པདྨ་ཚེ་དབང་ཤཱསྟྲིས།
Main pal do pal ka shayar hoon,
Pal do pal meri kahani hai
Pal do pal meri hasti hai
Pal do pal meri jawani hai
ང་ཡུན་གཅིག་ཡུན་གཉིས་ཀྱི་སྙན་ངག་མཁན་ཡིན།
ཡུན་གཅིག་ཡུན་གཉིས་ངའི་ལོ་རྒྱུས་རེད།
ཡུན་གཅིག་ཡུན་གཉིས་ངའི་རྩེད་འཇོ་རེད།
ཡུན་གཅིག་ཡུན་གཉིས་ངའི་གཞོན་དུས་རེད།
Kabhi khud pe,
Kabhi halaat pe rona aaya
Baat nikli,
Toh har ek baat pe rona aaya
སྐབས་འགར་རང་ཉིད་དང་།
སྐབས་འགར་གནས་སྟངས་ལ་ངུ་ཤོར།
ངག་ཐལ་ཤོར་བ་དང་།
གླེང་མོལ་རེ་རེ་ལ་ངུ་ཤོར།
Main zindagi ka saath nibhata chala gaya,
Har fikr ko dhuyein mein udata chala gaya
Barbadiyon ka shok manana fizul tha,
Barbadiyon ka jashna manata chala gaya
ངས་མི་ཚེ་དང་ལྷན་དུ་དམ་ཚིག་སྲུང་བཞིན་སྐྱོད་པ་ཡིན།
སེམས་ཁྲལ་ཡོད་ཚད་དུ་རླུང་ལ་བསྐྱུར་བཞིན་སྐྱོད་པ་ཡིན།
གོད་ཆག་ལ་མྱ་ངན་བྱེད་པ་དོན་མེད་ཡིན་པའི་ཕྱིར།
གོད་ཆག་གི་སྟོན་མོ་སྲུང་བརྩི་བྱེད་བཞིན་སྐྱོད་པ་ཡིན།
Tang aa chuke hai kashmakash-e-zindagi se hum,
Thukara na de jahan ko kahin be dili se hum
Lo aaj humne tod diya, rishta-e-ummid,
Lo ab kabhi gila na karenge kisi se hum
རྙོག་འཛིང་ཅན་གྱི་མི་ཚེར་ང་ནི་ཡིད་ཐང་ཆད།
སྙིང་དབུས་འཇིག་རྟེན་དེ་ནས་ང་ནི་མ་དོར་ན།
ད་རིང་ངས་ནི་རེ་བའི་འབྲེལ་ཐག་བཅད་པ་ཡིན།
ད་ནས་སུ་ལའང་ངས་ནི་འཁོན་འཛིན་མི་བྱའོ།
Tu hindu banega
Na musalmaan banega,
Insaan ki aulaad hai,
Insaan banega
ཁྱོད་ནི་ཧིན་དུ་མི་ཆགས་ལ།
ཁ་ཆེ་ཡང་ནི་ཆགས་མི་འགྱུར།
མི་ཡི་ཕྲུ་གུ་ཡིན་པའི་ཕྱིར།
མི་ཞིག་ཆགས་རྒྱུ་ངེས་པ་རེད།
Kabhi kabhi mere dil mein, khayal aata hai,
Ke jaise tujhko banaya gaya hai mere liye
Tu ab se pehle sitaron mein bas rahi thi kahin
Tujhe zami pe bulaya gaya hai mere liye
སྐབས་རེ་སྐབས་རེ་ངའི་སེམས་ལ་འདི་ལྟར་འཆར།
ཁྱོད་ནི་ང་ཡི་ཆེད་དུ་བཟོས་པ་བཞིན།
ད་ལྟའི་སྔོན་ལ་ཁྱོད་ནི་སྐར་ཚོགས་དབུས་སུ་གནས་བཅས་ཡོད།
ས་སྟེང་འདི་རུ་ཁྱོད་ནི་ང་ཡི་ཆེད་དུ་བོས་དང་འདྲ།
Apni tabahiyon ka mujhe koi gham nahi,
Tumne kisi ke saath mohabbat nibha toh di
རང་གིས་རང་ཉིད་ཕུང་ལ་སྦྱར་བར། ང་ལ་འགྱོད་པ་སྤུ་ཙམ་མེད།
ཁྱོད་ཀྱིས་གང་ལྟར་གཅིག་དང་ལྷན་དུ། བརྩེ་དུངས་དམ་བཅའ་སྲུང་ནས་འདུག
Ye zulf agar khul ke bikhar jaye toh accha,
Iss raat ki taqdeer sanwar jaye toh accha
Jis tarah se thodi si tere saath kati hai,
Baki bhi isi tarah guzar jaye toh accha
ལན་བུ་འདི་དག་གལ་ཏེ་ཞིག་སྟེ་འཐོར་བར་འགྱུར་ན་བཟང་ངོ་སྙམ།
མཚན་འདིའི་བསོད་ནམས་གོས་ཀྱིས་རྒྱན་ཏེ་མཛེས་པར་འགྱུར་ན་བཟང་ངོ་སྙམ།
ཁྱོད་དང་ལྷན་དུ་དུས་ཚོད་ཡུད་ཙམ་ཇི་ལྟར་བསྐྱལ་བར་གྱུར་བ་ལྟར།
ལྷག་མ་རྣམས་ཀྱང་འདི་འདྲའི་ངང་ནས་ཡོལ་པར་འགྱུར་ན་བཟང་ངོ་སྙམ།
Bujha diye hain khud apne haathon,
Mohabbat ke diye jala ke,
Meri wafa ne ujaad di hai,
Ummeed ki bastiyan basa ke
Tujhe bhula denge apne dil se,
Yeh faisla toh kiya hai lekin,
Na dil ko malum hai na humko
Jiyenge kaise tujhko bhula ke
བརྩེ་དུངས་སྒྲོན་མེ་སྦར་བར་བྱས་ཀྱང་།
རང་གི་ལག་པས་བཅོམ་པ་ཡིན།
རེ་བའི་གྲོང་ཁྱེར་བསྐྲུན་པར་བྱས་ཏེ།
དམ་ཚིག་བཙན་མཁར་བཤིགས་པ་ཡིན།
སེམས་ཀྱི་གཏིང་ནས་ཁྱོད་ཉིད་བརྗེད་པའི།
ཐག་གཅོད་གཅིག་ནི་བྱས་གྱུར་ཀྱང་།
ཁྱོད་ཉིད་བརྗེད་དེ་ཇི་ལྟར་འཚོ་བ།
སེམས་ཀྱིས་མི་ཤེས་ངས་མི་ཤེས།
Barbaad-e-mohabbat ki dua saath liye ja,
Toota hua iqraar-e-wafaa saath liye ja
Ik dil tha jo pehle hi tujhe saump diya tha,
Ye jaan bhi ae jaan-e-adaa saath liye ja
གང་ལ་སྨོན་པའི་བརྩེ་དུངས་གོད་ཆག་མཉམ་དུ་འཁྱེར་ནས་ཕེབས་རོགས་མཛོད།
འགྱུར་མེད་དམ་ཚིག་ཁས་ལེན་ཉམས་པ་མཉམ་དུ་འཁྱེར་ནས་ཕེབས་རོགས་མཛོད།
སྙིང་གཅིག་ཡོད་པ་དང་པོ་ཉིད་ནས་ཁྱོད་ཀྱི་ལག་ཏུ་བཞག་པ་ཡིན།
སྲོག་འདི་ཡང་ནི་ཉམས་ལྡན་ཁྱོད་ཀྱིས་མཉམ་དུ་འཁྱེར་ནས་ཕེབས་རོགས་མཛོད།
Chehre pe khushi chaa jati hai,
Aankhon mein suroor aa jata hai,
Jab tum mujhe apna kehte ho,
Apne pe guroor aa jata hai
Jab tumse mohabbat ki humne
Tab ja ke kahin ye raaz khula
Marne ka saleeqa aate hi
Jeene ka shaur aa jata hai
ང་ཁྱོད་ལ་དུངས་ཞེས་བརྗོད་སྐབས་དེར།
གདོང་ལ་དགའ་སྤྲོའི་འོད་མདངས་འཁྱིལ།
མིག་ལ་མྱོས་པའི་སྤྲོ་སྣང་ཤར།
ངས་ཁྱོད་ལ་བརྩེ་དུངས་བྱས་པའི་སྐབས།
རང་ཉིད་ལ་སྤོབས་པ་འཕེལ་གྱི་འདུག
སྐབས་དེ་དུས་གསང་བ་ཤོར་ནས་སོང་།
འཆི་བ་ཡི་བཟང་སྤྱོད་སླེབས་མ་ཐག
གསོན་པའི་ཉེས་སྤྱོད་སླེབས་ཉེན་གདའ།
Jab bhi jee chahe nayi duniya basa lete hain log
Ek chehre pe kayi chehre laga lete hain log
འཇིག་རྟེན་པ་ཚོས་འདོད་ལ་གང་ཤར་མི་ཚེ་གསར་པ་བསྐྲུན་གྱི་འདུག
གདོང་གཅིག་སྟེང་དུ་གདོང་པ་སྣ་མང་འདོད་ལ་གང་ཤར་གཡོག་གིན་འདུག
Pyar par bas toh nahi hai mera, lekin phir bhi
Tu bata de ke tujhe pyar karu ya na karu
བརྩེ་དུངས་ཐད་ལ་སྟངས་འཛིན་ང་ལ་མེད།
འོན་ཀྱང་ཁྱོད་ལ་བརྩེ་དུངས་བྱེད་མི་བྱེད།
ཁྱོད་ཀྱིས་ཤོད་དང་ང་ཡིས་མི་ཤེས་གདའ།
པདྨ་ཚེ་དབང་ཤཱསྟྲིས་༢༠༢༠ ཟླ་༣ ཚེས་༡༣ ཉིན།
རྡོ་ཆག་བཙན་སྒྲུག་གི་གཞས་ཚིག་བོད་པ་ལ་དགོས་མཁོ་མི་འདུག རྒྱ་གར་ལ་གལ་ཆེ་ནའང་ཐང་་་་་་་ཁྱི་སྐྱག་རང་རེད།