ཁྲོ་གཏུམ།
མིག་གིས་རྒྱང་ལ་ཅེར་ཅེར་བའི་ས་སྲོལ་ལ
ཤོག་སྟེང་གི་ཡི་གེ་མི་མཐོང་བའི་ས་སྲོལ་ཅིག་ལ
གོམ་སྒྲ་ཇེ་གསལ་དང་མཐོང་ལམ་ཇེ་དམར་རུ་གྱུར
ཉི་མ་ཤིང་རྟ་བདུན་གྱིས་འདྲུལ་གྱིན་པའི་ཕ་མའི་གནའ་གཏམ
ཡིད་ཀྱི་ལུང་པར་བཞུར་བའི་གཙང་བོའི་འབྱུང་ཁུངས
ལོ་རྒྱུས་ཀྱི་བང་སོར་བཏབ་པའི་ཡིག་འབྲུ་དེའི་གསེབ་ལ་བཙལ
སྲོལ་གདོང་ནག་གི་མཚམས་སུ
ཟླ་བ་ཕེབས་པར་སྒུག་པའི་ལོ་ཟླ
ཉི་མ་ལོག་ཕེབས་ཀྱི་སེམས་སྒུག་གི་ཟླ་གྲངས་ལོ་གྲངས
ས་སྲོལ་ལ་ལྷག་ཏུ་དྲན་པའི་རེ་བ་དག
མིག་རྒྱང་གཅད་པའི་ས་སྲོལ་དེའི་དབང་འོག་ལ་ལྷག
༢༠༢༠/༠༧།༡༥ཉིན་ཨོ་གླིང་གི་དེའུ་འབུར་ཞིག་གི་སྒང་དུ།