ངས་འདིར་ས་མཚམས་པུ་གུ་ཅིག་ཅིག་མིག་མིག་ཟེར་ནས་མགོ་བཙུགས་ཡོང་དུས་ཁྱོད་ཚོས་ཡང་འདིས་མི་ཞིག་གི་བླ་བཙགས་རན་སོང་བསམ་པ་ངས་ཤེས་བཞིན་ཡོད། ཡིན་ན་ཡང་དེ་རིང་འདིར་བླ་བཙགས་བྱ་རྒྱུ་མིན། དེ་ལས་ལྡོག་སྟེ་ས་མཚམས་པུ་གུ་རུས་པ་ཅན་ཞིག་གི་སྐོར་གླེང་རྒྱུ་ཡིན། རྒྱ་གར་གྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་པའི་དེད་དཔོན་བུ་ཆུང་བྷོ་ཊི་ཡ་ལགས་ནི་རྒྱ་གར་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ལྷ་ཡིས་གནང་བའི་དངོས་གྲུབ་ཅིག་ཡིན། བུ་ཆུང་ལགས་ནི་༡༩༧༦ལོར་འབྲས་ལྗོངས་ལྷོ་རྒྱུད་ཀྱི་གྲོང་གསེབ་ཀྲིན་ཀི་ཀྲམ་དུ་སྐྱེས། ཁོང་གི་ཕའི་མིང་ལ་བསོད་ནམས་སྟོབས་ལྡན་དང་མའི་མིང་ལ་རྡོ་རྗེ་སྒྲོལ་མ་ཟེར། བུ་ཆུང་ལགས་ནི་རྒྱ་གར་གྱི་རྩེད་འགྲན་པ་འབུམ་ཕྲག་དུ་མའི་ནང་ནས་འགྲན་ཟླ་བྲལ་བའི་རྩེད་འགྲན་པ་ཞིག་ཡིན་པ་ཙམ་དུ་མ་ཟད་སྔ་ཕྱིར་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ཐད་ནས་བོད་མི་མང་གི་ཕྱོགས་སུ་ལངས་ཡོད་པ་དེ་ནི་བོད་མི་ཚོས་དོ་སྣང་དགོས་པ་ཞིག་རེད། དཔེར་ན་༢༠༠༨ལོར་ཨོ་ལེམ་ཕིག་གི་རྩེད་འགྲན་ཀྱི་དཔལ་འབར་གདན་ཞུའི་སྐབས་སུ་བུ་ཆུང་ལགས་དཔལ་འབར་འཛིན་མཁན་དུ་བསྐོས་ཡོད་མོད་ལོ་དེར་ཁོང་གིས་ཁ་གསལ་པོའིི་ཐོག་ནས་རྒྱ་ནག་གི་བོད་བཙན་བཟུང་བྱས་ཡོད་པར་ངོ་རྒོལ་གྱི་རྣམ་འགྱུར་སྟོན་ཆེད་དུ་དཔལ་འབར་འཛིན་པར་ངོས་ལེན་གནང་མེད། ཁོང་གི་ཐག་གཅོད་དེ་ལ་བརྟེན་ནས་དཔལ་འབར་འཛིན་མཁན་མི་སྣ་གྲགས་ཅན་གཞན་ཁ་ཤས་ཤིག་གིས་གིས་ཀྱང་རྒྱ་ནག་ལ་ངོ་རྒོལ་ཀྱི་རྣམ་འགྱུར་སྟོན་ཆེད་དུ་དཔལ་འབར་མི་འཛིན་པར་ཐག་བཅད་པ་རེད། གནད་དོན་དེའིི་ཐད་ལ་ཁོང་གི་ལས་རོགས་སོགས་མི་མང་པོས་རྩེད་འགྲན་དང་ཆབ་སྲིད་བསྲེས་པའི་སྐྱོན་བརྗོད་བྱས་ཡོད་ལ་མང་པོ་ཞིག་གིས་ཁོང་གི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་དེར་བསྔགས་བརྗོད་བྱས་ཡོད། དེ་བཞིན་དུ་ཉེ་ཆར་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པར་རྒྱ་ནག་གཞུང་གིས་དྲག་གནོད་བྱེད་བཞིན་པར་ཡང་ཤི་ལོང་ཁུལ་གྱི་བོད་མིས་ངོ་རྒོལ་ལས་འགུལ་སྤེལ་སྐབས་སུ་ཁོང་མཉམ་ཞུགས་གནང་ཡོད། གོང་དུ་བཀོད་པ་དེ་ནི་དཔེ་མཚོན་ཙམ་ཡིན། གཞན་ཡང་བུ་ཆུང་ལགས་ཆབ་སྲིད་དང་འབྲེལ་བ་ཡོད་མེད་ཅི་རིགས་པའི་བོད་དང་འབྲེལ་བའི་བྱེད་སྒོ་མང་པོ་ཞིག་ཏུ་ཞུགས་དང་ཞུགས་བཞིན་ཡོད། ང་ཚོས་ཁོང་དང་ཁོང་གི་ནང་མིར་བྱ་བ་ལམ་ལྷོངས་དང་སྐུ་ཁམས་བདེ་གསལ་ཡོང་བར་མཆོག་གསུམ་སྐྱབས་འཇུག་དང་སྨོན་ལམ་འདེབས་རིགས་སོ༎
རང་ལ་དགའ་བའི་མི་གཅིག་ཡོད་ན་འུ་ཅག་ལ་མཚོན་ན་དེ་དགའ་དགོས་ཅི་ཡོད།
བུ་ཆུང་རྒྱལ་གྱུར་ཅིག
རང་ལ་དགའ་བའི་མི་གཅིག་ཡོད་ན་འུ་ཅག་ལ་མཚོན་ན་དེ་ལས་དགའ་དགོས་པ་ཅི་ཡོད།
བུ་ཆུང་རྒྱལ་གྱུར་ཅིག
བོད་རིགས་ཀྱི་རྐང་རྩེད་པོ་ལོ། །
ཕ་མིང་བསོད་ནམས་སྟོབས་ལྡན་དང་། །
མ་མིང་རྡོ་རྗེ་སྒྲོལ་མ་ཡི། །
བུ་ཆུང་རྒྱ་གར་རྩེད་འགྲན་ནང་། །
བུ་ཆུང་རྒྱལ་ནས་བུ་ཆེན་གྱུར། །
རྩེད་མོའི་སྙན་གྲགས་དགའ་སྤྲོ་ཡིས། །
བདག་བློར་དགའ་བ་ཚད་མེད་སྐྱེས། །
བོད་རིགས་སྤྱི་དང་གཞོན་སྐྱེས་ཚོས། །
རྐང་རྩེད་པོ་ལོའི་རྩེད་ཉམས་ངོམས། །
བུ་ཆུང་རྟག་ཏུ་རྒྱལ་བར་ཤོག །
ལྦེའེ་ཅུང་བྷོ་ཌི་ཡེའི་སྐྱེས་ཡུལ་ནི་ཏིང་གི་ཏམ་ཡིན་པ་ལས་ཀྲིན་ཀི་ཀྲམ་མ་རེད་ཞུ་རྒྱུ། ཐུགས་བརྗེ་ཆེ།
བུ་ཆུང་ལགས་ལ་སྙིང་ནས་ཡག་བྱུང་ཞུ། བོད་ཀྱི་ཤ་ཁྲག་ལས་གྲུབ་པས་བོད་ཀྱི་ཤ་རུས་ཀྱི་འགན་ཁུར་དགོས
བུ་ཆུང་ཡ་བུ་ཆུང་ཁྱེད་ནི་བོད་མི་རིགས་ལ་གདུང་ཞེན་ཡོད་པའི་མཐའ་ཚམས་གྱི་བུ་ཕྲུག་ཞིག་རེད་ལ།
ཁྱེད་ནི་བོད་རྒྱུད་ནང་བསྟན་ཆོས་རྒྱུད་ཀྱི་ནང་པ་དཀྱུས་མ་ཞིག་རེད།
ཁྱེད་ནི་བྲག་སྲིན་ལས་འཆད་པའི་ཤ་རུས་གཅིག་གི་སྤུན་ཟླ་ཞིག་ཀྱང་རེད།
ངས་ཁྱེད་ཀྱི་རྒྱལ་སྤྱའི་རྐང་རྩེད་སྤོ་ལོའི་་འགྲོན་བསྡུར་ཐོག་ལ་གྲུབ་འབྲས་འབུར་དུ་ཐོན་པ་དང།
ཁྱེད་ཀྱི་བོད་སྐྱོབས་ཞེས་པའི་འཕྲིད་དར་དང་བོད་ཀྱི་རྒྱལ་དར་དེ་ཁྱེད་དང་མཉམ་དུ་སླེབས་རྒྱུའི་
ཉི་མ་ཞིག་སྒུག་ནས་སྡོད་ཡོད།
བོད་རྒྱལ་ལོ་རྒྱལ་ལོ།
རྐང་པའི་རྩལ་གྱི་རང་གི་མདུན་ལམ་སྐྲུན།
གདུང་ཞེན་ཟབ་མོས་བོད་དོན་ལས་འགུལ་ལ།
མཉམ་ཞུགས་གནང་བ་བོད་མིས་རྗེས་མི་སྲིད།
ཁྱེད་རྣམ་པས་ Bhichung ཞེས་པ་བཙན་གྱིས་བུ་ཆུང་ལ་བསྒྱུར་མོད། དོན་དངོས་སུ་འབྲས་ལྗོངས་ནང་འབྲས་ལྗོངས་པར་བྷའི་ཆུང་ཟེར་བ། ཆུང་ཆུང་། ཟེར་བ་སོགས་མང། བྷའི་ཟེར་བ་ནི་ནེ་པ་ལིའི་སྐད་དེ་ནུ་བོ་ཞེས་པ་རེད། ཆུང་ཞེས་པ་ནི་བོད་སྐད་རང་རེད། དེས་ན་ནུ་བོ་ཆུང་ཆུང་ཞེས་ཆུང་དུས་ཀྱི་མིང་འདོག་དེ་མིང་དངོས་སུ་འགྱུར་བ་རེད།
གང་ལྟར་བོད་དོན་ལ་ནང་པ་ཡིན་པའི་ཆ་ནས་རྒྱབ་སྐྱོར་བྱས་སོང་།
བྷའི་ཆུང་ལགས་ནི་ནང་པ་ཙམ་མིན་པར་འུ་ཅག་བོད་ཀྱི་ཤ་རུས་ལས་ཆད་པའི་བྷོ་ཏྲི་ཡའི་རིགས་རྒྱུད་ཤིག་ཀྱང་ཡིན་པས། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་ལགས། དེ་བཞིན་དུ་འུ་ཅག་བོད་མིའི་ཚོའི་ནམ་ཞག་རྒྱུན་ལྡན་ནས་མཐའ་མཚམས་ཀྱི་མི་དང་འབྲེལ་ལམ་ཟབ་མོ་གནང་རྒྱུར་ཤིན་ཏུ་གལ་ཆེ།
གྲུབ་འབྲས་དེ་ལྟ་བུའི་རིགས་ནི། སྤྱིར་བཏང་མི་རིགས་གཞན་དག་ལ་མཚོན་ན། དེ་ཙམ་གྱི་ཧ་ལས་དགོས་པའི་གནས་ཚུལ་ཞིག་མིན་རུང་། ད་ལྟའི་ངེད་ཚང་གི་གནས་བབས་དང་བསྟུན་ཚེ། དེ་ཡང་དངོས་གནས་སྤྲོ་དགོས་པའི་གནས་ཚུལ་ཞིག་མ་རེད་དམ། སླད་མར། འབྲས་ལྗོངས་རི་ཁུག་ཏུ་འཚོ་བའི་ན་གཞོན་ཚོས་རྐང་རྩེད་སྤོ་ལོའི་སྦྱོང་བརྡར་གྱི་ཤུགས་སྣོན་བླ་རུ་གཏོང་རྒྱུ་དང་། གཞན། གཏམ་བཟང་དེ་ཡི་ཟ་ཟུར་མང་པོ་ཞིག་ན། ཡིག་ནོར་གྱི་སྙུན་གཞིའང་ལྕིད་ཙམ་འདུག་པས། ད་ནས་བཟུང་བརྡ་དག་ཡར་རྒྱས་སུ་གཏོང་ཕྱིར་རིག་རྩལ་ཡང་གང་མང་མང་སྦྱང་རྒྱུའི་རེ་བ་ཡོད་དོ།། དེ་ནི་ཕྲན་གྱི་སྙིང་གཏམ་ཡིན་པས་གྲོགས་པོ་དང་། གྲོགས་མོ་ཚོ་དགོངས་འགལ་མེད་པ་ཞུའོ།།
མ་ཤི་བར་དུ་བརྗེད་མི་འོང་། ཐུགས་རྗེ་ཆེ།
ཨོ་རེད་ཁོང་ནང་པ་ཙམ་དུ་མ་ཟད་བོད་རིགས་དངོས་ཡིན་པ་ཞིག་གོ་ཐོས་ཡོད་་་ཁོང་གི་སྲིང་ཆུང་མ་བོད་ཀྱི་མཛེས་མའི་ནང་དུ་ཞུགས་མ་རེད་པེ་་་་
རྐང་བོལ་མཁས་པ་ཡོད་ཀྱང་འཛམ་གླིང་གི་གྲགས་ཅན་རྩེད་འགྲན་ནང་དུ་མི་ཚུད་པའི་རྒྱུ་མཚན་ཅི།
པད་དཀར་ཕོ་ཉ་ལགས། ཡིག་ནོར་དེ་ཚོ་ཟུར་དུ་བཏོན་ནས་འགོད་རོགས་གནང་། ངས་རང་གི་ཡིག་ནོར་དེ་ཚོ་ངོས་ཟིན་དགོས་གྱི་འདུག ཐུགས་རྗེ་ཆེ།
ཡག་པོ་རེད། གལ་ཏེ་རྗེས་མ་དེ་འདྲའི་རིགས་ཡོད་ན་དཔར་བླངས་ནས་དེའི་གསར་འགྱུར་དུས་བབས་སོགས་ནང་དུ་གཏང་རྒྱུ་ཧ་ཅམ་གལ་ཆེ་རེད་ དེ་མིན་མི་ཚང་མ་མཁྱེན་པ་ནི་ཡོད་པ་མ་རེད
བྷའི་ཆུང་ལགས།
ཁྱེད་ནི་ང་ཡི་སེམས་ཀྱི་དཔའ་བོ་ཡིན།
ཁྱེད་ཀྱིས་༢༠༠༨ལོར་ཨོ་ལེམ་ཕིག་གི་རྩེད་འགྲན་ཀྱི་དཔལ་འབར་མ་འཁྱེར་བའི་དུས་དེ་ནས་བཟུང་སྟེ།
ཁྱེད་ནི་དྲངས་གདན་ལ་ཕྱོགས་པས་མི་བོ་ཞིག་མཐོང་།
ཁྱེད་ནི་གཞན་གྱིས་བདེ་སྡུག་སེམས་ཤེས་མཁན་གྱི་མི་བོ་ཞིག་དང་།
རང་གིས་ཁེ་ཕན་ལ་མི་བལྟ་མཁན་གྱི་མི་བོ་མཆོག་གྱུར་ཡིན་བརྗོད་ཆོག
ཁྱེད་བདེ་བར་ཡོངས་བའི་མཆོག་གསུམ་ལ་སྨོན་ལམ་ངས་རྒྱབ་མཆོག་ཞུ།
སྐྱུར་རྩི། ད་ཡང་རྐང་པོལ་དེ་རྐང་བོལ་བཟོ་ཡི་ཡོད་པས། ཧ་ཧ།
རྒྱ་གར་ན་འདི་འདྲིའི་རྩེད་འགྲན་པ་གྲགས་ཞིག་ཡོད་པ་གོ་མ་མྱོང་དཔེ་མི་སྲིད་པའི་ཡག་པོ་རེད།
རྒྱ་གར་ན་འདི་འདྲིའི་རྩེད་འགྲན་པ་གྲགས་ཅན་ཞིག་ཡོད་པ་གོ་མ་མྱོང་དཔེ་མི་སྲིད་པའི་ཡག་པོ་རེད།
བྷའི་ཆུང་གི་ཡབ་ཡུམ་གཉིས་ཀྱི་མཚན་ལ་ལྟོས་ན་བོད་ཕྲུག་གཙང་མ་ཞིག་ཡིན་པ་ངེས་གང་ལྟར་བོད་མི་རིགས་རྒྱབ་སྐྱོར་བྱེད་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན་ནམ་ཡང་བརྗེད་མི་སྲིད་བཀའ་དྲིན་ཆེ།
ང་ཚོའི་སྤྱི་ཚོགས་ནང་ཁྲོམ་པའི་སྦལ་པ་མང་པོ་འདུག་ག བྷའི་ཆུང་གི་ཕ་མ་གཉིས་ཀྱི་མིང་ལ་བལྟས་ན་ཁོ་པ་བོད་ཕྲུག་གཙང་མ་རེད་ཟེར།
བོད་པ་གཙང་མ་ཡིན་ཡང་། རྒྱལ་ཡོངས་རྩེད་འགྲན་ནང་ལ་བཞུགས་པ་ལ་རྒྱ་གར་གྱི་མེ་སེར་ལག་འཁྱེར་དགོས་པ་རེད། ཇོ་མོ་གླང་མའི་རི་འཛེགས་བོད་ཀྱི་འབྲོག་ཕྲུག་བསྟན་འཛིན་ཤར་པ་མཚུངས་སོ། །བློ་ཕམ་ཡང་སེམས་དགའ་བའི་གནས་སུ་མཐོང་ལགས།
ངོ་མ་ཡག་པོ་འདུག ང་ཚོ་ཚང་མ་ལ་དེ་འདྲའི་ལ་རྒྱ་དང་དམ་ཚིག་ཡོད་ན་ཅི་མ་རུང་།
སྤོབས་པ་མཐའ་ཡས་ལགས་ཀྱི་ཐུགས་འདུན་ལྟར། ང་ཚོས་ལྷག་བསམ་གཙང་མའི་ངོས་ནས། ཕན་ཚུན་ལ་ཞབས་འདེགས་བྱེད་རྒྱུ་དེ་ནི། ཤིན་ཏུ་འོས་ཤིང་ལེགས་པའི་བསྒྲུབ་བྱ་ཞིག་ལས་མ་འདས་ཀྱང་། པད་དཀར་ཕོ་ཉ་ནི། མི་ཁོམ་པའི་གནས་སུ་སྐྱེ་བ་བླངས་ཟིན་པའི་གང་ཟག་ཅིག་ཡིན་པས། ཁོས་རྩམ་པ་ཟ་ཞོར་དང་། གཅིན་པ་གཏོང་ཞོར་ལ་ཇུས་གཏོགས་བྱས་པ་ཙམ་ལས། དྲ་གྲོགས་ཁྱེད་ལ་ཞབས་ཏོག་ཞུ་བའི་གོ་སྐབས་ཡེ་ནས་མི་འདུག གལ་སྲིད། སྐུ་ཉིད་ལ་དངོས་གནས། དེ་ལྟ་བུའི་ཐུགས་མོས་ཡོད་ཚེ། ཁྱེད་ཀྱིས་སྐྱབས་གནས་དེ་སུ་ལའང་མ་བྱེད་པར། བོད་ཀྱི་བརྡ་སྤྲོད་རིག་པའི་གླེགས་བམ་ཁོ་ན་ལ་སྐྱབས་གནས་མཛད་པར་ཞུའོ།།