ཁྲོ་གཏུམ།
གདོང་གནམ་ལ་གཏད་པ་དེ་མིག་གི་དབང་ཆ
ནམ་མཁའི་སྤྲིན་པ་ཉི་འོད་ཀྱིས་བསྲེགས་པ་མཐོང་སྲིད
གདོང་ས་ལ་གཏད་པ་དེའང་མིག་གི་དབང་ཆ
སའི་རི་རབ་ཀྱི་མགོ་བོ་དུད་པ་མཐོང་སྲིད
མགོ་བོ་ཡར་མར་གཡུགས་པ་ཙམ་གྱིས
མིག་གི་རྒྱན་མོ་ཡིས་ཅི་ཡང་མཐོང་སྲིད
མགོ་བོ་གཡས་གཡོན་ལ་འཁོར་བ་ཙམ་གྱིས
མིག་གི་དབང་པོ་ཡིས་མཐོང་མི་སྲིད་པའང་མཐོང་སྲིད
སའི་གོ་ལ་ནི་ངའི་རྐང་འོག་ཏུ་བརྫིས་ཀྱང་རུང
ང་ནི་སྔར་ལྟར་སའི་གོ་ལར་རེ་དགོས
སའི་གོ་ལའི་འབྱུང་བ་བཞི་མེད་དུས་ང་མེད་ལ
ང་ཡོད་དགོས་ན་སའི་གོ་ལ་སྔར་བཞིན་འཁོར་དགོས
འདི་ནི་ང་དང་སའི་གོ་ལའི་འབྲེལ་བ་ཡིན
༢༠༡༨ ཟླ་ ༠༩ ཚེས་ ༡༩ ཕྱི་དྲོར།