རྔ་བ་ཀུན་བཟང་སྒྲོལ་མ།
ལས་དབང་ལ་གས་ཆག་ཤོར་བའི་ལོ་རྒྱུས་ཐོག་མ་ནས།
མཛེས་རྟོག་གི་རྣམ་རིག་ཅི་ཡང་མེད་པར་ང་ས་མཐར་རྒས།
རྒས་སོང་པའི་སེམས་པ་རྨས་མ་དེའི་ཕྱིར།
ངའི་ཚེ་སྲོག་གི་ངར་ཤུགས་ཧ་ཅང་རྒོད་པས།
མི་ཡུལ་ན་རྒྱབ་གཏོད་ཀྱི་སྤོབས་པས་ཕྱུག་ཀྱང་།
མཁྲེགས་འཛིན་གྱི་ས་མཐའ་འདི་ནས།
གདུང་བ་དང་མྱ་ངན་ཡོད་ཚད།
ཚུགས་ཐུབ་རང་གཤིས་སུ་མེད་པར།
སུས་ཀྱང་བདག་གི་སེམས་པ་འདི་རྟོགས་སམ།
གསར་གཏོད་ཀྱི་འཇོན་ཐང་དབེན་པའི་ས་མཐའ་དེ་ནས།
རྣམ་དཔྱོད་ཀྱི་བློ་མིག་ལ་ཁ་ཕྱོགས་བཙལ་བའི་ང་།
མཁྲེགས་འཛིན་ལྟ་བ་མཁས་པར་རློན་པའི་ཀླད་མེད་དང་།
ཟ་འདོད་ཀྱི་ཧམ་སེམས་གཏིང་ལས་རིང་པའི་དཔོན་པོ།
ད་དུང་ནང་ཆོས་ཀྱི་ཞགས་རྙིང་དུ་བ་ཙམ་མེད་པའི་གཞན་མགོ་སྐོར་པའི་སྤྲུལ་སྐུ་ཚོས།
ངའི་རང་དབང་གི་སྙིང་སྟོབས་གཏོར་སོང་ལ།
ངའི་ཚེ་སྲོག་གི་ངར་ཤུགས་བསྲེགས་སོང་པས།
ཡིད་ཆེས་དང་རེ་བ།
མདུན་ལམ་དང་སྤོབས་པ།
ཡོད་ཚད་ནས་ཡོད་ཚད་ཕམ་སོང་།
སུས་ཀྱང་ངའི་སེམས་དེ་སྐྱོབ་མི་ཐུབ་ལ།
སུས་ཀྱང་ངའི་རྨ་ཁ་དེ་གསོན་ཤུགས་འགུལ་མི་ཐུབ་པས།
མི་རབས་གསར་བ་ཞིག་གི་མདུན་ལྗོངས་བསམ་ཞོར།
དེ་རིང་ཁ་སང་གཤེགས་སོང་བའི་དཔའ་བོ་དེ་ཚོའི་ཁ་ཆེམས་དྲན་ཞོར།
དཔའ་མཛངས་དང་ང་རོ་བསྒྲགས་པའི་གོམས་སྒྲ་དེའི་ཁྲོད་དུ།
རང་དབང་དང་ལ་རྒྱ་འབོད་མའི་མེ་ལྕེ་དེའི་ཁྲོད་དུ།
ང་ས་མཐའ་ནས་རྒས་ཀྱང་རུང་།
ངའི་སེམས་པ་འདི་ཁྱོད་ཀྱིས་མནན་ཅིང་རུང་།
མི་རིགས་དེའི་དཔའ་བོ་དེ་ཚོ།
ད་དུང་ཤི་མེད་པས་ང་ས་མཐར་རྒས་ཀྱང་།
ངའི་རྣམ་དཔྱོད་ཀྱི་ལང་ཚོ་ནམ་ཡང་རྒས་མེད་པས།
ཁ་སང་དང་དེ་རིང་ལྟ་བུ་དམེ་ངག་རེ་རེས།
སང་ཉིན་ནས་གནང་ཉིན་ཅི་ཙམ་སོང་ཡང་།
ངའི་མེ་ལྕེ་ལྟ་བུའི་སེམས་པའི་ངོགས་སུ།
ཁྱེད་ཅག་གིས་བཞག་པའི་དམ་བཅའ་བརྟན་པོ།
གཏན་ཏུ་མི་འཇོགས་པའི་པར་ཤོག།
ངེད་ཚང་གི་ལོ་རྒྱུས་ཀྱི་སྙིང་དཀྱིལ་ལ་འཐུམ་པས།
ལ་རྒྱའི་སེམས་པ་དང་ནུས་པས་ངར་ཁ་དེས།
མེ་ལྕེ་དེ་གཅིག་མཇུག་གཉིས་མཐུད་དུ་འབར་རུང་།
ད་དུང་། སྐྱོ་ཤས་དང་ཡིད་མུག།
སྙིང་རྗེ་དང་བྱམས་སེམས་པའི་ཕ་རོལ་པ་ཚོ།
ཅིའི་ཕྱིར་ འདི་ལྟར་བསྡད་འོས་སམ།
ངའི་མེ་ལྕེ་ལ་ཨ་ལན་ཙམ་ཡང་མེད་པར་ཅི་རེད།
ངའི་སེམས་པ་རྡོ་ལྕགས་ལས་སྒྲུབ་ན་ཅི་མ་རུང་ངམ།
ངའི་སེམས་པ་ཕ་བོང་ཞིག་ཡིན་ན་ཅི་འདྲ་དགའ་ཨང་།
རྒས་སོང་། ས་མཐར་རྒས་པའི་སེམས་པ་དེ།
ན་ཟུག་དང་ལྷན་དུ་ཤི་སོང་།
ངོ་མ་ཤི་སོང་།
༢༠༡༤ ༢ ༡༩ ཉིན་བྲིས།
xxxxx
མ་མཐའ་ཡང་། བོད་དྲི་ཞིག་ཡིན་པར་སྤོབས་པ་ཡོད་དགོས།
མགོ་ནག་རྩམ་ཟན་ཞིག་ཡིན་ན།
ཁྲིམས་ཁ་ནས་མྱི་མི་སྡོམ། ཕམ་ཁ་ནས་མགོ་མི་སྒུར། བུ་མོ། མཐོན་མཐོན་པོ་ཚོ་ཁྱོད་ལ་མཛའ་ནི་མ་རེད། མ་ཁོ་མ།
དེང་སང་ཁ་བརྡའི་མཆན་མང་པོ་ཞིག་སྐྱག་པའི་སྐོར་ལ་རེད་འདུག
སྐྱག་པའི་སྐོར་འདི་དྲན་གསོ་ཞིག་གཏོང་དགོས་པ་འདུག
སྔོན་མ་རྡ་ས་ནས་ཅིག་གིས་སྐྱག་རྩོམ་ཞིག་བྲིས་འདུག
རི་མཐོ་ས་གཙང་སྒང་ལ་བུད་ནས།
སྐྱག་པ་ཞིག་བཏང་བའ་སེམས་པ་ལྷོད་ཤིག་ཤིག་ཆགས།
འདི་འདྲ་ཞིག་ཡིན་བསམ་སོང་།
དེའི་ག་ལ་ཚད་།
ཡང་སྐྱག་པའི་སྐོར་ལ་གཞང་གཅི་འདོར་སྟངས་གི་རིམ་པ་མང་པོ་ཞིག
དམ་པའི་ཆོས་འདུལ་བ་ན་ཡང་འདུག
ད་དུང་གསང་སྔགས་ཀྱི་གཞུང་ལུགས་དག་ན།
དྲི་ཆེན་དང་དྲི་ཆུ་སོགས་མིང་ཚིག་མི་འདྲ་བ་བེད་སྤྱོད་བཏང་ཡོད་ན་ཡང་།
དོན་ལ་སྐྱག་གཅིན་ཡིན་པ་འདྲ།
གནམ་ལགས་ཀྱི་མཆན་དང་མ་འདྲ་བ་ཞིག་བདག་གི་སེམས་ལ་ཤར།
དེ་ནི་ཟ་མ་ནི་རྒྱ་ཟས་བོད་ཟས་གང་ཞིག་ཟོས་ན་ཡང་།
སྐྱག་པའི་དྲི་མ་ནི་རོ་གཅིག་ཡིན་པ་དེའོ།
ངས་བསམ་ན་ངའི་ལྟ་ཚུལ་དེ་ནོར་བ་མེད་ལ་འགྱུར་བ་ཡང་མེད།
འོན་ཀྱང་སྔར་ཀྲུང་གོའི་ཟ་མ་མུ་གེའི་སྐབས་སུ་བྱུང་བའི་གཏམ་རྒྱུད་ཞིག་ཡོད།
དེ་ནི་མི་ཞིག་གིས་སྐྱག་པ་ཟ་བཞིན་པའི་སྐབས།
རོགས་པ་དེས་བཤད་རྒྱུར།
ང་ཡང་སྐྱག་པ་དེའི་གཙང་ས་ཞིག་ནས་ཅུང་ཟད་སྦྱིན་རོགས།
འདི་ནི་དོན་དངོས་ཀྱི་གནས་ཚུལ་ཞིག་རེད།