པོ་གཙོར་བྱས་པའི་སེམས་ཅན་ལ་བསྔོ་སྦྱིན་བྱས་འདུག་པས་ས་ག་ཟླ་བ་དོན་དང་མཐུན་པ་བྱུང་བཞག་་་ ངས་ཁྱེད་ཀྱི་དེ་གསུམ་ལས་ཏིང་འཛིན་ཆུ་ཚོད་ལྔ་བཞུགས་པར་སེམས་འགུལ་བྱུང་།
དམིགས་མེད་ཏིང་འཛིན་ལ་ཆུ་ཚོད་ལྔ་བཞུགས་རིང་སེམས་ཀྱིས་འཛམ་གླིང་ལ་སྐོར་བ་ཐེངས་ཁ་ཤས་ཤིག་བསྐོར་མེད་ན་ངོ་མཚར་ཆེ་མོད། ས་གཅིག་ཏུ་བཞུགས་མི་ཚུགས་པར་འཁྱམས་ཉུལ་གནང་བབ་ལ་བལྟས་ན་དཀའ་མོ་ཡིན། སྒྲུབ་བརྒྱུད་པའི་མིང་འཁུར་མི་ཚེ་ལྗོངས་རྒྱུ་ལ་ཟད། ཆུ་ཚོད་འགའ་ཤས་ལུས་ངལ་སོས་ནས་སྡོད་པ་ལ་ཏིང་འཛིན་ལ་བསྡད་ཟེར། གལ་ཏེ་ཡིན་དུ་ཆུག་ཀྱང་། དགེ་བ་ངོམ་དང་འགྱོད་ན་ཟད་གསུངས་པས་གཞན་ལ་ངོམས་པ་ལྟ་བུ་འདི་ཅི་ལ་འཐད།
རྒྱུད་ལུགས་ས་ག་ཟླ་བའི་དུས་ཆེན་སྲུང་རྩི།
http://tibettimes.net/%E0%BD%A2%E0%BE%92%E0%BE%B1%E0%BD%B4%E0%BD%91%E0%BC%8B%E0%BD%A3%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%A6%E0%BC%8B%E0%BD%82%E0%BC%8B%E0%BD%9F%E0%BE%B3%E0%BC%8B%E0%BD%96%E0%BD%A0%E0%BD%B2%E0%BC%8B/
བཀའ་བརྒྱུད་གོང་མས་དཀའ་སྤྱད་སྡུག་རུས་ཀྱིས། །མྱང་འདས་མངོན་དུ་མཛད་ཅེས་རླུང་ལྟར་གྲགས། །ད་ལྟའི་ཕར་ཆེར་སྤྲོ་འཆམ་ཁོ་ན་ཡིས། །གང་ཞིག་མཛད་རྩིས་ཡོད་དམ་འཕྱང་མོ་ཉུག །
ས་ག་ཟླ་བའི་མཚོ།
https://www.facebook.com/photo.php?fbid=1147210261985252&set=pcb.1147212148651730&type=3&theater
སྔོན་གྱི་སྒོམ་ཆེན་མི་མེད་བྲག་ཕུག་ཏུ། །རི་དྭགས་རྨས་མ་བཞིན་དུ་སྦས་ཏེ་བསྒོམས། །སྙིགས་དུས་སྒོམ་ཆེན་མི་ཚོགས་གང་ཆེ་སར། ། མཉམ་གཞག་ཟོལ་གྱིས་མི་མགོ་བསྐོར་བ་འདི། །དུས་རབས་ཉེར་གཅིག་ཆོས་པའམ་སྟེ་ཡིན་མཆི། །ཞེས་ཀྱང་སྨྲའོ། །
སྔོན་གྱི་སྒོམ་ཆེན་མི་མེད་བྲག་ཕུག་ཏུ། །རི་དྭགས་རྨས་མ་བཞིན་དུ་སྦས་ཏེ་བསྒོམས། །སྙིགས་དུ་གྲྭ་གཟུགས་མི་ཚོགས་གང་ཆེ་སར། ། མཉམ་གཞག་ཟོལ་གྱིས་མི་མགོ་བསྐོར་བ་འདི། །དུས་རབས་ཉེར་གཅིག་ཆོས་པའམ་སྟེ་ཡིན་མཆི། །ཞེས་ཀྱང་སྨྲའོ། །