གནས་ཚུལ་གཏོང་མཁན། གཅན་ཡེ་རྒྱམ།
བྱང་ཨ་རིའི་ཝེ་སི་ཀོན་སིན་གྱི་མེ་ཌི་སིན་གྲོང་ཁྱེར་ནང་ལོ་ལྟར་ཕྱི་ཟླ་བཞི་བའི་ཟླ་མཇུག་ཏུ་མངའ་སྡེ་མི་མང་རྣམས་འདུ་འཛོམས་གྱིས་རྒྱང་རྒྱུགས་ཀྱི་འགྲན་བསྡུར་དང་། གོམ་བགྲོད་ཀྱི་འགྲན་བསྡུར་ཁག་གཉིས་སུ་བགོས་ཏེ་མངའ་སྡེ་གྲོས་ཚོགས་ཀྱི་མདུན་ནས་མི་མང་སྟོང་ཕྲག་མང་པོ་མཉམ་ཞུགས་བྱེད་བཞིན་ཡོད་ལ། ད་ལོར་ཡང་མུ་མཐུད་དུ་༢༠༡༤ལོའི་ཕྱི་ཟླ་༤བའི་ཚེས་༢༦གཟའ་སྤེན་པའི་ཉིན་མི་ཁྲི་གཉིས་ལྷག་རྒྱང་རྒྱུགས་དང་། གོམ་བགྲོདགཉིས་ཀའི་ནང་མཉམ་ཞུགས་བྱེད་བཞིན་པའི་གོ་སྐབས་འདི་དང་བསྟུན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ལོ་སྔོན་མ་གཉིས་ལ་མཉམ་ཞུགས་ཀྱིས་གྲུབ་འབྲས་ཡག་པོ་ཐོན་པ་མ་ཟད། ད་ལོར་ཡང་མུ་མཐུད་དུ་མི་གྲངས་ཉེར་བདུན་མཉམ་ཞུགས་བྱས། བོད་མི་གྲངས་བཅོ་ལྔ་ནས་རྒྱང་རྒྱུགས་ནང་མཉམ་ཞུགས་བྱས་པ་དང་། བོད་མི་བྱིངས་གཞན་རྣམས་གོམ་བགྲོད་ནང་མཉམ་ཞུགས་བྱས། སྟོད་གོས་སྟེང་( Run for Tibet) དང་རྒྱབ་ཏུ་(Solidarity with Tibet) ཞེས་འཁོད་ཡོད་སྟབས་ལམ་ཁའི་གཡས་གཡོན་གྱི་ལྟད་མོ་བ་ས་གནས་མི་མང་གིས་དོ་སྣང་ཆེན་པོས་ལྟ་བཞིན་ཡོད་བཞིན་འདུག་ལ། ཆུ་ཚོད་ཁ་ཤས་ཀྱི་རྗེས་སློབ་ཆེན་རྩེད་ཐང་རྭ་བའི་ནང་འབྱོར་མཚམས་མིའི་གདོང་དང་གདོང་ཐུག་ནས་ཡིག་ཆ་འགྲེམས་སྤེལ་དང་མཉམ་དུ་བཀའ་མོལ་གནང་བཞིན་བོད་དོན་སྐོར་ཞུས།
ཐེངས་འདིའི་གོམ་བགྲོད་དང་རྒྱང་རྒྱུགས་ནང་དམིགས་བསལ་གྱི་བྱ་བཞག་གལ་ཆེན་ཞིག་ནི་པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དང་སྟབས་འཁེལ་སྟབས། ང་ཚོས་ཡང་སྤྲུལ་རིན་པོ་ཆེའི་སྐོར་དགོང་གྲངས་དྲུག་ལོན་པའི་སྐབས་རྒྱ་དམར་པོས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་བཅོ་བརྒྱད་ཕྱིན་པ་དང་། བོད་མི་ཡོངས་ཀྱིས་ད་ལྟར་དགོངས་གྲངས་ཉེར་ལྔ་སོན་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཤེས་འདོད་ནི་སྐོམ་ལ་ཆུ་འདོད་ལྟར་ཡོད་ནའང་སྐུ་གཟགས་ཀྱི་དྲི་མ་ཙམ་ཡང་མཇལ་རྒྱུ་མེད་པ། གལ་སྲིད་ཁྱེད་རང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་མཆོག་གི་སྐོར་ཤེས་འདོད་ན་དྲ་ཚིགས་(releasepanchenlama.org)སྟེང་ཕེབས་ན་གནས་ཚུལ་གསལ་རྟོགས་ཐུབ་པའི་སྐོར་འཁོད་པའི་ཡིག་ཆ་འགྲེམ་སྤེལ་གྱིས་དྲིལ་བསྒྲགས་བྱས།
ཉིན་གུང་གོམ་བགྲོད་པ་དང་རྒྱང་རྒྱུགས་པ་སོགས་འབྱོར་ཟིན་མཚམས་གཞས་སྣ་འཁྲབ་སྟོན་གྱི་མགོ་ཚུགས་པའི་སྐབས་བོད་པའི་གཞོན་ནུ་མ་ཚོ་གར་སྟེགས་ཀྱི་ཉེ་སར་བཅར་ནས་ཞབས་བྲོ་ཤུགས་ཆེར་འཁྲབ་སྟེ་བརྙན་འཕྲིན་ནང་སྟོན་པར་ཐབས་ཤེས་བྱས་པར་བོད་པའི་གཞོན་ནུ་མ་ཚོའི་འཁྲབ་སྟོན་བརྙན་འཕྲིན་ནང་ཡང་ཡང་བསྟན། ཆུ་ཚོད་གཅིག་དང་ཕྱེད་ཀྱི་རྗེས་མཛད་རིམ་གྲོལ་བའི་སྐབས་ཞིས་ཀ་རྒོ་ནས་གདན་འདྲེན་ཞུས་པའི་གཞས་པ་གཞས་མ་གཉིས་ང་ཚོ་བོད་པ་ཚོའི་ཕྱོགས་སུ་ཕེབས་ནས་”ཁྱེད་རང་ཚོ་བོད་པ་ཡིན་ནམ་”ཟེར་བྱུང་། ང་ཚོས་”ཡིན་”ཞེས་ལན་བརྒྱབ་པ་ཡིན་ལ། སྐབས་དེར་ཁོང་གིས་”ང་ཁྱེད་རང་ཚོ་དང་མཉམ་དུ་པར་རྒྱག་འདོད་ཡོད་”གསུངས་སོང་། ང་ཚོ་དགའ་སྤྲོ་ཚད་མེད་སྐྱེས་བཞིན་”ཡིན་དེ་ཡིན་”ཟེར་བཞིན་ཁོང་གཉིས་མཉམ་དུ་པར་བརྒྱབ་པ་མ་ཟད། ལག་པ་ཀྱང་གཏོང་རེ་བྱེད་རྒྱུ་བྱུང་། དེ་ནི་བྱམས་དང་སྙིང་རྗེ་ལྡན་པའི་ང་ཚོ་ཉམས་ཆུང་བོད་མི་ཚོར་དམིགས་སུ་བཀར་ནས་མཐོང་ཆེན་སྤྲད་པ་ཞིག་རེད་ལ། ང་ཚོ་སྐྱབས་བཅོལ་བོད་མི་ཚོའི་དབུ་འཕང་ཐོན་པོ་འདེགས་བཞིན་པའི་དན་རྟགས་གསལ་བོ་ར་མངོན་ཡོད། ཨ་རི་བ་རྣམས་མུ་མཐུད་དུ་གཞས་པ་གཞས་མ་གཉིས་དང་མཉམ་དུ་པར་རྒྱག་པར་འཚང་ཀ་ཤིག་ཤིག་བྱེད་བཞིན་འདུག ང་ཚོ་ཚང་མ་དགའ་བཞིན་སྤྲོ་བཞིན་རང་ཁྱིམ་དུ་ལོག་རྒྱུ་བྱུང་།
ཁྱེད་རྣམ་པས་པཎ་ཆེན་བཅུ་པ་འདས་ལོ་དང་ཡང་སྤྲུལ་བཅུ་གཅིག་པའི་སྐྱེས་ལོ་གཉིས་ཀྱི་བར་ཐག་ན་ཟླ་བ་གཅིག་དང་ཉི་མ་ཉེར་བརྒྱད་ལས་མེད་པ་དེ་མཁྱེན་སོང་ངམ།
བོད་མིའི་རླབས་ཆེན་གྱི་གཙོ་འཛིན་པཎ་ཆེན་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ཕྱི་ལོ་༡༩༨༩ ལོའི་ཟླ་བ་༠༡ པོའི་ཚེས་ཉེར་བརྒྱད་ལ་དགོངས་པ་རྫོགས་པ་དང་། ཡང་སྤྲུལ་བཅུ་གཅིག་པར་འདོད་པའི་ནག་ཆུའི་པུ་ཕྲུག་དེ་ནི་ཕྱི་ལོ་༡༩༨༩ལོའི་ཟླ་བ་༠༤ པའི་ཚེས་༢༥ལ་སྐྱེས་པ་རེད། དེ་གཉིས་ཀྱི་བར་མཚམས་ལ་ཟླ་བ་གཅིག་དང་ཉི་མ་ཉི་ཤུ་རྩ་བརྒྱད་ལས་སོང་མེད། འོ་ན་ནག་ཆུའི་ཕྲུག་གུ་དེས་པཎ་ཆེན་བཅུ་པ་མཆོག་ཞིང་ལ་མ་གཤེགས་སྔོན་གྱི་ཟླ་བ་བདུན་ལྷག་ཙམ་ནས་ཨ་མའི་ཁོག་པ་ན་བསྒུགས་བསྡད་ཡོད་པ་རེད་དམ།
་་་་་་་་་་་་་
རང་ཉིད་ད་བར་འདི་ལ་དོ་སྣང་མ་བྱུང་ཡང་། ཁ་སང་སྤྲུལ་སྐུ་དབང་ཆེན་གྱི་ངོ་དེབ་ནང་འདི་འདྲ་ཞིག་བྲིས་པ་མཐོང་སྟེ་འདིར་དྲངས་པ་ཡིན།
ཀླུ་སྨྱོན་ལགས། གཞི་ནས་ཟླ་གཅིག་ཉིན་ཉེ་བརྒྱད་སྐོར་ལ་དོ་སྣང་བྱུང་འདུག། ལོ་རྒྱུས་ཞིབ་འཇུག་པའི་གོ་པ་དང་པོའི་གྲལ་དུ་ད་དུང་ཡང་སླེབས་མི་འདུག།
མ་འདས་སྤྲུལ་སྐུ་ཡོད་ཆོག་པ་ལ་ཟླ་གཅིག་ཉིན་ཉེར་བརྒྱད་ནན་ཡང་སྲིད་འཁྲུངས་པ་ཧང་འང་དོན་མེད་མོད་དེ་བས་ཧང་སང་པའི་གནས་དོན་ཀླུ་སྨྱོན་ནས་མ་མཁྱེན་པ་མང་།
ཀླུ་སྨྱོན་ལགས། ཁྱེད་ཀྱིས་གསུངས་བ་དེ་བདེན་པ་རེད། རྗེས་སུ་ཡི་རང་ཡོད།
པཎ་ཆེན་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ཕྱི་ལོ་༡༩༨༩ ལོའི་ཟླ་བ་༠༡ པོའི་ཚེས་ཉེར་བརྒྱད་ལ་དགོངས་པ་རྫོགས་པ་དང་། ཡང་སྤྲུལ་བཅུ་གཅིག་པ་ཕྱི་ལོ་༡༩༨༩ལོའི་ཟླ་བ་༠༤ པའི་ཚེས་༢༥ལ་འཁྲུངས་པ་རེད། དེ་གཉིས་ཀྱི་བར་མཚམས་ལ་ཟླ་བ་གཅིག་དང་ཉི་མ་ཉི་ཤུ་རྩ་བརྒྱད་མ་རེད།
ཟླ༠༡པོའི་ཚེས་ཉེར་བརྒྱད་ནས་ཟླ་བ་༠༤ པའི་ཚེས་༢༥་བར་དུ་ཟླ་བ་གཉིས་དང་ཉི་མ་ཉི་ཤུ་རྩ་བརྒྱད་མ་རེད་དམ།
སྐུ་གྲོངས་པའི་ཚེས་གྲངས་དང་འཁྲུངས་པའི་ཚེས་གྲངས་ལ་གཞིགས་ན།
ཟླ་གཅིག་དང་ཉིན་ཉེར་བརྒྱད་མ་རེད།
ཟླ་གཉིས་དང་ཉིན་ཉེར་བརྒྱད་རེད།
བྱ་འགུལ་འདིའི་རིགས་ནང་ང་ཚོ་མང་ཙམ་འཛུལ་ཨེ་ཐུབ་ལྟ་རྒྱུ་གལ ཆེ།
ཚང་མ་ཕེབས་པ་དགའ་བྱུང་། ལོ་རྗེས་མ་འདི་ལས་རྒྱ་ཆེ་ཙམ་སྤེལ་རྒྱུའི་འདུན་པ་ཡོད། །