ཅོག་རོང་གི་མྱི།
སྔོན་ཚེ་ཧོར་གྱི་དམག་དཔུང་གིས་དུས་མཐའི་མེ་ལྟར་འཛམ་གླིང་ཡུལ་ཀུན་སྲེག་པའི་ཚེ་བོད་ལ་དེའི་གནོད་འཚེ་མི་འབྱུང་ཆེད་དུ་ས་པཎ་གྱིས་བོད་འབངས་ཡོངས་ལ་བཏང་བའི་གདམས་པ་ལྟར་དེང་གི་རང་ལུས་གསོན་སྲེག་གི་ལས་འགུལ་གྱིས་བོད་ཀྱི་དགེ་རྩ་བསྲེགས་དང་སྲེག་བཞིན་པ་མཐོང་ནས་ཁོ་བོས་གདམས་པར་བྱའོ།
ཡུལ་ཁ་བ་ཅན་གྱི་ས་ཆ་ན།
མི་མགོ་ནག་མང་པོ་མེ་རུ་བསྲེགས།
ཡིད་སྐྱོ་ནས་བཟོད་གླགས་མེད་ན་ཡང་།
འདི་བྱུང་བའི་རྒྱུ་ལ་ཡང་ཡང་བསམ།
རྒྱ་ནག་པོ་བྲག་རྒན་འགྱིངས་བ་དེར།
བོད་ཉམ་ཆུང་སྒོ་ང་འཕེན་པ་བཞིན།
འདི་ཐེངས་འགར་འཕངས་ན་རྒྱ་ཡི་སྐྱོན།
འདི་ཡང་ཡང་འཕངས་ན་རང་གི་སྐྱོན།
གནས་བཙན་བྱོལ་ཡུལ་གྱི་བོད་མི་ཚོས།
དཔའ་བོ་རུ་མ་བསྐུལ་མ་སྒྲོགས་རོགས།
འབུ་མེ་ཁྱེར་མེ་ལ་ཡང་ཡང་མཆོངས།
དེར་དཔའ་བོ་ཟེར་བ་ཡོད་རེ་རྐན།
ལྟས་ངན་པ་བཟང་དུ་མ་ལྟ་བར།
དུས་རྒྱུན་ཏུ་རང་གི་ཁ་ལ་ལྟོས།
སྡུག་ཟེར་བ་རང་གི་མགོར་ཐོན་དུས།
ཁ་གསེར་སྒོ་མ་རེད་སྟ་རེ་རེད།
ཕ་རྒྱལ་བ་ཡིད་བཞིན་ནོར་བུ་དེས།
བུ་གཞིས་གྱེས་མེད་པར་མཉམ་པར་གཟིགས།
ཁྱེད་ཕ་མའི་བུ་ཕྲུག་བཞེས་མྱོང་བས།
སྡུག་ཟེར་བ་འདི་ལས་མེད་པར་མཁྱེན།
མགོ་སྒུར་ནས་རྒྱ་ལ་ཕྱག་འཚལ་རུང་།
ལག་བསྲིངས་ནས་ཨ་རིར་སློང་ན་ཡང་།
བོད་མགོ་ནག་མྱི་ཡི་ཚེ་སྲོག་འདི།
ཁྱེད་སྲིད་དོན་གཏའ་མར་མ་འཇོག་རོགས།
ཀྱེ་མ་ཧུད་གངས་ཅན་བོད་པ་ཚོ།
ཕུགས་རེ་བ་ཕྱི་ལ་མ་བཅོལ་བར།
མགོ་སྐྱོར་ནས་འཚོ་བ་རོལ་ཐུབ་ཀྱིས།
ཁ་བསྡམ་ནས་ཁོག་ལ་བློ་གྲོས་གསོག
བོད་བདེ་སྡུག་བདེན་མཐའ་སེལ་ནུས་པའི།
བུ་ཕོ་རབ་ཕྱི་ནང་ཀུན་ནའང་མེད།
ཞེ་ཐག་པས་ཕ་མ་བུ་ཕྲུག་གཉོར།
དེ་ཡན་གྱི་སྐྱབས་གནས་ཁྱེད་ལ་མེད།
ཡུལ་རྒྱ་གར་དབུལ་དང་ཕོངས་བས་མནར།
དེས་རང་མགོ་མ་ཚོས་མ་ཐོན་པར།
བོད་དོན་ལ་མགོ་འདྲེན་ཟེར་རྒྱུ་དེ།
ཁ་སྟོང་བ་ནང་གི་ཚིག་སྟོང་རེད།
སྡེ་ཨ་རི་སྟོབས་འབྱོར་བཙན་ན་ཡང་།
རྒྱ་ནག་པོའི་དོམ་འོག་ལྷུང་ཡག་རེད།
དོམ་བདག་ལས་བཙན་པའི་དོམ་པ་ཞིག
གནའ་བསྐལ་བ་ད་ལྟའི་བར་དུ་མེད།
འབངས་སྤྱི་ཚིས་སྒྲུབ་པར་དུས་ཚོད་དགོས།
དགྲ་ནག་པོ་འཇོམས་ན་བློ་གྲོས་དགོས།
བོད་སྐྱིད་ཀྱི་གཞི་མ་ཀུན་འདུས་ཡིན།
ཁ་འཐོར་ནས་བསྡད་ན་དོན་མི་འགྲུབ།
ཕ་རྒྱལ་བ་ཡིད་བཞིན་ནོར་བུ་ཡང་།
ད་མ་འགྲིམས་རང་གི་ཡུལ་ལ་ཕེབས།
དགྲ་བཅོམ་པ་དམྱལ་བར་བཞུད་ནུས་ན།
ཁྱེད་ཡུལ་ལ་ལོག་པར་ཅིའི་ཕྱིར་འཇིགས།
ང་ཕྱི་རུ་བུད་ནས་ལོ་བཅུ་འགོར།
ངས་ནང་ལ་ཕྱོགས་ནས་ལོ་བཅུར་བལྟོས།
ཞེ་བསམ་པ་རྣམ་དག་མ་ཡིན་ན།
འདིའི་རིང་ལ་ལྟ་དོན་ཅི་ལ་ཡོད།
དེའི་ཕྱིར་དུ་ང་ཡི་གདམས་པ་འདི།
མཁས་སྙན་གྲགས་ཆེད་དུ་སྤེལ་བ་མིན།
ས་མཐའ་དབུས་ཉུལ་བའི་ཉམས་མྱོང་ཡིན།
མི་སྣ་ཚོགས་ཐུག་པའི་བསླབ་བྱ་ཡིན།
གཞི་རྩའི་ལྷམ་བསམ་དང་ཆེ་བསྟོད་ཡོད་མོད། འོན་ཀྱང་དམྱལ་བར་སོ་སོས་ནག་ཉེས་སྡིག་བསགས་བྱས་མེད་ན། བཙོན་བཅུག་མནར་གཅོད་མི་བཟད་པ་མྱང་དགོས་ཨེ་ཡོད། འོན་ཀྱང་དམྱལ་བ་མི་ཡུལ་དུ་འཕོས་པའི་བོད་ཆོས་ལྡན་ཞིང་དུ་ཀླ་ཀློ་གདུག་རྩུབ་རགྱ་དམར་འོག་ཏུ་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་ཡ་ངའི་གནས་སྟངས་གང་ཞིག་ཡིན་ནམ། བོད་རང་དབང་དོན་དུ་སྐུ་སྲོག་ལྕེབས་མཁན་ཚོས་རྒྱ་དམར་གུན་བྲན་གདུག་རྩུབ་ལས་དམྱལ་བར་ལྷུང་ཡང་འགྱོད་པ་སྤུ་ཙམ་མེད་ན། གནས་སྟངས་གང་འདྲ་ཞིག་འདུག་གམ།
སྐྱག་པ་ཟོ་ཁྱོད་
ཅོག་རོང་གི་མྱི་འདི་ལ་མྱི་དོན་ཅིག་མི་འདུག་་ངོ་མ་ཡིན།