རྔ་བ་རྒྱལ་ཁམས་པ།
————–
ས་གཞི་ལེབ་ལེབ་ཏུ་འདོད་པའི་ཕྱོགས།
བྷ་བྷི་ལོན་Babylon Mesopotamia 2300 BC ཡི་ཤུ་མ་འཁྲུངས་སྔོན།
ཨེ་ལྗེབAncient Egypt
གནའ་བོའི་ཧེ་བྷི་རོས་ད་ལྟའི་ལྗོས་རིགས།
དམ་ཆོས་རྙིང་མ་Hebrew Bibleསྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཉིས་ཡས་མས་ནས་མགོ་ཚུགས
ལུང་བསྟན་པ་ཨ་སེ་ཡIsiahསྤྱི་ལོ་སྔོན་གྱི་དུས་རབས་བདུན་པ་ཡས་མས།
St Lactantiv 245-325
St Cyril of Jerusalem 315-386
St Basil 330-379
St Ambro 339-397
St Augustin 354-430
St John Chrysostom 344-408
St Diodorus 394
St Severian 408
St Procopius 491-518
St Boniface 755
Cosmas Indicopleustes 550
St Zacharias 741-752
གོང་གི་ལྟ་ཚུལ་ཁག་གཞི་ལ་བཞག་ནས།
Washington Irving 1783-1848
Jean Antoine Letronne 1787-1848
John William Draper 1811-1882
Andrew Dickson White 1832-1918
Samuel Birley Rowbotham 1816-1884
Carperter 1830-1896
Charles Johnson 1924-2001
John Hampden 1819-1891
Lady Blout
John Alexander Dowie 1847-1907
Wilbur Glenn Voliva 1870-1942
International Flat Earth Sociaty
Christian Catholic Church in Zion
Christian Catholic Apostolic Church
ས་གཞི་ལེབ་ལེབ་ཀྱི་ལོ་རྒྱུས་་བྱུང་ཚུལ་ཐད་ཡོངས་གྲགས་དགག་པ་རྒྱག་མཁན།
St Jerome 347-420
The Venerable Bede 673-735
St Abbo of Flery 940-1003
St Albertus Magus 1206-1280
St Thomas Aquinas 1225-1227
James Josph Walsh 1865-1942
Jeffrey Burton Russell 1934-
Rudolf Simek 1954-
John M. Riddle
Daniel Boorstin 1914-དེ་ལྟར་གོང་བརྗོད་ཀྱི་གནས་ཚུལ་དེ་དག་ནི་བློ་བཟང་ཡོན་ཏན་ལགས་དང་མཉམ་པོར་ས་གཞིའི་སྐོར་བགྲོ་གླེང་བྱས་པའི་གོ་རིམ་ཁྲོད་བདག་གིས་ཤེས་རྟོགས་བྱུང་བའི་གནས་ཚུལ་འགའ་ཞིག་ཡིན། ཁོང་དང་མཉམ་པོར་བགྲོ་གླེང་མ་བྱས་གོང་བདག་གིས་ས་གཞི་ལེབ་ལེབ་ཀྱི་ལྟ་གྲུབ་ཅིག་ཡོད་རབས་ཅང་ཧ་གོ་གི་མེད། བགྲོ་གླེང་དེ་བརྒྱུད་ནས་གནས་ཚུལ་མང་བོ་ཞིག་ཤེས་རྟོགས་བྱུང་བ་ནི། ཕྲན་ལ་ལྟོས་ན་ཆེས་ཧ་ཅང་གི་གོ་སྐབས་ཡག་པོ་ཞིག་དང༌། སྔར་མེད་པའི་བསམ་བློའི་ཤེས་རིག་མང་བོ་ཞིག་གོང་འཕེལ་དང༌། དཔེ་དེབ་མང་བོ་ཞིག་བལྟ་ཀློག་གི་གོ་སྐབས་བྱུང་བས་དོན་གྱིས་བློ་ཡོན་ལགས་ཀྱིས་ངའི་ཤེས་ཚད་གོང་འཕེལ་ལ་རམ་འདེགས་གང་འཚམས་བྱས་སོང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ང་ལ་མཚོན་ན་རྩོམ་ཡིག་འདི་དག་གི་ཀུན་སློང་སུ་ཕམ་སུ་རྒྱལ་ལྟ་བུ་ཞིག་མ་ཡིན་པར། འདི་འདྲ་བརྒྱུད་ནས་རང་གི་ཤེས་ཡོན་གོང་འཕེལ་ལ་གཏོང་རྒྱུ་དང༌། འདི་ཕྱོགས་ཆ་རྒྱུས་མེད་པའི་དྲ་གྲོགས་ཐུགས་སྣང་ཅན་གཞན་ལའང་ཕན་ཐོགས་རེ་ཨེ་ཡོང་སྙམ་པའི་རེ་བ་དེ་འདྲ་རྒྱག་བཞིན་པ་ཡིན། འདི་དག་འབྲི་སྐབས་ངའི་ཆུང་མས་ང་ལ་དུས་ཚོད་འཕྲོ་བརླག་དང་བུ་ཆུང་གི་སློབ་སྦྱོང་ཐད་ལྟ་རྟོགས་བྱེད་ཀྱི་མི་འདུག་ཅེས་གཤེ་གཤེ་བཏང་བ་ཡང་ཐེངས་འགའ་མིན། ད་ནི་བུད་མེད་ཚོའི་ཁ་ངོ་ལ་ཅིག་མ་བལྟས་ན་ནུབ་ཚ་དྲོད་མོ་ཞིག་མི་བླུག་ནས་ཚོད་དུ་སྣང༌། སླད་མའི་ཆར་དྲ་གྲོགས་མཁྱེན་རྒྱ་ཅན་དག་གིས་ནང་ཆོས་་དང༌། ཚན་རིག་གི་འཇིག་རྟེན་ཆགས་སྟངས་སྐོར་ལ་བགྲོ་གླེང་རེ་གནང་སྐྱོང་ཡོང་པའི་རེ་བ་བཅས། རེ་ཞིག་རྫོགས་པར་བྱས་པ་ཡིན། བཀྲ་ཤིས་བདེ་ལེགས།
ཟུར་ཞུ། Der Spher Mundi རྩོམ་མཁན་དེ་ཚན་རིག་པCecco D’ Ascoli མཆོག་རེད་མི་འདུག་ང་འཁྲིགས་སོང་ཟིག་ ཚན་རིག་པ་དེ་བརྩམས་ཆོས་དེར་གཞུང་འགྲེལ་རྩོམ་མཁན་ཞིག་རེད་འདུག སྐུ་ཞབས་བོད་པས་དག་སེལ་གནང་བ་ལེགས་བྱུང༌། ཐུགས་རྗེ་ཆེ། ངས་ལམ་སེང་གསལ་བཤད་ཅིག་བྱེད་དགོས་བསམས་རུང། ཡིག་གཏགས་ཀྱིས་མཆན་འདེབས་མ་ཐུབ།
དཔྱད་གཞིའི་ཡིག་ཆ།
1. The Interpreter’s Bible Vol: 15
2. New Testament .
3 . The History of Cartography by J.B. Harley & David Wood Vol:1
4 The Story of Maps by Brown, Lloyd Arnald
5. How to Built the Bible by James W. Bennett
6. The Life and Voyages of Christopher Columbus by Washington Irving
7. History of the Conflict between Religion and Science by John William Draper
9. History of the Warfare of Science with Theology in Christendom by Andrew Dickson White
10. The City of God by St Augustine
11. The Flat Earth by Christine Garwood
12. Guide to earth and space by Asimov. Isaac
13. Science and Technology in Homeric Epics by S.A. Paipetis
14. Beyond the Land Ethic by J. Baird Callicott
15. Astrology by Sanat Kumr Jain
16. heaven and earth in the Middle Ages by Rudolf Simek
17. History of the Middle Ages by John M. Riddle
18. Saint Joan by Bernard Shaw
19. The Religion of the machine age by Dora Winifred Black
20. The grip of gravity by quest to understand the law of motion and gravitation by Prabhakr Gondhalekar
21The True Story of Christopher Columbus by Elbridge S. Brooks
22. Inventing the Flat Earth by Jeffrey Burton Russell 1934-
23. Journal of Christopher Columbus by Christopher Columbus
ཡག་པོ་འདུག དང་པོར་ས་ལེབ་ལེབ་ཡིན་མིན་གྱི་གྲུབ་མཐའ་ཅི་ཙམ་ཡོད་མེད་བརྩད། དེ་ནས་དགེ་ཆོས་མཁས་པ་ཡིན་མིན་གྱི་ཁས་ལེན་བརྩད། མཐའ་མར་བློ་ཡོན་ཤེས་ཡོན་ཅན་ཡིན་མིན་གྱི་ཁོག་དཔུང་བརྩད་པས། དོན་ངོ་མར་རྩོད་རྒྱུ་དེ་མཚམས་ཤིག་ནས་བོར་སོང་སྣང་བ་ཞིག་སྐྱེས་སོང་།
བོར་སོང་བའི་་་་
དེ་ལྟར་བཤད་ན་ཡག་པོ་རེད།
དགེ་ཆོས་ལགས།
དགེ་ཆོས་རང་གི་མི་རབས་སུ། །
མཁས་དབང་ཡིན་པ་རྩོད་མེད་རེད། །
ལེབ་ལེབ་རིལ་རིལ་རྩོད་པའི་མཐར། །
ལེགས་བཤད་གསར་ཐོན་ཡར་རྒྱས་རེད། །
རྒན་གཞོན་གོ་རིམ་མཐར་ཆགས་དགོས། །
ཀླུ་སྨྱོན་དང་།་ཀརྨ་རྡོ་རྗེ་ལགས།
ངའི་བསམ་ཚུལ་ཞིག་ལ་བློ་ཡོན་ནས་ཐོག་དང་པོ་ཉིད་ནས་དགེ་ཆོས་ཡིན་མིན་ཞིག་རྩོད་གིན་མི་འདུག་།ཡང་བསྐྱར་ཁོའི་རྩོད་ཅིག་ཀློག་དང་།
གཅིག།
“་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསར་འགྱུར་མེ་ལོང་སྟེང་བཀོད་པའི་འཇིག་རྟེན་རིལ་མོའམ་ཟླུམ་པོ་(1938)ཟེར་བའི་རྩོམ་ཐུང་འདི་ནི་བོད་ཀྱི་གཞོན་སྐྱེས་གཡམ་ལ་རྒྱུགས་པ་དག་གི་ཁྲོད་དུ་སྙན་གྲགས་ཆེ་ཞིང་།”
ཞེས་མཁས་བའི་དབང་བོ་ཞེས་བོས་འདུག་།
གཉིས་།་བློ་ཡོན་ནས་ཐོག་དང་པོ་ཉིད་ནས་།་”སྔོན་ནས་བཟུང་ཏེ་་ཕྱི་གླིང་ཡོ་རོབ་རྣམས་ལ་འཇིག་རྟེན་འདི་རིལ་རིལ་ཡིན་པའི་འདོད་པའི་ལྟ་བ་དར་ཡོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་་ཤིན་ཏུ་ཉུང་ཉུང་ཡིན་ཞིང་།་ཡེ་ཤུ་གཙོ་བྱས་བའི་ཡོ་རོབ་ཀྱི་ཆོས་ལུགས་རྙིང་པ་ཕལ་ཆེར་གྱིས་སའི་གོ་ལ་ནི་རིལ་རིལ་་ཡིན་ཞེས་འདོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་ཉུང་ལ་།་།་དེ་བས་རིག་པ་ཅན་འགའ་ཞིག་གིས་སའི་གོ་ལ་རིལ་རིལ་ཡིན་ཞེས་སྨྲས་ཚེ་། དེ་ལ་མི་འདོད་མཁན་ཕལ་་ཆེར་མེད་ལ་། ད་བར་ཏུ་ཡོ་རོབ་གླིང་དུ་སའི་གོ་ལ་རིལ་རིལ་ཡིན་ཞེས་ལབ་ནས་གསོན་པོར་མེ་ལ་བསྲེགས་པ་ཤིག་ཡོ་རོབ་ཀྱི་་ལོ་རྒྱུས་གང་གི་ནང་དུ་ཡང་མེད། དེ་ཡང་ཡོ་རོབ་གླིང་ཏུ་སའི་གོ་ལ་རིལ་རིལ་ཡིན་ཟེར་བ་བའི་ལྟ་གྲུབ་འདི་བདག་ཅག་གི་སྟོན་པ་མ་སྐྱེས་བའི་ལོ་བརྒྱ་ཙམ་གྱི་སྔོན་ནས་དར་ཡོད་།”ཅེས་བཤད་འདུག་།་དེ་ལ་ད་དུང་མི་གཅིག་གིས་ཀྱང་ལན་འདེབས་ཐུབ་གིན་མི་འདུག་པ་དེ་བཞིན་དུ་།བོད་དུ་དགེ་ཆོས་ཀྱི་སྔོན་དུ་སའི་གོ་ལ་རིལ་རིལ་ཡོད་མེད་ཀྱི་སྐད་ཆ་སྐོར་ལ་ལན་གཅིག་ཀྱང་འདེབས་ཐུབ་གིན་མི་འདུག།ད་མདའ་ཚན་པོ་མགོན་པོ་སོགས་ཀྱིས་བློ་ཡོན་གྱི་མི་སྒེར་ལ་སྐྱོན་དང་།་འཆལ་གཏམ་སྤེལ་ནས་་ད་དུང་ཡིན་མདོག་བྱས་ནས་བསྡད་འདུག་།དེ་ལ་ཁྱོད་ཚོ་ཡོན་ཏན་པ་ཡིན་ཟེར་བ་དང་།་དྲ་རྒྱ་བདག་པོ་དང་།རྩོམ་སྒྲིག་པ་དག་གིས་ཇི་ལྟར་བྱ་རྩིས་ཡོད་།ད་དུང་མདའ་ཚན་པོ་མགོན་པོ་དང་།རབ་གསལ་སོགས་ནི་དྲ་རྒྱ་འདིའི་བདག་པོ་རེད་།རྩོམ་སྒྲིག་པ་རེད་།ཁོ་ཚོས་ང་ཚོ་ས་ནས་།གསང་བའི་ཨང་གྲངས་དང་།དྲ་རྒྱའི་ཡིག་འཕྲིན་གྱི་ཁ་བྱང་སོགས་བསྡུས་།་དེ་ནས་སུ་དང་སུ་ཡིན་མིན་གྱི་ཁྱད་པར་དཔྱད་།་རྒྱ་དམར་ལྟར།་དྲ་ཚིགས་ཀློག་མཁན་དག་ལ་མྱུལ་མ་བྱས་།སྐབས་རེ་་ཕྱི་ལ་ཁྱབ་བསྒྲགས་ཀྱང་བྱས་།་འདི་ཐམས་ཅད་རྩོད་དོན་འདི་ལ་འབྲེལ་བ་འདུག་གམ།་ཁྲིམས་མཐུན་ཡིན་ནམ་།བསམ་བློ་གཏོང་རྒྱུ་གལ་ཆེན་པོ་འདུག་།ང་ད་དུང་ལན་དེ་དག་ལ་ལན་སྒྲུག་ནས་ཡོད་།ལན་ཞིག་ཡོད་པའི་རེ་བ་ཡོད་།ང་ལ་ཁུངས་ལྡན་པ་ཞིག་གི་ངོ་སྤྲོད་པ་ལྟར་ན་།མདའ་ཚན་པ་དང་དགེ་འདུག་རབ་གསལ་སོགས་ནི་དྲ་རྒྱའི་བདག་པོ་མ་རེད་།ཁོ་ཚོ་རྩོམ་སྒྲིག་པ་དང་།་ཡི་གེ་འགོད་མཁན་རེད་།་ལན་ཞིག་ཡོད་པའི་རེ་བ་ཡོད་།
ད་དུང་རྩོམ་སྒྲིག་པ་དང་།གསང་གྲངས་ཡོད་པ་ཚོས་།ང་ཚོའི་ཡི་གེ་ཁ་བྱང་སོགས་མི་གཞན་ལ་བཙོངས་གིན་ཡོད་དམ་།དེ་ནི་དྲི་ཚིག་ཤིག་།མདའ་ཚན་མགོན་པོ་རྒྱང་བསྒྲགས་ནས་དཔྱད་གཏམ་སྤེལ་མཁན་།འདི་ཐོག་ནས་རང་དབང་གིས་རྩོམ་ཡིག་སྤེལ་མཁན་ཞིག་གིས་འདི་ལྟར་སྤྱི་བའི་དྲ་རྒྱ་ཤིག་བེད་སྤྱད་ནས་།མི་དག་གི་ལག་ལས་གསང་བའི་གནས་ཚུལ་སྤེལ་།་དེ་ནས་ཆང་ལ་ཁ་གཡར་ནས་མི་ལ་སྐྱོན་འཛུགས་བྱས་ཏེ་འཆལ་གཏམ་སྤེལ།དེ་ནས་ཨ་རི་གཞུང་གིས་དངུལ་སྤྲད་ནས་གཙུགས་པའི་རྒྱང་བསྒྲགས་ལས་ཁུངས་སོགས་ནས་ཁོང་མཁས་བ་དང་།ཆེད་ལས་མཁས་བ་ཡིན་མདོག་མདོག་གིས་གདན་དྲངས་ཏེ་།སྐད་ཆ་བཤད་དུ་བཅུག་པ་སོགས་ནི་ལས་ཀ་དྲང་བོ་ཡིན་ནམ།འདི་ལ་གསལ་བཤད་ཅིག་ངེས་པར་ཏུ་དགོས་གིན་འདུག་།
ང་ནི་དྲ་ཁང་འདིའི་ནང་རྩོམ་དང་མཆན་རྒྱག་མཁན་ཞིག་ལས་གང་ཡང་མིན། རྩོམ་སྒྲིག་པ་དེ་འདྲ་ཅང་མིན། མཆན་རྒྱག་མཁན་ཚོའི་སྐོར་གང་ཡང་མི་ཤེས།
ཁྱོད་ཀྱིས་མདའ་ཚན་པས། ་་ ང་ཚོ་ས་ནས་།གསང་བའི་ཨང་གྲངས་དང་།དྲ་རྒྱའི་ཡིག་འཕྲིན་གྱི་ཁ་བྱང་སོགས་བསྡུས་།་དེ་ནས་སུ་དང་སུ་ཡིན་མིན་གྱི་ཁྱད་པར་དཔྱད་།་རྒྱ་དམར་ལྟར།་དྲ་ཚིགས་ཀློག་མཁན་དག་ལ་མྱུལ་མ་བྱས་།་་ཟེར་བ་དང་། ་་སྤྱི་བའི་དྲ་རྒྱ་ཤིག་བེད་སྤྱད་ནས་།མི་དག་གི་ལག་ལས་གསང་བའི་གནས་ཚུལ་སྤེལ་།་་་ ཟེར་བའི་ཚིག་འདི་ཚོར་ཁྲིམས་ཐོག་ནས་འགན་འཁྱེར་ཐུབ་བམ།
མེ་རི་གཏོར་མཁན་ལགས།
ཁྱེད་དགོངས་པ་མ་ཚོམས། དེ་ནས། ངས་ཁྱེད་ལ་དོན་དག་གསུམ་ཞུ།
དང་པོ་ནི། ཁྱེད་ཀྱིས་ལུང་དྲངས་པའི་བློ་ཡོན་གྱི་སྐད་ཆ།
”སྔོན་ནས་བཟུང་ཏེ་་ཕྱི་ གླིང་ཡོ་རོབ་རྣམས་ལ་འཇིག་རྟེན་འདི་རིལ་རིལ་ཡིན་པའི་འདོད་པའི་ལྟ་བ་དར་ཡོད་པ་ ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་་ཤིན་ཏུ་ཉུང་ཉུང་ཡིན་ཞིང་།་ཡེ་ཤུ་གཙོ་བྱས་བའི་ ཡོ་རོབ་ཀྱི་ཆོས་ལུགས་རྙིང་པ་ཕལ་ཆེར་གྱིས་སའི་གོ་ལ་ནི་རིལ་རིལ་་ཡིན་ཞེས་ འདོད་པ་ལས་ལེབ་ལེབ་ཡིན་ཞེས་འདོད་མཁན་ཉུང་ལ་།་།་དེ་བས་རིག་པ་ཅན་འགའ་ཞིག་གིས་ སའི་གོ་ལ་རིལ་རིལ་ཡིན་ཞེས་སྨྲས་ཚེ་། དེ་ལ་མི་འདོད་མཁན་ཕལ་་ཆེར་མེད་ལ་། ད་བར་ཏུ་ཡོ་རོབ་གླིང་དུ་སའི་གོ་ལ་རིལ་རིལ་ཡིན་ཞེས་ལབ་ནས་གསོན་པོར་མེ་ལ་ བསྲེགས་པ་ཤིག་ཡོ་རོབ་ཀྱི་་ལོ་རྒྱུས་གང་གི་ནང་དུ་ཡང་མེད། དེ་ཡང་ཡོ་རོབ་གླིང་ཏུ་སའི་གོ་ལ་རིལ་རིལ་ཡིན་ཟེར་བ་བའི་ལྟ་གྲུབ་འདི་བདག་ཅག་ གི་སྟོན་པ་མ་སྐྱེས་བའི་ལོ་བརྒྱ་ཙམ་གྱི་སྔོན་ནས་དར་ཡོད་།” འདི་རེད།
འདིའི་ནང་གི་ “ཤིན་ཏུ་ཉུང་།” དང་ “འདོད་མཁན་ཉུང་ལ་” དང་། “དེ་ལ་མི་འདོད་མཁན་ཕལ་ཆེར་མེད་ལ་”སོགས་ཀྱི་སྐད་ཆ་འདི་དག་ལ་ད་བར་དུ་ཁོས་ཁུངས་དང་ལུང་་བྲིས་མ་སོང་། ཁོ་ལ་ཤོད། དེ་ལ་ཁུངས་ཡོད་ན་འཁྱེར་ཤོག་ཅེས་གསུངས་རོགས།
གཉིས་པ་དེ། བློ་ཡོན་དང་ཁྱེད་གཉིས་ལ་འབྲེལ་བ་ཆེན་པོ་ཞིག་ཡོད་པ་འདྲ། འབྲེལ་བ་དམ་པོ་ཞིག་ཡོད་པ་འདྲ། ཡོད་ན་འདི་ལྟར་ཤོད། ང་བློ་ཡོན་ལ་འཁོན་འཛིན་དང་ཁྲོ་བ་གང་ཡང་མེད་ཅེས་ཤོད། དེ་བཞིན་ཁོས་སུས་ཀྱང་བོད་སྐད་དུ་མ་བཤད་པའི་”ཚན་རིག་གི་ལོ་རྒྱུས་”ཤིག་འབྲི་བཞིན་པ་དེ་ལ་སྒུག་ནས་བསྡད་འདུག་ཅེས་ཤོད། ད་དུང་བསམ་ཚུལ་གསར་པ་དང་ཐུན་མོང་མ་ཡིན་པ་ཡོད་ན་ཁ་བརྡ་དྲ་དེབ་ཏུ་འཁྱེར་ཡོང་རོགས་ཅེས་བཤད་རོགས།
གསུམ་པ་དེ། ཁ་བརྡ་དྲ་དེབ་ཀྱི་བདག་པོ་མགོན་པོ་མ་རེད། རབ་གསལ་མ་རེད་སོགས་གསུངས་འདུག ཐུགས་རྗེས་གཟིགས། ང་ལ་དོན་འདི་ལ་ཡིད་ཆེས་ཤིག་གནང་རོགས། ཁ་བརྡའི་མགོར། གཡག་གི་རི་མོའི་ཟུར་དེ་ན་འདི་ལྟར་བྲིས་ཡོད། “ཁ་བརྡ་ནི་བོད་རིགས་གྲོགས་པོ་སྐོར་གཅིག་གིས་མཉམ་རུབ་ཀྱིས་བཏོན་པའི་གླེང་སྟེགས་ཤིག་ཡིན།” ཞེས་གསལ་ཡོད། འདི་ལ་དྭོགས་པ་མ་ཟ་རོགས། གྲོགས་པོ་ཚོའི་གྲས་ན་མཚན་དངོས་སུ་འབོད་འདོད་མཁན་ཡང་ཡོད་ལ། མེད་མཁན་ཡང་ཡོད། གང་ལྟར་འདི་གྲོགས་པོ་སྐོར་ཅིག་གིས་ཕུལ་བའི་གླེང་སྟེགས་ཆུང་ཆུང་ཞིག་རེད། ད་དུང་འདི་གྲོགས་པོ་སྐོར་ཅིག་ལས་བརྒལ་ཏེ་ཀློག་མཁན་དང་རྩོམ་འབྲི་མཁན། མཆན་འབྲི་མཁན་ཚང་མའི་སྤྱི་རྫས་རེད། དེ་ལྟར་ཡིད་འཇགས་ཀྱིས།
མདའ་ཚན་པའང་མགོན་པོ་ཕྱག་གཉིས་བ་ལགས་།
ཁྱོད་རྩོམ་སྒྲིག་པ་ཡིན་མིན་དེ་གསལ་བོ་ཤེས་ཀྱིན་མེད་།དེ་གཙོ་བོ་མ་རེད་།མཐའ་སྡོམ་ཁྱོད་ལ་རང་གིས་རྩོམ་རྣམས་མི་གཞན་མ་བརྒྱུད་པར་ཁ་བརྡ་ཐོག་འགོད་པའི་དབང་ཆ་ནི་ཏན་ཏན་འདུག་།དེ་མིང་ལ་དྲ་རྒྱ་དོ་དམ་པའང་ཡང་ན་རྩོམ་སྒྲིག་པ་ཟེར་གིན་རེད་།མགོན་པོ་ཕྱག་གཉིས་བ་དང་མདའ་མཚན་པ་གཉིས་མི་གཅིག་ཡིན་པའངཡོངས་གྲགས་ཡིན་པ་མ་ཟད་།ཁྱེད་རང་གིས་དེ་ལྟར་ཁས་ལེན་བྱས་འདུག།་དེ་མིན་འགའ་ཤས་ཀྱིས་Affidavit་སྟེང་ནས་ཁས་ལེན་བྱས་ཐུབ་ཅེས་བརྗོད་གིན་འདུག་།་
སྤྱིར་ཁྱོད་ཀྱིས་ནུབ་ཀྱི་དམངས་གཙོ་ལམ་ལུགས་ཀྱི་ཁྲིམས་དང་མཁས་བའི་འགྲོ་སྟངས་སོགས་ཤེས་བའི་རེ་བ་དེ་རྩ་བ་ཉིད་ན་མི་འདུག་ནའང་།་འདིར་ཁྱོད་ཀྱིས་རྡོ་སྤིས་བློ་བཟང་ཡོན་ཏན་ཟེར་བ་།་མི་དངོས་སུ་ཡོད་མཁན་སུས་ཀྱང་ཤེས་བ་ཞིག་གིས་མགོ་ལ་མི་ཟད་པའི་སྒྲོ་འདུག་ཆེན་པོ་རེ་བྱས་དྲ་རྒྱ་ཐོག་བཀོད་པ་ལ་།་ཁྲིམས་འགལ་ཞིག་ཡིན་པ་ཟད་།ལྷག་པར་ཏུ་གོང་ས་སྐྱབས་མགོན་ཆེན་པོ་མཚན་སྨོད་ཞུ་ཁོ་ཡིན་སྲིད་ཀྱི་རེད་ཟེར་བ་བསམ་བཞིན་དུ་ཁོའི་མགོ་ཐོག་ལ་རྡོ་ཞིག་རྒྱབ་བསམ་གིན་ཡོད་པ་རེད་།དེས་མི་ཚད་པའི་ཁྱོད་ཀྱིས་ས་ཆ་གང་སར་”གསར་འགོད་པ”བཏང་ནས་བློ་བཟང་ཡོན་ཏན་གྱི་གསར་འགྱུར་སློག་པ་ནི་གསར་འགྱུར་ལས་དོན་གྱི་ཐད་ནས་ཞིབ་མཇུག་བྱེད་དགོས་བའི་གནས་ཤིག་ཡིན་པ་མ་ཟད་།ཁྲིམས་ཀྱི་ཐོག་ནས་ཀྱང་འགན་ཁུར་བ་ཤིག་རེད་།ཁྱོད་ཀྱིས་མི་གཞན་ལ་བྱེད་ཆོག་པ་ཞིག་རྡོ་སྤིས་བློ་བཟང་ཡོན་ཏན་ཐོག་ལ་བྱེད་བསམ་པ་ཞིག་མ་དྲན།གོ་ཐོས་ལ་སྤྱིར་བཏངབློ་བཟང་ཡོན་ཏན་ཟེར་བ་འདི་མི་གཉོམ་ཆུང་།སྐད་ཆ་མང་པོ་མི་བཤད་མཁན་།རྙོག་དྲ་མི་བཟོ་མཁན་།སྐྱིད་པོ་འདྲ་བཤད་ནས་སྡོད་མཁན་ཞིག་རེད་།ངའི་མགོ་ཐོག་ལ་བཞག་ན་ཅི་ཡང་བྱ་ཕོད་མཁན་།རྗེས་སྐྱོང་བ་ཞིག་ཡིན་པའི་སྐད་ཆ་གོ་སོང་།དེ་བས་སྐད་ཆ་ཆེན་པོ་མ་བཤད་།་སྐབས་དོན་ལ་བབས་པའི་སྐད་ཆ་རེ་ཤོད་།་སྐད་ཆ་དྲང་མོ་བཤད་ན་།མགོན་པོ་ཕྱག་གཉིས་བ་ལ་།རིག་གཞུང་གི་སྐད་ཆ་ཟེར་བ་མི་འོས་སྙམ་གིན་འདུག་།ཡི་གེ་ཤིག་འབྲི་ཤེས་བ་ཙམ་ལས་གང་གི་ཐད་ནས་ཀྱང་ཡིག་རྨོངས་བ་ཞིག་ལ་།རང་མ་གཏོགས་མེད་ཟེར་མཁན་ཤིག་འདུག་།ཚན་རིག་སོགས་ཤེས་འདོད་ན་།ཐོག་དང་པོ་སྐད་ཡིག་སྔོན་དུ་སྤྱོང་།དེ་ནས་སྐད་ཆ་རེ་ཤོད་།དེ་བསླབ་བྱ་ཤིག་ཡིན་།ངས་མི་གཞན་ལ་བསླབ་བྱ་བཏང་བ་ཤིག་ད་བར་ཏུ་མེད་།དེ་བས་འདི་ཐོག་དང་པོ་ཡིན་།གོ་ན་རྣ་བའི་བདུད་རྩི་བྱོས་།མ་གོ་གླུ་ལ་འབྲེལ་བ་མེད་།
ང་ནི་དྲ་ཁང་འདིའི་ནང་རྩོམ་དང་མཆན་རྒྱག་མཁན་ཞིག་ལས་གང་ཡང་མིན། རྩོམ་སྒྲིག་པ་དེ་འདྲ་ཅང་མིན། མཆན་རྒྱག་མཁན་ཚོའི་སྐོར་གང་ཡང་མི་ཤེས།
ཁྱོད་ཀྱིས་མདའ་ཚན་པས། ་་ ང་ཚོ་ས་ནས་།གསང་བའི་ཨང་གྲངས་དང་།དྲ་རྒྱའི་ཡིག་འཕྲིན་གྱི་ཁ་བྱང་སོགས་བསྡུས་།་དེ་ནས་སུ་དང་སུ་ཡིན་མིན་གྱི་ཁྱད་པར་དཔྱད་།་རྒྱ་དམར་ལྟར།་དྲ་ཚིགས་ཀློག་མཁན་དག་ལ་མྱུལ་མ་བྱས་།་་ཟེར་བ་དང་། ་་སྤྱི་བའི་དྲ་རྒྱ་ཤིག་བེད་སྤྱད་ནས་།མི་དག་གི་ལག་ལས་གསང་བའི་གནས་ཚུལ་སྤེལ་།་་་ ཟེར་བའི་ཚིག་འདི་ཚོར་ཁྲིམས་ཐོག་ནས་འགན་འཁྱེར་ཐུབ་བམ།
དགེ་འདུན་རབ་གསལ་ལགས་།
ངས་ཁྱོད་ན་སྐད་ཆ་གསུམ་བཤད་དྲི་ཚིག་གསུམ་འདྲི་།དེ་རེ་རེ་ལ་ལན་ཡོད་པའི་རེ་བ་ཡོད་།
ངས་བལྟས་ན་ཁྱོད་རང་གིས་བཏོན་པའི་ལན་ཆ་ཚང་བློ་ཡོན་གྱིས་བཏབ་འདུག་།ལུང་དང་རིགས་པའི་སྒོ་ནས་སྒྲུབ་ཚིག་ཀྱང་སྒྲུབ་འདུག།སོང་ནས་ཁོང་གི་རྩོམ་དང་མཆན་ཚང་མ་ཀློག་དང་།རང་གིས་ཀྱང་དེའི་སྐོར་གྱི་རྒྱུ་མཚན་མ་ཤེས་ན་།གཞན་གྱིས་ནོར་འཁྲུལ་བྱས་སོང་ཞེས་སྐད་ཆེན་མ་རྒྱག་།གཞན་གྱི་དེ་ལུང་དང་རིགས་པའི་སྟེང་ནས་སྒྲུབ་བྱེད་ཡོད་ན་།དེ་བཞིན་དུ་བཀོད་།་དེ་མིན་སྐད་ཆ་ཚང་མ་དུང་ཞེན་དང་ཆབ་སྲིབ་ཀྱི་སྐད་ཆ་རེད་།
དགེ་ཆོས་ཀྱི་རྩ་བའི་དམ་བཅའ་དེ་གཉིས་།
ཀ།འཆལ་གཏམ་ཡིན་ནམ།
ཁ།བསླུ་བྲིད་ཀྱི་སྐད་ཆ་ཡིན་ནམ།
ཁ།མ་བརྟག་མ་དཔྱད་པར་རྗེས་སུ་མཇུག་པའི་རི་བོང་ཅལ་འདྲོགས་ཡིན་ནམ།
དེ་ནས་ང་ལ་རེ་བ་གསུམ་ཡོད་།་རེ་བ་འདིའི་འདོན་ཡུལ་ནི་གཅིག་པོ་མིན་།མདའ་ཚན་པ་དང་།རིག་འབྱུང་བཀྲི་ཤིས་དོན་འགྲུབ་གཉིས་ཡང་འདུ་།
ཀ།
ཁྱེད་ཚོ་ལག་ན་དྲ་རྒྱའི་ཐོག་ཏུ་རྩོམ་འགོད་རྒྱུ་ཡིན་མིན་དང་།ནག་བསུབ་བྱེད་ཀྱིན་ཡིན་མིན་།དེ་བཞིན་མི་མང་པོ་ཤིག་གི་དྲ་བའི་གསང་གྲངས་དང་།ཡི་གེའི་ཁ་བྱང་སོགས་ཡོད་པ་རེད་།དེ་བས་མི་ཚང་མ་འདྲ་མཉམ་དང་།ཀུན་སློང་རྣམ་དག་ཞིག་གི་ངོས་ནས་སྐད་ཆ་ཤོད་།་
ཁ།་དེའི་དབང་གིས་རྩོམ་དེ་དང་མཆན་དེ་དག་སྤྱིའི་ཆ་ནས་འགྲིག་མིན་དང་།མི་སྒེར་ལ་ངོ་རྒོལ་བྱེད་པའི་ལག་ཆ་ཞིག་ཏུ་བསམ་བློ་མ་བཏང་བར་།སྤྱི་ལ་ཕན་པ་ལས་དོན་ཞིག་གི་ཐོག་ཏུ་འབབ་ཅི་ཐུབ་བྱོས་།རྩོམ་མཁན་སུ་ཡིན་ལ་”ཚོད་དཔག་”མ་བྱས་།་དེ་སུ་ཡིན་ཀྱང་སྐྱོན་མི་འདུག་།དེ་གུང་ཁྲན་ཏང་གི་བྱེད་ཐབས་རེད།་དེ་བས་རྩོམ་དེའི་དོན་རྩ་དང་།་སྤྱི་ཚོགས་ཕན་མིན་།གཙོ་བོ་རིག་གཞུང་ཡར་རྒྱས་ལ་ཕན་མེད་བསམ་བློ་ཐོངས་།དེ་ནས་ཐག་གཅོད་བྱེད།
ག།མི་གཞན་ལ་འདི་དང་འདི་བྱེད་ཅེས་བསླབ་བྱ་རྒྱག་པ་དང་།ཁ་ཏ་བྱེད་ཁུལ་མ་བྱེད་།་ཁྱེད་གསུམ་ག་ལ་བཤིས་ཀ་དེ་འདྲ་ཤིག་གོམས་འདུག་མོད་།དེ་མི་གཞན་གྱི་མིག་ལམ་ཏུ་ཤིན་ཏུ་ནས་ཡག་པོ་མི་འདུག་།སྐད་ཆ་དེས་རང་གི་རང་མཐོ་ས་ཤིག་ཏུ་བཞག་།གཞན་དམའ་ས་ཤིག་ཏུ་བཞག་ནས་སྐད་ཆ་ཤིག་བཤད་རྒྱུ་ཡོད་པའི་མཚོན་རྟགས་ཤིག་ལས་།གཞན་ལ་ཤ་ཚ་བའི་སྐད་ཆ་མ་རེད་།ལར་ཏུ་དེ་འདྲ་བྱེད་འདོད་ན་།མི་དེ་ལ་རེ་བ་དེ་ལྟར་ཐོན་།་མི་ཚང་མ་བསམ་བློ་གཏོང་ཤེས་མཁན་རེད་།
མཐའ་མ་།་ང་ཁ་བརྡ་དྲ་ཚིགས་ལ་སྐད་ཆ་ཤིག་ཡོད་།
ང་ཚོ་ཁྱེད་ཚོ་ལ་ཡིད་ཆེས་།་བསྟོད་བསྔགས་འཐེན་།་དེ་ནས་རང་རང་གིས་རྣམ་དཔྱོད་ཀྱི་རྩལ་ལསབྱུང་བའི་རྩོམ་དང་།མཆན་དག་སྤེལ་ཏེ་འདི་ལ་འཛོམས་པ་རེད་།དེ་ལ་དགའ་བ་སྒོམ་གིན་ཡོད་།་ཡིན་ནའང་ཉེ་ལམ་ཁྱོད་ཚོ་མི་འགའ་ཤས་དང་།་ཁྱད་པར་མགོན་པོ་ཕྱག་གཉིས་བས་བློ་བཟང་ཡོན་ཏན་ཐོག་ལས་སོ་མྱུལ་”གསར་འགོད་པ་བཏང་”་དེ་ནས་ཁོང་སྐྱོན་འཛུགས་བྱེད་ཏེ་།འཇིག་ཨ་རི་དང་ཁ་ན་ཏའི་ཁྲིམས་ལུགས་དན།དེ་བཞིན་འཇིག་རྟེན་གང་གི་ལུགས་ལའང་མི་མཐུན་པ་ཤིག་བཟོས་སོང་བས་།་ངས་ཀྱི་འདི་ལ་དྲ་རྒྱ་དྲ་ཚིགས་ཀྱི་གསལ་བཤད་འགའ་བྱེད་དགོས་བའི་གནད་དོན་འགའ་ཤས་འདུག་བསམ་པས་།ཁ་བརྡ་དྲ་ཚིགས་ཀྱིས་ངེས་པར་ཏུ་འདི་ལ་གསལ་བཤད་ཅིག་བྱེད་དགོས་ཀིན་འདུག་བསམ་།
གཅིག་།་ཁྱེད་ཚོ་ལ་བློ་བཟང་ཡོན་ཏན་གཅིག་པོ་དམིགས་གསལ་གྱི་བཟུང་ཏེ་།འཕྱ་སྨྱོད་གཏོང་བ་དང་།མི་མངགས་ཏེ་མྱུལ་མ་བཏང་ནས་ཁོ་ལ་་སྐྲོ་བཏགས་ནས་”གསར་འགྱུར”སྤེལ་དགོས་བ༏ཨི་སྲིད་བྱུས་ཞིག་ཡོད་དམ་མེད་།མགོན་པོ་ཕྱག་གཉིས་བའམ་མདའ་ཚན་པ་མགོན་པོ་ཚེ་རིང་གིས་སྤྱོད་པ་དེ་དག་དང་སྐད་ཆ་དེ་ཚོ་སུས་འགན་ཁུར་དགོས་ཡོད་།
གཉིས་།ཁྱོད་ཚོས་ང་ཚོས་འདི་ལྟར་བྱེད་ཆོག་།འདི་ལྟར་བྱེད་མི་ཆོག་ཅེས་དོན་ཚན་འགའ་ཤས་འཀོད་འདུག་།་དེ་ཚང་མ་འཐད་པ་ཡིན་།ཡང་ཁྱེད་ཚོས་ང་ཚོའི་གསང་གྲངས་ལག་ཏུ་ཡོད་མཁན་དང་།རྩོམ་བཀོད་མཁན་དེ་དག་ལ་ཁྲིམས་ལུགས་སྲུང་ཅི་ཡང་བྲིས་མི་འདུག་།་དེས་རྒྱུ་མཚན་ག་རེ་ཡིན།ཁྱེད་ཚོས་ང་ཚོའི་ལག་ཏུ་བསྡུས་བའི་ཡི་གེ་ཁ་བྱང་དེ་དག་ག་རེ་བྱས་་བསམ་པ་ཡིན་།་བྱེད་ཀིན་ཡོད་།བྱེད་པའི་འཆར་གཞི་ཡོད་།
འདི་རེ་རེ་ལ་ལན་རེ་ཡོད་པའི་རེ་བ་ཡོད་པ་དང་།་སྒུག་བསྡད་གིན་ཡིན་།་དེ་ཡིས་བར་ཏུ་ཁྲིམས་ཐོག་དང་།ཡི་གེ་ལམ་ནས་ཅི་ཡང་བྱས་བསམ་གིན་མེད་།
བཀྲ་ཤིས་བདེ་ལེགས།
སྐུ་མཁྱེན། ད་མང་པོ་མ་རྩོད་རོགས། བརྩད་བྱའི་བརྗོད་བྱ་དང་འབྲེལ་བ་མེད་པའི་རྩོད་རྒྱུ་མང་པོ་སྤེལ་འདུག
རྩོམ་མཁན་དང་ྐློག་མཁན། མཆན་བུ་རྒྱག་མཁན་སོགས་ལ་ཕྱོགས་ཡོངས་ནས་བསམ་བློ་བཏང་སྟེ་དགོས་མེད་ཀྱི་རྩོད་པ་འདིའི་རིགས་ཞི་བར་བྱེད་རོགས།
རྩོམ་མཁན་ཡིན་ནའང་འདྲ། ྐློག་མཁན་ཡིན་ནའང་འདྲ། མཆན་བུ་རྒྱག་མཁན་ཡིན་ནའང་འདྲ། སུ་ཡང་ལྐུགས་པ་ལྐུགས་ནག་དེ་འདྲ་མ་རེད། གཅིག་ཀྱང་མི་ཤེས་མཁན་དེ་འདྲ་མ་རེད།
ཡང་། སུ་ཡང་ཐམས་ཅད་མཁྱེན་མཁན་དེ་འདྲ་ཡང་མ་རེད། ཚང་མ་ཅུང་ཙམ་མཁྱེན་མཁན་དང་ཅུང་ཙམ་བཤད་རྒྱུ་ཡོད་མཁན་རྐྱང་རེད། དེས་ན།
རྩོམ་མཁན་དང་ྐློག་མཁན། མཆན་བུ་རྒྱག་མཁན་སོགས་སུ་ཡིན་ཡང་། དྲ་ཐོག་འདི་ྐླན་ཀ་འཚོལ་ས་ཞིག་ཡིན་པའི་ཀུན་སློང་འཁྱེར་ནས་མ་ཡོང་རོགས། སྐུ་མཁྱེན།
འདི་ང་སྒེར་གྱི་རེ་བ་ཡིན།
ཡག་པོ་འདུག་།སྒེར་གྱི་རེ་བ་དེ་མགོན་པོ་ཕྱག་གཉིས་བ་ལ་འདོན་པར་ཞུ།ཁོ་སྤྱི་དང་སྒེར་གྱི་ལམ་ནས་ཕར་སློག་ནས་།སྐད་ཆ་འགའ་ཤས་བཤད་སོང་།ག་རེ་ཡིན་ནམ།ཁོ་དང་མི་གཞན་གྱིས་སྐད་ཆ་དེ་འདྲ་ཤིག་ལབ་ཡོད་དུས་།རེ་བ་སོགས་ཞུ་རྒྱུ་ཅི་ཡང་མེད་པར་།འཇམ་སེང་ངེ་འདུག་།ད་ལྟ་གློ་བུར་ཏུ་རེ་བ་དེ་ཤིག་བཤད་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ་།རེ་བ་དེ་འདྲ་ཕྱོགས་གཉིས་ཀ་ལ་རྒྱབ་ཡོད་ན་།མི་དྲང་མོ་རེད།་སྐད་ཆ་བདེན་པ་རེད་།་བསམ་བློ་ཐོངས་།་བློ་བཟང་ཡོན་ཏན་མི་གཅིག་པོའི་སྟེང་ལ་འདི་འདྲ་བྱེད་པའི་སྐད་ཆ་ཤིག་གི་མི་ཚད་གི།མི་འགའ་ཤས་དེ་ལྟར་བྱེད་པའི་ལོ་རྒྱུས་གོ་རྒྱུ་འདུག་།ག་རེ་ཡིན་ནམ།
འདི་ང་སྒེར་གྱི་རེ་བ་ཡིན། རེ་བ་འདི་ཚང་མ་ལ་ཡིན།
མེ་རི་གཏོར་མཁན་ལ་ཡིན་དང་མགོན་ཕྱག་ལ་མིན་གྱི་སྐད་ཆ་མེད།
རྩོམ་མཁན། མཆན་བུ་རྒྱག་མཁན། ཚང་མ་ལ་ཡིན། དེ་དོན་དགོངས་འཇགས་ཡོད་པ་ཞུ།
དེ་ཙམ་ཡིན།
རེ་བ་བཏོན་པ་འདི་ཅུང་ཟད་འཕྱི་མི་འདུག་གམ།མགོན་པ་ཕྱག་གཉིས་ཀྱིས་གསར་འགོད་པ་གཏོང་དུས་དང་།་དེ་བཞིན་བློ་བཟང་ཡོན་ཏན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའངསྡིག་མོ་གཏོང་མཁན་མི་ཞིག་ཡིན་མིན་གྱི་དོགས་འདྲི་བྱས་སྐབས་སུ་རེ་བ་དེ་འདྲ་བཏོན་ན་མི་དྲང་མོ་་ཤིག་གི་མཚོན་རྟགས་རེད་།སྤྱི་ལ་ཕན་པའི་སྐད་ཆ་རེད།དེ་དག་གི་སྐབས་སུ་ག་རེ་ཡིན་ནམ་།་མ་ཤེས་བ་ཡིན་ནམ་།་མ་མཐོང་བ་ཡིན་།
ད་སྟག་གི་རྔ་མ་འཇུ་བར་བཟུང་འདུག་།་བཟུང་བའི་རྗེས་ནས་བཏང་ནས་ཕན་ཐོགས་ག་རེ་ཡོད་།
ངས་རེ་བ་དང་དྲི་ཚིག་བཏོན་པ་དེ་དག་བློ་བཟང་ཡོན་ཏན་གཅིག་པོའི་ཆེད་དུ་མ་རེད།་མི་གཞན་ལ་དེ་ལྟར་བྱས་པའི་སྐད་ཆ་འདུག་།དེ་བས་རྗེས་སུ་ག་རེ་བྱས་གིན་ཡིན་།འདི་གལ་ཆེན་པོ་རེད།
ཁྱེད་ཚོ་ལ་ང་ཚོའི་རྩོམ་འགོད་མིན་གྱི་དབང་ཆ་ཡོད་པ་རེད་།སྐད་ཆ་གང་འདྲ་བཤད་ཆོག་མིན་དང་།ཇི་ལྟར་བཤད་དགོས་བ་སོགས་ཀྱི་ཁྲིམས་ཡང་བཟོས་འདུག་།ཡིན་ནའང་ཁྱེད་ཚོས་རང་གི་ལྟ་བ་མཐུན་པའི་རྩོམ་ཤིག་ལས་མི་མཐུན་པ་ཞིག་ཁ་བརྡའི་སྟེང་དུ་འགོད་གི་ཡོད་དམ་།་ཡོད་ན་རྩོམ་པ་པོ་དེའི་རྗེས་སུ་”གསར་འགོད་པ་”མངགས་གིན་ཡོད་དམ།་མིང་གཞན་པོ་ཤིག་བཀོད་ན་དེ་སུ་ཡིན་མིན་”ཚོད་དཔག་”བྱེད་ཀིན་ཡོད་དམ་།་འདོར་ན་འདི་ཐམས་ཅད་བྱེད་དགོས་བའི་རྒྱུ་མཚན་ནམ་དམིགས་ཡུལ་ག་རེ་ཡིན་ནམ།ངས་བསམ་ན་རྩོམ་པ་པོ་དང་།མཆན་འདེབས་པ་པོ་མང་པོ་ཤིག་གིས་རྒྱུ་མཚན་གསལ་བོ་ཤེས་བསམ་གིན་ཡོད་རྒྱུ་རེད་སྙམ།དེ་བས་རེ་བ་དང་དྲི་བ་དེ་དག་བཀོད་པ་ཡིན་།
ངའི་རྡོ་སྤིས་བློ་བཟང་ཡོན་ཏན་གྱི་ཁ་ནས་འདི་འདྲ་ཤིག་གོ་མྱོང་།ད་ལྟ་དགེ་ཆོས་ལ་དགག་པ་རྒྱག་ཉན་གིན་མ་རེད་།དེ་མིན་མཁས་བ་སུ་ཡིན་ཀྱང་།མིང་ལ་ག་རེ་བཏགས་ཀྱང་སྐྱོན་མེད་པས་ཁར་ད་དུང་།ད་དུང་མཁས་མིང་ཞིག་ཐོབ་གིན་རེད་།་དགེ་ཆོས་ལ་དགག་པ་རྒྱག་ན་།ཚན་རིག་དང་།ལོ་རྒྱུས་།དེ་བཞིན་ཚད་མ་སོགས་ཀྱི་ཐད་ལ་ཅུང་ཙམ་མི་ཤེས་མཁན་དག་གིས་ཅི་མི་སྙམ་པ་དགག་ལན་རྒྱབ་ཡོང་གིན་རེད་ལ་།དེ་བཞིན་ཡོན་ཏན་པ་ཡིན་ཟེར་མཁན་ཚོས་ཀྱང་ས་ཕྱོགས་དང་ཡུལ་ཕྱོགས་།དེ་བཞིན་ཆོས་ཀྱི་གྲུབ་མཐའ་ཁོག་བ་བཅངས་ནས་རྩོད་པ་རྒྱབ་ཡོང་གིན་རེད་།ཁོ་ཚོའི་ཁ་ནང་ནས་ཡུལ་ཕྱོགས་དང་གྲུབ་མཐའ་རྩོད་གིན་མེད་ཟེར་ཞོར་ཏུ།དོན་གྱིས་གྲུབ་མཐའི་ཕྱོགས་ཞེན་ཤིག་དང་ལུང་ཚན་གྱི་ཞེན་ཁོག་ཅིག་ལས་གཞན་རྩོད་ཤེས་གིན་མ་རེད་།དེ་བཞིན་བོད་ཀྱི་ཁ་དཔེར་།དཔའ་བོ་ཡིན་མིན་གཡུལ་ལས་ཤེས་ཟེར་བ་ལྟར།ཕྱོགས་ཞེན་ཡོད་མེད་དེ་།འདི་འདྲ་བའི་རྩོད་པ་ཤིག་བྱས་ཡོང་དུས་མི་ཚོས་གསལ་བོ་གོ་ཡོང་གིན་རེད།སྐད་ཆ་མང་པོ་བཤད་དགོས་གིན་མ་རེད་།
དོན་གྱིས་དགེ་ཆོས་སྐྱེས་ས་ཡང་།རེབ་གོང་ཞོ་འཕུང་མ་ཡིན་པའི་སྐད་ཆ་ཞིག་འདུག་།དེ་བདེན་པ་རེད་དམ།ང་ཚོས་དགེ་ཆོས་ལ་རྗེ་རིན་པོ་ལྟར་གསེར་གྱི་མཆོད་སྡོང་ཞིག་བཞེངས་དགོས་ན་།ས་གང་ནས་བཞེངས་དགོས་ནི་རེད་།་ངས་སྔོན་ཆད་ནས་སྐད་ཆ་འདིའི་རྒྱུ་མཚན་དང་ལོ་རྒྱུས་ཆ་ཚང་ཧ་གོ་ཡོད་།་ཡིནའང་འདི་གལ་ཆེན་པོ་ཤིག་མ་རེད་བསམ་ནས་བཞག་པ་རེད་།ད་འདི་གལ་ཆེན་པོ་ཞིག་གི་འདུག་གམ་།
དགེ་ཆོས་ཀྱི་བོད་ལ་མཛད་རྗེས་དང་།ལོ་རྒྱུས་ངོ་མ་དེ་ཚོ་ཞར་དང་ཞོར་ལ་ཡོང་གིན་རེད་།བླུན་པོ་ཨུ་ཚུགས་ཅན་དག་གིས་བསྟོད་ནས་ཀྱང་གང་ལ་ཕན་།མི་བླུན་པོ་ཁ་ཅིག་གིས་ཁ་ནས་བོད་དང་བོད་ཀྱི་རིག་གནས་ཞེས་བསྟོད་ཁུལ་འདྲ་བྱས་དོན་གྱི་ཁོག་ན་རང་བོད་ཅིག་ཀྱང་ཡིན་ན་སྙམ་པའི་དོགས་པ་ཟ་བ་དག་གི་བསྟོད་པ་ལན་བརྒྱ་བཏང་བ་ལས་།བོད་ལ་མཚོན་ན་སྨྱོད་པ་ཐེངས་དུང་ཕྱུར་འགའ་བཏང་ན་དེ་ཡག་པོ་རེད་།མི་ཚང་མས་བསམ་བློ་ཐོངས་།་བློ་གཟུར་བོ་རྣམས་ཀྱིས་དཔྱད་པ་ཐོངས་།སེམས་ལ་བཟུང་།
དེས་ན་ག་རེ་ཡིན་ནམ།ཁོང་གི་སྐྱེས་ཡུལ་ཚུན་ཆད་ནས་ང་ཚོ་ལ་རྫུན་བཤད་།མགོ་བསྐོར་བཏང་།སྒྲུང་གཏམ་བཟོས།བོད་ཀྱི་ཡོན་ཏན་པ་ཚོས་དགེ་ཆོས་ལ་དོགས་སློང་ཙམ་ཡང་བྱ་ཆོག་གི་མ་རེད་དམ་།
མགོ་ནས་མཇུག་བར་ཏུ་ལྟོས་དང་།་སྐད་ཆ་མགོ་ཚང་མ་ཁྱེད་རང་ཚོ་ནས་བརྩམས་འདུག་།དེ་རྔ་མ་སྐྱོང་ཐབས་བྱོས་།ཁྱོད་ཚོ་མི་གཞན་དག་ལ་འདི་འདྲ་བྱས་།སུ་དང་སུ་ལའང་འདི་འདྲ་ཞིག་བྱེད་ཆོག་གི་རེད་བསམ་ན་ནོར་འཁྲུལ་རེད་།ད་བར་ཏུ་སྐད་ཆ་ཡག་པོ་ཞིག་དང་།དྲང་མོ་ཤིག་གི་ངང་ནས་བསྡད་པ་ཡིན་།་ད་ལྟ་སྤྱིའི་རྩོད་དོན་དེ་ནས་ལྡོག་ཏེ་།་མི་སྒེར་གྱི་རྩོད་དོན་ཞིག་ལ་ཐུག་གི་འདུག་།་ད་ལན་ཐོབས་།་ལན་ངེས་པར་ཏུ་དགོ་གིན་ཡོད་།
མེ་རི་གཏོར་མཁན་ལགས།
ཁྱེད་ཀྱི་དྲི་བ་དག་གི་ལན་གཤམ་གསལ་ལྟར་ཡིན། དྲི་བ་རེ་རེ་ལ་ལན་རེ་རེ་བྲིས་ཡོད།
དྲི་བ། “ཡིན་ནའང་ཁྱེད་ཚོས་རང་གི་ལྟ་བ་མཐུན་པའི་རྩོམ་ཤིག་ལས་མི་མཐུན་པ་ཞིག་ཁ་བརྡའི་སྟེང་དུ་འགོད་གི་ཡོད་དམ་།”
ལན། ཡོད་ལགས། ཧ་ལམ་རྩོམ་འབྱོར་ཚད་འགོད་གི་ཡོད། བཟང་ངན་དང་ལྟ་བ་མཐུན་མིན་གྱི་དབྱེ་བ་འབྱེད་ཀྱི་མེད།
་དྲི་བ། “ཡོད་ན་རྩོམ་པ་པོ་དེའི་རྗེས་སུ་”གསར་འགོད་པ་”མངགས་གིན་ཡོད་དམ།་”
ལན། མེད༏ གསར་འགོད་པ་མངགས་རྒྱུའི་འདོད་པ་མེད་ལ་དེ་ནི་འགྲུབ་ཐུབ་པ་ཞིག་ཀྱང་མ་རེད།
དྲི་བ། “མིང་གཞན་པོ་ཤིག་བཀོད་ན་དེ་སུ་ཡིན་མིན་”ཚོད་དཔག་”བྱེད་ཀིན་ཡོད་དམ་།་”
ལན། མི་གཅིག་གིས་མིང་འདྲ་མིན་བྲིས་ཏེ། གཡོ་འཁྲབ་པ་དང་། ཕན་མི་ཐོགས་པའི་སྐད་ཆ་བཤད་པ། དཀྲུགས་ཤིང་འཕེལ་རྐྱེན་བཟོས་སྐབས། སྐབས་འགའ་ལ་ངས་ IP ཁ་བྱང་བརྒྱུད་ནས་བརྩད་གཅོད་བྱས་མྱོང་། དེའི་གྲས་ཀྱི་གཅིག་ནི་ཁྱེད་ཡིན། ངས་བརྩད་གཅོད་བྱས་པ་ཡིན། བློ་བཟང་ཡོན་ཏན་དང་ཁྱེད་གཉིས་ཀྱི་ཁ་བྱང་གཅིག་རེད་འདུག
དྲི་བ། “འདོར་ན་འདི་ཐམས་ཅད་བྱེད་དགོས་བའི་རྒྱུ་མཚན་ནམ་དམིགས་ཡུལ་ག་རེ་ཡིན་ནམ།”
ལན། མདོར་ན་འདི་ཐམས་ཅད་བྱེད་དགོས་པའི་རྒྱུ་མཚན་ནམ་དམིགས་ཡུལ་ནི་ཁ་བརྡ་དྲ་དེབ་སྤུས་དག་ཏུ་གཏོང་རྒྱུ་དེ་ཡིན་ལགས།
དྲི་བའམ་བསམ་འཆར་ལྟ་བུ། “ངས་བསམ་ན་རྩོམ་པ་པོ་དང་།མཆན་འདེབས་པ་པོ་མང་པོ་ཤིག་གིས་རྒྱུ་མཚན་གསལ་བོ་ཤེས་བསམ་གིན་ཡོད་རྒྱུ་རེད་སྙམ།དེ་བས་རེ་བ་དང་དྲི་བ་དེ་དག་བཀོད་པ་ཡིན་།”
ལན། ཁྱེད་ཀྱི་དྲི་བ་གང་ཡོད་པ་ལ་ལན་བཏབ་པ་ཡིན། ལན་འདེབས་མཁན་དགེ་འདུན་རབ་གསལ་ཡིན། ཐུགས་རྗེ་ཆེ།
ད་དངོས་གནས་དགོད་བྲོ་བོ་ཞིག་ཆགས་ཀིན་འདུག།་ཐོག་མར་མི་གཞན་གྱི་སྒེར་གྱི་གནས་ཚུལ་ཐོག་ནས་དྲ་ཚིགས་སུ་བཏང་།་གསང་མྱུལ་བཏང་།་བསམ་བཞིན་དུ་བོད་མི་སུ་ཞིག་ཡིན་ཀྱང་དངོས་གནས་བྱེད་པ་ནི་ག་ལ་སྲིད་།ཐ་ན་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨོ་བྱ་མཁན་ཡིན་པར་འདྲ་ཞེས་སྐྱོན་འདོགས་བྱས་ཡོང་དུས་།སྐད་ཆ་གཅིག་ཀྱང་མེད་།འགོག་པའི་རྩོལ་བ་གང་ཡང་མ་བྱས་།་དེ་འདི་ལྟར་མི་གཉོམ་ཆུང་དེ་བསམ་བཞིན་དུ་གདོང་ལ་ལངས་།སྐད་ཆ་འདྲ་བཤད་དུས་།ལན་ཅི་ཡང་མེད་ཁར་།ལྐོག་ནས་དེ་ལ་བཀག་འགོག་བྱས་།རྒྱ་དམར་གྱི་བྱས་བ་འདྲ་ཞིག་བྱེད་གིན་མི་འདུག་གམ།་སྐད་ཆ་དྲང་མོ་ཤོད་།་མེ་རི་གཏོར་མཁན་གྱི་སྐད་ཆ་ཁ་ཤས་ང་ཚོ་རྩོམ་སྒྲིག་པ་ཞིག་ལ་ཕོག་ཐུག་བཏང་སོང་བས་བསུབ་པ་ཡིན་པ་དང་།་བློ་ཡོན་དན་མེ་རི་གཏོར་མཁན་གཉིས་དྲ་རྒྱ་ཐོག་ཡོང་མི་ཆོག་པ་བྱས་བ་ཡིན་ཞེས་ཁྱབ་བསྒྲགས་ཤིག་།དེ་ལྟ་བུ་སྐད་ཆ་དང་ལས་ཀ་དྲང་མོ་ཤིག་བྱ་རྒྱུའི་སྤོབས་པའང་མི་འདུག་གམ།
མེ་རི་གཏོར་མཁན་ལགས།
ཁྱེད་ཀྱི་དྲི་བ་རྣམས་ལ་ཉིན་ཤས་རིང་ལན་ཀྱང་འདེབས་ལོང་མ་བྱུང་བ་དང་། ལན་མེད་དུ་འཇོག་རྒྱུའི་སྤོབས་པའང་མི་འདུག་སྟབས། ལན་བཏབ་པ་ཡིན། ཁྱེད་ཉིད་དང་བློ་བཟང་ཡོན་ཏན་སུ་ཡིན་ཡང་ཁ་བརྡ་ལ་ཕེབས་རོགས་གནང་། དེ་ནི་རྩོད་པའི་དོན་དུ་རྩོད་མཁན་ཞིག་དགོས་པ་མ་ཡིན་པར། ང་ཚོ་བསམ་བློ་མི་མཐུན་པ་རྣམས་མུ་མཐུད་ནས་གྲོགས་པོའི་ངོ་བོའི་ཐོག་ནས་རྩོད་ཐུབ་པ་ཞིག་དགོས་པ་དེ་རེད། མུ་མཐུད་ནས་ཕེབས་རོགས་གནང་།
དེ་ནས། དྲི་བ་ཁྱེད་ཀྱིས་དྲིས་པ་རེད། ངས་ལན་བཏབ་པ་ཡིན། ད་ལན་བཏབ་པ་འགྲིག་མི་འདུག་གསུངས་ན། ངས་ག་རེ་བྱེད་དགོས་རེད། དང་ཐོག་ནས་དྲི་བ་མ་དྲིས་ན་ལན་ཡོང་གི་མ་རེད་པཱ།
ད་འདིའི་སྐོར་གྱི་དྲི་བ་དང་ལན་རྣམས་བཏབ་ཟིན་པ་ཡིན། ཐུགས་རྗེ་ཆེ། ཁྱེད་སྐུ་བདེ་ཐུགས་བདེ་གསུང་བདེ་བའི་སྨོན་ལམ་ཡོད་དོ༎
དགེ་འདུན་རབ་གསལ་ལགས་།
ཁྱོད་ཚོ་འདི་འདྲ་རེད་།ལན་བཏབ་ནའང་།རང་གིས་གང་བཏབ་པ་འདོད་པ་དེའི་དྲི་ཚིག་དག་ལ་ལན་འདེབས་་པ་ལས་།དོན་གནད་ཚང་མ་གཅིག་ཀྱང་ལན་བཏབ་མི་འདུག་།
དྲི་བ་།་
གཅིག་།་”ཁྱེད་ཚོ་ལ་བློ་བཟང་ཡོན་ཏན་གཅིག་པོ་དམིགས་གསལ་གྱི་བཟུང་ཏེ་།འཕྱ་སྨྱོད་གཏོང་བ་དང་།མི་མངགས་ཏེ་མྱུལ་མ་བཏང་ནས་ཁོ་ལ་་སྐྲོ་བཏགས་ནས་”གསར་འགྱུར”སྤེལ་དགོས་བའི་སྲིད་བྱུས་ཞིག་ཡོད་དམ་མེད་།མགོན་པོ་ཕྱག་གཉིས་བའམ་མདའ་ཚན་པ་མགོན་པོ་ཚེ་རིང་གི་སྤྱོད་པ་དེ་དག་དང་སྐད་ཆ་དེ་ཚོ་ལ་སུས་འགན་ཁུར་དགོས་ཡོད་།”
གཉིས་།་མདའ་ཚན་པོ་མགོན་པོ་ཚེ་རིང་གིས་”་མིང་སྣ་ཚོགས་བཀོད་དེ་།་མི་གཅིག་གིས་མིང་འདྲ་མིན་བྲིས་ཏེ། གཡོ་འཁྲབ་པ་དང་། ཕན་མི་ཐོགས་པའི་སྐད་ཆ་བཤད་པ། དཀྲུགས་ཤིང་འཕེལ་རྐྱེན་བཟོས་སྐབས།”་ཁྱོད་ཚོས་ག་རེ་བྱས་བསམ་པ་ཡིན་།
ཁྱོད་ཀྱིས་ངའི IP ཁ་བྱང་བརྒྱུད་ནས་བརྩད་གཅོད་བྱས་མྱོང་ཡོད་པ་རེད་།་དེས་ན་མདའ་ཚན་པ་མགོན་པོ་ཚེ་རིང་དང་མགོན་པོ་ཕྱག་གཉིས་བ་མི་གཅིག་རེད་དམ་།་ཁོ་ལ་ཞིབ་མཇུག་ཅིག་མ་བྱས་པའི་རྒྱུ་མཚན་ག་རེ་ཡིན་།
ཁྱེད་ཚོ་འདི་འདྲ་རེད་།སྐད་ཆ་གཅིག་བཤད་ནའང་མི་ལ་མགོ་བསྐོར་གཏོང་བའི་སྐད་ཆ་ལས་སྐད་ཆ་དྲང་མོ་ཤིག་བཤད་ཤིན་ཏུ་ཉུང་ཞིང་།་།་ངོ་ཚ་མེད་པའི་སྐད་ཆ་འདི་འདྲ་རེད་།་་ཁྱོད་ཀྱིས་”། ངས་བརྩད་གཅོད་བྱས་པ་ཡིན། བློ་བཟང་ཡོན་ཏན་དང་ཁྱེད་གཉིས་ཀྱི་ཁ་བྱང་གཅིག་རེད་འདུག”་
སྙིང་རྗེ་།ཁྱེད་ཚོས་གློག་ལམ་གྱི་རྩ་བའི་འགྲོ་སྟངས་ཙམ་ཡང་ཤེས་གིན་མི་འདུག་མོད་།་ད་དུང་ཡིན་མདོག་གིས་སྐད་ཆ་འདི་འདྲ་བཤད་ཡོང་གིན་འདུག་།ངས་གོ་ཐོས་ལ་བློ་བཟང་ཡོན་ཏན་གྱིས་བྱང་ཨ་རི་ནས་རྩོམ་དེ་དང་།མཆན་དེ་དག་བཏབ་འདུག་།མེ་རི་གཏོར་མཁན་གྱིས་དབྱིན་ཇི་ལུང་པ་ནས་རྩོམ་དེ་དང་།མཆན་དེ་ཚོ་རྒྱབ་འདུག་།་གོ་ཐོས་ལ་གཉིས་ཀས་་ IPམི་འདྲ་བ་ལ་།་ཡི་གེ་ཁ་བྱང་མི་འདྲ་གཉིས་བཀོལ་འདུག་།་དེ་ན་ཁྱོད་ཀྱིས་ག་རེ་བྱས་ནས་IPལ་ཞིབ་མཇུག་བྱས་པ་ཡིན་།སྐད་ཆ་འདི་འདྲ་རྗེས་ནས་མ་ལབ་།་རང་བླུན་པོ་རྟགས་ཤིག་བསྟན་གིན་འདུག་མ་གཏོགས་།གཞན་ཅི་ཡང་མི་འདུག་།
གསུམ་།་ངས་རྩ་བའི་ཆ་ནས་ཤེས་འདོད་པ་ཡིན་།་ཁྱེད་ཚོས་རང་ལ་ཁྲིམས་ག་འདྲ་ཤིག་བཟོས་ཡོད་།ང་ཚོའི་ཁ་བྱང་དང་གསང་གྲངས་རྣམས་ག་རེ་བྱེད་ཀིན་ཡོད་།ཁྱེད་ཚོ་རང་གིས་”་མིང་སྣ་ཚོགས་བཀོད་དེ་།་མི་གཅིག་གིས་མིང་འདྲ་མིན་བྲིས་ཏེ། གཡོ་འཁྲབ་པ་དང་། ཕན་མི་ཐོགས་པའི་སྐད་ཆ་བཤད་པ། དཀྲུགས་ཤིང་འཕེལ་རྐྱེན་བཟོས་སྐབས།”་ག་རེད་བྱས་གིན་ཡིན་།མདའ་ཚན་པོ་མགོན་པོ་ཚེ་རིང་གིས་བློ་བཟང་ཡོན་ཏན་གྱི་མི་སྒེར་གྱི་གསང་བའི་གནས་ཚུལ་བཀོད་།སྐྲོ་འདོགས་།འཆལ་གཏམ་སྤེལ་།ལྷག་པར་ཏུ་བོད་མི་སུས་ཀྱང་ཉན་མི་འདོད་པའི་སྐད་ཆ་དང་དོགས་སློང་སྟེ་རྒྱལ་བ་རིན་པོ་ཆེ་ལ་སྡིག་མཁན་ཡིན་རྒྱུ་རེད་ཅེས་འཆལ་གཏམ་སྤེལ་ན་།ཁྱོད་ཚོས་ག་རེ་བྱས་བསམ་པོ་ཡིན་།སྐད་ཆ་དེ་འདྲ་དབང་གིས་སྔོན་ཆད་མདའ་ཚན་པ་མགོན་པོའི་མྱོང་བ་མ་རེད་དམ་།
བཞི།ཁྱོད་ཚོས་གོང་གི་དྲི་ཚིག་དེ་དག་ལ་ལན་གསལ་བོ་ཤིག་མ་བཏབ་བར་ཏུ་ཁྱོད་ཚོས་སྐད་ཆ་ཅི་བཤད་ཀྱང།་འཆལ་གཏམ་དང་།འགན་མ་ཁུར་བའི་སྐད་ཆ་ཁོ་ན་རེད་།
བློ་ཡོན་ལགས།
༡།་་་ཁྱེད་ཀྱི་དྲི་བ་ ལ་ལན་བརྒྱབ་ནས་ཚར་རྒྱུ་ཡོད་རྒྱུ་མ་རེད།་་་ཁྱེད་ཀྱི་དྲི་བ་ལ་ལན་བརྒྱབ་ནས་ ཁྱེད་ཀྱི་སེམས་ནད་སངས་ཐུབ་པའི་ཡིད་ཆེས་ཀྱང་བྱེད་ཀྱི་མེད་ལ།་་་་ང་ཚོ་ལ་ཁྱེད་ ཀྱི་དྲི་བ་ཚང་མར་ལན་རྒྱག་པའི་འགན་ཁུར་ཡང་ཡོད་པ་མ་རེད།
༢།་་་ཁྱེད་རང་ཁ་བརྡ་ལ་ ཡོང་ན་རྒྱུ་མཚན་གནས་ལུགས་བཤད་དུ་ཤོག་་་ཀླན་ཀ་འཚོལ་བ་དང་།་་་ཁྱད་གསོད་བྱེད་ དུ་མ་ཡོང་།་་་ཁྱེད་ཀྱི་ཀླན་ཀ་དང་ཁྱད་གསོད་ལ་ཉན་རྒྱུའི་འགན་འཁུར་ཡང་ང་ཚོར་ ཡོད་པ་མ་རེད།
༣།་་་ད་ནས་བཟུང་ཁྱེད་ ཀྱི་མཆན་དུ་ཁ་བརྡའི་དོ་བདག་རྣམས་ཚུད་པའི་གང་ཟག་གང་རུང་ཞིག་ལ་ཀླན་ཀ་འཚོལ་བ་ དང་ཁྱད་གསོད་བྱེད་ཀྱི་ཡོད་པ་ཚོར་ན་གཅིག་ཀྱང་ཁ་བརྡ་ལ་གཏོང་གི་མིན་པ་དགོངས་ འཇགས་ཞུ།
ཨ་ཤུ་རེ་ཁོ། ཡང་གཞུང་ལུགས་ཀྱི་རྩོད་པ་འདི་སྒེར་བའི་རྩོད་པར་འགྱུར་ཐལ།
འདི་གར་རྩོད་པ་ཁྱད་འཚར་རྐྱང་རྐྱང་བྱེད་ཀྱི་འདུག མ་གཞི་ནས་ཅི་ཞིག་རྩོད་ཀྱི་ཡོད་དམ། འདི་ནས་མི་སྒེར་གྱི་དོན་དག་མ་བརྩད་ན་མི་ཆོག་གམ། ཅུང་ཡ་ང་བ་ཞིག་རེད་ཀོ
མཁས་དབང་དགེ་འདུན་ཆོས་འཕེལ་ལ་རྗེས་དྲན་དུ་ཕུལ།
འཇམ་དཔལ་དཔའ་བོའི་ཐུགས་རྗེའི་ཆ་ཤས་སྙིང་ལ་ཞུགས་པའི་བྱིན་རླབས་ཀྱིས། །
ཡང་དག་རིགས་པའི་འཕྲུལ་འཁོར་བསྐོར་བར་རྒོལ་བ་གཞན་གྱིས་མི་རྫི་བ། །
གཟུར་གནས་དྲང་པོའི་གནམ་ལྕགས་མདའ་མོས་བློ་འཁྱོག་བྲག་རི་ཐལ་བར་བརླགས། །
རིགས་པའི་དཔའ་བོའི་མཚན་གྱི་ཅོད་པན་སྤྱི་བོར་བཅིངས་དེ་སྙིང་ནས་དྲན། །
སྙིང་སྟོབས་ཆེན་པོས་ས་མཐའ་བསྐོར་ནས་རིགས་པའི་དབྱིག་རྣམས་རུམ་དུ་བསྡུས། །
ཤེས་རབ་ཆེན་པོས་གཞལ་བྱའི་གནས་རྣམས་ཕྲ་ཞིབ་རིགས་པས་གཏན་ལ་ཕབ། །
ལྷག་བསམ་དཀར་པོས་གངས་རིའི་ལྗོངས་ཀྱི་གངས་ཕྲུག་རྣམས་ལ་སྐྱེས་སུ་བསྩལ། །
མཛད་རྗེས་དཀར་པོ་སྲིད་པའི་མཐའ་ཡང་ནུབ་མེད་གོ་ལའི་རྒྱན་དུ་མཛེས། །