གཅན་བཟོད་རྒྱམ།
མེ་ཕུང་ཚག་ཚག་གིས་འབར་སྐབས
ངས་བྱེ་ཐང་ལ་ས་རིས་བྲིས་པ་ཡིན
ཆེས་གནའ་བོའི་ས་རིས་བྲིས་པ་ཡིན
དོ་དགོང་ང་བྱེ་ཐང་ཆེན་པོ་ཞིག་ན་ཡོད
ས་རིས་མཛུབ་མོས་འབྲི་སའི་བྱེ་ཐང་ན་ཡོད
སྟོད་སྨད་བར་གསུམ་དང་ཤར་ལྷོ་ནུབ་བྱང
ཆེ་ཆེར་ཡོད་པའི་ས་རིས་ཤིག་བྱེ་ཐང་ལ་བྲིས
ངས་སྔར་བཀླགས་མྱོང་བའི་ཨ་རབ་ཀྱི་ལོ་རྒྱུས་ལས་མཐོང་བའི་ས་ཁྲ་ནང་བཞིན
ཆེ་ཆེར་བཀྲམས་པའི་ས་ཁྱོན་ཞིག་བསམ་གཟས་ནས་བྲིས་རྗེས
ཨལ་ཏི་བྷད་ཡ ཨལ་ཏི་བྷད (1)
ཁྱོད་ནི་བཙན་པོ་སུ་ཞིག་གི་ཞབས་རྗེས་ཡིན་ནམ
རྟ་དམག་དུ་ཙམ་གྱི་མཛད་འཕྲིན་ཡིན་ནམ
སྲས་མོ་སུ་ཞིག་གི་མེ་ལོང་ཡིན་ཡང་ཡིན་སྲིད་ཨང
དོ་དགོང་ང་བྱེ་ཐང་ཞིག་ན་ཡོད
རྟའི་རྨིག་རྗེས་མང་ས་ཞིག་ན་ཡོད
མིའི་རྐང་རྗེས་མང་ས་ཞིག་ན་ཡོད
ད་དུང་མདའ་མདུང་གི་ཆགས་གྲུབ་རེ་ཡང་རྙེད་ས་ཞིག་ན་ཡོད
ངོ་གདོང་ལ་འཛུམ་ཞིག་སླེབས་ཀྱང
མིག་གོང་ན་མཆི་མ་འཁྱིལ
ཡ་ཆུང་ན་ཟུགས་གཟེར་ལངས་ཤིང
སྔར་སོང་དག་གི་མཛད་པ་ཤུགས་ཀྱིས་དྲན་གི
ངའི་མི་རབས་འདི་ཆེས་ཕམ་ཉེས་ཐེབས་དུས་ཁྱོད་ཅག་དྲན་ངེས་ལ
དྲན་ཡང་སྲིད
ངའི་མེས་པོ་ཚོ
ལོ་རྒྱུས་ཀྱི་ཀློང་ན་གཟི་བརྗིད་ཆེ་ཨང
ངའི་ཡབ་མེས་ཚོར་ས་གཞི་ཁེབས་པའི་རུ་དཔུང་ཡོད་མྱོང
ངའི་ཡབ་མེས་ཚོར་ཉི་འོད་སྒྲིབ་པའི་རུ་དར་ཡོད་མྱོང
འདི་ལྟར་ཡབ་མེས་ཚོ་དྲན་བཞིན་ས་རིས་བྲིས
རྒྱ་ནག་ཁྲང་ཨན་བར་དུ་བྲིས
ཨ་རབ་མཚོ་ཆུང་(1) བར་དུ་བྲིས
ལྷོ་ཡི་གང་ག་བར་དུ་བྲིས
བྱང་གི་དར་ལམ་བར་དུ་བྲིས
མིག་ཟུང་མཆི་མས་གང་བཞིན་ས་རིས་བྲིས
མ་ཁར་སོ་ཡིས་བསྡམས་ཏེ་ས་རིས་བྲིས
(1) (1) Al-Tubbat ཨལ་ཏི་བྷད་ནི་མཚོ་ཆུང་ཞིག་གི་མིང་ཡིན་ལ། སྔར་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲུང་བཙན་གྱི་ཨ་རབ་ཕྱོགས་སུ་དམག་འདྲེན་སྐབས་ཡུལ་དེར་ཡོད་པའི་མཚོ་ཞིག་ལ་བོད་མིང་བཏགས། དོན་ནི་བོད་ཀྱི་མཚོ་ཆུང་བྲིས་འདུག
(2) ཨལ་ཏུ་བྷད་ཅེས་པའི་ཐ་སྙད་འདི་ཐོག་མར་ ༡༩༩༩ ལོར་ཞ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ལས་ཐོག་མར་མཇལ། ༡༡ ལོའི་ལོ་མཇུག་ཙམ་ལ་ཝར་ན་ཧིན་དྷུ་གཙུག་ལག་སློབ་ཆེན་ཀྱི་དབུས་དཔེ་མཛོད་ཁང་དུ་ཨ་རབ་ལོ་རྒྱུས་ཀློག་སྐབས་ཆེད་དུ་དོ་སྣང་བྱུང་།
༢༠༡༢། ༡༢། ༡༡ ཉིན་ཨ་རབ་ལོ་རྒྱུས་ཀློག་སྐབས་དྲན་ཐོར་བཀོད།
ཁྱོད་ཀྱི་སྙན་ངག་འདི་བཀླགས་རྗེས། ཁྱོད་མེ་འཁོར་ལྕགས་ལམ་དང་ཐག་ཉེ་ཞིག་ན་མེད་པར་སྨོན་བསམ་སོང་། ཧཧཧཧ ཧི་ཙི་ ་་་་་་་་་་་་་་་་་་་ཧི་ཙི་་་་་་་་་་་་་་་་་་་་་་་་་
ཨཨཨ དྲ་གྲོགས་རྙིང་བ་བཟོད་རྒྱམ་ལགས། མ་མཇལ་གང་འཚམ་སོང་རིང་། བལྟས་ཡོང་ན་ཁྱེད་ཀྱིས་ས་སྟོང་ཞིང་སྟོང་གི་བྱེ་མའི་ཐང་ཞིག་ནས་ཨ་རབ་དང་བོད་ཀྱི་གནའ་བོའི་ལོ་རྒྱུས་ཀྱི་དོང་ནང་དུ་ཟགས་ལས་ཆེ་སྙམ།
ཡིན་ན་ཡང་དེང་སྐབས་གི་དུས་འདིར་སྔོན་ཆད་ཀྱི་ལོ་རྒྱུས་ཤོད་ས་མེད་པའི་དུས་ཚོད་ལ་བསླེབས་ཡོད་པ་རེད།
ལོ་ངོ་ཅིག་སྟོང་གི་ཡར་སྔོན་བཙན་པོའི་གནས་སྐབས་སུ་ལྷོ་ཕྱོགས་རྒྱ་གར་གྱི་ཆུ་མོ་གངྒ་དང་། ནུབ་ཕྱོགས་ཨ་རབ་ཀྱི་བྱེ་མའི་བྱང་ཐང་ཆེན་མོ། ཤར་ཕྱོགས་རྒྱ་ནག་ཡུལ་གྱི་རྒྱལ་ས་ཁྲང་ཨན་ཚུན་ཆད་བོད་ཀྱི་མངའ་འོག་ཏུ་བཅུག་པའི་ལོ་རྒྱས་གསོན་ཉམས་ལྡན་པ་དེབ་ཐེར་ཤོག་ངོས་ན་ཡོད་པ་རེད། ཧུཧུཧུ ཁ་སང་དེ་རིང་།
དཔལ་དོན་འགྲུབ་རྒྱལ་གྱིས་༼ བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སེལ་༽ ཞེས་གསུངས་པ་ནང་བཞིན་རེད། ཤོད་ས་དང་ཉན་མཁན་ཞིག་འདུག་གམ།
ལྷག་པར་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་ན་ཁྱེད་ས་དང་ངའི་ཡུལ་ཟེར་ས་ཞིག་མི་འདུག་པར་ཚང་མ་ཕྱོགས་གཅིག་ལ་ཚང་ཁ་རྒྱག་བཞིན་འདུག ད་ཅང་མི་འགོར་པར་འཛམ་གླིང་འདི་མི་རིགས་མཉམ་འདུས་ཀྱི་གྲོང་སྡེ་ཆུང་ཆུང་ཞིག་ཏུ་འགྱུར་འགྲོ་གི་རེད། དེ་དུས་སུ་བཟང་སུ་ངན་བལྟ་རྒྱུ་རེད། དེ་བར་དུ་ཧྲ་ལ་བྱོས།
ཛམ་གླིང་ཡོངས་རྫོགས་རྒྱལ་ཁབ་གཅིག་དང་། དངུལ་ལོར་གཅིག་ཆགས་ན་སྐྱིད་པ་ལ་ཨ།
དོ་ནུབ་ཁྱེད་ཀྱིས་ཕྱེ་ཐང་དུ་གོམ་པ་སྤོས་པས
ཕྲན་ཞིང་ཟབ་པའི་རྐང་རྗེས་ཤིག
འཇིག་རྟེན་གྱི་གྲུ་ཟུར་བརྒྱུད་ས་གོ་ལའི་ཡངས་སྟེང་དུ་སྤར་སོང་
ཡིན་ནའང་ ཕྱེ་ཐང་ན་ཨ་ཐང་ཆད་པ་ཞིག་གིས་
ཁྱེད་ལ་ཨག་རིང་འདེབས་ཀྱིན་འདུག
ཕྱིར་མིག་མ་བལྟ གུ་དོག་པའི་ཕྱེ་ཐང་དང་
དྲག་རླུང་ཅན་གྱི་ཆར་བ་ཁྱེད་ཕྱོགས་སུ་ཡོང་གིན་འདུག
ང་ཡང་ཐོན་ཡོད། བློ་ཕམ་པ་ཞིག་ལ་གྲོགས་དགེ་མཐོང་རྒྱགས་ལུག་འདིའི་རྗེས་ཀྱང་ཟིན་མི་འདུག
དཔེ་ཡག་པོ་རྗེས་དྲན་གནང་འདུག་ངས་ཀྱང་ཅུང་དྲན་སོས་སོང་ཐུགས་རྗེ་ཆེ།
༸གོང་མཆོག་གིས་གསུངས་པ་ལྟར། ང་ཚོས་རྒྱ་རིགས་གཞུང་དམངས་གཉིས་ཀ་གཉེན་དུ་བཀུག་དགོས་པ་ལས་སྔར་གྱི་ལོ་རྒྱུས་བྱུང་རབས་བསྐྱར་བཤད་ཡང་བསྐྱད་ཀྱིས་ཕན་ཐོགས་དཀའ་ཙམ་མི་འདུག་གམ། ལགས།
སྙན་ངག་འདི་བཀླགས་ཡོང་ན་སེམས་འགུལ་ཐེབས་ནི་ཞིག་རེད། ངོ་མ་སྙན་ངག་གི་བྲོ་བ་ཁ་གི་འདུག
སྙན་ངག་པ་རས་པས་སྐད་ཆར་གོ་རྒྱུ་ཡོད་ཀི འོན་ཏེ་ང་དང་ལྷན་དུ་ཧེད་ཙི་ཡི་མིང་གླེང་ཙམ་བྱུང་བར་དམིགས་ཀྱིས་དགའ་ཡོད། ཁྱོད་ལ་ཚོར་བ་ཙམ་སྦྱིན་ཡོད་ན་དེ་བས་དགའ་ཡོད།
གཞན་སྙན་ངག་ལ་དུང་ག་ཡོད་མེད་གཉིས་ཀ་འདིར་ཕེབས་ནས་ཆབ་སྲིད་ལྟ་བུ་སྐད་ཆ་འགའ་རེ་བཤད་འདུག་པར་དགའ་བསུ་ཡོད།
ཀརྡོ་ལགས་ལ། དེང་སྐབས་༸གོང་ས་མཆོག་ལ་ཁ་གཏོང་མཁན་རེ་གཉིས་ཡོད་པའང་ཁྱོད་ལྟ་བུས་༸གོང་ས་མཆོག་གི་བཀའ་ཡིན་མིན་དང་དགོས་མི་དགོས་གང་སར་འབྱོར་མི་འབྱོར་བྱེད་རྒྱུ་མང་དྲག་པས་བོད་མི་ཁ་གཏོང་མཁན་དེའི་གྲས་ལ་ཉོབ་སྣང་སྦྱིན་པ་ལོས་ཡིན། ངའི་སྙན་ངག་བྲིས་པའི་ནང་དོན་དང་༸གོང་ས་མཆོག་གི་སྐད་ཆ་དེར་འབྲེལ་བ་ཅི་འདུག
སྙན་ངག་ལ་མཆན་བུ་འབྲི་མི་ཤེས་ན་བཞག་བཞག་ན་འགྲིག་གི་རེད། ཡང་མི་ཞིག་གིས་རྩོམ་ཡིག་ཅི་བྲིས་ལ་མཆན་བུ་འདེབས་དགོས་པའི་ངེས་པ་ཡོད་ནི་མ་རེད། མཚམས་རེར་ཀློག་མཁན་ཁོ་ན་བྱས་ཀྱང་འགྲིག་གི་རེད།
ཡང་རྩོམ་ཡིག་ཡོད་ཚད་ལ་ཆབྷ་སྲིད་ཀྱི་བསལ་བློ་མིག་ཤེལ་དེ་བརྒྱུད་མ་ལྟ་རོགས་ཞུ།
སྙན་ངག་པ་རས་པས་སྐད་ཆར་གོ་རྒྱུ་ཡོད་ཀི འོན་ཏེ་ང་དང་ལྷན་དུ་ཧེད་ཙི་ཡི་མིང་གླེང་ཙམ་བྱུང་བར་དམིགས་ཀྱིས་དགའ་ཡོད། ཁྱོད་ལ་ཚོར་བ་ཙམ་སྦྱིན་ཡོད་ན་དེ་བས་དགའ་ཡོད།
གཞན་སྙན་ངག་ལ་དུང་ག་ཡོད་མེད་གཉིས་ཀ་འདིར་ཕེབས་ནས་ཆབ་སྲིད་ལྟ་བུ་སྐད་ཆ་འགའ་རེ་བཤད་འདུག་པར་དགའ་བསུ་ཡོད།
ཀརྡོ་ལགས་ལ། དེང་སྐབས་༸གོང་ས་མཆོག་ལ་ཁ་གཏོང་མཁན་རེ་གཉིས་ཡོད་པའང་ཁྱོད་ལྟ་བུས་༸གོང་ས་མཆོག་གི་བཀའ་ཡིན་མིན་དང་དགོས་མི་དགོས་གང་སར་འབྱོར་མི་འབྱོར་བྱེད་རྒྱུ་མང་དྲག་པས་བོད་མི་ཁ་གཏོང་མཁན་དེའི་གྲས་ལ་ཉོབ་སྣང་སྦྱིན་པ་ལོས་ཡིན། ངའི་སྙན་ངག་བྲིས་པའི་ནང་དོན་དང་༸གོང་ས་མཆོག་གི་སྐད་ཆ་དེར་འབྲེལ་བ་ཅི་འདུག
སྙན་ངག་ལ་མཆན་བུ་འབྲི་མི་ཤེས་ན་བཞག་བཞག་ན་འགྲིག་གི་རེད། ཡང་མི་ཞིག་གིས་རྩོམ་ཡིག་ཅི་བྲིས་ལ་མཆན་བུ་འདེབས་དགོས་པའི་ངེས་པ་ཡོད་ནི་མ་རེད། མཚམས་རེར་ཀློག་མཁན་ཁོ་ན་བྱས་ཀྱང་འགྲིག་གི་རེད།
ཡང་རྩོམ་ཡིག་ཡོད་ཚད་ལ་ཆབ་སྲིད་ཀྱི་བསལ་བློ་མིག་ཤེལ་དེ་བརྒྱུད་མ་ལྟ་རོགས་ཞུ།
ཨའུ་ཙམ་བྲིས་འདུག
ས་ཁྲ་འབྲི་ཤེས་སམ།
ཁ་ཐང་ཆེ་གི ཁོམ་བསྡད་ཡོད་ན་སློབ་སྦྱོང་བྱས་ནས་རྨང་གཞི་བརྟན་པོ་ཞིག་འཇོག་ཅི་ཐུབ་ལ་འབད་རོགས། གཞན་རང་རློམ་ཆེ་བའི་མི་འགའ་ཞིག་གིས་ཨ་མདོའི་ཤེས་ཡོན་པའི་ཞབས་འདྲེན་ཞུ་བཞིན་འདུག་པས། ཐུགས་སྣང་གནང་རོགས
ལགས། ལགས་སོ། །༩༽ གཅན་བཟོད་རྒྱམ་ལགས།
དོན་གྲུབ་མཚོ་མོས་བཀའ་བཀྱོན་དང་སྦྲགས་ནས་བཀའ་སློབ་གནང་བར་བཀའ་དྲིན་ཆེ་ཞུ། སྙན་ངག་གི་སྐོར་ནས་འབྲི་མཁན་དང་ཀློག་གཉིས་ཀར་སྙན་ངག་གི་ཁམས་མེད་ན་རོ་བྲོ་བ་ཅི་ཡང་ཡོད་པ་མ་རེད། མཁས་དབང་ཟམ་གདོང་ཚང་གིས། སྟག་གི་སྔུན་ལ་རྩྭ་ཕངས་པ་ལྟར་ཟེར་སྲོལ་ཞིག་ཡོད་པ་རེད།