གཅན་ཡུ་མོ།
སྐར་མ་འོད་ཆེན་ལྟ་བུའི་སྐྱེས་བུ་ཞིག
མཁའ་དབྱིངས་ལྟ་བུའི་ཡུལ་གྲུ་ཞིག་ན་འཚེར་སྐད།
མི་ལ་ལས་་་་་་་སྐར་མ་འོད་ཆེན་དེ་ནི་གནམ་སའི་བདག་དབང་འཛིན་པའི་སྟོབས་ཆེན་ཞིག་ཡིན་སྐད།
མི་ལ་ལས་་་་་་ཁོ་ནི་ཁོ་རང་གི་སླད་དུ་འཚོ་གིན་པའི་མྱི་ནུས་མེད་ཅིག་ཡིན་སྐད།
དོན་ངོ་མར། མིག་མདུན་དུ་ལྷགས་པའི་ཡུལ་གྲུ་ཞིག་གི་ལྟོ་བ་རུ།
མིག་ཆུ་མ་ཡིན་མིག་ཆུ་དམར་པོ་ཞིག་འཕོས་པ་གཏམ་རྒྱུད་དུ་མངའ་འོ།
སྐར་མ་འོད་ཆེན་ལྟ་བུའི་སྐྱེས་བུ་ཡ།
ས་གཞི་ལྟ་བུའི་མཁའ་དབྱིངས་ནས་འཚེར་བ་་་་་ཚེ་སྲོག་ཅིག་་་་་་་་རྟོགས་སད་ཅིག་་་་་
ཨ་ཁ་་་་་་ང་ད་དུང་མགོ་བོ་རྨོངས་འདུག ཅི་ཞིག་གི་སླད་དུའོ། ་
རང་ཆོས་སུ་གྲུབ་པའི་རྒྱུ་མཚན་གྱིས་ཡིན་ནམ།
ཐེག་དགོས་པའི་རང་འགན་ཡིན་པའི་རྒྱུ་མཚན་གྱི་ཡིན།
ཁྱེད་རང་མུན་ནག་འཇིགས་རུང་གི་ཡུལ་གྲུ་ན།
ནམ་ཡང་་་་་ནམ་ཡང་ཞུམ་མེད་ངང་འོད་མདངས་འཕྲོས།
འོད་མདངས་དེས། ས་ཆེན་གྱི་མཐོངས་ཀ་ན་རྒྱུ་བའི་འཁྱམས་པོ་ཚོར།
རང་གནས་ཐུབ་པའི་མིག་ཟུང་ཞིག་གནང་ཡོད་སྐད།
དོན་ངོ་མར་་་་་་་་་་་་
སྐར་མ་འོད་ཆེན་་་་་་་་་་་
མི་ལ་ལས་་་་་་་་
ཡིག་ནོར་ཁ་ཤས་འདུག ཡིག་ནོར་ལ་གཟབ་ནན་གནང་རོགས། རང་མོས་སྙན་ངག་གཅིག་པུ་ལ་འཐམས་ནས་མ་འདུག རྩོམ་ཡིག་རེ་འབྲི་བར་ཡང་འབད་བརྩོན་གནང་རོགས། རེ་འདུན་ཙམ་ཡིན།
གཅན་ཚ་བ་སྲིན་པོ་རྫ་རྒན་གྱིས།