ད་ལྟ་རང་གནས་ཚུལ་མཁོ་འདོན་གནང་སོན་ལྟར་ན། ཟླ་འདིའི་ཚེས་༡༥ཉིན་ནམ་སྐྱེ་རྒུ་མདོའི་ས་འགུལ་གྱི་ཉིན་གཉིས་པ། ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀ་ཙམ་གྱི་སྟེང་། ཐེངས་འདིར་ས་འགུལ་སྐབས་རྨས་སྐྱོན་ཚབས་ཆེན་བྱུང་བའི་རྨས་མ་ཁ་ཤས་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་། སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་རུ་གནམ་གྲུས་སྐྱེལ་ཡོད་ཅིང་། མིག་སྔར་རྨས་མ་དེ་དག་ལ་འབྱུང་བཞིན་པའི་བཀའ་ངལ་ཆེ་ཤོས་ནི། སྐད་རིགས་མ་གཅིག་པའི་དབང་གིས་སྨན་པ་དང་ནད་པའི་བར་ལ་གོ་བརྡ་མ་འཕྲོད་པར་གྱུར་འདུག་པ་དེ་རེད། དཀའ་ངལ་གྱི་གནས་ཚུལ་དེ་དག་ཤེས་རྟོགས་བྱུང་མ་ཐག སྡེ་དགེ་རྫོགས་ཆེན་དགོན་ཁྲིན་ཏུའུ་གཞུང་སྒྲུབ་ཁང་གིས་སྐད་གཉིས་སྨྲ་ཤེས་ཀྱི་བཙུན་པ་དང་བཙུན་མ་རྣམས་གཙོ་བོར་བྱས་པའི་མི་གྲངས་བཅུ་ཕྲག་ལྷག་ཁག་གཉིས་སུ་བགོས་ནས། ཁྲིན་ཏུའུ་ཧྭ་ཤས་སྨན་ཁང་དང་། ཁྲིན་ཏུའུ་ཞིང་ཆེན་སྨན་ཁང་དུ་སྐད་སྒྱུར་བར་ཆེད་གཏོང་བྱས་ཡོད་འདུག གཞན་ཡང་ལྷོ་ནུབ་མི་རིགས་སློབ་གྲྭའི་བོད་རིགས་སློབ་མ་བཅུ་ཕྲག་ཁ་ཤས་ལྷག་ཀྱང་སྐད་བསྒྱུར་དུ་འབྱོར་འདུག
བུ་རྒོད་ཚོ། རང་གིས་རང་ལ་བདག་པོ་རྒྱག་དགོས་པ་རེ་ད།
(ཁ་བརྡའི་དྲ་བདག་དག་ཐུགས་རྗེ་ཆེ་ཞུས་བ་ཡིན། ད་ཡ། ལབས་པས་ཉིན་མོར་དེར་ཨ་བུ་དང་རྒོད་རྟུའུ་མི་འདྲ། ཅིག་བྱས་ན་ང་འུ་ཐུག་པ་ཡིན་པ་འདྲ་། མི་ལ་ལ་ཞིག་གི་ལགས་་ཏུ་ངུ་འདེབ་རྒྱ་བཞན་ན་ངུ་ཡང་མི་ཐུབ་གི)
ཆོལ་གསུམ་གཅིག་སྒྲིལ་།གཞན་ཕན་སྙིང་རྗེ་།
http://news.bbc.co.uk/2/hi/asia-pacific/8626131.stm
སྐད་སྒྱུར་ཕན་ཐོགས་ཅན་ཚོར་རྗེས་སུ་ཡི་རང་དང་། ཐུགས་རྗེ་ཆེ་གྲངས་མེད་ཞུ། བཀའ་དྲིན་ཆེ།
བྱེད་ཡ་ནི་གང་ཡང་མི་འདུག་ལབ་ནས་སྨོན་ལབ་བཏོན་ནས་བསྡད་བསྡད་ན་འགྲིགས་གི་མ་རེད། བྱེད་ཡ་ལོས་ཡོད། རབ་ན་གཤིན་པོའི་རོ་འདོན་རོགས་དང་རྨས་མ་ཚོ་སྨན་ཁང་དུ་ཁྱེར་རོགས་བྱ་དགོས། ཐ་ན་ཤུལ་ལུས་ནང་མི་ཚོའི་མདུན་དུ་བུད་ནས་སེམས་གསོ་ཞིག་གཏོང་བ་ཡང་མཁོ་གལ་ཆེན་པོ་རེད། ད་ཐེངས་བོད་གཞུང་དང་བོད་ཅིག་ཅིག་མིག་མིག་ཟེར་ནས་མིང་ཆེན་པོ་ཁུར་འདུག་མཁན་ཚོས་རྒྱང་ནས་ལྟད་མོ་བལྟས་ནས་འདུག་པའི་དུས་ཚོད་མ་རེད། དངོས་གནས་བོད་མི་མང་གི་སྐྱིད་སྡུག་ལ་འགན་འཁུར་མཁན་གྱི་ཚོགས་པ་རེ་ཡོད་ན་གནོད་སྐྱོན་ཐེབས་པའི་ས་ཁུལ་དེའི་མི་མང་གི་མཐོང་སར་འབུད་དགོས་པ་རེད། ད་ལྟ་བར་དུ་ཆེ་ས་ནས་ཆབ་སྲིད་དང་འབྲེལ་བའི་བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ནས་ཆུང་ས་ནས་མི་སྒེར་རེ་རེ་ནས་བོད་མི་ག་ཚོད་མང་པོ་ཞིག་རྒྱ་ནག་ནང་དུ་འགྲོ་ཆོག་གི་ཡོད་ས་ནས་ད་ཐེངས་རོགས་སྐྱོར་ཁོ་ནའི་ཆེད་དུ་འགྲོ་མཁན་ཞིག་རྒྱ་ནག་གིས་འགོག་དོན་ཡོད་པ་མ་རེད། དེ་ང་ཚོ་ཚང་མས་དེ་ཤེས་ཀྱིན་ཡོད་རེད། མ་མཐའ་ཡང་འབད་བརྩོན་བྱེད་དགོས་པ་རེད། གལ་སྲིད་དངོས་གནས་རྒྱ་ནག་གཞུང་གིས་མ་བཏང་ན་དེ་ལུགས་ཁྱབ་བསྒྲགས་བྱེད་ཆོག་གི་རེད། རྗེས་མར་རང་གཞན་སུའི་ངོས་ནས་ཡི་ཆད་འགྱོད་པ་མེད་པ་རེད།
སྤོབས་པ་མཐའ་ཁྱོ་ཁ་མཁས་མ་བྱེད་ཁྱོད་ལ་དེ་འདྲའི་སྤོ༷བས་པ་ཡོད་ན་ལྟ་ད་རང་རོགས་བསྐྱོར་ལ་སོང་དང་དེ་མིན་དྲྭ་རྒྱའི་ནང་དུ་ཡིན་འདོགས་ཁ་བོ་ཞིག་བཤད་ནས་དོན་ལ་རང་གི་སྒོར་ཁུག་དེ་ཁ་དམ་པོར་བཅིངས་ཏེ་བཞག་ན་ཁྱོད་ངོ་མི་ཚ་འམ།ཧ་ཧ་ཧ་ང་ཧང་སང་སོང།
ཡ་ད་ཡང་བྱང་གཡག་ཟེར་བ་དེས་བཤད་པ་ལ་ཉན་རྒྱུ་མི་འདུག་དེ་བས་ཀརྨ་རྡོ་རྗེས་བཤད་པ་དེ་བདེན་པ་འདུག་བསམ་སོང་དོན་ངོ་མ་ཆོལ་གསུམ་བོད་པ་ཡིན་ནོ་ཅོག་གིས་ད་རེས་ས་ཡོམ་གོ་ཆགས་ཁྲོད་དུ་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་དུ་སྔོ་སྨོན་གང་བཟབ་རེ་བྱོས་དང་།
རྒྱལ་བ་རིན་པོ་ཆེན་དབུ་བཞུགས་ཐོག་ནས་སྨོན་ལམ་ཞིག་འཚོགས་ཐུབ་ན་གཞིས་ལུས་བོད་མི་ཚོར་དགའ་སྤྲོ་ཚད་མེད་སྐྱེ་ཁུ་རེད། གཞན་འགྲུབ་ཡ་མེད་པའི་ལས་འགུལ་ཞིག་སྤེལ་ནས་གཞིས་ལུས་བོད་མི་མགོ་སྐོར་མ་གཏོང་། སྡུག་བསྔལ་འདི་ཐོག་རྒྱ་མིས་གཉའ་གནོན་ཞིག་འགྲུག་ས་རེད་པས