རས་པ།
སྙེ་མས་སྐེ་རྩ་ལ་ལན་གསུམ་འདྲུད་
རྔུལ་ནག་གིས་ངའང་བཙོས་མྱོང
སྟོན་མཇུག
ང་རང་ས་ཞིང་གི་དཀྱིལ་དུ་འཁོར་ཞི
སྙེ་མ་བཏུས་རྗེས
ཞིང་ཁའི་ཇ་ལ་རོལ
ང་རང་ཧ་ཅང་ཆུང
ཨ་མའི་ལུས་དྲི་ནི་ཇི་འདྲའི་ཞིམ་
ད་དུང་བརྗེད་ཐབས་མེད་ཅིང
དྲན་སྣང་དུ་ཡང་ཡང་སླེབས་ཀྱི་འདུ
དུས་ཚིགས་དེར
གསེར་མདོག་གི་སྙེ་མས་མགོ་བོ་སྒུ
ཞིང་བ་ལས་བྲེལ་ཆེ་དུས
ང་རང་རྔུལ་ནག་དང་ཁ་གྱེས
རྒྱལ་ཁབ་དང་ཁ་གྱེས
༢༠༦༣།༦།༢༤ཕྱི་དྲོ།