རེབ་ཐོག་མདའ།
ས་སྲོད་ཀྱི་བསམ་གཞིགས།
ཁ་བ་མ་བབས་པས
བདག་གིས་ཁ་བ་མེ་ཏོག་གི་དུས་ཚིགས་ཤིག་རུམ་བཞིན
རྒས་ཀྱིན་པའི་མེས་པོ་ཞིག་གི་གཏམ་རྒྱུད་དེ
སྐད་ཆེན་པོའི་ངང
སླར་ཡང ཐེངས་ཅིག་ཀློག་ན་བསམ་ཡང
བདག་གི་མེས་པོ
གནས་འདིའི་མྱི་དག་དང་ཆ་མེད་དུ་སྣང་བས
བདག་ཁེར་རྐྱང་དུ་འགྲེང་ནས
བསམ་གཞིགས་ཀྱི་སྣེ་མོ་རྒྱང་ལ་བསྲིང་དུས
བདག་གིས་ད་གཟོད
མེས་པོའི་ཁ་ཆེམས་དག་རྒུམ་བཞིན
སླར་ཡང་མེས་པོ་ཚོ་དང་ཁ་ཐག་ཉེ་བའི
མཐོ་སྒང་གི་སྦྲ་ཁྱིམ་དེ་སྙེག་ན་འདོད
༢༠༡༣ ཟླ་༢ཚེས ༡༩་དགོང་མོ་རང་ཤག་ནས
འཚོ་བ།
བྱིས་པ་ཚོའི་རྨི་ལམ་ན་གཉིད་དུ་གཡེར་འདུག་པ་ནི་ཁྱོད་ཡིན་ལ
ལ་ལོན་ཚོའི་སྐྲ་ལོ་ཟ་བཞིན་པའི་ཁ་བ་དཀར་པོ་དེ་ཡང་ཁྱོད་ཡིན་སྲིད
ཁྱོད་རྩྭ་ཐང་ནས་གྲོང་ཁྱེར་ལ་སླེབས་དུས
བདག་གིས་ཁྱོད ཁ་སང་གི་འབྲོག་པ་རྒན་པོ་དེ་ཡིན་ན་བསམ་བྱུང་ལ
ཁྱོད་གངས་རི་དང་ཁ་ཐག་གིས་གྱེས་དུས
བདག་གིས་ཁྱོད བདག་ཁོ་ན་ལ་མི་དབང་བ་ཡང་རྟོགས་མོད
འོན་ཀྱང
ཁྱོད་ལ་སྨྲེ་ངག་འདོན་མཁན་གྱི་སྐྱེ་བོ་དེ་དག
ཁྱོད་ལ་སྙིང་བོ་མེད་པར་འདོད་པའི་བསམ་མེད་དེ་དག
དེ་དག རེ་རེ་བཞིན་མིག་ལ་སྣང་དུས
ཁེར་རྐྱང་བདག རྨི་ལམ་མ་ཡིན་པའི་རྨི་ལམ་དེའི་ཟབ་ས་ན
ལུས་འདུག་པ་ཚོར་སོང
དེར་བརྟེན
ཁྱོད་བདག་དང་ཐག་ཉེ་ས་རུ་བཅར་དུས
བདག་གིས་ཁྱོད་ཀྱི་ངོ་གདོང་དེ་མཐོང་མ་ཐུབ་ལ
ཁྱོད་བདག་དང་རྒྱང་རིང་སུ་གྱེས་རྗེས
བདག་གིས ཁྱོད་ཀྱི་ལྐོག་གྱུར་གྱི་ངོ་གདོང་དེ་འཚོལ་ན་འདོད་ཀྱང་
ད་དུང
ཨ་ཕས་ཐོད་དུ་བྲིས་པའི་གཉེར་རིས་སྟུག་པོ་དེ
ཨ་མའི་ངག་ན་འདར་བཞིན་པའི་ཡིག་དྲུག་གི་དབྱངས་རྟ་དེ
དེ་དག ཁྱོད་ཀྱིས
ཁོང་ཚོ་ལ་བཞག་པའི་མི་ཚེ་གཅིག་གི་གཏམ་རྒྱུད་ཡིན་ལ
ཁྱོད་ཀྱིས་ཁོང་ཚོ་ལ་བཞག་པའི་ལོ་ཟླ་ཞིག་གི་དྲན་ཤིང་ཡིན་སྲིད
འཚོ་བ
ལོ་ངོ་སུམ་ཅུའི་ཁུགས་སོ་ནས
ངས་ད་དུང་ཅི་ཡང་རྙེད་མ་སོང་ལ
ངས་ཁྱོད་ལ་ལག་རྗེས་ཅི་ཡང་འཇོག་ཐུབ་མ་སོང
མ་ཟད་ཁྱོད་ཀྱིས་བདག་ལ
མང་པོ་མང་པོ་ཞིག་སྤྲད་སོང་མོད
ངས་ད་དུང་ཁྱོད་ཀྱི་འགྱུར་སླ་ལ་རྙིད་དཀའ་བའི་ངོ་གདོང་དེ་མཐོང་མ་སོང་ལ
ངས་ད་དུང་ཁྱོད་ལ་སྐད་ཆ་དྲང་མོ་ཞིག་ཀྱང་འཆད་ཐུབ་མ་སོང
ནམ་རྒྱུན
བདག་གིས་ཁྱོད་ཀྱིས་བདག་ལ་སྤྲད་པའི་ལས་དབང་འདིའི་སྣེ་མོ་ནས
ཁོང་དང་འདྲ་བར
རང་ཉིད་ལ་དབང་ཆོག་ཆོག་གི་གནས་མལ་ཞིག་བཙལ་ཏེ
དྲོད་ཁོལ་འཛོམས་པའི་གཞིས་ཁྱིམ་ཞིག་ནས
སླར་ཡང རྒས་ཀྱིན་པའི་ཕ་མ་དང
བོར་གྱིན་པའི་རྨི་ལམ་དག་ལ་དྲན་གསོ་རེ་བྱེད་ན་འདོད་ཨང