རྩམ་པ་ནི་བོད་པའི་ཁ་ཟས་ཡིན་ཞེས་བརྗོད་ན་དེ་ནི་སྤྱིར་བཏང་ཞིག་ལས་དམིགས་བསལ་གྱི་གོ་དོན་ཅི་ཡང་མེད་། བསམ་གཞིགས་ཀྱ་ཟུར་ངོས་གཞན་ཞིག་ནས་བལྟས་ཚེ་། རྩམ་པ་དང་མི་རིགས་འདི་བར་གྱི་འབྲེལ་བ་དེ་ཧ་ཅང་གི་དམིགས་བསལ་བ་ཞིག་ཡིན་། ཡིན་ན་ཡང་དེ་ལྟར་བརྗོད་མཁན་མེད་ལ་། བརྗོད་དགོས་ཚེ་། བརྗོད་བྱ་དེ་ལ། རྗོད་བྱེད་ཚིག་གི་ཡང་མི་འདང་བ་ལྟ་བུར་སྣང་། དཔེར་ན་འགྲན་བསྡུར་ཞིག་གི་ཆེད་དུ་། དམ་འཇོག་པ།
་་་་ང་ཁོ་ལས་རྒྱལ་མ་ཐུབ་ཚེ་སང་ཕྱིན་ཆད་ངས་རྩམ་པ་མི་ཟ།
ཞེས་པ་དེས་མི་རིགས་འདི་དང་རྩམ་པའི་བར་གྱི་འབྲེལ་བ་དེ་ཚད་ངེས་ཅན་ཞིག་དུ་སླེབས་ཡོད་པར་དོག་མི་ཟ། གཞན་ཡང་། ་་་་ང་བརྒྱད་ལོར་ཟ་མ་གཞན་པ་ཕར་ཞོག་རྩམ་པ་ཡང་ཡོད་པ་མ་རེད་།
ཟེར་བ་དེས་ཅི་ཞིག་མཚོན་ཐུབ། གང་ཟག་དེས་སེམས་ངོར་རྩམ་པ་ནི་ཟས་ཀྱ་མཐའ་མའི་མཐར་བཞག་ཞིག་རེད་དམ་། ཡང་ན་རང་ཉིད་རྩམ་པ་དང་བྲལ་ཚེ་། འཇིག་བརྟེན་འདིར་འཚོ་མི་ཐུབ་པ་མཚོན་ཡོད་། འདི་རུ་བདག་གི་བརྗོད་པར་འདོད་པ་ནི་གཞོན་སྐྱེས་མང་པོ་ཞིག་ལ་མཚོན་ན་རྩམ པ་ཟ་བར་དགའ་ཡང་རྩམ་པ་རྫི་ཤེས་མཁན་ཉུང་ཉུང་ཡིན་པས་རྩམ་པ་རྫི་སྟངས་ཀྱི་གློག་བརྙན་ཐུང་ངུ་ཞིག་ཀུན་ལ་ཕན་ཕྱིར་ཟུར་འབུལ་བྱས་ཡོད་པས། གཤམ་གྱི་སྣེ་ཁྲིད་འབྲེལ་ཐག་དེར་གནོན་རོགས་གནང་།
http://tibetantsampa.wordpress.com/
གློག་བརྙན་དེ་སྒོ་ཕྱེ་ཐུབ་མ་སོང་། ད་དུང་ང་ཚོའི་ཕ་ཡུལ་ནས་རྩམ་པ་ཟ་ལུགས་ཁག་ཏིས་ཟེར་བ་ཞིག་ཡོད། ཐོག་མར་རྩམ་པ་དང་མར། ཕྱུར་བ་གསུམ་བསེས་ནས་ཕོར་བའི་ནང་ལ་ལེབ་ལེབ་བྱས། དེས་ནས་ཇ་བླུགས། ཇ་དེ་འཐུང་ཚར་རྗེས་ལྕེས་རྩམ་པ་ལྡག་ནས་ཟ་དགོས། ཡང་བསྐྱར་ཇ་བླུགས། ལྕེས་རྩམ་པ་ལྡག་དེ་གཉིས་རེ་མོས་ཀྱིས་འཐུང་རེས་ཟ་རེས་བྱེད་སྲོལ་ཡོད།
རྩམ་དྲི་ཙོང་དྲི་ལ་བསྒྱུར་བཞིན་འདུག ཡར་ཐོན་དུ་བུད་སོང་བ་ཡིན་ས་རེད། ཨ་ལ་ཀུ་རེ་ཡིན། ལག་ཟས་སྣ་གཅིག་ཤེས་ཀྱང་བོད་མིང་འགྲོག་ནས་སོང་བ་ཡིན་ན་ཡག་པོ་རེད་ལ། དེ་ཡང་བྲོ་བ་ལྡན་པ་ཞིག་ཆགས་རྒྱུ་དེ་ནི་དེ་བས་ཀྱང་གལ་ཆེན་ཡིན་པ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི་འཕྲོད་བརྟེན་ལ་ཕན་གནོད་ཀྱི་བསྐོར་རེད།
ཤེས་གསལ་ལྟར་རྩམ་པ་ནི་གཙོ་བོ་ནས་ཀྱིས་བཟོས་པ་ཞིག་ཡིན་པར། བོད་སྨན་གཞུང་དུ། ནས་ནི་ལྕི་བསིལ་བཤང་འཕེལ་སྟོབས་སྐྱེད་མཆོག་ ཅེས་བརྗོད་ཡོད་པས་ནས་ནི་ལུས་ཀྱི་ཟུངས་སྟོབས་སྐྱེད་པའི་འབྲུ་རིགས་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། ནས་བརྔོ་གཡོ་བྱས་པའི་རྩམ་པའི་ནུས་པ་ཡང་དེ་ལྟར་ཡིན། ནུབ་ཕྱོགས་པས་ཀྱང་ནས་ཀྱིས་ཁྲག་རྩི་མཐོ་བོ་ high cholesterol དམའ་བར་བྱེད་པ་དང་རྒྱུ་ལོང་གི་བྱེད་ནུས་སྲུང་བ། སྙིང་རྩ་མཁྲེགས་འགྱུར་ནད་དང་ཟ་ཁུ་གཅིན་སྙིའི་ནད་སོགས་ལ་ཕན་པ་མ་ཟད། ལུས་སྟོབས་ཡང་སྐྱེད་པ་ཡིན་ཟེར་བས། རྩམ་པ་ཟ་མཚམས་མ་འཇོག མུ་མཐུད་མཆོད་རོགས་གནང་།
སྨན་གཞུང་དུ་རྩམ་པའི་མིང་ལ་དཀར་དྲི་ཀུན་ཐུབ་ཟེར་བ་རེད་ཟེར་ནས་གོ་མྱོང་ཡོད་ཀྱང་། རིག་མྱོང་མེད་ན་དེའི་བསྐོར་ལ་རྒྱུས་མངའ་ཡོད་མཁན་རེ་ཡོད་ན་གསུང་རོགས་ཞུ།
བོད་ཀྱི་རྩམ་པ་ཀ་ལོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་ཀི ངས་རྒྱ་གར་ན་ཉི་མ་རེ་བཞིན་རྩམ་པ་ཟ་བཞིན་ཡོད། ཟ་མ་སྟབས་བདེ་ཟེར་ནོ་རེད་ཡ།
རྩམ་པའི་ལོ་རྒྱུས་དགོས་ན་ང་ལ་འགྲེལ་བ་བྱོས།
ངས་རྒྱ་གར་ན་ཞོགས་ལྟར་རྩམ་པ་ཟ་བཞིན་ཡོད། ཟ་བདེ་ཞིང་ཁོག་པར་ཧ་ཅང་འཕྲོད་པའི་ཁ་ཟས་སྦྲང་དཀར་རྩམ་པ། བོད་ཀྱི་རྩམ་པར་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན། རྩམ་པའི་ལོ་རྒྱུས་ཤེས་འདོད་ན་ང་ལ་འབྲེལ་བ་བྱོས་ཤིག
རེད་སྤྱིར་རྩམ་པ་ནི་འབྲུ་རིགས་ནས་ཀྱིས་བཟོས་པ་ཞིག་རེད། དྲོ་བ་ཞིམ་ལ་འཚོ་བཅུད་ཀྱི་ནུས་པ་ལྡན། ཡིན་ཡང་དེང་སང་རྒྱ་བལ་གྱི་རྩམ་པ་མང་ཆེ་བ་འབྲས་དང་སྲན་མ་སོགས་ཀྱིས་བཟོས་པ་རེད་ཟེར་གོ་ཐོས་བྱུང་། དེ་ལྟར་ཡིན་ན་ནས་ཀྱི་རྩམ་པ་ལྟར་འཚོ་བཅུད་བཟང་པོ་ཡོད་རྒྱུ་མ་རེད་སྙམ།
ང་ཚོ་རྡ་སའི་བོད་མི་ཚོ་གཙོས་རྒྱ་གར་དུ་འཚོ་སྡོད་བྱེད་བཞིན་པའི་བོད་མི་ཚོའི་རྩམ་པ་ཡག་ཤོས་དེ་མ་ན་ལི་ནས་ཡོང་བའི་རྩམ་པ་དེ་བརྩི་ཡི་ཡོད། མ་ན་ལི་ཡི་རྩམ་པ་དེ་ནི་པི་ཏི་དང་ཁུ་ནུ་ཕྱོགས་ཀྱི་ནས་སྔོན་ཕུག་རོན་འདྲ་བོ་(ཨ་ཁུ་སྨན་བླའི་ཚིག)དེ་ཉོས་ཡོང་ནས་སྦྲང་དཀར་རྩམ་པ་འཐག་གི་ཡོད་པས། ཕ་ཡུལ་གྱི་རྩམ་པ་ནང་བཞིན་བྲོ་བ་ཆེ་ཞིང་མིག་ལའང་ཧ་ཅང་ཡག་གི ད་དུང་དེའི་ཁར་ག་ཞ་ཁོག་གི་ཕྱུར་བ་མཚོ་པད་མའི་མར་དེ་ཅིག་བརྒྱབས་དུས་ད་ཨིན་ཨིན་ཨིན། རྩམ་པ་དེ་བྲོ་ཅིག་མི་འདྲ་ཡཱ། ད་དུང་ལ་དྭགས་ཀྱི་མར་རྩམ་དང་ཕྱུར་བ་ནི་དེ་བས་བྲོ་བ་ཆེ་ལ་ཞིམ་པ་ཞིག་འདུག
སྨན་གཞུང་གི་དཀར་དྲི་ཀུན་ཐུབ་ཟེར་བ་དེ་ཕལ་ཆེརརླུང་ནད་ལུས་ལ་ཞེན་པ་རྣམས་ཕྱིར་འདོན་པའི་སྦྱོར་བ་དཀར་འདོན་དང་དམར་འདོན། སྐྱུར་འདོན། སྒོག་འདོན་བཞི་ཡོད་པ་ནས་་དཀར་འདོན་དེ་ལུག་གམ་འབྲིའི་མར་མེ་ལ་བཞུས་ཤིང་ཙག་བཅད་ལེགས་པར་བྱས་པའི་ནང་ནས་རྩམ་བཏབ་སྟེབཙོས་རྗེས་སླར་ཡང་འོ་མར་ཚོས་པར་བཙོས་པའི་ནང་བཅའ་སྒ་དང་རྒྱམ་ཚྭ་བཏབ་པའི་སྐྱོ་མ་དེ་གི་མེད་དམ་སྙམ།
དེང་སང་ནས་གཅིག་པུ་མ་ཡིན་པར་འབྲས་དང་སོ་བ། མ་རྨོས་ལོ་ཏོག་གི་རྩམ་པ་ཡང་བཟོ་བཞིན་ཡོད་ལ། ནས་དང་སོ་བ་བསྲེས་པའི་རྩམ་པ་དབུས་གཙང་ཁུལ་དང་རྒྱ་གར་བོད་མིའི་ཁྲོད་དར་སྲོལ་ཆེ་བ་དང་། མདོ་སྨད་ཁུལ་དུ་ནས་རྐྱང་གི་རྩམ་པ་བཟོ་སྲོལ་ཆེ་བ་ཡོད། དེ་སྔ་དབུས་གཙང་ཁུལ་དུ་གཞིས་ཀ་ཁག་གི་ནང་གཞིས་བདག་ལ་རྩམ་པ་ཡག་ཤོས་དང་འུ་ལག་རྒྱུགས་མཁན་ལ་རྩམ་པ་དམན་པ་ཞེས་སྤྲོད་སྲོལ་ཡོད་སྐད།
འབྲུ་མི་འདྲ་བ་ནས་བཟོས་པའི་རྩམ་པ་རྩམ་དྲི་དང་ནུས་པ་ལེགས་ཞན་ཡོད་པས། བོད་སྨན་གྱི་ཕྱི་མོ་དཔལ་ལྡན་རྒྱུད་བཞིར། ཟས་ཀྱི་མཆོག་ནི་ནས་རྙིང་རྩམ་པ་ཡིན། ཞེས་བཤད་ཡོད་པས་བོད་ཀྱི་ཡུལ་དུས་གནས་སྐབས་དང་སྦྱར་ཏེ་བཤད་པ་ཞིག་ཡིན།