ཀླུ་སྨྱོན།
སེམས་ཅན་དང་ནི་སངས་རྒྱས་གཉིས། །
སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །
རྒྱལ་ལ་གུས་མཆོད་དེ་བཞིན་དུ། །
སེམས་ཅན་ལ་མིན་ཅི་ཡི་ཕྱིར། །
—རྒྱལ་སྲས་ཞི་བ་ལྷས།
རྒྱ་གར་གྱི་ནང་པའི་སློབ་དཔོན་སྙན་གྲགས་ཅན་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ་སོགས་ལས་གྲོག་སྦྱིན་གཏོང་དགོས་པའི་སྐོར་གསུངས་ཡོད་ཅིང་། བོད་ཀྱི་ལུགས་སྲོལ་རྩམ་པ་དང་འབྲི་མར་ཀ་ར་གསུམ་བསྲེས་ནས་གྲོག་སྦྱིན་གཏོང་སྲོལ་ཞིག་འདུག་སྟེ། ཁོ་བོས་ལོ་མང་རིང་ཞིབ་འཇུག་བྱས་འབྲས་སུ་གྲོག་མ་རྣམས་ནི་ཟས་རིགས་མངར་མོ་ཡིན་པ་གང་ཞིག་ལ་བརླན་གཤེར་ཅན་ལ་ཧ་ཅང་དགའ་མོས་ཆེ་བས། ཆུ་ནི་གཤེར་ཡང་མངར་མོ་མིན་ཞིང་སྦྲང་རྩི་མངར་ཡང་གྲོག་མའི་རྐང་ལག་འབྱར་བའི་ཉེན་ཁ་ཆེ་བས། ཉེན་ཁ་དེ་དག་དང་བྲལ་བའི་ཆུ་ག་གོན་ནི་གྲོག་མ་དག་ཆེས་བཟའ་བར་དགའ་བའི་ཟས་རིགས་མཆོག་ཏུ་གྱུར་པ་ཞིག་ཡིན་པས། ཆོས་གྲོགས་རྣམ་པས་གྲོག་མ་ཉམ་ཆུང་ཚོར་ཆུ་ག་གོན་གྱི་སྦྱིན་པ་རེ་གཏོང་རོགས་ཞུ།
རྗེ་ཙོང་ཁ་པས། ཐོག་མར་ཟང་ཟིང་སྦྱིན་པས་སེམས་ཅན་རྣམས། །འཁོར་དུ་བསྡུས་ནས་ཆོས་ཀྱིས་ཚིམ་བྱེད་ཤོག །གསུངས་པ་བཞིན། མ་རྒན་གྲོག་མ་ཚོར་ཞིམ་མངར་ཆུ་ག་གོན་གྱི་ཟས་སྦྱིན་དང་མཉམ་དུ་མཐོང་ན་མི་མཐུན་པ་མེད་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུ་གཟུགས་ལ་སྐོར་བ་རེ་བྱེད་དུ་འཇུག་རྒྱུ་འདི་ཡང་ཐུགས་ལ་ཟུངས།
མོས་པ་དང་ཡིད་རངས་ཡོད།
འཕགས་པ་ཕུང་པོ་གསུམ་པ་ལས། ཐ་ན་དུད་འགྲོའི་སྐྱེས་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་སྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང་།
ཞེས་དང་། གཞན་གྱི་དགེ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོགས་མེ་དགེའི་སེམས་སྤངས་ནས། །སྙིང་མས་དགའ་བའི་རྗེས་སུ་ཡི་རངས་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། ། ཞེས་པ་ལྟར་ལགས་པས་རྗེས་སུ་ཡི་རངས་ལས་གཞན་ཅི།
དེ་དེ་བཞིན་ནོ།
སེམས་ཅན་དགའ་བ་མ་གཏོགས་པའི།།སྟོན་པ་མཉེས་པའི་ཐབས་གཞན་མེད།།
ཅེས་པ་ལྟར། སྟོན་པ་ཐུགས་མཉེས་པའི་མཆོད་པ་རེད།
སྤྱི་ཚོགས་སེམས་ཅན་ལ་རིགས་གསུམ་ཡོད། མི་དང་སྦྲང་མ། གྲོག་མ་གསུམ་རེད། གྲོག་མ་ནི་རྐང་ལག་དྲུག་ཡོད་པ་དང་། དེ་ལ་ཆེ་ཆུང་དང་རིགས་མི་འདྲ་བ་མང་པོ་ཡོད། གྲོག་མའི་སྡོད་ས་ནི་མང་ཆེ་བ་ནི་རྡོ་དང་ཤིང་སྡོང་སོགས་ཀྱི་ས་འོག་དང་། དེ་མིན་ས་འོག་ཏུ་སྡོད་ཀྱི་ཡོད། གྲོག་ཚང་རེ་རེའི་ནང་ལ་བཙུན་མོ་གཅིག་དང་། worker་ཞེས་པའི་གྲོག་མ་མོ་མང་པོ་ཡོད་པ་དེ་དག་ལ་ཕྲུ་གུ་སྐྱེ་རྒྱུ་མེད། བཙུན་མོས་སྒོ་ང་བཏང་ནས་སྡོད་པ་དང་ལས་མཁན་རྣམས་ཀྱིས་ཟས་འཚོལ་བ་དང་ཚང་བཟོ་བ། དེ་བཞིན་ཕྲུ་གུ་གསོ་སྐྱོང་བྱ་རྒྱུ་དེ་རེད། གྲོག་མའི་ཟས་ལ་སྣ་ཚོགས་ཡོད། དཔེར་ན། རྩི་ཤིང་དང་། སེམས་ཅན་ཤི་རོ། ཟས་ལྷག་སོགས་ཡིན། གྲོག་མ་ཅིའི་ཕྱིར་མངར་ཟས་ལ་དགའ་བ་ཡིན་ནམ་ཞེས་དྲི་བ་འདོན་མཁན་མང་པོ་ཡོད། ལན་ལ། བཙུན་མོས་སྒོ་ང་མང་པོ་གཏོང་དགོས་པ་ཡིན་སྟབས་དེ་ལ་ཟས་བཅུད་དང་སྟོབས་སྐྱེད་པའི་ཆེད་དུ་ལས་མཁན་རྣམས་ཀྱིས་མངར་བཅུད་ཁྱེར་ནས་སྤྲོད་གི་ཡོད་པ་རེད་ཟེར་མཁན་ཡོད། ཡང་ན་རང་ལ་ནུས་པ་སྐྱེད་པའི་ཆེད་དུ་རེད་ཟེར་མཁན་ཡང་ཡོད། བཙུན་མོ་ནི་ཧ་ཅང་ཆེ་བ་དང་གཞན་རྣམས་ཆུང་ཆུང་ཡོད། ཡང་ཁ་ཤས་ཀྱིས། གྲོག་མ་ལ་མིག་ཡོད་པ་རེད་དམ་ཟེར། ལན་ལ། ཚན་རིག་པས་གྲོག་མ་ལ་མིག་ཡོད་མེད་གཉིས་ཀ་རེད་ཅེས་ཟེར། ཡང་གྲོག་མ་ལ་ཀླད་པ་ཡོད་པ་རེད་དམ་ཟེར། ལན་ལ། ཚན་རིག་པས་ཀླད་པ་ཡོད་པ་རེད། ང་ཚོའི་ཀླད་པ་ནང་བཞིན་མེད་ཀྱང་ལུས་ལ་སྟངས་འཛིན་བྱེད་མཁན་གྱི་ཀླད་པའི་དབང་པོ་ཞིག་ངེས་བར་ཡོད་པ་རེད། འབུ་རྭ་དེ་ཀླད་པར་བརྡ་གཏོང་བྱེད་རེད་ཟེར།
གྲོག་མ་ལ་རྣ་དབང་འདུག ངས་ལན་ལེར་ཁོ་ཚོའི་ཐོས་སར་ཆོས་ཀྱི་རོལ་དབྱངས་དེ་འདྲ་འཇམ་པོར་བཏང་ན་ཁོ་ཚོས་ཟས་ལ་རོལ་ནས་འདུག་པ་དང་། རོལ་སྒྲ་ཆེ་རུ་བཏང་ན་ལམ་སེང་ཕྱིར་ལོག་འགྲོ་གི་འདུག
ངས་ལན་ལེར་ཁོ་ཚོའི་ཐོས་སར་ཆོས་ཀྱི་རོལ་དབྱངས་དེ་འདྲ་འཇམ་པོར་བཏང་ན་ཁོ་ཚོས་ཟས་ལ་རོལ་ནས་འདུག་པ་དང་། རོལ་སྒྲ་ཆེ་རུ་བཏང་ན་ལམ་སེང་ཕྱིར་ལོག་འགྲོ་གི་འདུག་པས་རྒྱུ་མཚན་གྱིས་གྲོག་མ་ལ་རྣ་དབང་ཡོད་པ་སྒྲུབ་ཁག་ཙམ་གདའ་སྟེ། དེའི་སྐབས་ཉིད་ཀྱི་ཁ་རླང་དང་སྐད་ཤུགས་ཀྱི་ནུས་པ་ཚོར་བ་ཙམ་ལས་སྐད་གོ་བ་ག་ལ་ཡིན་སྙམ།
ཕན་སེམས་ལ་འགྲིག་རྟགས་དང་འཕྲོད་བསྟེན་དང་གུས་ལུགས་ཤིག་ནས་ནོར་རྟགས་ཤིག
དངོས་ནས་སྤྲོས་མེད་ཀྱི་ཚོགས་བསགས་རེད། ཡིན་ན་ཡ་ལྷ་ཁང་ནང་དུ་སྦྱིན་པ་བཏང་ན་ཞི་གནས་ལ་གནོད། རང་ཁྱིམ་དུ་བྱས་ན་གཙང་སྦྲར་གནོད། གཞིར་མདོར་འབུལ་ན་སྲོག་ལ་གནོད།
དེས་ན་མདོ་ལས་གྲོག་ཚང་གི་སྒོ་ཁར་གསུངས་པ་ལས་་་་་་་་
སྦྲང་བུའི་ཚང་གི་ནང་དུ་སྦྲང་རྩི་ཁུ་བ་མངོར་མོ་དེ་གང་གི་ཕྱིར་དང་ཇི་འདྲ་བསག་བཞིན་ཡོད་དམ།
ས་པན་གྱིས་གྲོག་མར་མིག་མེད་པར་གསུངས་པ་སྔ་མོ་ནས་གོ་མྱོང་། ཡིན་ནའང་རྣ་བ་མེད་ཟེར་བ་དེ་རིང་མ་གཏོགས་གོ་མ་མྱོང་།
ཉིན་རེར་སྐུ་ཞབས་ཀླུ་སྨྱོན་ལྷ་རུ་རྟོགས།།
ཉིན་རེར་ཨ་ཁུ་སྨྱོན་པས་སྨྱོ་རྟགས་སྟོན།།
ལན་རེར་རྩོག་གཏམ་མང་དག་བཤད་ལ་གོམ།།
དེ་རིང་ཨ་ཁུ་ཁོང་གི་སྤྱིན་པ་འདི།།
གྲོག་མ་དག་གི་བསོད་ནམས་ཆེན་པོ་སྟེ།།
ད་མི་འབྲི་་་་་་་་་་་་་་་་་་་་་་་་་་་་་་་་
ཀླུ་སྙན་ཁྱོད་ཀྱི་རྒྱུ་མཚན་དེས་གྲོག་མ་ལ་རྣ་བ་ཡོད་པ་སྒྲུབ་ཐུབ་ཀྱི་མི་འདུག
ཁྱོད་ཀྱིས་ཆོས་ཀྱི་རོལ་དབྱངས་འཇམ་པོ་གཏོང་དུས་དེ་སྒྲ་དང་རླུང་ཤུགས་ཆེན་པོ་མེད་པས་གྲོག་མའི་ལུས་ལ་ཚོར་སྣང་སྟེར་མི་ཐུབ་པས། ཁོང་ཚོ་རང་འཇག་སྡོད་ཀྱི་ཡོད། ཁྱོད་ཀྱིས་རོལ་སྒྲ་དེ་ཤུགས་ཆེར་གཏང་དུས། སྒྲ་ཤུགས་དྲག་པོ་དེས་རླུང་ཡང་ཤུགས་ཆེར་བཏང་བས། རླུང་དེས་ད་གཟོད་གྲོག་མ་ཚོའི་ལུས་ལ་ཚོར་བ་ཞིག་སྟེར་བས་བྲོས་འགྲོ་བ་ཡིན་པ་མ་གཏོགས། སྒྲ་ཤུགས་ཆེར་གཏོང་དུས་གྲོག་མ་ཕར་བྲོས་འགྲོ་བ་ཙམ་གྱིས་གྲོག་མ་ལ་རྣ་བ་ཡོད་རེད་ཅེས་བཤད་ན། ད་གཟོད་ཀླུ་སྨྱོན་དཔྱད་ལྡན་ཞིག་མིན་པའི་སྐྱོན་དུ་ཐལ་ལོ།
ཨ་ཁུ་ཚང་གིས་གྲོག་མར་སྦྱིན་པ་གཏོང་སྟངས་གསུང་བ་ཐུགས་རྗེ་ཆེ། དེང་སང་ནང་བས་ཚན་རིག་སློབ་པའི་དུས་རབས་ཡིན་པས་ཚན་རིག་གི་སྒོ་ནས་འགྲོ་དོན་བྱེད་རྒྱུ་འདི་དུས་རབས་ཉེར་གཅིག་པའི་ནང་བའི་འགན་ཁུར་ཞིག་ཡིན་པར་འདོད། གྲོག་མ་སྦྲང་རྩི་ལ་དགའ་ཡང་རྐང་ལག་འབྱར་འགྲོ་བའི་ཉེན་ཁ་ཡོད་པས། ཉེན་ཁ་འདི་ལས་སྐྱོབ་ཕྱིར་གྲོག་མ་རེ་ལ་ལྷམ་རེ་འདེབས་ཐུབ་ན་ཤིན་ཏུ་ལེགས། གནས་སྐབས་ལྷམ་མང་བོ་འདེབས་པར་དཔལ་འབྱོར་གྱི་དཀའ་ངལ་ཡོད་ན་གྲོག་མའི་བཙུན་མོ་གཅིག་བུ་ལ་ལྷམ་ཞིག་བཏབས་ན་ཡང་འགྲིག ཨ་ཁུ་ཚང་ནུབ་ཕྱོགས་ཚན་རིག་ལུང་པ་ན་ཡོད་པས་གསར་གཏོད་འདི་བྱེད་ཐུབ་པའི་ཡིད་ཆེས་ཡོད།
གྲོག་མ་ལ་མིག་ཡོད་མེད་དང་རི་བོངལ་ར་ཡོད་མེད་ཀྱི་གནད་དོན་དེ་ད་ལོའི་ཚན་རིག་པ་དང་ཆོས་ལུགས་པའི་བགྲོ་གླེང་གི་གྲོས་གཞིར་བཞག་ན་ཏག་ཏག་རེད།
ཨ་ཁུ་ཀླུ་སྨྱོན་མིག་དང་ཀླུ་སྨྱོན་གླུ། །
གྲུབ་ཆེན་ཀུན་ལེགས་དམ་པའི་རྗེ་འབྲངས་ཏེ། །
སྟུ་དང་མཇེ་ཡི་བར་ན་ཀྲོག་ཀྲོག །
ཁྱི་དང་གྲོག་མའི་བར་ན་འདུ་རུ་རུ། །
ཁྱི་རྒན་ཕྱི་ཡུལ་འགྲིམ་པ་དངུལ་གྱི་ཆེད། །
བདག་པོ་ཕྱི་ཡུལ་འགྲིམས་པའང་དེ་ཡི་ཆེད། །
འབུ་དང་གྲོག་མར་སྦྱིན་པ་ལོས་མཁོ་སྟེ། །
ཧྥེ་གླིང་མུ་གེའི་ཡུལ་ལ་དེ་བས་མཁོ། །
ཀུ་རེ་ཡིན་་་་་་་་་་
གྲོག་མ་ལ་མིག་མེད་ལ་རི་བོང་ལ་རྭ་མེད་པས་དེ་གཉིས་ཚན་རིག་འགྲོ་གླེང་གི་བརྗོད་གཞིར་ཅི་ཕྱིར་འཇོག
གྲོག་མ་ལ་མིག་དང་རྣ་བ་ཡོད་མེད་མི་ཤེས་ཏེ་སྣ་དང་ལྕེ་ཡོད་ཁོ་ཐག་རེད། ཚན་རིག་བགྲོ་གླེང་མ་བྱས་སྔོན་ངས་ཐག་བཅད་པ་ཡིན།
སྨྱོན་རྒྱལ་རིན་པོ་ཆེ་མཆོག་བོད་ཕྱོགས་ཀྱི་འགྲོ་དྲུག་རྣམས་སྨིན་གྲོལ་ལ་མཛད་ཟིན་ནས་ད་ལྟ་ཨ་རི་ན་ཞབས་སོར་འཁོད་ནས་འགྲོ་དོན་སྐྱོང་བཞིན་ཡོད་པ་གོ་ཐོས་བྱུང། སྲོག་ཆགས་གྲོག་མ་ལ་སོགས་པ་དངོས་གནས་སྙིང་རེ་རྗེ། དེང་ཨ་རི་ན་ཚན་རིག་པ་མཁས་ཅན་ཤིན་ཏུ་མང་པོ་ཡོད་པས་སྐུ་ཉིད་ནས་དེར་གནས་ཚན་རིག་པར་གྲོག་མར་དཀོན་མཆོག་མཇལ་ཐུབ་པའི་མིག་དང་རི་བོང་ལ་སྲུང་མ་བྱ་ཐུབ་པའི་ར་ཅོ་ཞིག་ཀྱང་སྐྲུན་ཐབས་སྐོར་སྐྱབས་འཇུག་མཛད་ཐུབ་ན་སྐུ་དྲིན་ཆེན་པོ་རེད་བསམ་གྱི་འདུག གལ་སྲིད་དེ་ལྟར་གནང་ཐུབ་ན་བོད་ཀྱི་གྲོག་མ་དང་རི་བོང་སྐོར་ཞིག་སྔོན་ལ་ཨ་རིར་མིག་དང་ར་ཅོ་བཟོ་བར་བསྐྱོད་ཆོག་པའི་ལམ་ཡིག་དག་ང་རང་ཉིད་ནས་ཐབས་ཤེས་བྱས་ནས་བཟོ་ཐུབ་པ་བྱ་ཡི་ཡིན། དེ་དོན་དགོངས་འཇགས་འཚལ།
ཀླུ་སྨྱོན་གྱིས་གྲོག་ལྷམ་བཟོས་གོང་དུ་ཤུག་པས་ལྷམ་གྱི་ཚད་ཆེ་ཆུང་གང་འདྲ་དགོས་མིན་གཏན་འབེབ་བྱོས་ཨ།
གྲོག་མའི་རྐང་པ་ཚད་ལེན་དགོས་ན་ཕྲ་མཐོང་ཆེ་ཤེལ་དགོས་གི་རེད། ང་ལ་དེ་མེད་པས་ལས་ཀ་དེ་བྱེད་ཐབས་མ་བྱུང་། དགོངས་དག
གྲོག་མ་ལ་མིག་བཟོས་རྗེས་ད་དུང་མིག་ཤེལ་ཅིག་ཀྱང་བཟོ་རོགས་ཞུ་གི་ཡིན།
རྒྱ་ཡི་ཡུལ་འདི་ན་མཐའ་ན་འབུ་གྲོག་མ་ཡང་བཟས་བཅོམས་ཐེབས་ནས་མཐོང་ཡས་མི་འདུག དེ་མིན་ན་ང་ལ་མིག་ཤེལ་རང་དེ་སྤྲོད་རྒྱུ་མེད་ནའང་བོད་པའི་ཕྱུར་ར་སྐམ་པོ་ཏོག་ཙམ་སྤྲད་ཡས་ཡོད། ལྕོག ད་འབུ་གྲོག་མདང་བུ་མོ་་གྲོགས་མོ་ཟེར་ནས་བསྡད་ན་ཆོ་ཅའ་ཅི་འདུག་གས དེ་ཧྲག་ནེ་མ་རེད་འོ། དེ་ལས་ཨེ་རེའི་ཨ་ལགས་ཀྱིས་ང་རོང་ལ་ཨ་ཉོ་ལ་ལས་ཀ་མེད་ན་སྐས་འཛེག་བཤིག་ཅེས་གསུངས་་གདའ། བདག་ཅིག་སྐས་འཛེག་གཅིག་འཚོལ་བར་འགྲོ་གི་ཡིན་ད། ཚེ་རིང་ལོ་བརྒྱ།
གྲོག་མ་ལ་མིག་གི་ནང་ན་མིག་ཡོད་པ་རེད། མིག་གཉིས་རིམ་གསུམ་རིམ་བཞི་རིམ་་་་ལྔ་དྲུག་བདུན་བརྒྱད་སོགས་མང་ནི་རེད།
མིག་བརྒྱད་པ་ལགས།
(གྲོག་མའི་སྡོད་ས་ནི་མང་ཆེ་བ་ནི་(རྡོ་དང་ཤིང་སྡོང་སོགས་ཀྱི་ས་འོག་)ཟེར་ན་ག་འདྲ་ཞིག་ཡོད་པ་རེད་དམ། སྐྱིད་པོ་ཞིག་ལབ་ཡོད་པ་འདྲ།
གྲོག་མ་ལ་གྲོག་མའི་རྐྱལ་བ་ཟེར་བ་ཞིག་ཡོད་པ་དེའི་ནང་ན་ཅི་ཞིག་ཡོད་པ་འེ་ཤེས།
རྒྱ་གར་ན་གྲོག་དམག་གིས་ཕན་ཚུན་ཤི་རྨས་ཐེབས་པ་ཤིན་ཏུ་མང་། གྲོག་མའི་རྒྱ་གྲམ་དམར་བོ་སྨན་ཁང་ག་བ་་འདུག
ཆུ་ག་གོན་སྟེང་གི་སྐོ་ཐིག་དེ་དག་བླ་མ་ཀླུ་སྨྱོན་གྱི་ཕྱག་རྗེས་རེད་ད། ཁོ་རེ
ཀླུ་སྨྱོན་ལགས། གྲོང་མ་རིགས་གཅིག་མ་གཏོགས་གཞན་ཚང་མར་རྣ་དབང་དང་མིག་དབང་ཡོད་པའི་དཔང་རྟགས་མང་པོ་འདུག།
ཡ་ཡ་གྲོགས་པོ་ཚོ་བསམ་འཆར་མི་མང་ན་མི་ཉུང་བ་ཞིག་ཐོན་སོང་ངས་བསྟས་ན་དངོས་གནས་ཡག་པོ་རེད་བསམ་གི་། མཁས་དབང་གླུ་སྨྱོན་ཁོང་གིས་རྩོམ་འདིའི་ཐོག་མའི་ཤོ་ལོ་ཀ་འདི་་ལ་གོ་བ་ངེས་ཅན་ཞིག་ཡོད་པར་བདག་གིས་སེམས་སོ་། དེ་འང་གླུ་སྨྱོན་ནས་། སེམས་ཅན་དང་ནིསངས་རྒྱས་གཉིས་། སངས་རྒྱས་ཆོས་འགྲུབ་འདྲ་བ་ལ་། རྒྱལ་ལ་གུས་མཆོད་དེ་བཞིན་དུ་། སེམས་ཅན་ལ་མིན་ཅི་ཡི་ཕྱིར་། ཞེས་པ་འདི་ལ་གོ་རྒྱུ་གཏིང་ཟབ་མོ་ཞིག་ཡོད་རེད་། དཔེར་ན་ད་ལྟའི་དུས་ན་མི་སུ་ཡིན་ཡང་བསོད་ནམས་བསག་པ་ཞིག་ལ་རེ་བ་བརྒྱབ་དེ་ཡོད་པོའི་ཡོད་ཚད་མེད་པོའི་མེད་ཚད་མཆོད་པ་དང་རྟེན་སྦྱང་སོགས་ལ་རིན་ཐང་ལྡན་པའི་དངོས་པོཡོད་དོ་ཅོག་འཕང་མེད་དུ་འབུལ་བ་ནི་ཡ་མཚན་ཞིག་རེད་རྗེས་སུ་ཡི་རིང་བ་ལས་ཅི་ཡོད་།
འོན་གྱང་ང་ལ་བསམས་ཚུལ་གཞན་ཞིག་ཡོད་་། དཔེར་ན་ང་ལ་སྟོབས་འབྱོར་མི་དམན་པ་ཞིག་ཡོད་རྒྱུའི་དབང་དུ་བྱས་ན་ད་གཟོད་ང་ལ་ཡང་་ཡར་མཆོད་མར་སྦྱིན་སོགས་བསམ་བློ་འཁོར་ངེས་་། དེ་དུས་ངས་བསམ་ཚུལ་ནི་བདག་གིས་འགྲོ་སོང་ཞིག་གཏོང་ན་གཏོང་ཡུལ་དེ་ལ་ཕན་ཐོག་མིན་དེ་བསམ་བློའི་ཁྱེར་སོ་དང་པོ་ཡིན་། རིམ་གྱི་ང་ལ་ཆར་སྣང་འདི་ངེས་ཅན་ཡོངས་རྒྱུ་རེད་། མཆོད་པ་དང་རྟེན་སྤྱང་་ང་ཡི་ཚོགས་བསག་གི་རེད་ཟེར་བ་ལས་ཡུལ་དེ་ལ་ཕན་ཐོག་རྒྱུ་ཡོད་པར་མ་མཐོངས་་། དེ་ལས་མར་སྙིང་རྗེའི་ཡུལ་དུ་གྱུར་བའི་སྲོག་ཆག་གྲོག་མ་སོགས་ཉམ་ཐག་མི་ཉུང་བ་ཞིག་ནི་ཉིན་མཚན་ཁོར་མོ་ཡུག་དུ་བཟའ་རྒྱུ་མ་སྙེད་པར་རྒྱུག་མདུར་གྱི་ཨ་ཐང་ཆད་བཞིན་ཡོད་པ་དེ་ཚོ་ལ་ཕན་ཐོག་ངེས་ཅན་ཡིན་པར་སེམས་སོ་། དེའང་གཟབ་རྒྱས་གྱི་མཆོད་སྤྲིན་ཟེར་བ་དང་རྩ་་ཆེན་གྱི་རྟེན་སྦྱང་སོགས་ནི་འབྱོར་ལྡན་ཁོ་ནའི་སྤྱོད་ཡུལ་ཡིན་། འོན་གྱང་རང་ལ་མ་འོང་པ་ན་བསོད་ནམས་ཞིག་ལ་རེ་བ་ལས་མཆོད་ཡུལ་དེ་ལ་ཤིན་དུ་མཁོ་གལ་ཆེན་པོ་ཡིན་་ཞིག་མ་མཐོང་། དེ་བས་གོང་དུ་སྨས་པ་ལྟར་གང་ཞིག་མཆོད་པའམ་སྦྱིན་པ་གཏོང་བའི་།
ཡུལ་དེ་ལ་དངོས་སུ་མིག་མཐོང་ལག་ཟིན་གྱི་ཕག་ཐོག་ཡོད་པའི་གྲོག་སྦྱིན་སོགས་ལ་ནི་དེ་འདྲའི་འབྱོར་ལྡན་ཞིག་གྱང་མི་དགོས་སྟེ་། གོང་དུ་གླུ་སྨྱོན་ནས་ཆུ་ག་གོན་གི་དུམ་བུ་ཆུང་ཆུང་ཞིག་སྲོག་ཆག་མང་པོ་ལ་ཕན་ཐོག་པ་བཞིན་ནོ་།
བསྟན་འོད་ལགས། མཁས་དབང་ཞི་བ་ལྷའི་གསུང་རེད་གདའ། ཀླུ་སྨྱོན་གྱིས་འདིར་དྲངས་པ་རེད།
ཨོ་ལགས་སོ་གང་ལྟར་ནོར་འཁྲུལ་ཆེན་པོ་འདྲ་མ་རེད་པ་་།
གང་ཤེས། ནོར་འཁྲུལ་ཆེན་པོ་ཡིན་མིན་ཤེས་མ་སོང་།
གྲོག་མ་མ་གསོས་ན་བཟང་། གྲོག་མ་གསོ་བ་ལ་སྐྱོན་ཧ་ཅང་མང་། གྲོག་མ་ལ་ཁ་ཟས་སྤྲད་ན་གྲོག་མའི་གྲངས་འབོར་ཆེ་རུ་འགྲོ། ཆོས་སྒྲུབ་མདོག་གིས་ལས་རྒྱུ་བྱ་རྒྱུ་མང་དྲགས་ན་ཉིན་ཞིག་ས་གནས་ལས་ཁུངས་དང་ཁྱིམ་མཚེས་ཀྱིས་ཁྲིམས་ཁང་ལ་ཁྲིད་སྲིད་པ་རེད།
གཅིག མིའི་ལུས་ཀྱི་བདེ་འཇགས་ལ་གནོད གྲོག་མས་རྨུགས་ན་ན་ཚ་གཏོང་། ལྷག་པར་བྱིས་པ་ལ་གནོད་ཚབ་ཆེ།
གཉིས། ཁོར་ཡུག་ལ་གནོད། གྲོགས་མས་ཁང་ཁྱིམ་གྱི་རྩིག་པ་དང་ཤིང་ཆས་འཕྲོ་བརླགས་གཏོང་།
གསུམ། འཕྲོད་རྟེན་ལ་གནོད། སྐྱེ་ཁམས་ལ་གནོད་པའི་དུག་རྫས་སྣ་ཚོགས་མིའི་ཁྱིམ་དུ་ཁྱེར་ཡོང་།
བཞི། དཔལ་འབྱོར་ལ་གནོད། གྲོག་མས་བཙན་འཛུལ་བྱས་ནས་སྡོད་དུ་མི་འཇུག་སྐབས་འབུ་སྲིན་སྟངས་འཛིན་པ་pest controller ལ་གླ་ཆ་ཆེན་པོ་སྤྲད་ནས་ཕྱིར་འབུད་བྱེད་དགོས་ཐུག་ཡོང་།
མི་དང་དུད་འགྲོའི་ཁྱད་པར།
མི་ཞིག་ཡིན་ན་གནས་ལུགས་ལ་དཔྱོད་ཤེས་ཀྱི་ནུས་པ་ལྡན་དགོས། མིའི་རྣམ་དཔྱོད་འདི་ལ་ཕན་པ་རྒྱ་ཆེན་པོར་སྒྲུབ་པའི་ནུས་པ་ཡོད་ལ་གནོད་པ་ཆེན་པོ་གཏོང་པའི་ནུས་པ་ཡང་ཡོད་པས་དེ་ཚོ་ལྟ་བས་ཐག་གཅོད་བྱེད་ཀྱི་རེད། མདོར་ན། ལྟ་བས་སྤེལ། ལྟ་བ་ལས་བྱུང་། ལྟ་བ་ལ་རག་ལས་བས། ལྟ་བ་ཡང་དག་པ་ཞིག་གདམས་རྒྱུ་གལ་ཆེ། སྤྱིར་མི་ཞིག་ཡིན་ན་ཁོའི་རྒྱུད་ན་ལྟ་བ་ཡོད་པས་ཁྱབ། ལྟ་བ་དེ་ལ་ཡང་དག་ཡིན་མིན་གཉིས་ཡོད། མི་རེ་རེ་ལ་ལྟ་བ་མ་འདྲ་བ་རེ་ཡོད་པ་མཐོང་ཆོས་རེད། ལྟ་བ་ཟེར་བ་ལྟ་བྱ་ལྟ་བྱེད་ལྟ་བའི་ཡུལ་ལ་བརྟེན་ནས་འདོགས་སྲོལ་སྣ་ཚོགས་ཡོད། མི་རང་རང་ལ་སེམས་ཀྱི་བྱེད་ལས་མ་འདྲ་བ་ཡོད་པ་རེད། འགྲོ་བ་སོ་སོར་ལས་ཀྱི་གོ་སྒྲིག་མ་འདྲ་བ་རེ་ཡོད་པ་དང་ལུས་རྟེན་གྱི་ཆ་ནས་ཀྱང་མི་འདྲ་བ་ཡོང་གི་ཡོད། མིའི་རྣམ་དཔྱོད་དང་བསམ་བློ། མཛེས་དཔྱོད་སོགས་རྦད་དེ་མི་འདྲ་བ་ཞིག་ཡོད་པ་གང་ལ་བརྟེན་པ་རེད་ཟེར་ན་ལྟ་བ་ལ་བརྟེན་པ་རེད། དེའི་ཕྱིར་སྤྱོད་པ་དང་མ་འབྲེལ་བའི་ལྟ་བ་མེད་ལ་ལྟ་བ་དང་མ་འབྲེལ་བའི་སྤྱོད་པ་མེད་པས་དུད་འགྲོའི་རིགས་ལ་མིག་སྣའི་དབང་པོ་རྣོ་བ་མི་ལས་ལྷག་པ་ཡོད་ཀྱང་དཔྱད་པ་ཟེར་བ་གཏན་ནས་མེད། བྱ་རྒོད་ཀྱི་མིག་ལྟ་བུ། སྤྱང་གུའི་སྣ་ལྟ་བུ། མི་ལས་ལྡབ་འགྱུར་གྱིས་རྣོ་བར་བཤད་ཅིང་དེས་རང་ལ་ཕན་པ་ཙམ་ལས་གཞན་ལ་གནོད་བྱེད་ཀྱི་ནུས་པ་དེ་ཙམ་མེད། ཁོ་ཚོས་རང་གི་འཚོ་གནས་ཆེད་དབང་པོ་དེ་ཚོ་བེད་སྤྱོད་པ་ལས་མི་ལྟར་རྣམ་དཔྱོད་ཀྱི་ནུས་པ་མེད་ལ། འགྲོ་བ་མིའི་རྒྱུད་ན་ལྟ་སྐྱོན་དེ་དག་ཡོད་པས་རང་མི་བདེ་བ་དང་གཞན་མི་བདེ་བ་མང་པོ་ཞིག་བཟོ་གི་རེད། གཞན་ལ་ཕན་དང་གནོད་གཙོ་བོར་རང་ལྟས་ཐག་གཅོད་བྱེད་ཀྱི་རེད། མི་ཞིག་གིས་རང་ཉིད་ཆེས་མི་དགའ་སའི་མི་ལ་ལྟ་བའི་ཚེ། ཞེན་པ་ལོག་པ་དང་རང་ཉིད་ཆེས་དགའ་སའི་མི་ལ་ལྟ་བའི་ཚེ་ཞེན་ཁོག་སླེབས་འོང་བ་རེད། དོན་དག་ངོ་མ་བཤད་ན་ལྟ་མཁན་དེ་གཅིག་པ་ཡིན་ཀྱང་ཁོས་ལྟ་སྟངས་མ་འདྲ་བའི་དབང་གིས་འདི་ལྟར་ཡོང་གི་ཡོད་པ་རེད། ལྟ་སྐྱོན་འདི་དག་གི་རྩ་བ་ཕར་དེད་ནས་སོང་ན་འཇིག་ལྟའམ་གཏི་མིག་བདེན་འཛིན་ལ་ཐུག་གི་རེད། མིའི་རྒྱུད་ཀྱི་ལྟ་བ་དེ་ལ་བསམ་བློའི་ཆ་ནས་མཐོ་དམན་དང་མཆོག་དམན། རབ་འབྲིང་ཐ་གསུམ་མང་པོ་ཞིག་ཡོད་ངེས་རེད། དེར་བརྟེན་རིགས་རུས་དང་དབུལ་ཕྱུག་གི་དབྱེ་བ་མེད་པར་འཇིག་རྟེན་ཀུན་ལ་ཁྱབ་ཐུབ་པའི་ལྟ་བ་ཞིག་ལ་རྟེན་འབྱུང་གི་ལྟ་བ་ཟེར་གི་ཡོད་པ་རེད། ནང་པ་སངས་རྒྱས་པའི་ལྟ་བའི་ཚུལ་ཟབ་པས་བློ་དམན་པས་ཤེས་དཀའ་བ་དང་ཤེས་བ་ཙམ་གྱིས་མི་ཆོག་པར་རང་རྒྱུད་ལ་སྦྱོར་དགོས་པའི་རིམ་པ་མང་པོ་ཞིག་ཡོད་པ་དང་། དང་པོར་ཐོས་པས་དོན་རྟོགས་པའི་རྒྱུར་བྱེད། བར་དུ་བསམ་པས་སྒྲོ་འདོགས་གཅོད། ཐ་མར་སྒོམ་པས་ཉམས་སུ་བླངས་ཏེ་འགྲོ་དགོས་བ་ནི་བསྟན་པ་སྤྱིའི་ལྟ་བ་དང་འབྲེལ་བའི་སྤྱོད་པ་ཟེར་གི་ཡོད་པ་རེད། དེ་ཡང་གཙོ་ཕལ་གྱིས་ཕྱེ་ན་ཐོས་པ་མི་གཙོ་སྒྲུབ་པ་གཙོ་བོ་དང་ལུས་ངག་གི་དགེ་བ་མི་གཙོ་ཞིང་སེམས་ཀྱི་དགེ་བ་གཙོ་བོར་བཟུང་དགོས་པ་དེ་ཡང་སྤྱོད་པ་འཚེ་བ་མེད་པ་དང་གཞན་ལ་ཕན་འདོགས་ཀྱི་བསམ་པས་འབྱེད་པ་རེད། དེས་ཕྱིར་དུད་འགྲོའི་རིགས་ལ་ལྟ་སྤྱོད་དེ་དག་མེད་པས་མི་དང་དུད་འགྲོའི་བར་ཁྱད་པར་ཅི་ཡོད་ཟེར་ན། སྤྱིར་དུད་འགྲོའི་རིགས་ལ་རང་ཉིད་སྲུང་སྐྱོབ་དང་ཕན་འདོགས་བྱེད་རང་གི་ལུས་དབང་ཁོ་ནས་བྱེད་པ་ལས་གཞན་ནུས་པ་མེད་ལ། མིས་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་སྲུང་སྐྱོབ་ཆེད་གཞན་ལ་བརྟེན་དགོས་ཀྱི་ཡོད། རྡོ་ཆས་ཀྱི་དུས་རབས་ནས་འཕྲུལ་ཆས་ཀྱི་དུས་རབས་བར་དུ་རང་གི་རྣམ་དཔྱོད་བེད་སྤྱད་ནས་སྤྱི་ཚོགས་འཕེལ་རིམ་ཞིག་བྱུང་ཡོད་པ་རེད། མིའི་རྣམ་དཔྱོད་ཀྱི་ནུས་པ་འཕེལ་རིམ་ལས་སྤྱི་ཚོགས་ཡར་རྒྱས་དང་བརྟན་རླིང་ཡོང་གི་ཡོད། དུད་འགྲོ་ལ་དེ་ལྟའི་ནུས་པ་ཡོད་མ་ཡིན། ཚོར་ཤེས་ཙམ་ལས་མཛེས་སྣང་དང་ཀུན་སློང། ཕན་སེམས་དང་གནོད་སེམས། རྟོག་དཔྱོད་སོགས་ཕལ་ཆེར་མེད་པ་འདྲ། ཁོ་ཚོ་ལ་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ནུས་པ་མེད་པ་དང་། དོམ་དང་ཕ་ཝང་། ནགས་ཀྱི་འཕྱི་བ། བྱི་བ་སྒོམ་ཆེན་སོགས་དགུན་ཀ་གྲང་ངར་དུས་སུ་གཉིད་དུ་ཡུར་བ་དང་ཁོར་ཡུག་ལ་འདྲིས་འགྱུར་བྱེད་ཆེད་རང་ཉིད་ཀྱི་ལུས་དྲོད་ཉར་ཐུབ་པའི་སྤུ་མཐུག་པོ་དང་པགས་པའི་ནང་ངོས་སུ་ཚིལ་ཞག་ཡོད་པ་དགུན་དུས་སུ་ཟས་ཀྱི་ཚབ་ཏུ་བེད་སྤྱོད་བྱེད་ཀྱི་ཡོད། དུད་འགྲོའི་རིགས་ལ་ཁོར་ཡུག་གི་འགྱུར་ལྡོག་ཚོར་ཤེས་ཐུབ་པའི་དབང་རྩའི་མ་ལག་དང་དབང་ཤེས་ཡོད་པ་དང་། འཛམ་གླིང་གི་ལྷོ་བྱང་སྣེ་མོའི་སེམས་ཅན་གཡག་དང་ཤྭ་བ་དང་དོམ་དཀར་དང་བྱ་པེང་འགེན་སོགས་ལ་གྲང་ངར་གྱི་ཁོར་ཡུག་ལ་བརྟེན་ནས་རང་ཉིད་འཚོ་གནས་ཐུབ་པའི་ཁྱད་ཆོས་ལྡན་པ། དེ་བཞིན་དུ་རྩི་ཤིང་གི་ཁོར་ཡུག་ལ་བརྟེན་པའི་སེམས་ཅན་དོམ་བུ་ལག་རིང་དང་དབྱི་མ་དོམ། ཐང་ལི། རྩངས་པ་མདོག་འགྱུར། སྤྲེལ་སོགས་ལ་སྡེར་མོ་དང་མཚང་རའི་རུས་སྒྲོམ་དེ་ཡིས་རང་ཉིད་ཤིང་སྡོང་ལ་འཛེག་བྱེད་དང་སྐྱོད་བྱེད་ལ་ཕན་ཐོགས་ཡོད་པ་དང་ཁོ་ཚོར་ནུས་སྟོབས་ཆེ་བའི་རྐང་པ་དང་ལག་པ་ཡོད། ནམ་མཁའི་རླུང་ལ་བརྟེན་པའི་འཕུར་སྐྱོད་བྱེད་མཁན་གྱི་ཁྲ་དང་ཕ་ཝང་དང་ཕྱེ་མ་ལེབ་དང་ངང་པ་ སོགས་ཀྱི་རུས་ཁོག་རྣམས་ཇ་ཚགས་ལྟར་ཨི་ཁུང་མང་པོ་ཡོད་པ་དང། ལུས་ཀྱི་སྤུ་དང་གཤོག་སྒྲོ་རྣམས་ཡང་པོ་ཡོད་སྟབས་གཟུགས་པོའི་ལྗིད་ཚད་ཧ་ཅང་ཡང་པོ་ཡོད་པ་རེད། དེ་ཚོ་ལ་འཕུར་སྐྱོད་ཀྱི་གཤོག་ཟུང་ཡོད་པ་དང་གཤོག་པ་རྐྱང་སྐུམ་བྱེད་པའི་ཤ་རྒྱུས་བརྟན་པོ་ཡོད་པ་རེད། ཆུ་ལ་གནས་བའི་སེམས་ཅན་ཀླུ་མོ་རྣ་རིང་དང་མཚོ་རྟ། ཆུ་གླང་། ཉ་སོགས་ལ་ཆུ་འགོག་ནུས་ཀྱི་པགས་པ་དང་སྒྲོ་ཡོད་པར་མ་ཟད། ལུས་པོ་གྲུའི་དབྱིབས་ལྟར་ཡོད་པ་ཧ་ཅང་མྱུར་པོ་སྐྱོད་ཐུབ་པའི་ཁྱད་ཆོས་ཡོད་པ་དང་། རིགས་ཁ་ཤས་ལ་ཆུའི་ནང་གི་འཚོ་རླུང་ལེན་ཐུབ་པའི་དབང་པོའི་ཁྱད་ཆོས་ཡོད་པ། ཌོལ་ཧྥིན་དང་ཝེལ། ཉའི་རིགས་རྣམས་ཀྱི་རྐང་ལག་ནི་གཤོག་པའི་རྣམ་པར་གྱུར་བ་དེས་ཆུའི་ནང་དུ་སྐྱོད་པར་བེད་སྤྱོད་བྱེད་པ་དང་། སྐམ་མཚོ་གཉིས་ཀར་འཚོ་གནས་ཐུབ་པའི་སེམས་ཅན་ཆུ་སྲིན། རུས་སྦལ། སྦལ་བ། ཆུ་ཕག ཆུ་སྦྲུལ། རྩངས་པ། རྩངས་པ་མེ་ཐུབ་སོགས་ལ་ཆུའི་ནང་དུ་དབུགས་གཏོང་ལེན་ཐུབ་པའི་རླན་གཤེར་ཅན་གྱི་པགས་པ་ཡོད་པ་དང་། ས་ངོས་སུ་སྡོད་དུས་དབུགས་གཏོང་ལེན་ཐུབ་པའི་གློ་བ་ཡོད་པ་སོགས་དེར་བརྟེན་གྱི་ཁྱད་ཆོས་ལྡན། མདོར་ན་སྣོད་ བཅུད་རྟེན་འབྲེལ་རིག་པས་བཤད་པ་ལྟར། ཁོར་ཡུག་གི་རྟེན་འབྲེལ་ཤེས་བ་གལ་ཆེ་ཞིང་མི་དང་སེམས་ལྡན་ཡོད་དོ་ཅོག་རྩི་ཤིང་ལ་བརྟེན་ནས་ཡོང་པ་དང་། རྒྱུ་འབྲས་ཀྱི་ཆོས་ཉིད་འདི་ལ་ནམ་ཡང་འགལ་མི་རུང་བ་དང་བརྩི་སྲུང་བྱ་དགོས་པ་འགྲོ་བ་མིའི་འོས་འགན་གཙོ་བོ་གྱུར་ཡོད། མདོར་ན་དུད་འགྲོ་ལ་རང་ཉིད་འཚོ་གནས་ཀྱི་ནུས་པ་རང་ཉིད་ཀྱི་ལུས་སྟེང་ན་ཡོད་པ་ཙམ་རེད། མི་ལ་བསམ་བློའི་ནུས་པ་དུད་འགྲོ་ལས་བརྒྱ་འགྱུར་གྱིས་ལྷག་པ་ཡོད་པ་དང་། རང་གི་ལུས་སྟེང་ན་རང་ཉིད་འཚོ་གནས་ཐུབ་པའི་ནུས་པ་དུད་འགྲོ་ནང་བཞིན་མེད་ན་ཡང་རང་གི་རྣམ་དཔྱོད་བེད་སྤྱད་དེ་རང་ཉིད་གང་དུ་གནས་པའི་ཁོར་ཡུག་སྲུང་སྐྱོབ་ཐུབ་པ་དང་། ལུས་རྟེན་གྱི་ཆ་ནས་མི་ལ་བསམ་བློ་དང་དཔྱོད་ཤེས། ཆོས་དང་རིག་གཞུང་གི་རིན་ཐང་བླ་མེད་ཡོད་པ་བེད་སྤྱོད་ཡག་པོ་བཏང་ན་དགེ་མཚན་བླ་ལྷག་ཏུ་ཆེ་ལ། བེད་སྤྱོད་ཡག་པོ་མ་བཏང་ན་དུད་འགྲོ་ལས་སྡུག་པ་ཡོང་ཉེན་ཡོད།
ས་འབུ་ལ་མིག་དང་རྣ་བ་མེད་ལ་སྒལ་ཚིགས་ཀྱང་མེད། སྦྲང་མ། གྲོག་མ་སོགས་འབུ་སྲིན་ཆུང་ཆུང་དེ་ཚོ་ལ་སྒལ་ཚིགས་དང་སྣ་དང་རྣ་མེད་ཀྱང་མིག་ཡོད། བྱ་དང་རྩངས་པ་སོགས་ལ་སྒལ་ཚིགས་དང་སྣ་དང་མིག་གཉིས་ཀ་ཡོད། འབུ་ཪྭ་དེ་བརྡ་གཏོང་བྱེད་ཀྱི་དབང་པོ་གལ་ཆེ་ཞིག་རེད། སྒྲ་དང་དྲི་དང་རོ། རེག་བྱ་སོགས་ཚོར་ཐུབ་པའི་ཁྱད་ཆོས་ལྡན། བྱེ་མ་མྱུ་གུའི་རྐང་པ་བཅད་ཀྱང་སླར་སྐྱེ་ཐུབ། རྟ་དང་བ་ལང་གི་རྐང་པ་བཅད་ན་སླར་སྐྱེ་མི་ཐུབ། དེ་དག་ལ་འགྲེལ་བཤད་རྒྱག་ཐུབ་མཁན་སུ་ཡོད།
གྲོག་སྦྱིན་གྱི་ཆོ་ག་བསྡུས་པ་རེ་ཡོད་ན་མཁོ་སྤྲོད་གནང་རོགས། དགེ་བསྐུལ་དུ་འགྲོ་ངེས་སྙམ།