གཞུང་པ་ཚེ་དབང་བསོད་ནམས།
ཀི་ཀི་སྭོ་སྭོ་ལྷ་རྒྱལ་ལོ།།
ཁ་བའི་ཡུལ་དུ་ནང་བསྟན་དར།།
ག་པར་འགྲོ་ནའང་ལག་ཏུ་ཕྲེང་།།
ང་ཚོ་བོད་མིའི་བསོད་ནམས་རེད།།
ཅ་ལག་དངོས་པོ་རྣམ་གཡེང་ཉུང་།།
ཆ་རྐྱེན་འཛོམས་པའི་དམ་ཆོས་མང་།།
ཇ་ནག་རྩམ་པའི་འཚོ་བ་བསྐྱངས།།
ཉ་ཟླའི་དུས་ཆེན་དགེ་ལས་བརྩོན།།
ལྟ་སྤྱོད་གཙང་མའི་བརྒྱུད་པ་དར།།
ཐ་མག་ནག་པོ་འགྲོ་ས་མེད།།
ད་ལྟ་ལྷ་ཆོས་བརྩོན་པ་ན།།
ན་དུས་འཆི་དུས་དཀའ་ཚེགས་ཉུང་།།
པ་ཕ་ཨ་མའི་བྱམས་སྐྱོང་འོག །
ཕ་བཟང་བུ་རྣམས་ཆོས་ལ་དཀར།།
བ་ཕྱུགས་དུད་འགྲོ་རྩྭ་ཡིསའཚོ།།
མ་གྱུར་སེམས་ཅན་བདེ་སྐྱིད་ཤོག །
རྩ་བ་འབྱུང་བཞིའི་སྒྲུབ་པའི་ལུས།།
ཚ་གྲང་སྡུག་བསྔལ་ལས་ཀྱིས་སྦྱིན།།
མཛའ་བརྩེ་སེམས་ཅན་ཀུན་ལ་ཡོད།།
ཝ་ལེར་སོམས་དང་ནང་པ་ཚོ།།
ཞྭ་རིགས་མང་བའི་ཆོས་པ་དང་།།
ཟས་རིགས་མང་བའི་ཞིང་པ་དང་།།
འུ་ལག་རྒྱུག་མཁན་མི་མང་བཅས།།
ཡ་རབས་ཆོས་ལ་དཀར་མཁན་རེད།།
ར་ལུག་གསོ་སྐྱོང་འབྲོོག་པའི་ལས།།
ལ་ལུང་ས་བརྐོ་ཞིང་པའི་ལས།།
ཤ་ཚའི་གཏམ་དང་ཁ་བརྡའི་ཚིག །
ས་ཟླའི་དུས་ཆེན་དགེ་ལ་བརྩོན།།
ཧ་ཅང་རྙོག་པའི་ཀ་བཤད་ལ།།
ཨ་མའི་བུ་ཚོ་ཐུགས་མ་འགལ།།
ར་ལུག་ཤ་ཟ་དམར་ཟས་སྤོངས། །
ལ་ལུང་གར་ཡོད་གནས་སྐོར་སྐོརད། །
ཤ་མེད་དཀར་ཟས་མང་གང་སྤྱོད། །
ས་གའི་ཟླ་བ་དགེ་ལ་བརྩོན། །