བོད་ནས་ས་སྐྱ་དགོན་གྱི་དཔེ་མཛོད་ཁང་དང་ཞ་ལུ་དགོན་དུ་བཞུགས་པའི་ས་སྐྱ་བཀའ་འབུམ་དབུ་མེད་བྲིས་མ་སོགས་ནས་གསར་དུ་རྙེད་པའི་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་པོད་བཞི་པར་སྐྲུན་བྱས་པའི་ཁྲོད་ནས་ལེགས་བཤད་ཀྱི་བསྟན་བཅོས་འདི་ཁོལ་དུ་ཕྱུངས་པའོ། འདིའི་མཚན་བྱང་ལ་ “སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།། “ ཞེས་འཁོད་ཅིང་། དཔེ་མཚོན་གྱི་ཚིགས་བཅད་ནི་ གཤམ་གསལ་ལྟར་རོ།།
ཀུན་ལ་སྙོམས་པ་ཕལ་པ་སྟེ།།
རང་དོན་སྒྲུབ་པ་ཕལ་པ་ཡིན།།
མཁས་པའི་བྱ་བ་དགག་སྒྲུབ་སྟེ།།
ཤེས་བཞིན་སྤོང་བ་དོན་མེད་ཡིན།།
ཡུལ་འཁོར་སྐྱོང་བ་ཆེན་པོ་སྟེ།།
བུ་སྨད་འཚོག་པ་ཐ་ཤལ་ཡིན།།
ཚིག་དོན་མཐུན་པ་དྲང་པོ་སྟེ།།
གཞན་རྒྱུད་ལེན་པ་གཡོ་ཅན་ཡིན།།
བཟང་ལ་ལན་ཡོད་བཟང་པོ་སྟེ།།
དྲིན་གཟོ་མེད་ན་གླེན་པ་ཡིན།།
ལེའུ་ལྔ་འདུག
ད་དུང་”ཆོས་དང་ཆོས་་མ་ཡིན་པ་རྣམ་པར་འབྱེ་དཔའི་བསྟན་བཅོས་ལེགས་བཤད་ཉི་མའི་སྙིང་པོ།” ཞེས་པའི་ལེགས་པར་བཤད་པའི་བསྟན་བཅོས་ཀྱང་བཞུགས་ལ། དེ་བཞིན་ས་པཎ་གྱིས་མཛད་པའི་ཆོས་འབྱུང་ཆེན་མོ། སློབ་དཔོན་བསོད་ནམས་རྩེ་མོའི་གསུང་གི་བླ་མ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱི་རྣམ་ཐར་ལྟ་བུ་ལོ་རྒྱུས་ཀྱི་ཡིག་ཆ་དང་ཐ་སྙད་རིག་གནས་གནས་ཀྱི་བསྟན་བཅོས་ཀྱང་མང་ཙམ་བཞུགས་སོ། གོང་འཁོད་ལེགས་བཤད་ཀྱི་བསྟན་བཅོས་དེ་གཤམ་གྱི་འབྲེལ་ཐག་བརྒྱུད་ནས་ PDF ཐོག་གཟིགས་འཚལ་ལོ།།
gzhon nu’i mgul rgyan
ས་སྐྱ་ལེགས་བཤད་ཀྱི་དཔེ་ཆ་གསར་དུ་རྙེད་པ་དེ་་བརྡ་དྲྭ་ཐོག་ཏུ་བཀོད་པར་བཀའ་དྲིན་ཆེ།
་
སྙིགས་དུས་སྐྱེ་བོ་མི་སྲུན་པ།
ཡིན་ལུགས་སྨྲས་ན་འཁོན་འཛིན་ཆེ།
བཏང་སྙོམས་བཞག་ན་བསྟན་ལ་གནོད།
དེས་ན་འདི་ལ་ཇི་ལྟར་བགྱི། །
ཞེས་གསུངས་པ་དོན་ལ་གནས།
བོད་ཀྱི་རིག་གཞུང་སྐད་ལ་དགོངས་ཏེ། གང་གིས་ཡི་གེ་སྦྱོར་བ་ན།
་
ཆོས་ཀྱི་སྐད་དང་མཐུན་པ་ཡིས།
རང་ལུང་སྐད་ངན་སྤང་བར་བྱ།
་
ཞེས་གསུངས་སོ།
སྙིགས་དུས་སྐྱེ་བོ་མི་སྲུན་པ།
ཡིན་ལུགས་སྨྲས་ན་འཁོན་འཛིན་ཆེ།
བཏང་སྙོམས་བཞག་ན་བསྟན་ལ་གནོད།
དེས་ན་འདི་ལ་ཇི་ལྟར་བགྱི། །
ཞེས་པ་ལ།
བོད་རིགས་སྤྱི་སྐད།
དེང་དུས་བྱེས་གཞུགས་ཁ་གྱེས་པས། །
ཡིན་ལུགས་སྨྲས་ན་ཉན་ལོང་མེད། །
བཏང་སྙོམས་བཞག་ན་སྐད་ལ་གནོད། །
དེས་ན་འདི་ལ་ཇི་ལྟར་བགྱི། །
ཞེས་པའི་ལན་དུ།
དབུས་ཀྱི་ཆོས་སྐད་ཡིག་སྐད་དམ། །
སུམ་རྟགས་དག་རྙིང་གང་མཐུན་སྒྲིགས། །
ལུང་སྐད་གཙང་སེལ་གང་མཁོ་བཏུས། །
བོད་རིགས་སྤྱི་སྐད་གང་མཐུན་གྱིས། །
མྱི་རིགས་རེ་ལ་མྱི་སྐད་རེ།
མྱི་སྐད་བརྡ་ཡི་གཞུང་ཆེན་ལ།
ལུང་སྐད་ཟེར་ནས་སྨོད་པ་འདི།
ལུགས་མེད་བླ་རྒན་ཀླད་འཁོར་རེད།
ཐོན་མིས་ལུང་སྐད་ཡི་གེར་ཕབས།།
ལུང་སྐད་བརྡ་ལ་ཞིབ་འཇུག་མཛད།
ལུང་སྐད་བརྡ་ལས་བརྡ་སྤྲོད་སྤེལ།།
ལུང་སྐད་གཞུང་གི་མཁན་པོར་བཀོད།
དེ་ནས་བླ་རྒན་ལོ་ཙྭ་འགས།།
ཐུབ་བའི་བསྟན་པ་སྤེལ་བ་ལ།།
མིང་བརྡ་རང་སྣང་གང་བདེ་བཀོལ།།
སྐད་བརྡ་གཞུང་ལ་མཐོང་ཆུང་བྱས།།
ཆོས་བ་མིན་པའི་ཁྱིམ་ཆེན་ལ།།
ཆོས་སྐལ་མེད་པའི་ནག་ཉེས་བསགས།།
ཆོས་ཚིག་མིན་པའི་གནའ་ཚིག་ལ།།
རིགས་གཞུང་གཏོར་བའི་ཉེས་འགལ་བྱས།།
ཆོས་ལྟོར་ཆགས་པའི་མྱི་རྒན་ཚོའི།།
སེམས་ཁ་འདི་འདྲས་དོག་པ་འདི།
སྐད་བརྡ་མིང་གི་དགྲ་པོ་རེད།
བོད་སྐད་སྲོག་གི་གཤེན་མ་རེད།
ཝཱཎ་མཐོ་སློབ་ས་སྐྱའི་སློབ་གཉེར་ལྷན་ཚོགས་པར་སྐྲུན་བྱས་ཏེ་ལོ་གསུམ་ཙམ་ཕྱིན་པ་རེད།