སྤྱན་ཆེན་པོ།
འདུ་ཤེས་སྲོས་ལ་གཡེང་བ་ན།།
མགུ་བའི་རྩེ་མོར་ཕྲ་རྒྱན་བཏབ།།
ཏིང་འཛིན་བདེ་བའི་དགའ་མ་ཡང་།།
རེ་ཞིག་དགོང་ཁའི་སྤྲིན་ལ་ཅེར།།
མ་བྲིས་རི་མོ་འགུལ་བ་ན།།
བྲིས་པའི་ཡིད་གདུང་རབ་ཏུ་ལྕི།།
ད་ནི་དམར་ཆུང་སེམས་པ་འདི།།
བྱ་ཞིག་ཡིན་ན་བསམས་བྱུང་རེ།།
ཉི་མའི་ཕྱག་ཟུང་བསྐུམས་པ་དང་།།
མཚམས་སྤྲིན་རང་མདངས་མངོན་པ་ན།།
མིག་ཆུས་བྲིས་པའི་འཕྲིན་པ་དག།
དགུན་ཁའི་ཁ་བད་ཨེ་ཡིན་ནམ།།
ཆབ་སྲིད་ནག་པོའི་རྩེད་ཆས་འདི།།
ལུས་ཅན་ཡོངས་ལ་བྲིན་པའི་སྐབས།།
སྲོས་ཀྱིས་སྦྱིན་པའི་ལོངས་སྤྱོད་ཅིག།
སྙིང་ལ་སིམས་པའི་འཇིག་རྟེན་ནོ།།
༢༠༢༡/༠༡/༠༣