ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཐ་མན་གྲུར་རླུང་ཁ་ཤོར་ནས་ས་ཡོམ་ཤུགས་ཚད་བདུན་གྱི་འོག །
ཁ་ཙམ་མིན་པའི་གདུང་སེམས་མཉམ་བསྐྱེད་ཁ་བརྡ་བརྒྱུད་ནས་ཕུལ་བ་འདི།།
ག་ས་ག་ལ་གོད་ཆག་ཕོག་པའི་རྐྱེན་འདས་ཡོངས་ལ་བསྔོ་བ་ཡོད།།
ང་ཚོ་འཇིག་རྟེན་མི་ཡི་བྱེད་ལས་འབྱུང་བའི་གནོད་འཚེ་གླིང་འདིར་མང་།།
ཅ་དངོས་ལོངས་སྤྱོད་གྱོང་གུན་ཆེ་ཁར་མི་དང་དུད་འགྲོའི་ཚེ་སྲོག་འཕྲོག །
ཆ་རྒྱུས་ཉམས་མྱོང་མངོན་ཤེས་མེད་པའི་འཇིག་རྟེན་མི་ནི་དུད་འགྲོ་འདྲ།།
ཇ་ཕོར་ཆང་ཕོར་མདུན་དུ་བསྐངས་ནས་ཕྱི་མའི་ལམ་སྣེ་འབྱུང་བས་བསྟན།།
ཉ་དང་འབུ་སྲིན་སྲོག་ཆགས་གྲངས་མེད་ས་དང་རྡོ་ཡི་འོག་ཏུ་ཐིམ།།
ཏ་ཐ་ག་ཏའི་བསྟན་པའི་བྱིན་རླབས་རང་རིགས་བོད་མིར་སྐྱོན་ཆག་ཉུང་།།
ཐ་མཚམས་ཡུལ་གྱི་རི་རྩེར་གནས་པའི་ཁྱིམ་ཚང་དེ་ཚོ་སུ་ལ་རེ།།
ད་ལམ་བྱུང་བའི་ས་ཡོམ་སྔོན་བརྡ་ཚན་རྩལ་རིག་པ་གཟིམ་ལ་ཤོར།།
ནེ་སྤལ་རྒྱལ་ས་ཀ་ཐ་མན་གྲུར་ས་ཡོམ་འོག་གི་གནོད་འཚེའི་ནང་།།
དཔའ་རྩལ་ཆེ་བའི་ཞི་བའི་མི་མང་བློ་རྩལ་རྣོ་ནས་སྐྱོན་ཆག་ཆུང་།།
ཕ་བཟང་འདྲ་བའི་མྱུར་སྐྱོབ་དམག་མིས་ཞི་བའི་མི་མང་ཚེ་སྲོག་བསྐྱབས།།
བ་ཕྱུགས་མ་ཧེ་དུད་འགྲོ་སེམས་ཅན་མགོན་མེད་སྲོག་ཆགས་སྙིང་རེ་རྗེ།།
མ་གྱུར་སེམས་ཅན་བདེ་ཆེན་ཞིང་འདྲེན་འོད་དཔག་མེད་ལ་འཚལ་།
རྩ་བའི་ས་ཡོམ་མི་ཡི་བྱེད་ལས་ས་བཅུད་ཡོངས་རྫོགས་ཉམས་སུ་བཅུག །
ཚ་གྲང་བྱུང་དུས་གཞི་ནས་འགྱོད་ན་རྗེས་ལུས་སྤྱི་ཚོགས་ཡིན་པ་ཐལ།།
ཛ་དྲག་མྱུར་སྐྱོབ་འཛམ་གླིང་ཚང་མས་ས་ཡོམ་ཕོག་ས་ཀུན་ལ་སྙོམས།།
ཝ་ལེར་སོམས་དང་ང་ཚོོ་མི་ནི་ནུས་པ་མེད་པའི་འབུ་སྲིན་འདྲ།།
ཞྭ་རིགས་མི་འདྲའི་མི་རིིགས་མང་བའི་འཇིག་རྟེན་མི་ལ་འབྱུང་གནོད་མང་།།
གཟའ་དང་རྒྱུ་སྐར་རླུང་གི་འཁོར་རྒྱུག་རླུང་ཁ་ཤོར་ནས་འབྱུང་གནོད་མང་།།
འ་ཆད་འུ་ཐུག་སྐྱོན་ཆག་འོག་གི་རྨས་སྐྱོན་ཕོག་རྣམས་མྱུར་སྐྱོབས་དགོས།།
ཡ་ང་སྙིང་རྗེའི་གདུང་སེམས་མཉམ་བསྐྱེད་ས་ཕྱོགས་ཡོངས་ནས་གནང་བར་མཛོད།།
ར་བ་གངས་རི་མཐུག་པོའི་ཁྲོད་དུ་ས་ཡོམ་གནོད་འཚེ་ཕོག་པ་འདྲ།།
ལ་ལུང་ས་ཐག་རྒྱང་རང་དྲགས་ནས་ཞིབ་ཕྲའི་གནས་ཚུལ་ཤེས་པར་དཀའ།།
ཤ་ཚ་ཆེ་བའི་གདུང་སེམས་མཉམ་བསྐྱེད་སྨོན་ལམ་བསྔོ་བ་ཟབ་ན་བཟང་།།
ས་གཞི་འདི་ནི་རླུང་གི་ཀ་བས་བར་སྣང་ཁམས་ལ་བཀྱགས་ནས་འཁོར།།
ཧ་ཅང་འཕྲུལ་ནས་འཇིག་རྟེན་ས་ལ་སྒེར་གྱིས་བག་མེད་མ་གནང་རོགས།།
ཨེ་མ་འཇིག་པའི་འོག་ཏུ་འཚོ་བའི་སྲོག་ཆགས་རྟག་བདེ་གང་ན་ཡོད་།
རྒྱ་ནག་གསར་འགྱུར་དྲ་ལམ་དུ་གསལ་བ་ལྟར་ན། ནེ་པལ་གྱི་ས་ཡོམ་ཤུགས་རྐྱེན་བོད་དུའང་བྱུང་ཡོད་འདུག མིག་སྔར་བོད་མི་17་ཤི་བ་དང་། 4་ལ་རྨས་སྐྱོན་ཕོག 55་བོར་སོང་འདུག ཁྱོན་མི་འབུམ་གཉིས་ཙམ་གྱི་གནས་ཡུལ་ནོར་རྫས་ལ་གོད་ཆག་པོག་ནའང་ད་དུང་རྒྱུས་ལོན་མེད། གནས་སྐབས་སྡོམ་རྩིས་སུ། ཁང་པ་1191་ཞིག་པ་དང་། དགོན་པ་1་ལ་གནོད་སྐྱོན་ཚབ་ཆེན་བྱུང་འདུག ལམ་དང་ཟམ་པ། གློག་དང་། འབྲེལ་ལམ་ཆད་པས་གསོ་བཞིན་པའི་སྒང་ཡིན་ཞེས་འཁོད་འདུག ས་ཡོམ་གོད་ཆག་བྱུང་བའི་ས་གནས། ཉ་ལམ། མང་ཡུལ་སྐྱིད་གྲོང་། དིང་རི། ས་སྒོ། ཡར་གདོང་། འབྲོང་པ། ལྷ་རྩེ། སྤོ་རོང་སོགས་རེད་འདུག ཚང་མས་གདུང་སེམས་མཉམ་བསྐྱེད་དང། བསྔོ་བ་སྨོན་ལམ་གནང་གྲོགས། །
བལ་ཡུལ་ནང་སྲིད་བློན་ཆེན་གྱིས་གསུང་བ་ལྟར་ན་ཐེངས་འདིའི་ས་འགུལ་ལས་ཉུང་མཐར་ཡང་མི་གྲངས་1805ལྷག་ཤི་ཡོད་པ་དང་དེའི་ཁྲོད་རྒྱ་གར་གྱི་མི་51དང་། བོད་པ་17. པཱང་ལྭ་དཱེ་ཤི་2 བཅས་ཡོད་ལ་ད་དུང་ཡང་ཤི་བའི་མི་གྲངས་ ཇེ་མང་དུ་འགྲོ་བཞིན་འདུག་ཟེར། At least 1805 people have been killed, according to Nepal Home Minister. Also 51 killed in India, 17 killed in Tibet, two killed in Bangladesh. The official said that the death toll expected to rise. So plez pray for them.
ཏ་ཐ་ག་ཏའི་བྱིན་རླབས་ཀྱིས་རང་རིགས་ལ་གོད་ཆག་ཉུང་གསུངས་འདུག་སྟེ། གྲངས་འབོར་ལ་གཞིགས་ན་ཉུང་ཉུང་མིན་ད་དུང་ཡང་བོད་པའི་གསར་འགྱུར་འདི་ཚོས་དགོས་པའི་གནས་ཚུལ་ས་གནས་ས་ཐོག་ནས་མི་སྤེལ་བར་་་་མི་དགོས་པའི་སྲང་ལམ་གྱི་སྐད་ཆ་དེ་ཚོ་བོད་ཀྱི་དུས་བབས་གསར་འགྱུར་ནང་དུ་བཀོད་པ་འདིར་ཡ་རེ་ཆ། ཏ་ཐ་ག་ཏའི་རྟེན་ཆེན་འཕགས་ཤིང་དང་བྱ་རུང་ཁ་ཤོའི་རྩེ་ནས་ཞིག་རལ་སོང། ད་དུང་བྱིན་རླབས་བྱིན་རླབས་ཟེར་ནས་འདུག་རྒྱུ་ཡིན་ནམ།
ཡག་པོ་རེད་མ སྔོ་བ་སྨོན་ལམ་མཉམ་དུ་སྒོར་མོ་རེ་ཞལ་འདེབས་གནང་གལ་ཆེ།