ཨ་ནུ་ཐང་བསོད་ནམས།
ཧིན་སངས་གཉིས་ཀྱིས་འདོད་པའི་འཇམ་དཔལ་དང་གཤིན་རྗེ་གཤེད་གཉིས་ཀྱི་འགྲེལ་བཤད་ཅུང་མི་འདྲ་བ་ལས། གཉིས་ཀས་རིག་བྱེད་ཀྱི་གཏམ་རྒྱུད་ལ་གཞི་བཅོལ་ནས་བསྒྲིགས་པ་གཅིག་མཚུངས་ཡིན་ཁར། འཇམ་དཔལ་གཤིན་རྗེ་གཤེད་དུ་འདོད་པ་གཅིག་མཚུངས་རེེད། སངས་ཆོས་ཀྱིས་འཇམ་དཔལ་སངས་རྒྱས་དང་སྲུང་མ། ཡི་དམ་དང་གཤིན་རྗེ་རུ་འདོད་ཚུལ་དང་། ཧིན་ཆོས་ཀྱིས་འཇམ་དཔལ་ཅི་ཞིག་འདོད་མིན་སོགས་ཀྱི་སྐོར་ལ་མཐའ་དཔྱོད་ཅུང་ཙམ་བྱེད་འདོད་བྱུང་།
སངས་ཆོས་ཀྱི་འཇམ་དཔལ་འདོད་སྟངས།
གཤིན་རྗེ་གཤེད་ནི་ཤི་རྗེས་ཀྱི་རྒྱལ་པོ་ཡིན་ཞིང་། སྲོོག་ཆགས་སུ་ཞིག་ཤི་ཡང་། ཤི་རྗེས་སུ་སངས་ཆོས་ལས་གསུངས་པའི་ལས་འབྲས་ཀྱི་ཆོས་ཁྲིམས་ལྟར་སྐྱེ་བ་ཅི་ལྟར་འཕོ་འགྱུར་དང་། ཉེས་ཆད་ཅི་ལྟར་གཅོད་མིན་སོགས་ཀྱི་ཁྲིམས་ཐག་གཅོད་མཁན་དེ་ཡིན་པར་མ་ཟད། ཚེ་འདི་ལའང་གཤིན་རྗེ་གཤེད་བསྐྱེད་ནས། རང་ཉིད་གཤིན་རྗེ་གཤེད་དུ་བསྒོམ་ཐུབ་ཚེ། ལྷ་ཀླུ་གནོད་སྦྱིན་སོགས་ལའང་ཅི་འདོད་དུ་བཀའ་བཀོད་གཏོང་བའི་ནུས་པ་ཡོད་མཁན་དུ་འགྱུར་ཁར། ཤི་རྗེེས་ཀྱང་དེ་དག་དང་འདྲིས་ཆ་ཡོད་པར་ཕན་པས། གཤིན་རྗེ་ཡི་སྒྲུབ་ཐབས་དང་། འཆམ་སོགས་ཡོད་ལ། དགུ་གཏོར་སོགས་ལ་ཡང་གཤེད་འཆམ་འཁྲབ་ཅིང་། རང་ཉིད་གཤེད་རྗེ་རུ་སྒོམ་ཏེེ་གཏོར་མ་འབུལ་སྲོལ་ཡོད།
མ་གཞི་དགུ་གཏོར་ནི་གཏོར་མ་ལ་རིགས་འདྲ་མིན་སྣ་ཚོགས་ཡོད་པའི་ནང་གི་བགེགས་གཏོར་གྱི་གྲས་ཡིན་ལ། དེས་ལོ་གསར་བ་ཀག་མེད་ངང་ཚུར་བསུས་ཤིང་། ལོ་རྙིང་པའི་ནང་ཡོད་པའི་ཀག་དང་། བར་ཆད་གཏོང་མཁན་གྱི་ལྷ་འདྲེ་རྣམས་ཀྱིས་རྒྱུད་མཐུད་དུ་བར་ཆད་བཏང་མི་ཡོང་རྒྱུའི་ཆེད་དུ་དགོན་པ་མང་པོས། རང་ཉིད་ཕུར་བ་དང་གཤིན་རྗེ་གཤེད་ཀྱི་ངོ་བོར་བསྐྱེད་ནས། དགུ་འཆམ་འཁྲབ་ཅིང་། གཏོར་མ་དང་ལྷན་དུ་ལྷ་འདྲེ་ངག་ལ་ཉན་མཁན་རྣམས་ལ་བཀའ་བསྒོས་དང་། ངག་ལ་མི་ཉན་མཁན་རྣམས་སྒྲོལ་བའི་སྟངས་སྟབས་ངོམ་པའི་ཟློས་གར་ཞིག་རེད།
དེར་བརྟེན། དྲག་སྔགས་བགྲངས་ནས་འབྱུང་བོ་དང་། དམག་འཐབ་བྱེད་པའི་རྣམ་པ་ངོམ་གྱི་ཡོད་ལ། དར་ནག་བགྲངས་ནས་གཡུལ་ལས་རྒྱལ་བའི་མཚོན་དོན་སྟོན་གྱི་ཡོད། དམག་ལ་རྒྱལ་ཁ་ཐོབ་ཆེད་དུ་མེ་མདའ་དང་སྙུག་མ། ཤོག་སྤག་སོགས་བཀད་དགོས་ཤིང་། དེ་ལྟར་བྱས་ན་ལྷ་དམག་གིས་འདྲེ་དམག་ལ་ཕམ་ཁ་སྤྲོད་པར་རྒྱབ་སྐྱོར་དུ་འགྱུར་བས་རྒྱལ་ཁ་སྤྲད་སླ་བར་འདོད་ཁར། མེ་མདའ་རྒྱག་མཁན་དང་། ཀི་སྒྲ་འབྱིན་མཁན་སོགས་རབ་བྱུང་ཚེ། རང་ཉིད་ལྷ་དམག་གི་ངོ་བོར་བསྐྱེད་ཐུབ་ན་དེ་བས་ཕན་ནུས་ཐོན་པར་འདོད་ཀྱིན་ཡོད།
དེ་ལྟར་མཛད་པ་དེས་འདྲེ་འདུལ་ཐུབ་མིན་ཐེ་ཚོམ་ཡིན་ཁར། འདུལ་བྱ་ཞིག་ཡོད་མེད་དེ་བས་ཀྱང་མ་ངེས་ཀྱང་། དད་པ་ཅན་ཚོའི་རྣམ་རྟོག་གི་འཇིགས་སྣང་སེལ་བར་ཕན་ཐོགས་ཡོད་པ་དངོས་ཡོད་ཡིན་པར་མ་ཟད། འདི་བརྒྱུད་ནས་དད་ལྡན་གྱི་མི་རྣམས་སྔར་ལས་བླ་མར་དད་རྒྱུ་དང་། བླ་མ་ལྷ་རུ་བསྒོམ་རྒྱུ། སངས་ཆོས་ལ་དད་པ་བྱེད་རྒྱུའི་ཆ་རྐྱེན་ཡག་པོ་ཞིག་གྱུར་ཡོད།
གདོན་བགེགས་ལས་གྲོལ་བ་ལ་ཆ་རྐྱེན་དང་པོ་ནི་བླ་མ་དང་། སངས་ཆོས་ལ་དད་པ་བྱེད་རྒྱུ་ཡིན་པས། གལ་སྲིད་དད་པ་མེད་མཁན་ཞིག་ཡིན་ན་བླ་མས་གདོན་འདྲེ་འདུལ་བའི་ནུས་པ་མི་ཐོན་ཚུལ་བསྒྲུབས་ཤིང་། མི་རྣམས་བླ་མའི་བཀའ་བཀོོད་ལས་ཐར་ཐབས་མེད་པའི་ཆ་རྐྱེན་སྐྲུན་བཞིན་ཡོད། འཆར་གཞི་དེ་ནི་སྔར་ནས་ད་ལྟའི་བར་དུ་ཆོས་དཔོན་ཚོས་བེད་སྤྱོད་གནང་བ་མ་ཟད། བྱེད་ཆེད་དུ་འཇམ་དཔལ་རྩ་རྒྱུད་སོགས་ལས། སྔགས་ལ་དད་པ་མེད་པས་ན།། འབད་པ་དུ་མ་བྱས་གྱུར་ཀྱང་།། སྔགས་རྣམས་འགྲུབ་པར་མི་འགྱུར་རོ།། མ་ལུས་དམ་ཚིག་མི་བརྟན་ནོ།། གཞན་ཡང་། ཡང་ན་བླུན་པོ་དད་པ་བརྟན།། དེ་ལ་སྦྱོར་བའི་དངོས་གྲུབ་བརྙེས།། ཞེེས་དད་པ་མེད་ན་ཅི་ཡང་མི་འགྲུབ་ཚུལ་གླེང་ཞིང་། དད་པ་བེད་སྤྱོད་བཏང་ནས་གང་ཐུབ་ཀྱིས་མི་རྣམས་བླ་བཀའ་སྒྲུབ་མཁན་ཞིག་ཏུ་སྒྱུར་བཞིན་ཡོད།
ཨོོ་བྷ་མས་ཀྱང་དད་པ་ཡིས་མཚམས་རེ་མི་རྣམས་ལེགས་པའི་ལམ་དུ་ཁྲིད་ཡོད་ཀྱང་། ཐེངས་མང་པོར་དད་པས་མི་རྣམས་ལོག་ལམ་དུ་ཁྲིད་དེ་མི་གསོད་ཁྲག་སྦྱོར་དང་། རང་དབང་གཏོར་བཤིག ཐ་ན་མི་རྣམས་བྲན་གཡོག་ཏུ་བསྒྱུར་བའི་ལོ་རྒྱུས་མང་དུ་བྱུང་ཡོད། ཡི་ཤུའི་ཆོས་ལུགས་ཡིན་ཡང་བྲན་གཡོག་ཏུ་སྒྱུར་སྐབས་ཆོས་ལུགས་ཀྱི་དད་པ་བེད་སྤྱོད་བཏང་ནས་མི་རིགས་ནག་པོ་ཚོ་བྲན་གཡོག་ཏུ་བཏང་ཡོད་ལ། ཁ་ཆེ་ ISIS ཡིན་ཡང་། དད་པ་བེད་སྤྱོད་ཀྱིས་ཉེས་མེད་ཀྱི་མི་སྣ་མང་པོ་དམར་གསོད་གཏོང་བཞིན་ཡོད།
བོད་ལའང་དད་པ་བེད་སྤྱོད་བཏང་ནས་མི་གསོན་པོའི་མིག་རྡོག་འདྲུ་བའི་གནས་ཚུལ་བྱུང་ཡོད་ལ། ད་ལྟ་དད་སྟངས་མ་གཅིག་པས་ལྷ་སྲུང་བསྟེན་ཕྱོགས་གཉིས་སུ་གྱེར་པའི་གནས་ཚུལ་ཐོན་བཞིན་ཡོད། འདི་དག་ནི་དད་པ་བེད་སྤྱོད་གཏོང་རྒྱུ་ལོག་ལམ་དུ་ཕྱིན་པས་རེད་ལ། དད་པ་བེད་སྤྱོད་བྱེད་རྒྱུ་མང་དྲགས་པས་རེད། མང་དྲགས་དགོས་དོན་ཡང་ཚོད་མེད་ཀྱི་དད་པ་ཡོད་མཁན་མང་དྲགས་པས་རེད།
གསིག་ཆོས་ལུགས་ཡིན་ཡང་དང་པོར་སངས་ཆོས་དང་ཧིན་ཆོས་སོགས་མཉམ་བསྲེས་ཀྱིས་ཆོས་ལུགས་རིས་མེད་ལ་ཁ་གཡར་ནས་ལེགས་པོ་བྱུང་ཡོད་ཀྱང་། རྗེས་སུ་དེ་དག་མཉམ་འདུས་ཀྱི་ཆོས་ལུགས་ཤིག་གྲུབ་མཚམས་སུ་རིས་མེད་ཀྱི་སྐད་ཆ་མེད་པ། ཁོང་ཚོའི་རྗེས་སུ་མི་འབྲང་མཁན་རྣམས་དམན་པ་དང་། རང་ཉིད་ཀྱི་ཆོས་ལུགས་གཞན་ལས་ལེགས་པ་ཡིན་པའི་ལྟ་ཚུལ་སླེབས་ཏེ་གཞན་དང་འདྲིས་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད། དེའང་གསིག་ཆོས་ལ་དད་པ་ཤུགས་རྐྱེན་ཡོད་མཁན་ཚོས་དེ་ལྟར་བཟོས་པ་རེད། མི་ལ་དད་སེམས་ཆེ་ན་གཙང་རྩོག་ཆེ།། གཙང་རྩོག་ལས་ཀྱིས་དགོས་མེད་རྙོག་དྲ་ཡོང་།། དད་མེད་ཀུན་དང་མཐུན་པའི་གསེ་ཁོས་ལར།། དེང་དུས་མི་རབས་གསར་བའི་མྱོང་བྱ་ཡིན།།
འཇམ་དབྱངས་གཤིན་རྗེའི་རྒྱལ་པོ་རུ་ཆགས་སྟངས།
འཇལ་དཔལ་གྲུབ་པའི་ཞལ་ལུང་ལས་ “གདུལ་བྱ་ཧ་ཅང་རྨུ་རྒོད་རིགས་ཅན་ཞི་བས་མི་ཐུལ་བ་རྣམས་དྲག་པོ་མངོན་སྤྱོད་ཀྱིས་འདུལ་བར་དགོངས་ཏེ། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྐུར་བཞེངས་པ་སྟེ། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ལྕགས་མཁར་གླིང་དགུའི་བདག་པོ་འཆི་བདག་མ་རུང་པར་སྐྱེས་ཤིང་འཇིག་རྟེན་ཕུང་བྱེད་དྲེགས་པའི་རྗེ་བོ་ལས་ཀྱི་གཤིན་རྗེར་གྱུར་པ་དེའི་ཚེ་ན་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྲིན་བཞིན་འདུས་ཏེ་བཀའ་བགྲོས་པས་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་གྱིས་གདུལ་བྱར་དགོངས་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆེན་པོས་བསྐུལ་ཏེ། མཁྱེན་རབ་བདག་པོ་ཁྱོད་ཉོན་ཅིག །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །ལོ་ཀའི་སྡུག་བསྔལ་མི་ཤེས་སམ། །འཇིག་རྟེན་གདུང་བ་སེལ་བར་གྱིས། །ཞེས་གསུངས་སྐབས། འཇམ་དཔལ་དབྱངས་ཀྱིས་འདི་སྐད་ཅེས་ཞུས། ཐོག་མ་མཐའ་མ་མེད་པ་རུ། །བདག་གི་དམ་བཅའ་མི་འདོར་བའི། །བསྐུལ་བའི་དུས་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང༌། །ཞེས་ཞལ་གྱིས་བཞེས་ཏེ་སླར་ཡང་འཆི་བདག་མ་རུང་པ་དེ་ཉིད་ཞི་བས་མི་ཐུལ་བ་དྲག་པོ་མངོན་སྤྱོད་ལས་ཀྱིས་འདུལ་བར་དགོངས་ཏེ། ཁྲོ་རྒྱལ་གཤིན་རྗེའི་གཤེད་ཕྱག་རྒྱ་ཟིལ་གནོན་གྱི་སྐུར་བཞེངས་ནས་བརྟུལ་ཞིང༌། དེར་འཁོར་ཚོགས་རྣམས་ཀྱང་རབ་ཏུ་འཇིགས་ཏེ། སྒོ་གསུམ་འབངས་སུ་མཆིས་སོགས་སྨྲེ་ངག་བྱུང་བ་དང་བྲན་དུ་བཀོལ་ཅིང་སྲོག་སྙིང་བླངས།” ཞེས་འཇམ་དཔལ་གཤིན་རྒྱལ་དུ་གྱུར་ཞིང་། དེས་སངས་རྒྱས་ཆོས་ལུགས་ལས་གསུངས་པའི་ལས་འབྲས་མི་བརྩི་མཁན་དང་། བླ་མའི་ངག་ལ་མི་ཉན་མཁན་ཚོར་ཉེས་ཆད་གཅོད་པ་བསྒྲུབས་ནས་མི་རྣམས་ལ་མགོ་སྐོར་གྱི་འཇིགས་སྐུལ་གཏོང་བཞིན་ཡོད།
ཁོང་ཚོས་དེ་ནི་དགག་བྱ་དང་དགོས་པ་ཞེས་ནས་འགྲེལ་བཤད་སྣ་ཚོགས་བརྒྱབ་ཀྱིན་ཡོད་ཀྱང་། དོན་དངོས་དེ་ནི་མགོ་སྐོར་གྱི་ལས་དོན་ལས་ཅི་ཡང་མིན་ཞིང་། མི་རྣམས་ཆོས་ཕྱོགས་སུ་བསྒྱུར་ཡའི་ཆེད་དུ་མགོ་སྐོོོར་སོགས་ཐབས་ལམ་སྣ་ཚོགས་ཅི་འདོད་དུ་བེད་སྤྱོད་གཏོང་བཞིན་ཡོད་པ་ནི། ཚོང་པ་ནག་པོ་བཞིན་དམིགས་ཡུལ་འགྲུབ་ཡའི་ཆེད་དུ་ཐབས་ལམ་ཅི་ཞིག་ལ་བརྟེན་དགོས་ཀྱང་། བརྟེན་པ་དང་གཉིས་སུ་མེད་པས་དཀར་རྫུན་དུ་ཆགས་མི་འོས།
གཤིན་རྗེ་གཤེད་སྲུང་མ་ཡི་ངོ་བོར་བསྒོམ་ན་ཆོས་རྒྱལ་དང་། ཡི་དམ་གྱི་ངོ་བོར་བསྒོམ་ན་འཇིགས་བྱེད་དུ་བཤད་ཅིང་། འཇམ་དཔལ་ཞལ་ལུང་ལས་ “མ་འོངས་རྩོད་ལྡན་སྙིགས་མ་ལྔ་ལ་སྤྱོད་པའི་ཚེ་བསྟན་པ་འཇིག་པ་དང༌། བསྒྲལ་བའི་ཞིང་བཅུར་གྱུར་པ་དག་ཚར་གཅོད་པའི་གཉེར་གཏད་ཅིང་སེམས་ཅན་གཞན་ལ་མི་འཚེ་བར་ཁས་བླངས་ཤིང་བསྟན་པའི་སྲུང་མར་བསྐོས།” ཞེས་སངས་ཆོས་ལ་གནོད་པ་བྱེད་མཁན་རྣམས་ཐར་བར་མི་གཏོང་ཚུལ་བསྒྲུབས་ནས་མི་རྣམས་སངས་ཆོས་སུ་དད་པ་བྱེད་པར་སྐུལ་འདེད་བྱེད་ཀྱིན་ཡོད་ཅིང་། གལ་སྲིད་དད་པ་མི་བྱེད་མཁན་ལ་འདི་ཕྱི་གཉིས་ལ་ཡག་པོ་མེད་པའི་ཞེད་སྣང་སློང་བཞིན་ཡོད།
ཞེད་སྣང་སློང་ཆེད་དུ་ཆེད་མངགས་ཀྱིས་མི་དང་སྲོག་ཆགས་འདྲེས་མའི་དབྱིབས་གཟུགས་ངོམ་ཞིང་། དེ་ལྟར་བཞེངས་དགོས་པའང་དུད་འགྲོ་ལྷ་རུ་བརྩི་བའི་གནའ་བོའི་ལྷ་སྒྲུང་དང་། རིག་བྱེད་ཀྱི་གཏམ་རྒྱུད་སོགས་ཀྱི་ཤུགས་རྐྱེན་ཐེབས་པས་རེད། འགྲོ་བ་མིའི་ཤེས་རིག་ཡར་རྒྱས་ཕྱིན་པའི་འགྲོས་དང་བསྟུན་ནས། རང་བྱུང་ཁམས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་ཅན་ཀུན་ལ་ལྐོག་གྱུར་གྱི་བྱེད་པ་པོ་གཞན་ཞིག་ཡོད་པར་འདོད་ཅིང་། དེའི་མིང་ལ་ལྷ་དང་འདྲེ་ཞེས་བཏགས་ཏེ། མི་རྣམས་ཞེད་སྣང་སྐུལ་ཆེད་དུ་དུད་འགྲོ་དང་མི་གཉིས་མཉམ་འདུས་ཀྱི་དབྱིབས་གཟུགས་དང་། ཡིད་ཆེས་བྱེད་ཆེད་དུ་མགོ་ལུས་མང་པོ་ཡོད་པའི་སྣང་བརྙན་རྟོག་བཟོ་སྣ་ཚོགས་བྱས་མཐར། གསང་སྔགས་སོགས་ཆོས་ལུགས་ཁག་ཅིག་གིས་ལྷ་སྐུ་དེ་དག་དྲག་པོའི་ངོ་བོར་བཞེངས་ཤིང་། མི་རྣམས་ལ་འཇིགས་སྣང་སྐུལ་བྱེད་དུ་བེད་སྤྱོད་གཏོང་བཞིན་ཡོད། ཡིན་ཏེ། ཇི་སྐད་དུ། རྣམ་འབྱོར་ལྷ་མེད་ཟེར་ནས་བརྙས།། ལྷ་མཆོག་མཐུ་མེད་ཟེར་ནས་དམོད།། བསྟན་པའི་དགྲ་བོར་གྱུར་པ་འདི།། ལོ་དང་ཟླ་བར་མ་བཞག་པར།། ཡ་མ་ར་ཛའི་ཞལ་དུ་ཐོོབས།། སོགས་ཡོད་པས་དྲག་ལྷ་དང་། དྲག་སྲུང་ལ་འགྲེལ་ཚུལ་སྣ་ཚོགས་ཡོད་ཀྱང་། གཙོ་བོའི་མཚོན་ཆ་བཞིན་དུ་ངག་ལ་མི་ཉན་མཁན་གྱི་མི་ལ་འཇིགས་སྣང་སྐུལ་བྱེད་དུ་བེད་སྤྱོད་གཏོང་བཞིན་ཡོད།
ཁོང་ཚོ་ཁྲོ་བ་ཉོན་མོངས་དང་འདྲེ་རིགས་སྣ་མང་འདུལ་ཆེད་དུ་ཡིན་ཚུལ་སོགས་ཀྱི་དུས་མཐུན་གྱི་འགྲེལ་བཤད་སྣ་ཚོགས་ཤིག་ཡོད་ཀྱང་། དངོས་སུ་ཉོན་མོངས་དང་། འདྲེ་རིགས་འདུལ་ཆེད་དུ་གཙོ་བོར་དམིགས་པ་མིན་པ། སྔགས་ཀྱི་སློབ་དཔོན་གྱི་གསུང་ལ་མི་ཉན་མཁན་ཚོར་འཇིགས་སྐུལ་གཏོང་ཆེད་དུ་རེད། ཡིན་ཏེ། དམ་ཚིག་རྣམ་བཤད་ལས། “དབང་བསྐུར་གྱི་གནས་སྐབས་སུ་ཁས་བླངས་པའི་ཕྱིར། དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ངས་ཇི་ལྟར་བསྒོ་བ་བཞིན་ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། ང་ལ་ཡང་བརྙས་པར་མ་བྱེད་ཅིག བྱས་ན་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ཏེ། སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་ཏུ་རེ” ཞེས་གསུངས་ཤིང་། སྔགས་ཀྱི་སློབ་དཔོན་ནི་དམྱལ་དཔོན་ལྟ་བུར་བསྒྱུར་ཡོད་པས། དོན་དངོས་ལས་འབྲས་ཐམས་ཅད་རྡོ་རྗེ་སློབ་དཔོན་ལ་དབང་བ་ལྟ་བུར་བསྒྱུར་ཁར། དམ་ཆིག་རྣམ་བཤད་ལས། “རང་རང་གི་རིགས་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་སྒོ་ནས་རྡོ་རྗེ་སློབ་དཔོན་ལས་མཆོག་ཏུ་འཛིན་པའི་སེམས་ཀྱིས་བརྙས་ན་རྩ་བའི་ལྟུང་བར་འགྱུར་རོ།” ཅེས་སློབ་མ་ནམ་ཡང་སློབ་དཔོན་ལས་མཆོག་ཏུ་འཛིན་པའི་བསམ་བློ་སྐྱེས་མི་འོས་ཤིང་། ཚེ་གང་བླ་བྲན་ཁོ་ནར་བསྒྱུར་རྒྱུའི་འཆར་གཞི་བསྒྲིགས་ཡོད་པ་གསལ་བོ་རེད།
དགེ་ལུགས་པས་འཇམ་དཔལ་སྲུང་མའི་ངོ་བོར་ཐོན་པ་ནི་དམ་ཅན་ཆོས་རྒྱལ་དུ་འདོད་ཅིང་། དེ་ནི་གཤིན་རྗེ་གཤེད་དམ། འཇམ་དཔལ་སྲུང་མའི་ངོ་བོར་ཐོན་པ་ཡིན་ཏེ། ཅི་སྐད་དུ། “དམ་ཅན་ཆོས་རྒྱལ་འདི་ཕྱི་སྒྲུབ་མ་ཧེའི་གདོང་ཅན། འདི་ལ་འཁོར་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད། ནང་སྒྲུབ་སྲིན་པོའི་གདོང་ཅན། འདི་ལ་འཁོར་ཞི་རྒྱས་དབང་དྲག་གི་གཤིན་རྗེ་བཞི་ཡོད་པའི་ནུབ་ཀྱི་དབང་གི་གཤིན་རྗེ་དང་ཆོས་གསང་སྒྲུབ་དང་དོན་གཅིག བྱང་གི་དྲག་པོའི་གཤིན་རྗེ་དང་ཆོས་རྒྱལ་ཕྱི་སྒྲུབ་གཉིས་དོན་གཅིག དམྱལ་བའི་གནས་ཀྱི་དགེ་སྡིག་ཤན་འབྱེད་གཤིན་རྗེ་ཆོས་དང་དོན་གཅིག་ཡིན། ཡང་གསང་དཔལ་མགོན་དུག་རི་ནག་པོ་ཕྱག་བཞི་པ། དེ་ཡི་ཡུམ་དུས་མཚན་མ་དང་། ཙ་མུཎ་ཏྲི་གཉིས་བཅས་པའི་འཁོར་ཚོགས་སོགས་འདི་ཉིད་སྐྱོ་ལུགས་ལ་བཅོམ་ལྡན་དེ་ཉིད་འཇམ་དཔལ་ཤིན་ཏུ་ཁྲོས་པའི་འཇིགས་བྱེད་ཆེན་པོའི་སྐུར་སྤྲུལ་ནས། འཛམ་གླིང་གི་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ཏུ་གཤིན་རྗེ་གྲོང་ཁྱེར་ཆེན་པོ་མཆིས་པའི་གནས་སུ་བྱོན་ཏེ་དྲག་འདུལ་མཛད་པས། གཤིན་རྗེ་གཙོ་འཁོར་རྣམས་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས། ཇི་སྲིད་བསྐལ་བ་མ་སྟོངས་ཀྱི་བར་དུ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་འཆེས་པར་བཤད།” ཅེས་པའི་གནས་ཚུལ་འདི་ལས་རྟོགས་ཐུབ་ལ། དྲག་འདུལ་ཞེས་པའང་སངས་ཆོས་ལས་གསུངས་པའི་ཆོས་ཁྲིམས་མི་བརྩི་མཁན་དང་། དེ་ལ་རྒོལ་མཁན་རྣམས་དྲག་འདུལ་བྱེད་པའི་དོན་རེད།
གཤིན་རྗེ་གཤེད་དམ་འཇམ་དཔལ་སངས་རྒྱས་ཀྱི་ངོ་བོར་བསྒྲུབས་སྟངས་ནི། ཇི་སྐད་དུ། “ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། ཇི་སྙེད་གཟིགས་པའི་ཡེ་ཤེས་གཉིས་ཀྱི་རང་གཟུགས་ལས་རྗེ་བཙུན་འཇམ་དཔལ་དབྱངས་བྱུང་བ”ཅེས་གསུངས་པས་མོས་འདོད་བཞིན་གང་དུ་བསྒྲུབ་ཆོག་ཅིང་། ཆོག་པ་ངན་གོམས་སུ་ཕྱིན་པས། གླིང་གེ་སར་དང་། དོལ་རྒྱལ་སོགས་ཀྱང་སངས་རྒྱས་ཀྱི་ངོ་བོར་བསྒྲུབས་ཤིང་། དེ་ལྟར་སྒོམ་པས་བོད་ཀྱི་སྤྱི་ཚོགས་ནང་། ཡོད་ཚད་ཆོས་ལུགས་དང་། དད་རྟེན་དུ་གྱུར་པས། རྙོག་དྲ་མེད་སར་རྙོག་དྲ་དང་། དཀའ་ངལ་མེད་སར་དཀའ་ངལ། བཀག་རྒྱ་མེད་སར་བཀག་རྒྱ་ཡོང་བཞིན་ཡོད། ཡོང་དགོས་དོན་དེ་ནི་བོད་པ་རྣམས་ཀྱིས་སྔར་མེད་ཀྱི་གསར་བཏོད་བྱས་པ་མིན་པར། ཧིན་སངས་ཡི་གསུམ་སོགས་ཀྱི་ཆོས་དཔོན་ཚོས། རང་གི་ཁེ་ཕན་གྱི་ཆེད་དུ་ཅི་འདོད་བཞིན་དུ་བསྒྲུབ་ཆོག་པའི་ལུགས་སྲོལ་ཞིག་བཟོས་པས་རེད། སྒྲུབ་དགོས་དོན་ཡང་དད་པ་དང་། འདོད་མོས་ཡོད་ན། བཀག་རྒྱ་དེ་ཙམ་མེད་པར་ཡོད་ཚད་ཅི་འདོད་དུ་སྒྲུབ་ཆོག་ཅིང་། ཆོག་པ་དེ་ནི་ཆོས་ལུགས་ཀུན་གྱི་ཞན་ཆ་ཚབས་ཆེན་ཞིག་ཡིན་པ་དང། རྫུན་རྐུབ་འབུད་བྱེད་ཀྱི་རྩ་བ་རུ་མཐོང་། འོན་ཀྱང་། ལམ་ལུགས་དེ་ཆོས་དཔོན་ཚོའི་ཁེ་ཕན་སྒྲུབ་བྱེད་གལ་ཆེན་ཞིག་ཡིན་པས། ལས་སླ་བོར་དག་ཐེར་དང་། བཅོས་སྒྱུར་གཏོང་དཀའ་བས། ཇི་སྲིད་མི་རྣམས་ཀྱི་གོ་རྟོགས་མ་སད་བར་དེ་སྲིད་དུ་གནས་ཚུལ་འདི་དག་ཆེ་ཆུང་ལ་མ་ལྟོས་པར་འབྱུང་ངེས་རེད།
ཧིན་ངྷི་བས་འཇམ་དཔལ་གཤིན་རྗེ་དང་ལྷ་རུ་འདོད་སྟངས།
ཧིན་ངྷི་ལྟར་ན་འཇམ་དཔལ་གྱི་མིང་ལ་གཡའ་མན་ཟེར་ཞིང་། དེ་ནི་འཇིག་རྟེན་གྱི་སྲོག་ཆགས་ཀྱི་ཐོག་མ་རུ་འདོད་ཁར། གྲོངས་རྗེས་སུ་གཤིན་པོའི་རྒྱལ་པོ་རུ་བསྡད་དེ། ཧིན་ཆོས་ཀྱི་གཞུང་ལས་གསུངས་པའི་ལས་འབྲས་ལྟར་གཤིན་པོ་རྣམས་ཐག་གཅོད་བྱེད་པར་འདོད་ཀྱིན་ཡོད། གཞན་ཡང་དྲང་བདེན་གྱི་ལྷ་དང་། མངོན་པ་མི་གསལ་བའི་ཆོས་སྟོན་སློོབ་དཔོན་བཅས་སུ་འདོད་ཁར། Katha Upanishad ཡིས་འཇམ་དཔལ་གྱི་སྐུ་འདྲ་བྲིས་ཤིང་། སྒྲུབ་ན་དངོས་གྲུབ་འབྱུང་བའི་སྟོན་པ་རུ་འདོད་ཀྱིན་ཡོད་པས། སངས་ཆོས་པས་འཇམ་དཔལ་སངས་རྒྱས་ཀུན་གྱི་མཁྱེན་རབ་གཅིག་འདུས་སུ་འདོད་ཅིང་། ཤེས་རབ་ཀྱི་ལྷ་རུ་སྒོམ་ནས་དངོས་གྲུབ་སྒྲུབ་སྟངས་དང་གཅིིག་མཚུངས་ལྟར་རེད།
Upanishad ཨོོ་པཱ་ནི་ཤཱ་སྒྲི་ཟེར་བ་འདི་ནི་ཧིན་ངྷི་ཆོས་ལུགས་ཀྱི་ཚད་མཐོའི་གྲུབ་མཐའ་ཞིག་ཡིན་ཞིང་། དེ་ལ་མདོ་སྔགས་གཉིས་ཡོད། དེ་ནི་ཝཱ་སྒྲི་ཁིའི་དུས་རབས་ཏེ། རྣམ་མཁྱེན་དང་། ཤེས་ཡོན་གྱི་དུས་སྐབས་སུ་བྱུང་བའི་གྲུབ་མཐའ་ཞིག་ཡིན་ཞིང་། དུས་རབས་ལྔ་བ་ནས་བརྒྱད་པའི་བར་དུ་གྲུབ་མཐའ་དེ་ཤུགས་ཆེར་དར་བ་མ་ཟད། གྲུབ་མཐའ་དེ་རྩོམ་མཁན་གྱི་སློབ་དཔོན་དུ་མས་ནང་པ་སངས་རྒྱས་པའི་མཁས་པ་མང་པོ་དང་། རྒྱལ་བ་བའི་མཁས་པ་མང་པོ་ལ་རྩོད་པ་བརྒྱབས་འདུག
ཉམས་ཞིབ་པ་ཚོས་ Upanishad གྲུབ་མཐའ་ནི་སངས་ཆོས་དང་། རྒྱལ་བའི་ཆོས་ལུགས་སུ་མཐུན་པའི་གྲུབ་མཐའ་ཞིག་ཡིན་ཚུལ་རྩེ་གཅིག་ཏུ་སྨྲ་ཁར། གྲུབ་མཐའ་དེའམ་གཞུང་ལུགས་དེ་རྩོམ་མཁན་གང་ཟག་དུ་མ་ཡོད་ཅིང་། དུས་རབས་ལྔ་བ་ནས་འགོ་བཙུགས་ཏེ། དུས་རབས་ཉི་ཤུའི་བར་དུ་རྩོམ་མཁན་དང་། དཔེ་ཆ་གསར་དུ་རྙེད་མཁན། མན་ངག་ཡིག་ཐོག་ཏུ་འཁོད་པ་སོགས་ཡོད། གྲུབ་མཐའ་དེ་ནི་ཧིན་ཆོས་ཀྱི་ཝེ་སྒྲན་ཏཱ་གྲུབ་མཐའི་ནང་གསེས་གསུམ་ཡོད་པའི་ནང་གི་གཅིག་ཡིན་ཞིང་། སངས་ཆོས་ཀྱི་གསང་སྔགས་དང་ཧ་ཅང་མཐུན་པར་སྨྲ། ཡིན་ཏེ། ཁོ་གཉིས་ཀྱིས་ཕན་ཚུན་ལས་ལེགས་ཆ་ལེན་རེས་དང་། གནད་དོན་ཁ་ཤས་གསར་བཏོད་མཉམ་བྱ། དར་རྒྱས་མཉམ་བྱུང་གནང་བས། ལུགས་འདིའི་བྷ་ར་ཧི་མན་ཞེས་པའི་ཆོས་ཀྱི་གནས་ལུགས་མཐའ་ཐུག་དེ་སྒོམ་སྟངས་དང་། འགྲེལ་ཚུལ་ནི་སངས་ཆོས་ཀྱིས་ལུས་ཀྱི་འཁོར་ལོ་ལྔ་བོ་རྒྱལ་བ་རིགས་ལྔར་འགྲེལ་ཞིང་། རང་ཉིད་ཀུན་ཏུ་བཟང་པོའམ་རྒྱལ་བ་རིགས་ལྔ་སོགས་ཀྱི་ངོ་བོར་བསྐྱེད་དེ། སྒོམ་སྟངས་དང་གཅིག་པ་ཡིན་པས་ཡིན། གྲུབ་མཐའ་འདི་ནི་ནུབ་ཕྱོགས་སུ་དུས་དགུ་བཅུ་བའི་ནང་ཐོག་མར་བསྒྱུར་ཞིང་། ནུབ་མི་མང་པོས་ཧ་ཅང་གི་དོ་སྣང་བྱས་འདུག
ཨོོ་པཱ་ནི་ཤཱ་སྒྲི་ཞེས་བའི་ཧིན་ཆོས་ཀྱི་གྲུབ་མཐའ་འདི་དར་དགོས་དོན་ནི། ཉམས་ཞིབ་པ་ཁག་ཅིག་གིས་སྐབས་དེ་དུས་རྒྱ་གར་དུ་འཛམ་གླིང་གི་ཡུལ་ཕྱོགས་གང་ས་ནས་ཡོང་བའི་གནས་སྤོ་བ་མང་པོ་ཡོད་ཅིང་། གནས་སྤོ་བ་ཚོས་སོ་སོའི་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་རེ་འཁུར་ཏེ་ཡོང་བས། ཕན་ཚུན་རྩོད་ཅིང་འགྲོགས་འདྲིས་ལས་མཉམ་འདུས་བྱས་མཐར་གྲུབ་མཐའ་འདི་བྱུང་བར་འདོད། བྱུང་སའང་རྒྱ་གར་གྱི་བྱང་ཕྱོགས་ཡིན་ཞིང་། གནས་དེ་ནས་རིམ་བཞིན་རྒྱ་གར་གྱི་དབུས་ཕྱོགས་སུ་དར་བར་འདོད། རྒྱུ་མཚན་ནི། རྒྱ་གར་གྱི་བྱང་ཁུལ་ནི་དཀྱིལ་ཤར་ཁུལ་དང་ཡོ་རོབ། སོག་པོ་དང་རྒྱ་ནག་སོགས་ལ་འགྲོ་ས་དང་ཡོང་སའི་ལམ་ཁ་འཁེལ་བས་རེད། རྒྱུ་མཚན་དེའི་དབང་གིས་རྒྱ་གར་ལ་གར་ལོག་སྟེ། སྒྲ་གཟི་རཱ་ཝ་སྒྲིའི་འཇིགས་པ་ཡོང་སྐབས་བྱང་ཕྱོགས་ཨ་རྒན་ནས། ཕཱ་ཁི་སི་ཐན། ཀ་སྨིར་བཅས་བརྒྱུད་དེ་ཡོང་ཡོད། ཡོང་སྐབས་ཀྱང་དུས་རབས་བཅུ་བའི་ནང་ཡིན།
གང་ལྟར་ཧིན་སངས་གཉིས་ཀ་ལ་གཤིན་རྗེ་གཤེད་དང་། དེ་དག་གི་སྒྲུབ་ཐབས་སོགས་ཡོད་པས་དོན་དངོས་ཧིན་སངས་གཉིས་ཀྱི་གང་ཞིག་བསྒྲུབ་ན་གཤིན་རྗེ་རྒྱལ་པོ་ཡི་བཀའ་དང་མཐུན་ནམ། གཉིས་ཀས་རང་ལུགས་ཀྱི་ཆོས་ཁྲིམས་ཅི་ལྟར་གསུངས་པ་དེ་ལྟར་བསྒྲུབ་ན། གཤིན་རྗེ་གཤེད་ཀྱིས་ཐག་གཅོད་དེ་ལྟར་བྱེད་ཅིང་། བྱེད་དགོས་པའང་ཆོས་ཁྲིམས་དེ་དག་གནས་ལུགས་དང་། ལས་འབྲས་ཀྱི་མཐར་ཐུག་པ་ཡིན་པས། གཤིན་རྗེ་གཤེད་ཀྱི་དེ་ལྟར་གནང་བ་ཁ་ཐག་བྱེད་ཀྱིན་ཡོད་ཀྱང་། གཉིས་ཀས་རང་རང་གི་ལུགས་ལས་གསུངས་པའི་ཆོས་ཁྲིམས་མི་འདྲ་བས་གཤིན་རྗེ་གཤེད་ཀྱིས་སུ་ཡི་ཁ་ལ་ཉན་ནམ།
སངས་ཆོས་ལྟར་ན་གཤིན་རྗེ་གཤེད་ཀྱིས་ཅི་སྒྲུབ་ཐམས་ཅད་སངས་ཆོས་ལྟར་བྱེད་པར་མ་ཟད། དེ་ལྟར་གནང་བས་སྲུང་མའི་ངོ་བོར་བྱོན་ཚུལ་བསྙད་ཀྱང་། དོན་དངོས་དེ་ནི་མིའི་འདོད་རྔམས་ལ་ཚད་མེད་པའི་བདེན་དཔང་གནང་བ་ལས་གཞམ་དུ་མ་མཐོང་ལ། དེ་བཞིན་འདི་ཕྱི་གཉིས་ལ་བཏང་འཛིན་ཡོད་པར་རློམ་མཁན་གྱི་ཆོས་ལུགས་ཀུན་ཡང་གནས་ལུགས་དེ་ལས་མ་འདས། ཡིན་ཏེ། ཆོས་ལུགས་གསར་བཏོད་བྱེད་མཁན་དང་། བཟོ་མཁན་མཐའ་དག་མི་ཡིན་པས། མི་ལ་འདོད་རྔམས་ལས་དོན་དངོས་དེ་འདྲའི་ནུས་པ་ཞིག་མེད་པས་ཡིན།
ཧིན་ངྷི་ཡིན་ཡང་གཤིན་རྗེ་གཤེད་ཀྱི་ཐག་གཅོད་ཧིན་ཆོས་ལས་གསུངས་པ་ལྟར་འགྲོ་ཞིང་། དེ་ལྟར་ཕྱིན་ན་ཚེ་ཕྱི་མ་ཙམ་མ་ཟད་ཚེ་འདི་ལའང་དངོས་གྲུབ་སྩོལ་ཚུལ་གྱི་སྒྲུབ་ཐབས་ཡོད་པས། མཐར་གཏུག་ན་སངས་ཆོས་ཀྱི་བཞད་སྟངས་དང་གཅིག་མཚུངས་རེད། དེ་བཞིན་ཆོས་ལུགས་ཀུན་ལ་དེ་མཐུན་གྱི་དམྱལ་བ་རེ་ཡོད་ཅིང་། དམྱལ་ཁྲིམས་ཀྱང་ཆོས་ལུགས་སོ་སོའི་ཁྲིམས་བཞིན་འགྲོ་བས། མགོ་སྐོར་དང་ཧམ་བཤད་ལས་གཞན་དུ་མེད། ཧམ་པ་དང་མགོ་སྐོར་བཏང་ཡང་སྡུག་གྱོང་རེད། ཡིན་ཏེ། འགྲོ་བ་མི་འདིར་མཚམས་རེར་མགོོ་སྐོར་གཏོང་དགོས་ཤིང་། མ་བཏང་བར་ཡོད་ཚད་དྲང་མོ་བཤད་ན་རིན་ཐང་སྤྲོད་མཁན་དཀོན་ཁར། དེ་ལས་ལྡོག་སྟེ་མང་པོ་ཞིག་སྐྱག་ལང་ཤོར་ནས་ཚོད་མེད་ཀྱི་ཐོབ་ཐང་རྩོད་མཁན་དང་། རང་ཉིད་གཅིག་བུ་མ་གཏོགས་བསམ་རྒྱུ་མེད་མཁན་ཞིག་ཏུ་འགྱུར་བས་ཡིན།།
དྲ་གྲོགས་ཨ་ནུས་གནད་ལ་འཁེལ་བའི་དཔྱད་གཏམ་ལེགས་པོ་དེ་འདྲ་བྲིས་པར་བཀའ་དྲིན་ཆེ་ཡིན་ནའང་ང་ཚོའི་སྤྱི་ཚོགས་འདི་དངོས་མེད་ལྷ་འདྲེ་ཡིས་འཇིགས་བསྐུལ་ལ་མ་བརྟེན་ན་འདུལ་རྒྱུ་ཤིན་ཏུ་ཁག་པོ་རེད་སྔོན་མ་ནས་རང་གི་དགའ་སའི་རྒྱལ་པོའི་དབུ་ལ་ལྷ་ཞེས་བྱ་བ་དཀར་ཧྲིལ་ལེར་བཞུགས་ཤིང་་་་རང་ཉིད་ཀྱི་མི་དགའ་སའི་རྒྱལ་པོ་གཙོས་པའི་མི་རྣམས་ཀྱི་མགོ་ལ་གླང་རྭ་ཧྲེང་ངེར་ཀེར་བར་འདོད་མཁན་དང་ཡིད་ཆེས་བྱེད་མཁན་ཞིག་ཡིན་པས་ལམ་སངས་སྤྱི་ཚོགས་འདི་འགྱུར་ལྡོག་ཞིག་ཡོང་དཀའ། འོན་ཀྱང་རིམ་པས་རྨོངས་གཉིད་ལས་སད་རྒྱུར་ཐེ་ཚོམ་མི་དགོས་པ་ཞིག་རེད། དཔྱད་རྩོམ་འདི་འདྲ་ཡང་ཡང་སྤེལ་རོགས་ཞུ་གི་ཡོད། རྨོངས་གཉིད་ལ་ཤོར་བའི་མི་འགའ་ཞིག་མི་དགའ་ནའང་ཐོང་ཡིན་ནའང་དེ་ཚོ་ནི་གཉིད་ཀྱི་ལབ་འཆོལ་དུ་ངོས་འཛིན་གྱིས་སྣང་མེད་དུ ་འཇོག་རོགས།
་་་་་་་རྒྱུ་མཚན་དེའི་དབང་གིས་རྒྱ་གར་ལ་གར་ལོག་སྟེ། སྒྲ་གཟི་རཱ་ཝ་སྒྲིའི་འཇིགས་པ་ཡོང་སྐབས་བྱང་ཕྱོགས་ཨ་རྒན་ནས། ཕཱ་ཁི་སི་ཐན། ཀ་སྨིར་བཅས་བརྒྱུད་དེ་ཡོང་ཡོད། ཡོང་སྐབས་ཀྱང་དུས་རབས་བཅུ་བའི་ནང་ཡིན།་་་་་་་་ཞེས་གར་ལོག་སྟེ། སྒྲ་གཟི་རཱ་ཝ་སྒྲི་ཟེར་བ་དེང་སང་ས་ཁྲ་ལྟར་བྱས་ན་གང་དུ་ངོས་འཛིན་དགོས་སམ།
ཨ་ནུས་བོད་ཡིག་བྲིས་པར་མངོན་པར་བསྟོད་དོ། ཡིན་ན་ཡང་ནང་དོན་ལ་ཧིན་དུའི་གཞུང་ལ་ཐོས་རྒྱ་མ་ཆོད། ནང་ཆོས་སྤྱི་ལ་གོ་བ་མ་སོང་། སྔགས་རིམ་གནད་ཀྱི་གཟེར་བུ་མ་ཆོད། གསང་སྔགས་ཆོས་ལ་ལོག་པ་ལྟ་བའི་དོལ་ཚོགས་ཀྱི་རྗེ་ཙོང་ཁ་པ་དང་འཇམ་དཔལ་གཤིན་རྗེ་གཤེད་ཚང་མ་དལ་འདྲེའི་ངོ་བོ་སྒྲུབ་པའི་ཁ་བཤད་ངན་པའི་ཐོ་ཅོ་སྤྱོད་པ་གཞན་དབང་དུ་མ་སོང་བས་བྱེད་སྟངས་དོན་དང་ཏང་གི་ཤན་ཞུགས་ཆེན་པོ་སོང་ཡོད་པ་འདྲ་ཞིག་བཟོས་འདུག xxx
པདྨ་ལགས། ཁྱེད་ཀྱིས་ཧིན་དུའི་གཞུང་ལ་ཐོས་རྒྱ་ཆོད་པ། ནང་ཆོས་སྤྱི་ལ་གོ་བ་ལོན་པ། སྔགས་རིམ་གནད་ཀྱི་གཟེར་ཆོད་པ། གསང་སྔགས་ཆོས་ལ་ལོག་པ་མི་ལྟ་བའི་རྩོམ་ཞིག་བྲིས་ཤོག་དང་དགའ་བསུ་ཡོད།
བློ་མཐུན་ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་དཔྱོད་རྩོམ་ཡག་པོ་ཞིག་བྲིས་འདུག་པས་དགའ་པོ་བྱུང་། བོད་མི་རིགས་རྨོངས་དད་ལས་གྲོལ་པར་ཕན་ཐོགས་ངེས་རེད། བཤིས་གཉེན་བརྟེན་ཚུལ་ཟེར་བའི་དབང་སྒྱུར་སྲིད་ཇུས་དང་གསང་སྔགས་ཀྱི་བླ་མ་བརྟེན་ཚུལ་ཟེར་བའི་བྲན་གཡོག་ལམ་ལུགས་འདི་གཉིས་བེད་སྤྱད་ནས་བོད་མི་རིགས་མགོ་སྐོར་བཏང་ཡོད་ལ་བྲན་གཡོག་བཟོས་ཡོད། སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་གཡུགས་ཡོད།
བླ་དད་སྤྲུལ་དད། ལྷ་དད་སོགས་བེད་སྤྱད་ནས་སྤྱི་ཚོགས་ལོག་ལམ་དུ་ཁྲིད་བཞིན་ཡོད་ལ་བོད་མི་རིགས་ནང་འཁྲུག་བསླངས་ཀྱི་ཡོད། སངས་རྒྱས་ཁོག་ཞུགས་ཀྱི་མྱི་ལུས་ཅན་ཚོས་བོད་མི་རིགས་མགོ་སྐོར་གཏོང་བཞིན་ཡོད། སྒེར་གཅོད་བྱེད་བཞིན་ཡོད། རང་དབང་དམངས་གཙོ་ལ་ལོངས་སྤྱོད་བཅུག་གི་མེད།
ང་ཚོས་ངེས་པ་ཏུ་བོད་མི་རིགས་རྨོངས་དད་འོག་ནས་ཐར་ཐབས་བྱ་དགོས། མགོ་སྐོར་བཏང་གི་ཡོད་པ་ཤེས་སུ་བཅུག་དགོས། འདི་ནི་ལས་འགན་གལ་ཆེན་ཞིག་ཡིན། ཤེས་ཡོན་ཅན་ཚོས་ཤུགས་རྒྱབ་དགོས།
སངས་ཆོས་ཀྱི་འཇམ་དཔལ་འདོད་སྟངས།
་་་་་་་་་་་་་ གཤིན་རྗེ་གཤེད་ནི་ཤི་རྗེས་ཀྱི་རྒྱལ་པོ་ཡིན་ཞིང་། སྲོོག་ཆགས་སུ་ཞིག་ཤི་ཡང་། ཤི་རྗེས་སུ་སངས་ཆོས་ལས་གསུངས་པའི་ལས་འབྲས་ཀྱི་ཆོས་ཁྲིམས་ལྟར་སྐྱེ་བ་ཅི་ལྟར་འཕོ་འགྱུར་དང་། ཉེས་ཆད་ཅི་ལྟར་གཅོད་མིན་སོགས་ཀྱི་ཁྲིམས་ཐག་གཅོད་མཁན་དེ་ཡིན་པར་མ་ཟད། ་་་་་་་་་་་་་་་་་་་་
ཨ་ནུས་ནང་པའི་གསང་སྔགས་མི་ཤེས་པ་ལ། ཤེས་མདོག་མ་བྱས་མཛེས་སོ།། ད་དུང་་་་་་་
གསང་སྔགས་བླ་མའི་ཆོས་ལུགས་ཟེར་སྲོལ་དེ། དེ་འདྲ་ཞིག་ལ་ཟེར་རྒྱུ་ཡིན་ནམ།
ཡང་།
་་་་་་་་་་་ མཐར་གཏུག་ན་སངས་ཆོས་ཀྱི་བཞད་སྟངས་དང་གཅིག་མཚུངས་རེད། ་་་་་་་་་་་་་་་
ཟེར་བ་ནི། ཨ་ནུ་གུང་བྲན་ཀླ་ཀློས་ནང་ཆོས་འགྲེལ་བཤད་ལ་ཀུན་གྱིས་དམོད་གཞི་ཙམ་། གང་དུ་ཡང་ཁུངས་འཁྱོལ་ཐབས་ཡོད་མ་རེད་དོ།། ཨ་ནུ་ལགས།
ནང་པའི་གཞུང་ན་བཤད་པའི་གཤིན་རྗེ་གཤེད་དེ་ནི། སངས་རྒྱས་ཀྱི་ཤེས་རབ་དེ་། ལྷ་རུ་་ཤར་བ་དང། དེ་ཡང་སྟོན་པས་གསང་སྔགས་བླ་མེད་གསུང་དུས། གསང་སྔགས་མེད་ཀྱི་ཆོས་དེ། སྟོན་པས། སྟོན་པ་ཡང་ང་རང་ཡིན། སྟོན་པའི་ཆོས་ཀྱང་ང་རང་ཡིན། གདུལ་བྱ་ཉན་མཁན་ཡང་ང་རང་ཡིན་གསུངས་ཡོད་རེད། དེས་ན་ནང་ཆོས་མ་ཤེས་པར་ཤེས་མདོག་བྱས་ནས། ཁ་བརྡར་མིང་སྐམ་པོ་བཟོ་འདོད་མ་བྱས་མི་མཛེས་སམ་། ལགས། ཨ་ནུ་ལགས།
ཨ་ནུ་རང་དངོས་གནས་དྲང་གནས་སངས་ཧིན་གཉིས་ཀྱི་གཤིན་རྗེ་གཤེད་སྐོར་ཤེས་འདོད་ཡོད་ན། རྒྱ་གར་རྒྱལ་སམདིལླིར་རྒྱ་གར་བོད་ཀྱི་ནང་ཆོས་བྱེད་མཁན་ཚོགས་པ་ཅིག་ཡོད་རེད། ཁོང་ཚོར་དྲིས་དང་། ཧིན་ཆོས་དང་། ནང་ཆོས་སྐོར་དེང་དུས་ཀྱི་རྒྱ་གར་བས་ཁྱོད་ལ་གསལ་བཤད་ཐུབ་ངེས་རེད། འདི་ནི། ངས་སྙིང་ཐག་པས་བསམ་འཆར་འདོན་པ་ལས། ཁྱེ་རང་ལ་ངས་ཁྱད་གསོད་སོགས་བྱས་པ་གཏན་ནས་མིན་ནོ། ཨ་ནུ་ལགས། །
རྒྱ་གར་པ་སངས་ཧིན་གཤིན་རྗེ་གཤེད་ཤེས་མཁན་ཁག་ཅིག་གི
http://zbigniew-modrzejewski.webs.com/tmmc/
ཀརྡོ་་་་་རྒྱུ་མཚན་མེད་པའི་མཆན་རྙོག་མང་པོ་མ་བཏབ་རོགས་བྱོས། ཡང་མིན་ན་་་སྒྲུབ་བྱེད་འདྲ་དང་རྒྱུ་མཚན་ཡོད་པའི་སྐད་ཆ་རེ་བཤད་ཨེ་ཤེས་ལྟོས། གུང་ཁྲན་ཀླ་ཀློ་ཡིན་སྟངས་ཅི་འདྲ་རེད་དམ། གླུ་མ་ཚེ་བརྟན་སྒྲོལ་མ་དང་ཁྱོད་གཉིས་ཀྱིས་གུན་ཁྲན་ཏང་ལ་ཀླ་ཀློ་འབོད་པའི་ཐོབ་ཐང་ཅང་ལྷག་ཡོད་ས་མེད། གུང་ཁྲན་ཏང་གི་ཁྲིམས་ལུགས་ཀྱི་འོག་ཏུ་བདེ་སྐྱིད་འདུག འགྲོ་གི་ཡིན་ཟེར་མཁན་ཨང་དང་པོ་གཅིག་ཁྱོད་ཡིན་པ། ཁྱོད་ཀླ་ཀློ་གུང་ཁྲན་འོག་ཏུ་ག་དུས་འགྲོ་གི་ཡིན་ཨ་་་་ཧཧཧཧཧ
ཨ་ནུ་རང་། འཇམ་དཔལ་གཤིན་རྗེ་གཤེད་དང་། ཆོས་རྒྱལ་གཤིན་རྗེ་ཞེས་པ་ནི་གཅིག་ཏུ་འཁྲུལ་པ་འདྲ། ཆོས་རྒྱལ་གཤིན་རྗེ་ཟེར་བ་དེ་ཡང་། མཐར་བཙལ་ན་ནང་ཆོས་ནང་ལ། ཡི་དྭགས་ཀྱི་རྒྱལ་པོ་ཙམ་ལས་གང་ཡང་མི་འདོད།
མའོ་དང་། གླུ་མ་ཚེ་བརྟན་སྒྲོལ་དཀར་གཉིས་ཀྱི་བོད་ཀྱི་ནང་ཆོས་ལ་དམོད་ན་འོས་ཀྱང་། ཨ་ནུ་དང་། ཅོ་ཅོ་རིས་ནང་ཆོས་དང་བླ་སྤྲུལ་ཁག་ལ་དམོད་ན་ཞབས་འདྲེན་དུ་མཐོང་བས་།
ཁྱེད་གཉིས་ཀླ་ཀློའི་ཁྱུ་རུ་འཛུལ་ཙང་། ངས་གུང་བྲན་ཀླ་ཀློ་ཞེས་མ་བརྗོད་ཀ་མེད་ཆགས་པ་རེད། ཚེ་བརྟན་སྒྲོལ་མས་མའོས་མཉམ་དུ་ཉལ་པོ་བྱས་ལ་སུས་ཧང་སང་། བོད་ཀྱི་གྲྭ་པ་དང་གྲྭ་ལོག་ཚོས་ཧིན་ཆོས་དང་ནང་ཆོས་དབྱེ་མི་ཤེས་པའི་ཐོག་ལ། ད་དུང་ཁ་བརྡར་དཔུང་པ་ངོམས་ནས་འོངས་ངོ་མི་ཚའམ། ལགས། ཅོ། ཅོ་རི་ལགས།
དག་ཆ་མང་པོ་ནོར་འདུག་ཀྱང་། དག་བཅོས་བྱ་ཁོམ་མེད་པས་དགོངས་དག་གོ
ཨ་ནུ་ཐང་ཟེར་བ་འདི་ཆུང་དུས་རྒྱ་མིའི་སློབ་གྲྭར་སོང་མྱོང་བ་དེ་ཡག་པོ་བྱུང་འདུག
གུང་བྲན་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་འདུག་ཀ ནང་བའི་ཆོས་ལུགས་དང་དད་པ་འདིས་བོད་གོང་བུ་གཅིག་གྱུར་ལ་ནུས་པ་ཐོན་གྱི་ཡོད་པ་མི་འདིས་ཤེས་ཡོད་ས་རེད། ཆོས་དུག་ཡིན་པར་བཤད་ཀྱིན་འདུག་ཀ
འདིའི་རྗེས་ནས་ག་རེ་འབྲི་རྩིས་ཡོད་དམ།
དཔྱོད་ལྡན་ཨ་ནུ་ལགས་ངས་གོང་དུ་ཞུས་ཡིན་པ་ཡང་དོལ་ཚོགས་གུང་ཁྲན་ཀླ་ཀློ་ཁྱིར་རྒན་སོགས་ཀྱིས་དམོད་བཅོལ་བྱེད་ངེས་རེད། བཟོད་བསྒོམ་གནང་རོགས་མི་འདི་ཚོར་ནང་ཆོས་ཀྱི་བྱམས་སྙིང་བཟོད་པ་གུ་ཡང་ཟེར་བ་དེ་ཚོའི་དྲི་མ་ཙམ་ཀྱང་དྲོ་གི་མེད། ཁྱེད་རང་ཟེར་བ་ལྟར་རྨོངས་པ་མགོ་འཐོམ་རང་རེད། གཉིད་ཀྱི་འཆོལ་ལབ་རང་རེད། རྒྱུ་མཚན་རིགས་པའི་གཏམ་ཚིག་གཅིག་མེད་ཁར་བཟོད་སྒོམ་གུ་ཡང་གི་སེམས་ཟེར་བ་ཡང་ཡོད་པ་མ་རེད། དེ་ལས་ཆོས་མེད་རིང་ལུགས་པ་ཚོ་གུ་ཡང་ཆེ་གི་རེད། གཏམ་དེ་རིགས་རྣ་རྒྱབ་ཀྱི་དྲི་ཞོན་བཞིན་དུ་སྣང་མེད་དུ་གཏོང་རོགས། ལྷག་པར་དུ་ཆོས་ལུགས་ཁ་ལ་འཁྱེར་ནས་ཆོས་ལུགས་ཕྱོགས་རིས་ཀྱི་ནད་ངན་གྱིས་མནར་བའི་པདྨ་ཟེར་བའི་རིགས་ལ་སྙིང་རྗེ་དང་བྱམས་པས་རྩོམ་འདི་ཡི་རིགས་མང་ཙམ་འབྲི་རོགས་ཞུ།
རྣམ་དཔྱོད་ལྡན་པའི་དྲ་གྲོགས་ཅོ་རི་དང་ཁྱུང་སེ་སོགས་ཕེབས་ནས་དགོངས་ཚུལ་གསུངས་བར་ཐུགས་རྗེ་ལེགས་འབུལ་ཞུ་ཡོད། དེ་དང་ཆབས་ཅིག་དྲ་གྲོགས་མྱི་དཀར་ལགས་ཀྱིས་དྲི་བ་ཞིག་བཏང་འདུག་པས་དྲི་ལན་འདེབས་འདོད་བྱུང་།
རྒ་གཟི་རཱ་ཝེ་སྒྲི་ཡི་གོང་མའི་རྒྱལ་ཁབ་བཙུགས་མཁན་ནི་མཱ་ཧ་མོའི་སྒྲི་རྒ་གཟིས་ཡིན་ཞིང་། ཁོས་སྤྱི་ལོ ༩༧༧-༡༡༦༣ ལ་སྲིད་དབང་བཙུགས་ཤིང་། དེའི་ཁྱབ་ཡོངས་ཀྱི་ས་ཆ་ནི་དེང་སྐབས་ཀྱི་ཨ་ཧྥུ་རྒ་ནི་སི་ཐན་དང་ཕཱ་ཁི་སི་ཐན། ཀར་ཤིར་སྨིར། རྒྱ་བྱང་ཕྱོགས་ཀྱི་ས་ཁུལ་ཁག་ཅིག ཨེ་རན་དང་ཁ་གཟའ་སི་ཐན། ཀིར་ཁི་སི་ཐན་དང་ཁྲལ་ཅིས་སི་ཐན། ཨོས་གཟའ་བྷ་ཁི་སི་ཐན་དང་ཏུར་ཁའི་མན་སི་ཐན་བཅས་ཀྱི་ས་ཁུལ་ནང་དུ་སྲིད་དབང་བཙུགས་ཡོད།
ཁོས་སྲིད་དབང་བཙུགས་སྐབས་རྒྱ་གར་ལ་བཙན་འཛུལ་ཐེངས་མ་བཅུ་བདུན་བྱས་བས་ཧིན་ངྷི་དང་། སངས་ཆོས་ལ་དཀའ་ངལ་ཆེན་པོ་སྤྲད་ཁར། སྐུ་གསུང་ཐུགས་རྟེན་མང་པོ་ཞིག་འཕྲོག་གཅོམ་དང་། གཏོར་བཤིག་བཏང་བས་དགྲ་བོ་རྣལ་མ་ཞིག་ཏུ་ཆགས་པ་མ་ཟད། མཐའ་མ་ཡུལ་གྲུ་དེ་དག་གི་ནང་དུ་ཧིན་ཆོས་དང་། ལྷག་པར་དུ་སངས་ཆོས་ཀྱི་ཤུགས་རྐྱེན་མེད་པ་བཏང་མཁན་གྱི་འགོ་འདྲེན་པ་ཡིན་ཡང་། ཁ་ཆེའི་ཆོས་ལུགས་ལ་མཚོན་ན། ཁ་བསྟན་ཕྱོགས་གཞན་སྤེལ་མཁན་གྱི་དེད་དཔོན་དང་གཙོ་བདག་ཏུ་བཞིན་ཡོད། དེ་བརྟེན། ད་ལྟའང་ཕཱ་ཁི་སི་ཐན་དང་ཀར་ཤིར་སྨིར། ཨ་རྒན་པ་ཚོས་ཁོང་ནི་ཁོ་ཚོའི་རིག་གཞུང་གི་མངའ་བདག་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།
ཨ་ནུ་ཐང་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ།།
གཞན་ཡང་དྲ་གྲོགས་ཁག་ཅིག་གིས་ངས་སངས་རྒྱས་ཆོས་ལུགས་པ་དགག་པ་རྒྱག་གིན་འདུག་པས་དགའ་བོ་མི་འདུག་ཅེས་གསུངས་མཁན་འདུག་ཀྱང་། དོན་དངོས་དེ་ལྟར་མིན། ང་ནི་སངས་ཆོས་ལ་་དགའ་ཞེན་ཡོད་མཁན་ཞིག་དང་། ཞེན་ཁོག་ཡོད་མཁན་ཞིག་ཡིན་པ་མ་ཟད། དེར་སྦྱང་རྒྱུ་དང་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་གི་དགའ་བོ་ཡོད་མཁན་ཞིག་ཡིན། འོན་ཀྱང་། རང་ཉིད་དགའ་བོ་ཡོད་པའི་རྒྱུ་མཚན་དུ་བྱས་ནས་དྲང་བདེན་ལ་སྣང་མེད་འཇོག་རྒྱུ་ནི་ཡ་རབས་མ་རེད་ལ། མི་རིགས་འདིའི་ཕུགས་རྒྱང་རིང་པོ་ཁེ་ཕན་ལ་ལྟས་ཀྱང་། ཕན་ཐོགས་ཡོད་པ་ཞིག་དེ་བས་མ་རེད། དེ་ལས་ལྡོག་སྟེ་བདེན་པ་མཐོང་ཡང་མི་མཐོང་ཁུལ་བྱས་ནས་བཞག་པ་ཡིན་ན། མི་རིགས་འདི་དུས་དང་མཐུན་པའི་གོམ་པ་སྤོ་བར་འགོག་རྐྱེན་འཕྲད་ཁར། འདི་ལྟར་མུ་མཐུད་དུ་དད་པ་དང་། དམ་ཚིག་བེད་སྤྱོད་བཏང་ཏེ་ཕྱིན་པ་ཡིན་ན། མི་རིགས་འདིས་འཛམ་གླིང་གི་འཁོར་ཕྱོགས་དང་མཐུན་པའི་གོམ་པ་སྤོ་མི་ནུས་བ་འཇིག་པའི་ཉེར་ལེན་བྱེད་པས་བདེན་དོན་འདི་ནང་ཚགས་ཀྱི་ཚུལ་དུ་དྲ་གྲོགས་ཚོ་ལ་བསམ་ཚུལ་བརྗེ་རེས་སུ་ཕུལ་བ་ཡིན། རྒྱུ་མཚན་ནི། དད་པ་དང་དམ་ཚིག་གིས་འཇིག་རྟེན་སྐྱོང་བའི་དུས་རབས་རྙིང་བ་གྱུར་ཟིན་ཅིང་། དེས་དེང་དུས་ཀྱི་མི་སྡེ་སྐྱོང་སྟངས་ཀྱི་རིག་པའི་གཞུང་ལུགས་ཀྱི་དོ་ཟླ་མི་འོང་བ། འཇིག་རྟེན་གང་སར་ཕམ་ཉེས་ཕྱིན་ཟིན་ཅིང་འགྲོ་མུས་སུ་ཡོད་པས་ཡིན།
ནང་ཆོས་དང་ནང་ཆོས་་ལ་དད་པ་བྱས་པའི་རྒྱུ་མཚན་གྱིས་བོད་གོང་བུ་གཅིག་གྱུར་བྱུང་ཞེས་པའི་སྐད་ཆ་འདི་ནི་ཅི་བཤད་འདི་བཤད་མེད་དུས་ཧམ་བཤད་བྱས་པའི་སྐད་ཆ་ཞིག་རེད། བོད་སིལ་བུ་གཏོར་མཁན་ལྷ་ལུང་དཔལ་རྡོ་གཙོ་བོ་གྱུར་པའི་ནང་བསྟན་ཆོས་ལུགས་པ་ཚོ་ཡིན།
བོད་ཆེན་པོའི་རྒྱལ་ཁབ་གོང་བུ་གཅིག་གྱུར་ཡོད་པའི་སྐབས་སུ་ཤཀྱའི་ཆོས་ལུགས་ཟེར་ནའང་འདྲ། མནའ་མའི་ཆོས་ལུགས་ཟེར་ནའང་ཆོག ཕྱིའི་རྒྱལ་ཁབ་ཀྱི་ཆོས་ལུགས་འདྲེན་བྱས་པ་ནས་བཟུང་བོད་བཙན་པོའི་ཕ་མེས་ཆོས་ལུགས་ལ་དམོད་འབོད་དང་གཏོར་གཤིས་བཏང་གྱི་འགོ་བཙུགས་པ་རེད།
ཤཀྱའི་ཆོས་ལུགས་པ་ཚོས་ནང་འཁྲུག་བརྒྱབ། བོད་མིས་བོད་མི་བསད་རེས་བྱས། ཆོས་རྒྱུད་དང་ཆོས་རྒྱུད་ཀྱི་བར་དུ་བསད་རེས་བྱས། བླ་བྲང་དང་བླ་བྲང་གི་བར་དུ་བསད་རེས་བྱས། དགོན་སྡེ་དང་དགོན་སྡེ་ཡི་བར་དུ་བསད་རེས་བྱས། དད་པ་དང་དམ་ཚིག་བེད་སྤྱད་ནས་དམག་སྣེ་ཁྲིད། བོད་ཀྱི་གོང་བུ་གཅིག་གྱུར་གྱི་རྒྱལ་ཁབ་འདི་ཁ་འཐོར་དགུ་འཐོར་བཟོས། ད་དུང་་་ཤཀྱའི་ཆོས་ལུགས་དང་དད་པས་བོད་གོང་བུ་གཅིག་གྱུར་བཟོས་ཟེར་བའི་སྐད་ཆ་བཤད་ཕོད་པ་འདི་ངོ་ཚ་མེད་རྟགས་རེད། ཧམ་བཤད་དང་ལོག་བཤད་རེད། ཁུངས་ལུང་མེད་པའི་སྐད་ཆ་རེད།
ཨ་ནུ་ཐང་ལགས་ཀྱིས་བློ་སྒོ་འབྱེད་ཐུབ་པའི་རྩོམ་མཆོག་ཅིག་སྤེལ་འདུག དེ་མཚུངས་སུ་དྲི་བ་གཉིས་ཡོད། སངས་རྒྱས་ཆོས་ལུགས་ནང་སྐྱབས་འགྲོ་བཤད་སྐབས། སངས་རྒྱས། ཆོས། དགེ་འདུན་གསུམ་རེད། ཡིན་ནའང་། སངས་རྒྱས་ཆོས་ལུགས་བོད་ལ་དར་རྗེས། སྐྱབས་འགྲོའི་དབུ་ལ་བླ་མ་བཞག་ཡོད་པས། འདི་ནི་གཡང་དྲུང་བོན་ལས་བརྒྱུད་འཛིན་བྱས་པ་ཞིག་རེད་དམ་གསར་བཏོད་ཅིག་རེད། གལ་སྲིད་གསར་བཏོད་ཡིན་ན། སྔར་རྒྱ་ཡིག་ནང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ལ་བླ་མའི་ཆོས་ལུགས་ཟེར་བ་དེ་དོན་མཐུན་ཞིག་དང་སྟོན་པ་དངོས་སུ་ཡིན་ནམ།
ཨ་ནུ་ལགས་ལ་རེ་བསྐུལ་ཞུ་རྒྱུ་ཞིག་ལ། སངས་ཆོས་ཀྱི་དཔལ་ལྡན་ལྷ་མོ་དང་ཧིན་ཆོས་ཀྱི་མ་ཧ་ཀ་ལ་ཞེས་ནག་མོ་ཆེན་མོ་གཉིས་ལ་ཁྱད་པར་གང་འདྲ་འདུག་གམ། དེ་བཞིན་གཅེར་བུའི་སྟོན་པ་དང་སངས་ཆོས་ཀྱི་སྟོན་པ་ཤཀྱ་ཐུབ་པ་གཉིས་ལ་ཁྱད་པར་འདུག་གམ་སྐུ་འདྲ་བཅས་པ་ལ་བརྟེན་ནས་དེ་ཚོ་འདྲ་བོ་འདུག་ཡིན་ནའང་འདྲ་བ་ཐམས་ཅད་དངོས་མ་ཡིན་ཟེར་བ་རེད་དེ་ཚོ་ཐ་སྙད་སྐམ་པོ་བ་ཚོས་བེད་སྤྱོད་རེད། དེང་སང་དེའི་སྐོར་ལ་ཆོས་རིག་ལྷན་ཁང་ནས་ཆོས་ལུགས་ཆོས་རྒྱུད་ཁག་གི་མཁས་དབང་གདན་ཞུས་ཀྱིས་དུ་ལྡན་གྱི་ལ་ལ་མེ་ཡོད་མེད་ཀྱི་ཞིབ་འཇུག་བྱེད་ཀྱི་འདུག་ཟེར། ཐག་མ་ཆོད་ན་ངས་དབྱིན་ཡུལ་ནས་ཉོས་པའི་རྒྱང་ཤེལ་ཞིག་ཡོད་དེ་ཆོས་རིག་ལྷན་ཁང་ལ་འབུལ་རྩིས་ཡོད།
ཆོས་མེད་རྒྱལ་ཁབ་ཚོས་ཀྱང་རྒྱལ་ཁབ་དང་མི་རིགས་ལྟ་གྲུབ་སོགས་མི་མཐུན་པ་སྣ་མང་ཞིག་གི་དོན་དུ་ཕྱི་ནང་གི་དམག་འཁྲུག་བསླངས་པ་དང་སློང་བཞིན་ཡོད། མ་འོངས་པ་ལ་ཡང་དེ་བཞིན་རེད། དེ་དག་གི་རྐྱེན་གྱིས་སྤྱི་བ་དང་སྒེར་འབྲེལ་ཅི་རིག་གི་སྒོ་ནས་འདུས་པ་དང་ཐོར་བ་སོགས་བྱེད་ཀྱིན་ཡོད། དེ་ནི་ཡོང་ཆོག་ལ་སྲིད་པ་ཞིག་ཀྱང་རེད། དེ་ནི་མདོར་བསྡུས་ན་ཆོས་ཉིད་ཅིག་རེད་ཅེས་ཀྱང་བཤད་ཆོག་གི་རེད། གནས་ལུགས་འདི་རྒྱ་མཚོའི་རྦ་རླབས་ལྟར་ནམ་ཡང་འགོག་ཐབས་བྲལ་བར་ངས་ཡིད་ཆེས་བྱེད་ཀྱིན་ཡོད། བོད་ལ་མཚོན་ན་ཡང་དེ་བཞིན་རེད། ཁྱེད་ཚོས་བཤད་པ་དེ་ནི་དབང་ཡོད་མི་སྣ་ཚོས་ཆོས་མ་ཤེས་པ་དང་ཆོས་ཉམས་ལེན་བྱེད་མ་ཐུབ་པའི་ནང་རྟགས་ཕྱིར་བསྟན་པ་ཡིན་པ་ལས་ཆོས་ལུགས་ཀྱི་ནོར་འཁྲུལ་ཞིག་ལ་ཁས་བླངས་ན་མ་བརྟག་པའི་སྐྱོན་ཡིན་པས་དགོད་བྲོ་བོ་རེད། ཅོ་རི་སོགས་དགོངས་པ་ཟབ་བཞེས་གནང་རོགས
དགེ་འདུན་རྒྱ་མཚོ་ལགས་་་་ཆོས་མེད་རྒྱལ་ཁབ་ཤིག་འཛམ་གླིང་ཐོག་ཏུ་ག་པ་འདུག་གམ། གཅིག་སྟོན་རོགས་བྱོས་དང་། ཆོས་ལུགས་མེད་པའི་ཡུལ་ལུང་ཞིག་འཛམ་གླིང་འདི་ལ་མེད་པ།་་་ཧཧ ངོ་མ་དགོད་བྲོ་ཡ་འདྲ་ཞིག་རེད་འདུག
དགེ་འདུན་རྒྱ་མཚོ་ཁྱོད་ཀྱིས་ཁས་ལེན་མེད་ས་ལ་དགག་ལན་འཕེན་ཡོང་གི་འདུག སུས་འགྲོ་སྟངས་རེད་ཨ།
གོ་ལའི་ཆོས་ལུགས་ཡོངས་རྫོགས་འགྲོ་བ་མིའི་རིགས་མགོ་བསྐོར་བྱེད་ཟེར་ན། མཐའ་རུ་ལྷུང་བའི་འདོད་ཚུལ་ཡིན་ཏེ། མིའི་དགོས་མཁོ་དང་མཚམས་པའི་ཁྲིམས་ལུགས་གཏན་འབེབས་ཀྱིས་ངན་པ་རྣམས་བསད་རྡུང་དང་། བཙོན་དུ་བཙུད་པ་སོགས་ཀྱི་བྱེད་ལས་ཡོད་ཅིང་། ཕ་མ་དང་སློབ་དགེ་སོགས་ཀྱིས་ཀྱང་བུ་ཕྲུག་མ་འདུལ་བ་རྣམས་ལེགས་ལམ་དུ་ཁྲིད་ཕྱིར་ཉེས་རྡུང་གི་ཉེན་བརྡས་འཇིགས་སྣང་བསྐུལ་བར་བྱེད་པ་སོགས་ནི། ཆོས་འཇིག་རྟེན་གཉིས་ཀར་ཡོད་ལ། མཁོ་བའང་ཡིན། དེ་ཙམ་གྱིས་ལྷ་ཆོས་མི་དག་པ་དང་ལེགས་བཤད་མིན་པར་འདོད་མི་ནུས་སྟེ། ཆོས་འཇིག་རྟེན་གཉིས་ཀ་མིས་མིར་དགོས་མཁོ་དང་བསྟུན་སྤེལ་ཡོད་ལ། དེ་དག་ལག་ལེན་དུ་བསྟར་མཁན་མིས་གང་འདོད་དུ་བེད་སྤྱོད་བྱས་དང་བྱེད་བཞིན་པས། ཆོས་འཇིག་རྟེན་གཉིས་ཀར་འཁྲུག་ཆེན་ཐེབས་ཡོད།
ཨ་ནུ་ཐང་ལགས་ཀྱི་གནས་ལུགས་དང་རྒྱུ་མཚན་ལྡན་པའི་རྩམ་ཞིག་བྲིས་འདུག་ཐུགས་རྗེ་ཆེ་ཞུ། ང་ཚོ་སངས་ཆོས་པ་ཚོའི་ཕྱི་རོལ་མུ་སྟེགས་པ་ཟེར་ནས་ཁ་ན་ན་བཤད་ལགས་ན་ན་བྲིས་འདུག། དོན་དངོས་སུ་བན་དེ་དང་ཧིན་དྷུ་གཉིས་ཆོས་ལུགས་འདྲེས་མ་རེད་འདུག། དཔེར་ན་སྤྱན་རས་གཟིགས་ལ་མཚོན་ན་ཕྱི་རོལ་པའི་ཕུག་གཏུགས་སའི་ལྷ་དབང་ཕྱུག་ཆེ་པོ་དང་ངོ་བོ་གཅིག་པ་རེད་འདུག་བ། སྤྱན་རས་གཟིགས་ཀྱི་སྒོ་ནས་སྒྲིབ་པ་སྦྱོང་བའི་གཞུང་ལས། ཧཱུྃ་ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། །ཞེས་དང་ཨོཾ་ཨཱཿཧཱུྃ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དེ་ནས་། བླ་མ་དང་འཇིག་རྟེན་དབང་ཕྱུག་ལ་སོགས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་མཉེས་ནས། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པར་སྩལ་དུ་གསོལ། ཅེས་གསོལ་བ་གདབ་། རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་པ་དེས་ཅི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་ སྨྲས་སོ།། ཞེས་པ་སོགས་མང་པོ་འདུག།
དཔལ་ལྡན་ལྷ་མོ་ཡང་ལྷ་དབང་ཕྱུག་ཆེ་པོའི་བུ་མོ་ཡིན་ས་དཔལ་ལྡན་ལྷ་མོའི་རྒྱུད་གཞུང་ནང་དུ་ཁ་གསལ་གཏིང་གསལ་བཤད་འདུག། སྔོན་“རྗེ་རེད་མདའ་བས། གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། འཕྱོན་མའི་བུ་བཞིན་འདི་ལ་སུས་ཡིད་རྟོན། ཞེས་གསུངས་འདུག། དེ་དག་ནི་ལྷ་ཡུལ་ཀླུ་ཡུལ་ནས་བླངས་ཡོང་བའི་སྔག་རྫོགས་ཀྱི་གཞུང་འདི་དག་ཤཀྱའི་གསུང་མ་ཡིན་ཚུལ་གསུང་འདུག། དེ་ཡིན་དུས་བན་དེ་ཆབ་སྲིད་པ་དག་ཆོས་ལུགས་གཞན་གྱི་ནང་བས་དུམ་རེ་དུམ་རེ་རྐུ་ཁྱེར་བྱེད་ཡོང་ནས་འདི་དག་སངས་རྒྱས་ཤཀྱ་ཐུབ་པས་གསུང་རེང་ཟེར་ནས་སངས་རྒྱས་ཀྱི་དབུ་ལ་རྡོ་ཞྭ་ལྕི་མོ་ཞིག་གཡོགས་མཁན་འདི་ཚོ་ངོ་མ་ལས་ངན་རང་རེད་ཡ།
ཨ་ནུ་ཐང་བསོད་ནམས་ལགས་ཀྱིས་བརྩམས་གནང་བའི་དཔྱད་རྩོམ་འདི་ཐེངས་མ་གཅིག་ཆ་ཚངབཀླགས་ཡོད། ད་དུང་ཡང་སྐྱར་ཐེངས་མ་གཅིག་ཞིབ་ཚགས་ཀློག་གི་ཡིན། ངས་འདིར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སངས་ཧིན་གཉིས་ཀྱི་གསང་སྔགས་སྐོར་ལ་གསལ་བཤད་གནང་བ་ཞིག་བརྒྱུད་འགོད་བྱས་ཡོད། སྐར་ཆ་37:00ནས་གཟིགས་རོགས། དེ་ལ་ཡག་པོ་ཞིག་གསན་ནས་སྐུ་ཉིད་ཀྱི་དཔྱད་རྩོམ་འདི་དང་འབྲེལ་བ་འདྲ་ཡོད་ན་དགོངས་འཆར་གང་གསུངས་རྒྱུ་ཡོད་དམ། །
https://www.youtube.com/watch?v=KbQAUnUavxE
Published on Jan 16, 2015
༧དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་གླེང་མོལ།
རྗར་མེ་ནི་བོད་ཀྱི་ཁང་པའི་བརྙན་པར་མུ་འབྲེལ “གླེང་མོལ” ལེའུ་ཚན་ནང་༧དཔལ་ལྡན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ལྟར་ཞབས་སོར་བཀའ་དྲིན་ཆེ་བ་དང་སྦྲགས། རིན་པོ་ཆེ་མཆོག་ལ་བརྗོད་དོན་གཉིས་ཀྱི་སྐོར་བཀའ་འདྲི་ཞུས་པ་ལགས། བརྗོད་གཞི་ཁག་དང་འབྲེལ་བའི་དྲི་བ་ཁག་གཤམ་གསལ་ལྟར་ཡིན།
ལེའུ་དང་པོ། ནང་ཆོས་དང་ཚན་རིག
༡༽ ནང་པ་སངས་རྒྱས་པས་རང་བྱུང་ཚན་རིག་ལ་བརྟེན་དགོས་སམ།
༢༽ རང་བྱུང་ཚན་རིག་པས་ནང་པ་སངས་རྒྱས་པར་བརྟེན་དགོས་སམ།
༣༽ ནང་པའི་ལྟ་གྲུབ་ལས་དོད་པའི་རྣམ་ཤེས་དེ་ནམ་ཞིག་རང་བྱུང་ཚན་རིག་པས་ཁས་ལེན་བྱ་སྲིད་དམ།
༤༽རིན་པོ་ཆེ་མཆོག་གིས་༢༠༠༣ ལོར་ཚན་རིག་དེ་རྨོངས་དད་རེད་གསུངས་པ་བཞིན་ད་ཆ་དགོངས་ཚུལ་དེ་ཡང་དེ་རང་ཡིན་ནམ། དེའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་གསུང་པར་ཞུ།
ལེའུ་གཉིས་པ། ཤར་ནུབ་ཀྱི་ལྟ་གྲུབ་སྐོར།
༥༽ ནུབ་ཕྱོགས་ཀྱི་ལྟ་གྲུབ་དང་། ཤར་ཕྱོགས་ཀྱི་ལྟ་གྲུབ་བར་ལ་རྩ་བའི་ཁྱད་པར་གང་ཡོད་མེད།
༦༽ འདྲ་བའི་ཆ་དང་མི་འདྲ་བའི་ཆ་ཡོད་མེད།
གོང་འཁོད་དྲི་བ་རྣམས་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དྲི་ལན་གཏིང་ཟབ་ལ་ཞལ་གསལ་སྐྱོན་འདུག་པས་རྒྱ་ཆེའི་ཐུགས་སྣང་ཅན་པ་རྣམ་པས་གསན་གཟིགས་ཡོད་པར་ཞུའོ།
༼ཡུ་ཀྲུབ་ནས་ངས་འདིར་དྲངས་བ་ཡིན༽
སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་སངས་ཧིན་གཉིས་ཀྱི་གསང་སྔགས་སྐོར་ལ་གསལ་བཤད་གནང་བ་འདི་ཇི་བཞིན་པར་བོད་ཡིག་ཐོག་ཏུ་འབེབ་ཐུབ་མཁན་ཡོད་དམ། ཡོད་ན་སྙིང་ནས་བཀའ་དྲིན་ཆེ་ཞུ་བར་སྤྲོ། །
ཟམ་གདོང་བླ་མའི་སྐད་ཆ་ཏོག་ཙམ་ཉན་པ་ཡིན་་་ཡིན་ཡང་ཟམ་གདོང་བླ་མས་ཆོས་ལུགས་པའི་ཕྱོགས་ཞེན་གྱི་སྐད་ཆ་རྐྱང་རྐྱང་བཤད་བསྡད་ཀྱི་འདུག་པས་ཉན་འདོད་ཀྱི་འདུན་པ་མེད་པར་ཆགས་སོང་། གཡག་ཞར་གྱིས་རྩྭ་ཟ་སྟངས་ངོ་མ་རེད་འདུག ཚན་རིག་པ་ཚོ་ལ་དགག་མདོག་མདོག་དང་ནང་པའི་ཆོས་ལུགས་པ་ཚོ་བདེན་མདོག་མདོག་གི་སྐད་ཆ་འདི་དག་དགོད་མོ་ཤོར་ཡའི་སྐད་ཆ་རང་རེད་་་་ཧཧཧཧཧ
ཟམ་གདོང་བླ་མས་སྐད་ཆ་དེ་ཚོ་འགའ་རེ་བདེན་པ་བཤད་འདུག། ཡིན་ན་ཡང་ཆོས་ལུགས་པའི་ཆོས་སྐད་མང་པོ་རྒྱག་གི་འདུག་དེ་ལ་སྐྱོན་ཆེ་པོ་འདུག་། ལུགས་པའི་ཆོས་སྐད་རྒྱབ་ན་ལྕམ་མ་ག་ཚོད་དྲང་ཡང་ཡོད་ཕྱོགས་ཆུ་རེད་ཡ།
ངོ་མ་བཤད་ན་ཐག་གཅོད་པ་ལས་ལུང་དོན་ལ་ཕྱི་ནང་གསང་བའི་མ་ཤེས་ན་ རྒྱུད་གསང་བ་འདུས་པ་ལས་ ཕ་དང་མ་ནི་བསད་བྱ་ཡིན།།རྒྱལ་པོ་བཙུན་མོ་གཙང་སྦྲ་ཅན།།སྦྱོར་དང་སྒྲོལ་བ་གསང་སྔགས་ལམ།།ཛེས་པ་སྒྲ་ཇི་བཞིན་གོ་ནས་དོལ་ཚོགས་ཀྱི་ཕ་བླ་བཙོང་པ་དང་། དགེ་ལུགས་པ་འགའ་རེས་ག་རེ་བྱེད་ཀི་འདུག ང་ཡ་མཚན་ས་གཙོ་བོ་དེ་ཟམ་གདོང་གིས་མགོ་བྱས་པའི་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་སྣེ་བ་ཚོས་ཁ་ཡར་གྲག་ན་རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩི་དགོས། མི་བརྩི་མཁན་དེ་ཉུལ་མ་དང་དོལ་ཚོགས་རེད། ཁ་མར་གྲག་ན་རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩི་དགོས། མི་བརྩི་མཁན་དེ་ཉུལ་མ་དང་དོལ་ཚོགས་ཟེར་གི་ཡོད་པ་མིན་ནམ། དེས་ན་རྒྱལ་བ་རིན་པོ་ཆེས་ནི་ཐེངས་གཅིག་མིན་གཉིས་མིན་དུ་ཆོས་བརྒྱུད་ཆེན་པོ་བཞི་ཇོ་ནང་དང་བཅས་པ་ཞེས་ཡང་ཡང་གསུངས་ཀྱིན་ཡོད་པ་འདི་ཟམ་གདོང་སོགས་ཀྱི་རྣ་བ་འོན་སོང་ནས་གོ་ཡོད་ས་མ་རེད། སྤྱིར་ཡིན་ན་རྒྱལ་བ་རིན་པོ་ཆེ་ཞེས་པའི་མཚན་འདི་ལྕེ་ཡི་ངོགས་ལ་འབྱར་བསྡད་ཡོད་ཁུལ་བྱེད་མཁན་དེ་ཚོ་རྒྱལ་བ་རིན་པོ་ཆེ་ལ་ཤ་མི་ཚ་མཁན་གཙོ་བོ་རྣམས་རེད་འདུག
ད་ཁྱོད་ཚོའི་གྲོད་ཁོག་རྒྱག་ན་མི་བཤད་དགུ་བཤད་རེད་འདུག འཇམ་པའི་དབྱངས་ཀྱང་ཕྱི་རོལ་པའི་ལྷར་སྒྲུབ་ཀྱིན་འདུག གལ་ཏེ་འཇམ་དབྱངས་ཕྱི་རོལ་པའི་ལྷ་ཡིན་ན། ཆོས་བརྒྱུད་ཆེན་པོ་བཞི་དང་བོན་པོ་དང་བཅས་པར་འཇམ་དབྱངས་ཡོད་པར་མ་ཟད་ཚང་མས་མཉམ་ལེན་བྱེད་ཀྱིན་ཡོད་པ་རེད།
ཧ་གོ་སོང་ངམ། །
དད་མེད་མཉམ་བསྲེས།
དད་ཡོད་མཉམ་བསྲེས།
ཕྱི་ནང་མཉམ་བསྲེས།
ལུགས་མེད་མཉམ་བསྲེས།
ལུགས་ཡོད་མཉམ་བསྲེས།
རམ་མེད་མཉམ་བསྲེས།
གཞན་ཡོད་མཉམ་བསྲེས།
ཉ་ཉུག་ཕ་མའི།
ཉ་ཉུག་རྩོམ་ཕོས།
ཉ་ཉུག་ཆེད་རྩོམ།
ཉ་ཉུག་མཆན་བཏབ།
བཀའ་འགྱུར། དང་། རིག་བྱེད་དཔང་པོ་བཞག་ནས་རྩོད་ཤོག དེ་མིན་ཁ་འཁོགས་བཙུམ་ན་རང་གཞན་ལ་ཕན་ཐོགས་ཆེ།
མཆན་འདེབས་པོ་ཕལ་ཆེ་བས་ཕྱི་ནང་གི་དབྱེ་མཚམས་འབྱེད་མ་ཐུབ་པར་རྩོད་པ་ནི། འོད་ཀྱིས་སྟོང་བའི་མུན་ཁང་དུ་གང་མཆིས་རྩོད་པ་དང་མཚུངས།
ཨ་ནུས། སུམ་རྟགས་ཤེས་ཙམ་གྱི་སྤོབས་པ་རེད་འདུག གཤིན་རྗེ་ཟེར་ཚད་གཅིག་པར་གོ སྔགས་བགྲང་རྒྱུ་ཡོད་ཙམ་གྱི་གསང་སྔགས་སུ་གོ དྲག་སྔགས་ཟེར་ཚད་སྙིང་རྗེ་དང་འབྲེལ་བ་མེད་པར་གོ་
ཆོས་ལུགས་ཀྱི་དམྱལ་ཁྲིམས་ཧམ་བཤད་དུ་གོ རང་གི་སེམས་ནད་དྲག་པོ་དེ་སྡུག་བསྔལ་དི་མི་གོ འགྲོ་བ་མི་རྣམས་རང་ཉིད་གཅིག་པོ་མ་གཏོགས་བསམ་རྒྱུ་མེད་པར་གོ རང་རློམ་དང་གཞན་ལ་དམའ་ཕབ་པ་དེ་རང་ཤེད་དུ་མི་གོ
ཧཧཧཧཧ་རྒྱ་གར་རིག་སྔགས་ནང་ནས་བན་དེ་ཚོའི་མང་པོ་བླངས་འདུག། དེའི་ནང་དུ་གཅིག་ལྷག་འདུག་རྒྱ་གར་སྔགས་མཁན་དེ་ཚོའི་མཇེ་སྐེ་ལ་རྡོ་རྒྱ་མ་ལྔ་དྲུག་ཙམ་འདོག་ནས་གོམ་པ་འགའ་འགྲོ་ཡི་འགུག་བ། ད་དེ་ནང་འདྲེན་བྱེད་ཡ་ལྷག་འདུག་ཡ།
ཨ་ནུ་ཐང་གིས་ཀློག་རིན་ཆོག་པའི་དཔྱད་རྩོམ་ཞིག་སྤེལ་འདུག་པས་སྙིང་ནས་དགའ་བ་འཕེལ། ཚེ་རིང་ལོ་བརྒྱ།
ཆོས་ཐམས་བཅས་གུ་རམ་རེད་།
ག་ནས་ཟས་ཀྱང་མངར་མོ་རེད་།
ཆབ་སྲིད་ཐམས་བཅས་དུག་རེད་།
གང་ནས་གླེང་ཀྱང་རྩོད་སྙོགས་རེད།
དངོས་པོ་ཐམས་བཅས་རྐྱོན་གྱི་ཕུང་པོ་རེད་།
རྐྱོན་མེད་པའི་དངོས་པོ་གཅིག་ཀྱང་མེད་།
ཤེས་བྱ་ཐམས་བཅས་ཡོན་ཏན་གྱི་ཕུ་པོ་རེད་།
ཤེས་བྱ་ལ་མཐའ་དང་མུ་མེད་།
འཛམ་གླིང་ནང་བཀག་མི་ཐུབ་པ་དེ་མི་གི་སེམས་རེད་།
དེ་མིན་ཚང་མ་བཀག་ཐུབ་པ་རེད་།
ཧ་ཧ་ཧ་
དངོས་པོ་ཐམས་ཅད་སྐྱོན་གྱི་ཕུང་པོ་ཨེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཅན། སྐྱོན་གྱི་ཕུང་པོ་ཡིན་པར་ཐལ། དངོས་པོ་ཡིན་པས་ཕྱིར། རྟགས་དངོས་ཁྱབ་པ་ཁས་བླང་གིས་གྲུབ་པོ། རྟགས་མ་གྲུབ་ཟེར་ན། ཁྱོད་དངོས་པོ་ཡིན་པར་ཐལ། ཡོད་པ་གང་ཞིག་དངོས་མེད་མ་ཡིན་པས་ཕྱིར། དངོས་མེད་ཡིན་ཟེར་ན་ཁྱོད་དོན་བྱེད་མི་ནུས་པ་ཡིན་པར་ཐལ་དངོས་མེད་ཡིན་པས་ཕྱིར། ཁྱབ་པ་མཚན་ཉིད་དེས་ཕྱིར་རོ།
ཨ་ནུས་བྲིས་པའི་རྩོམ་ཡིག་འདི་ལ་ལན་ཚད་ལྡན་རྒྱག་མཁན་གཅིག་ཀྱང་མི་འདུག ལན་གདབ་རྒྱུ་མེད་སོང་བ་ཨེ་རེད།
ལན་རྒྱབ་རྒྱུ་མང་པོ་འདུག་ཀྱང་རྩོམ་རྙོག་ལ་ལན་རྒྱབ་དགོས་པ་མ་མཐོང་ངོ་
འཕགས་བོད་ཀྱི་མཁས་གྲུབ་ཚད་ལྡན་རྣམས་ཀྱིས་བྲིས་པའི་འཇམ་དབྱངས་དང་གཤིན་རྗེའི་གཤེད་ཀྱི་སྒྲུབ་ཐབས་དང་ཆོས་སྐོར་རྣམས་འདིའི་ལན་ཡིན་པས་ན་ལན་གཞན་ཞིག་བརྒྱག་དགོས་པའི་ངལ་བ་བྱེད་དོན་ཅི་ཞིག་ཡོད་དམ།
མྱི་དཀར་ལགས།
རྩ་མེད་པའི་སྒང་ལ་ཡི་དྭགས་དང་སངས་རྒྱས་གཅིག་ཡིན་པའི་ཚོད་བྱས་འདུག
ལ་ཙེའི་པདྨ་འབུམ་དང་མའོ་ཀྲུའུ་ཞི་གཅིག་ཡིན་པ་གཞིར་བྱས་ནས་དཔྱད་ཙམ་བྲིས་པ་འདྲ་མོ་རེད།
བཙན་བྱོལ་ནང་ན་ཀློའི་མང་གི་ཡ།
གནས་ལུགས་དང་རྒྱུ་མཚན་ལྡན་པའི་རྩོམ་ཞིག་བྲིས་འདུག་ཅེས་འབྲི་མཁན་ལ་བསྟོད་ར་ཡིན་ན་ཐང་མོད་དོན་དུ་ཨ་ནུས་མུན་ནག་ལ་ལག་སྙོབ་བྱས་ཏེ་བྲིས་བ་འདྲ། རང་ཚོད་མ་ཟིན་ལྷ་ཚོད་ཟིན།།འདྲེ་ངན་བྱུར་ངན་འབྱུང་ཉེན་ཆེ།།
གསང་སྔགས་ཀྱི་ཆོས་ཚུལ་རྣམས་སངས་རྒྱས་ཤྭཀྱ་ཐུབ་པའི་བསྟན་པ་མིན་པར་འདོད་མཁན་ནང་པ་རྣམས་ལ་བདེན་ཁ་མང་ནི་རེད།
ད་ཨ་ནུ་ལགས་ནས། ཡ་མཚན་བཤད་བཞག ནང་ཆོས་ནས་གསུངས་པའི་དད་པ་དང་། དེང་སང་འཚེབ་ཆོས་སུ་སྨྲ་བའི་ཁ་ཆེ་དྲག་སྤྱོད་པ་ལས་ངན་པ་དེ་ཚོའི་ཆགས་སྡང་གཉིས་དོན་དག་གཅིག་པ་རེད་འདོག་བསྟན་པ་དེ་ཧ་ཅང་ཁྱེད་རང་ལའང་སྙིང་རྗེའི་ཡུལ་ཞིག་ལམ་ལོག་གི་འཛིན་སྟངས་ཞིག་རེད་ཚར་འདུག ནང་ཆོས་ནས་གསུངས་པའི་དད་དམའ་ཤོས་དེ་འདོད་པའི་དད་པ་དེའང་སེམས་དང་བ་ཆགས་སྡང་གང་གི་སླད་་མ་ཞུགས་པ་དེ་ལ་གོ་དགོས། ཁ་ཆེ་བའི་ལྟ་ལོག་དེ་ལ་འཛིན་སྟངས་སོ། དང་བ་སྤུ་ཙམ་ཡོད་ཕར་བཞག་ ཉོན་མོངས་ཁོ་ནར་ཡིན་ལོ།
དཔྱོད་ལྡན་པ་འདི་འདྲ་མང་ཙམ་བྱུང་ན་དངོས་གནས་བཟང་གི།རྨོངས་དད་ནི་དངོས་གནས་མི་དགོས་པ་ཡིན་ཡང།
ཆོས་པ་འགའ་ཞིག་གིས་རྨོངས་དད་ཀྱི་སྟོབས་ཤུགས་བེད་སྤྱོད་གཏོང་ནས་མིའི་བུ་དཔྱོད་ལྡན་པ་མང་པོ་ཞིག་ལ་དཀའ་ངན་མང་པོ
བཟོ་ཡོད། འདི་ནི་ང་ཚོས་སྤྱི་ཚོགས་ཀྱི་དཀའ་ངན་ཆེ་ཤོགས་རེད། ཆོས་ལུགས་རྨོངས་ནི་དངོས་གནས་ཞེད་སྣང་ཅན་ཞིག་ཡིན།ཨ་ནུ་ལགས་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང།
བོད་ཀྱི་བླ་མིའི་ཆོས་ལུགས་འདིར་དཔྱད་ཀྱིས་དཔྱོད་ཀྱིས་རྫུན་གྱི་ཚང་ཆེན་རེད།
ཨ་ནུའི་ཞིབ་འཇུག་ལེགས་སོ། རབ་ལ་དཔེ་ཐོ་ཞིག་མཉམ་དུ་བཏང་ན་ལེགས།
གསང་སྔགས་ཕྱི་ནང་ཐུན་མོང་ཅན་མང་གི དཔེར་ན། རྣལ་འབྱོར་མ་དང་། གྷ་རུ་ཏ་སྟེ་འཁྱུང་། དེ་བཞིན་རྙིང་མའི་རྫོགས་ཆེན་དང་བོན་གྱི་རྫོགས་ཆེན། དབྱངས་ཅན་མ་ལྟ་བུའོ།
ཞིབ་འཇུག་རིམ་པ་གཅིག་གཏིང་ཟབ་ཏུ་བཏང་ནས། ཕྱི་ནང་ཐུན་མིན་གྱི་ཆོ་ག་སོགས་ལ་ཞིབ་འཇུག་བྱེད་ཐུབ་ཚེ་ཁྱེད་ཀྱི་རྩོམ་དེའི་རིན་ཐང་ཆེ་རུར་འགྲོ།
གཤིན་རྗེ་ལྟ་བུར་མཚོན་ན། ནང་པའི་སྒྲུབ་ཐབས་དེ་གཙོ་བོ་སྟོང་ཉིད་ཀྱི་རྩལ་འདོན་ཐབས་དང་། ཕྱི་པའི་གཤིན་རྗེ་དེ་ཁྱེད་ཀྱིས་གསུངས་པ་བཞིན་དགྲ་བོ་ཕམ་པའི་དྲག་སྔགས་གཙོ་བོ་ཡིན་པ་དང་། དེའི་སྐོར་སྦོབ་ཐར་མིན་ལ་དྲིས་ཤིག ཁྱེད་ཚོ་ཉེ་ས་མ་རེད་པས།
དེང་གི་ཚན་རིག་དང་གསང་སྔགས་ཞིབ་འཇུག་པ་ལ་ལས། ནང་པའི་གསང་སྔགས་མང་པོ་ཞིག་སྟོང་ཉིད་རྩལ་ལ་འདོན་པའི་ཐབས་དང་། དེ་ཡང་གཙོ་བོ་རྫོགས་རིམ་ལ་འཇུག་པའི་སྒོ་སྟེ་དེའི་སྔོན་འགྲོ་བསྐྱེད་རིམ་གྱི་རྣམ་གཞག་སྟོན་པའི་གཞུང་འབའ་ཞིག་ཡིན་པར་ར་སྤྲོད་བྱེད།
སྟོང་ཉིད་དེ་རང་རྒྱུད་ཀྱི་དུག་གསུམ་ལ་སྦྱར་ཏེ་ཉོན་མོངས་ལམ་ཁྱེར་གྱི་ཐབས་ཤིག་ཡིན་པར་བཤད།
དཔེར་ན་འདོད་ཆགས་ཤུགས་ཆེ་བའི་སྐྱེ་བུར་འདོད་ཆགས་ཀྱི་ནུས་པ་གཙོ་བོར་བཀོལ་བའི་ལྷ་དཔེར་ན་གསང་བ་འདུས་པ་ལྟ་བུ་དང་། ཞེ་སྡང་ཆེ་བའི་སྐྱེ་བུར་གཤིན་རྗེ་ལྟ་བུ་ཞེ་སྡང་གི་ནུས་པ་གཙོ་བོར་བཀོལ་བའི་སྟོང་ཉིད་ལམ་ཁྱེར་གྱི་གསང་བའི་ཉམས་ལེན་ལ་གསང་སྔགས་ཟེར།
རྒྱང་ནས་བལྟས་ན་འདྲ་རུང་ཉེ་སར་བསླེབས་ན་ཕྱི་ནང་གི་ཁྱད་པར་ཤིན་དུ་ཟབ་པས། རྒྱ་ནག་གི་རི་བོ་པོ་ཏོ་དང་བོད་ཀྱི་པོ་ཏ་ལ་མཇལ་བ་ལྟ་བུ་ནང་དོན་ཁྱད་པར་ཆེའོ།
ཨ་ནུ་ཁྱེད་ཕྱི་པའི་ལས་གཤིན་གྱི་གཞུང་རྣམས་ཞིབ་པར་བཀླག དེ་ནས་ནང་པའི་རྟོགས་བདུན་དང་། རྟོག་གསུམ། དེ་བཞིན་ཤིན་དུ་སྤྲོས་མེད་ཀྱི་གཤིན་དམར་གྱི་གཞུང་རྣམས་ཀློགས་དང་། ཕྱི་ནང་གི་ཁྱད་པར་གཞི་ནས་ཤེས་འོང་།
ནང་པའི་གཤིན་རྗེའི་ཉམས་ལེན་གཙོ་བོ་དྲག་ལས་མ་ཡིན་པར་སྐུ་གསུམ་ལམ་ཁྱེར་རེད། དེ་ནས་རྫོགས་རིམ་གྱི་རྩ་རླུང་ཐིག་ལེ་རེད། དེ་ཚོར་ཞིབ་པར་གཟིགས་དང་། ཁྱེད་ཀྱི་གོང་གི་སྣང་ཚུལ་ཡོངས་སུ་བྱིས་པའི་ཡ་མཚན་གྱི་སྣང་བ་ལྟ་བུར་ངོས་ཟིན་ཐུབ།
ཁྱེད་ཀྱི་བཤད་པའི་དྲག་ལས་དེ་རྟོགས་བདུན་ནང་གི་རྟོགས་པ་གཅིག་རེད། རྟོགས་པ་ནི་ལེའུ་དང་མཚུངས།
ཨ་ནུ་མཆོག་གིས་གཟིགས་པའི་དཔྱད་གཞིའི་ཡིག་ཆ་རྣམས་ང་ལ་གཅིག་སྤྲོད་རོགས། ངས་བལྟས་པའི་ཡིག་ཆའི་ཐོ་ཁྱེད་ལ་འབུལ་ཆོག
ནང་པའི་གཞུང་ནས་བཤད་པ་རྣམས་ལ་དྲང་ངེས་ཀྱི་ལྷན་པ་བརྒྱབ་ཆེ་དྲགས་ནས་མི་ཚོ་མགོ་འཐོམ་དུ་བཅུག་ཡོད། ངོ་མ་བྱས་ན་གསང་སྔགས་ཀྱི་གཞུང་ནས་བཤད་པའི་བསྒྲལ་བའི་ཞིང་བཅུ་བསྒྲལ་དགོས་ཟེར་བ་དང་ཁ་ཆེའི་ཆོས་ལུགས་ཀྱི་ལྟ་བ་མཁྲེག་འཛིན་པ་ཚོས་རང་གི་ཆོས་ལུགས་ཀྱི་དོན་དུ་རང་སྲོག་བློས་གཏོང་བྱེད་དགོས་ཀྱང་བྱེད་རྐྱང་དང་གཞན་གསོད་དགོས་ཀྱང་གསོད་རྐྱང་བྱེད་རྒྱུའི་ལྟ་བ་གཉིས་གཅིག་མཚུངས་སུ་ཡིན་པར་འདོད། ར་ལོ་ཙ་བས་ས་ཐོབ་ཀྱི་འཕགས་པ་མང་པོ་བསྒྲལ་རབས་བཤད་པ་དང་དེ་བཞིན་སྐད་གསང་མཐོན་པོས་དགུ་རྫོགས་གནམ་གང་ལ་ཡིན་ད་ཟེར་བ་སོགས་དོན་ལ་གཅིག་པ་རང་རེད། ཡིན་ནའང་སྐབས་ཐོབ་ཀྱི་འགྲེལ་བྱེད་པོས་བསྐོར་བསྐོར་མང་པོ་བཤད་ནས་རང་དོན་དང་གཞན་དོན་ཅེས་ལྷན་པ་མཐུག་པོས་བཀབ་པ་ཙམ་རེད།
ཨ་ནུ་དང་། ཨ་ནུའི་རིགས་ཀྱི་ལྟ་ལོག་ཚོ།
མཁས་པ་བརྒྱ་ལ་ང་མི་སྐྲག
བླུན་པོ་གཅིག་ལ་ང་སྐྲག
ཟེར་བའི་དཔེ་ཟླར་སོང་འདུག་པས་་་་་་་་་་་
ཨ་ནུའི་རྩོམ་གྱི་རྩ་བའི་ཡིག་ཆའི་འབྱུང་ཁུངས་ཐུག་ས་མ་ཤེས་ན་སྔོན་མའི་རུ་ཏྲ་ཐར་ནག་དང་དེང་དུས་སུ་མའོ་ཙེ་ཏང་གི་གསུང་པོད་གསུམ་པའི་ནང་ཇི་བཞིན་བཤད་ཡོད་པ་དེ་རེད། ནང་ཆོས་དང་གསང་སྔགས་མི་ཤེས་མཁན་དང་གསང་སྔགས་བོན་ལ་གྱེར་བ་དེ་ཚོ་དམར་གསོད་དང་དོལ་ཚོགས་གྱི་དགེ་བཤེས་དམར་མཁན་གྱི་འཇམ་དཔལ་གཤིན་རྗེ་གཤེད་དང་དོལ་འདྲེ་གཅིག་པ་ལྟ་བ་དང་། ཞོགས་དུང་ལྟ་ལོག་གིས་མཐོང་སྣང་དང་འཛིན་མཚམས་ལས་བོད་བརྒྱུད་ནང་པའི་གསང་སྔགས་དེ་ཁ་ཆེའི་དམར་གསོད་དང་།ཡེ་ཤུའི་གཙོ་བདག་དང་ཧིནྡྷི་གླང་གསོད་ཀྱི་ངན་ཆོས་ལས་གསང་སྔགས་ནམ་ཡང་ཁྱད་པར་འཕགས་མི་ཐུབ་པར་ངས་སྨྲའོ།།
དཔྱོད་ལྡན་ཨ་ནུ་ལགས་ད་དུང་འདི་དང་འདི་འདྲ་བའི་རྩོམ་མང་ཙམ་སྤེལ་རོགས་ད་དུང་རྨོངས་པ་མགོ་འཐོམ་མང་པོ་འདུག བྱུང་ན་མ་ཎི་ཡིག་དྲུག་དང་ཧིན་ཆོས་གཉིས་དབར་ལ་འབྲེལ་བ་གང་ཡོད་ཅིག་འབྲི་ཐུབ་ན་ཤེས་འདོད་ཆེན་པོ་ཡོད། ཁྱེད་ཀྱི་རྩོམ་ལ་ཁྱོད་ཀྱི་ཁ་དང་ང་ཡི་སྣ་ཞེས་མཆན་བཀོད་པ་ལས་ལུང་རིགས་ཀྱི་དཔྱད་མཆན་དེ་འདྲ་གང་ཡང་མཐོང་རྒྱུ་མི་འདུག ཚ་བ་མདའ་སྨྱུག་ལས་སོགས་དེང་རབས་ཀྱི་ཤེས་ཡོན་ཀླད་པ་གསར་པ་ཡོད་མཁན་ང་ཚོའི་སྤྱི་ཚོགས་འདིར་ཉུང་དྲགས་པ་ལས་མང་མི་འདུག མི་འདི་འདྲ་སྐྱེ་བསྲིང་བྱེད་ཐུབ་ན་བོད་རང་བཙན་ཟེར་ནའང་འདྲ་རང་སྐྱོངས་ལྗོངས་ཟེར་ནའང་འདྲ་གཅིག་གཏན་གཏན་ལེན་ཐུབ་ཀྱི་རེད་བསམ། དེ་མིན་ཉིན་ཅིག་བོད་ཀྱི་ཕྱི་སྣོད་དེ་དགེ་རྒན་གཞོན་པ་རྒྱ་ནག་ལ་བདག ནང་དེ་དགེ་རྒན་རྙིང་པ་རྒྱ་གར་ཧིན་དྷུར་ཕུལ་ནས་བོད་འདི་ཕྱི་སྟོང་ནང་སྟོང་དུ་གྱུར་ནས་ཀླ་ཀློ་ངོ་མར་བསྒྱུར་རྒྱུའི་འཆར་གཞི་བཟོ་འདྲ་བོ་ཞིག་འདུག ང་ནི་བྲེད་ཤ་ལངས་ཡོང་གི་འདུག་ངོ་མ་འཛོ་ཡིན། ཧང་གྷ་རི་ལ་བཞུགས་པའི་དགེ་བརྙེན་ཀརྡོ་ལགས། ལྟ་ལོག་ཡིན་མིན་གྱི་ཚད་ཅིག་བཞག་གནང་དང། དེར་རྟགས་བསལ་ཞིག་གཏོང་འདོད་བྱུང། ཚུལ་གསུམ་རིགས་པའི་མདའ་མོ་ཞིག་མ་འཕེན་ན། འགྱིག་འབེན་ལྷབ་ལྷེབ་ཝ་རྔ་འཕྱར།
དང་པོ་གྲྭ་པ་བྱས། ཡང་ན། ནང་པར་དད། དེ་ནས་ཆོས་ལ་དམོད་ན་དད་ལོག་དང་། ལྟ་ལོག་ཟེར། ཡང་བོན་པོ་མིང་རྫུན་པ་འགས། ནང་ཆོས་གཏོར་ཤིག་གཏོང་འདོད་ཀྱིས་འདིར་འདི་ལྟར་བྲིས་པ་ཡིན་ན། དེ་ཚོ་གུང་བྲན་ཀླ་ཀློ་ལས་སྡུག་པ་རེད་གདའ། རང་ལ་མིག་ཡོད་བཞིན་དུ། གཡང་ལ་ཆོངབ་་ལྟར། གཞན་ལ་ཡང་དེ་ལྟར་མ་འའཁྲིད་ན། མི་ལགེས་སམ། ཚ་བ་མདའ་སྨྱུག་གི་རང་གི་ལྟ་བ་དེ། རང་དང་མཉམ་དུ་ཤི་ཚར་བ་དེ་ཡང་མི་ཤེས་སམ། དྲ་གྲོགས་ལགས། ལགས།། །།
དེ་ཡིན་ན། ང་དང་ང་འདྲ་བའི་ལྟ་བ་གཅིག་པ་ཡིན་མཁན་ཨ་ནུ་ཐང་བསོད་ནམས་ངེད་གཉིས་ཆོས་ཅན། ལྟ་ལོག་མ་ཡིན་པར་ཐལ། དང་པོ་གྲྭ་བ་བྱས་ཡང་ན་ནང་པར་དད། དེ་ནས་ཆོས་ལ་དམོད་པ་མ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། དང་པོ་གྲྭ་བ་བྱས་པ་རྟགས་མ་གྲུབ། དེ་ནས་ནང་ཆོས་ལ་དད་ནས་ནང་ཆོས་ལ་དམོད་པ་རྟགས་ལོ་དགུ་ལ་མ་གྲུབ། ནང་ཆོས་ཧིན་ཆོས་དང་འདྲ་འདུག་བརྗོད་ན་ནང་ཆོས་ལ་དམོད་པས་ཁྱབ་པར་ཐལ། རྟགས་ལ་རྟགས་ལན་འདེབ་རོགས། རྨོངས་པ་མགོ་འཐོམས་ཀྱི་སྐད་ཆ་ཡིན་ན་བདག་པོ་མེད།
བོན་པོ་མིང་རྫུན་འོག་ནས་ནང་ཆོས་གཏོར་བཤིག་གཏོང་འདོད་ཀྱིས་བྲིས་པ་རྟགས་ལོ་དགུར་མ་གྲུབ། ཨ་ནུ་ཐང་ཆོས་ཅན་བོན་པོ་མིང་རྫུན་འོག་ནས་རྩོམ་འདི་བྲིས་པ་རྟགས་ལོ་དགུར་མ་གྲུབ། ཨ་ནུ་ཐང་བསོད་ནམ་བོན་པོ་ཡིན་པར་གང་ནས་ཀྱང་མ་གོ། ཁྱོད་ཀྱིས་གོ་ན་འདིར་ཤོད་རོགས། ཨ་ཏང་ཀུ་རེ་ཡིན་ད། རིགས་པའི་རྩེད་མོ་ཡིན། བློ་གུ་ཡངས་ཙམ་དང་དག་སྣང་ཆེ་ཙམ་གྱིས་ནང་ཆོས་ལ་དད་པ་ཡོད་ནང་ཆོས་ལ་སྦྱངས་པ་ཡོད་ན་ནང་ཆོས་ཀྱིས་རང་རྒྱུད་དད་ལོག་ལྟ་ལོག་ཀླ་ཀློ་བ་དེ་ཚོ་ལས་ཅུང་བསམ་བློ་རྒྱ་ཆེ་བ་སེམས་གུ་ཡངས་པ། སེམས་རྒྱུད་ཞི་བ། གཞན་ཕན་གྱི་བསམ་བློ་དང་བྱམས་སྙིང་ཆེ་བ་དག་སྣང་ཆེ་བ་ཞིག་དགོས་པ་ལས། སེང་ལྤགས་ཀྱིས་བཏུམས་པའི་བོང་བུ་བཞིན་བྱེད་རྒྱུ་ཡོད་པ་མ་རེད། འདྲ་འདྲའི་ནང་ནས་མིམའདྲ་བ་ཞིག་ཡོད་ན་ཀུན་གྱིས་ནང་པར་ཡིད་སྨོན་བྱེད་ངེས་དེ་མིན་ལྷ་འདྲེའི་དོན་དུ་རྩོད་པ་ཚར་རྒྱུ་མེད་པར་བརྒྱབ། གཞན་གྱི་ཆོས་ལུགས་ལ་དམའ་འབེབས་བྱེད་རྐྱང་བྱས། གཞན་གྱི་ཚིག་གཅིག་ལ་བཟོད་བསྒོམ་བྱེད་ཐུབ་པ་མེད་པ་ཡིན་ན། ནང་པའི་གྲལ་དུ་མེད་ན་ལེགས།
ཨ་ཙི་་་ཀརྡོ་ལགས། ཁྱོད་གྲྭ་ལོག་མིན་པེ། འདུལ་བའི་བཅའ་ཁྲིམས་གཞིར་བཞག་ན་ཁྱོད་རང་གྲྭ་ལོག་རེད་ད། མི་ཆོས་བླ་མའི་རྫུན་བཤད། ཆང་འཐུངས་ཀྱི་ཡོད་པ། རྩ་བཞི་ཆང་ལྔ་གང་རུང་དང་འགལ་ན་གྲྭ་ལོག་ཡིན་པའི་ཁྱབ་དགོས་ཀྱི་རེད་པ། ཁྱོད་ཀྱིས་ཆང་འཐུངས་ཀིན་མེད་ཟེར་གྱི་ཡིན་ན། འཇམ་པའི་དབྱངས་མགོ་ལ་བཞག་ནས་ཆང་འཐུང་བཞིན་མེད་པའི་མནའ་ཞིག་འབོད་ཕོད་པ་འདུག་གམ། ཨ་་་ཆང་བཟི།
ནང་ཆོས་ལ་དམོད་སོང་ཟེར་ན་ག་རེ་རེད་ཨ། དཔལ་ལྡན་ཟླ་བ་གྲགས་པ་ནང་ཆོས་ལ་དམོད་མཁན་ཞིག་ཨེ་རེད། ཐལ་འགྱུར་བའི་ལྟ་གྲུབ་མ་གཏོགས་ནང་པའི་གྲུབ་མཐའ་འོག་མ་ཐམས་ཅད་ལ་དགག་པ་བརྒྱབ་རྐྱང་ཡིན་པའི་ཕྱིར། སློབ་དཔོན་དབྱིགས་གཉེན་གྱི་ལྟ་བུ་ལ་དགག་ན་ནང་ཆོས་ལ་དམོད་པ་ཨེ་རེད།་་་་ཧཧཧ
ཀརྡོ་ཁྱོད་རང་ལྷ་ཆོས་མི་ཤེས་པའི་བན་ལོག་ཞ་མགོ་ཞིག་རེད། གྲོང་གསེབ་པའི་རྨོངས་དད་མགོ་ཚོ་དང་གཅིག་པ་རེད། ནང་ཆོས་དམོད་ཀྱི་འདུག་ཟེར་ནས་ག་རེ་བཤད་ཡོད་དམ། གསལ་བཤད་བྱོས་ཤོག་ཨ། གྲྭ་ལོག་གྲྭ་ཆས་ཅན་ཁྱོད།
ནང་ཆོས་ལ་དམོད་ཀྱི་འདུག སྤྲུལ་སྐུ་ལ་ཁ་གཏོང་གི་འདུག་ཟེར་བའི་སྐད་ཆ་འདི་དག་གིས་སྨྲ་བརྗོད་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད། ནང་ཆོས་དང་ནང་ཆོས་ཟེར་ནས་ཁྱོད་ཚོས་བཤད་བསྡད་པའི་རྒྱུ་མཚན་གཙོ་བོ་ཁྱོད་རང་ཚོའི་ལྷ་དབང་ལམ་ལུགས་ཀྱི་གོ་གནས་དང་། དཀའ་ལས་བརྒྱབ་མ་དགོས་པར་རྨོངས་དད་ཅན་ཚོའི་རྒྱུ་དངོས་སླུ་ཐུབ་པའི་ཚོང་ལས་ལ་ཐུག་ཡོད།
ཁྱོད་ཚོས་སངས་རྒྱས་བསྟན་པར་བསམས་བསམས་ནས་མིན་ལ་སངས་ཆོས་ལ་དགའ་དགའ་ནས་དེ་བས་མིན། སངས་ཆོས་ལ་དགའ་བ་དང་སངས་བསྟན་ལ་དད་པའི་མི་ཞིག་ཡིན་ན་ཤཀྱའི་རྒྱལ་པོ་ལྟར་ལག་ཏུ་ལྷུང་བཟེད་དང་འཁར་གསིལ་བཟུང་ནས་ཕེབས་དགོས་རེད་པ། ཁྱོད་ཚོ་དེ་འདྲ་མིན་པ། དད་པ་དང་དམ་ཆོག་བེད་སྤྱད་ནས་རྨོངས་དད་ཅན་ཚོ་ལ་དབང་སྒྱུར་དང་སྒེར་གཅོད་བྱེད་མཁན་ཡིན་པ། འཁོར་བ་སྤངས་མཁན་མིན་པ་འཁོར་བ་འཛིན་མཁན་ཡིན་པ། ་་་་་་ཧཧ
ཕྱི་ནང་གི་ཁྱད་པར་ཤེས་ཀྱི་ཡོད་མེད་སྐོར་མང་པོ་ཞིག་བཤད་སོང་། ནང་བསྟན་གྱི་བཤད་སྲོལ་ལྟར་ན་་་ནང་པ་ཡིན་དང་ཕྱི་རོལ་པའི་ཁྱད་པར་སྐྱབས་འགྲོ་རྒྱུད་ལ་ཡོད་མེད་ཀྱི་ཐོག་ནས་འཇོག་གི་ཡོད་པ་མ་རེད་པེ། ཕྱི་ནང་གི་ས་མཚམས་དབྱེ་འབྱེད་མི་ཤེས་པའི་དཀའ་ངལ་ཅང་ཨེ་ཡོད་ན། ཁྱོད་ཚོ་ལ་ཕྱི་ནང་གི་ཁྱད་པར་ཕྱེས་སྟངས་གཞན་ཞིག་ཡོད་ན་གསུང་རོགས་བྱོས།
སྤྱིའི་ཆ་ནས་སངས་ཆོས་ནས་བཤད་པའི་ནང་པའི་མཚན་ཉིད་ཙམ་མི་ཤེས་མཁན་མང་པོ་ནང་པ་སངས་རྒྱས་པ་ཡིན་མདོག་མདོག་བྱེད་བཞིན་ཡོད་རེད། སངས་ཆོས་མི་ཤེས་པའི་སྤྲུལ་སྐུ་མང་པོས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་མདོག་མདོག་གིས་་མགོ་སྐོར་བཏང་གི་ཡོད་རེད། འདི་ནི་ལས་ངན་བོད་མི་རྨོངས་དད་མགོ་ཚོའོ་རང་སྡུག་རང་གིས་ཉོས་པ་ལྟ་བུ་རེད།
སྟོང་ཉིད་ཟེར་བའི་ཚིག་འདི་ནང་པ་ཡིན་ཚད་ཀྱི་ཁ་ནས་བཤད་བསྡད་པའི་ཚིག་ཞིག་རེད་བ། ཡིན་ཀྱང་མདོ་རྩ་ཐུག་དུས་རང་རང་སོ་སོས་རང་འདོད་ལྟར་སྟོང་ཉིད་རེ་བཞག་གི་ཡོད་པ་ལས་ནང་པ་སྤྱིའི་འདོད་པའི་སྟོང་ཉིད་ཤིག་མེད་པ། སེམས་ཙམ་པ་ཚོའི་འདོད་པའི་སྟོང་ཉིད་དབུ་མ་རང་རྒྱུད་པས་མི་འདོད། དབུ་མ་རང་རྒྱུད་པའི་འདོད་པའི་སྟོང་ཉིད་དེར་ཐལ་འགྱུར་བས་མི་འདོད།
སྟོང་ཉིད་དང་སྟོང་ཉིད་ཟེར་ནས་བཤད་མཁན་གྱི་ནང་པ་ཚོས་སྤྱི་མཐུན་གྱི་འདོད་པའི་སྟོང་ཉིད་ཤིག་ཅང་མེད་པ། གཅིག་་ཡོད་པ་དེ་རང་ཡུལ་སྟོང་པ་ཉིད་བཟོ་ནས་མི་ཡུལ་འུར་གྱིས་ཁེངས་ཀྱི་དེར་མིན་ནམ་སྙམ་མོ།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་དེང་དང་ཕྱི་ནང་གི་སྔགས་ཀྱི་ཁྱད་པར་ཤེས་མཁན་ཤནྟི་བ་དང་ངེད་གཉིས་མ་གཏོགས་མེད་ཅེས་གསུངས་པ་རེད་ཟེར་བ་ཐོས། གལ་ཏེ་བདེན་པ་ཡིན་ན་ཨ་ནུ་ཐང་ཟེར་བ་དེར་ཁག་མི་འདུག་བསམ་ཡོད།
གཅིག་བྱས་ན་ཨ་ནུ་ཐང་གི་ཡི་གེ་འདི་གཞན་ནས་བཤུས་པ་དང་རྐུ་བ་གང་ཡིན་གསལ་བོ་ཡོད་མ་རེད། བྱས་ཙང་ཁོའི་སྐད་ཆ་དེར་ཁུངས་ལུང་གང་ཡང་ཡོད་མ་རེད།
དགོས་མེད་ཀྱི་སྐད་ཆ་དེར་དྲྭ་གྲོགས་ཚོས་འུར་མ་བརྒྱག་རོགས།
མི་་སུ་ལ་ཡང་སྨ་བརྗོད་རང་དབང་ཡོད་འོན་ཀྱང་ནང་ཆོས་ལ་དད་པ་བྱེད་དང་མི་བྱེད་ཡང་རང་མོས་རེད་རྨོངས་དད་བྱེད་མིན་ཡང་རང་དབང་རེད་རང་ཉིད་ཆོས་ལ་དད་པ་མེད་ན་ཡང་གཞན་ལ་སྨ་འབེབས་བྱེད་རྒྱུ་མེད་མི་ཁ་ཤད་དངོས་གཙོར་དགའ་བ་དང་མི་ཁ་ཤས་སེམས་གཙོར་དགའ་བ་ཡོད་ཚང་མ་རང་དབང་རེད་
རང་དབང་ཡིན་དང་ཡིན། རྨོངས་དད་ཅན་ཚོས་སྲུང་མ་དང་སྤྲུལ་སྐུ་ལ་རྨོངས་དད་བྱེད་མི་ཆོག་ལབ་ཀྱི་མེད། རྨོངས་དད་མགོ་ཚོས་སྲུང་མ་དང་སྤྲུལ་སྐུ་ལ་དད་པ་བྱེད་ན་ཁ་དང་ཁ་སྤུ་དབྱེ་འབྱེད་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་གཅོད་ཀྱི་ཡིན་ལབ་ཀྱི་མེད། རྨོངས་དད་བྱེད་ན་ཕན་ཐོགས་ཡོད་མ་རེད། མགོ་སྐོར་འོག་ཏུ་ལྷུང་རོགས་རེད་ཅེས་ངོ་སྤྲོད་བྱས་པ་ཙམ་ལས་རྨོངས་དད་རང་དབང་གི་ཐོབ་ཐང་འཕྲོག་རྩིས་མེད་ལ་འཕྲོག་ཆོག་གི་ཡང་མ་རེད། སྤྲུལ་སྐུའི་གཅིན་འཐུང་འདོད་ན་ཁྱོང་རང་ཚོས་འཐུང་རྐྱང་བྱོས། སྐུ་རྟེན་གྱི་མཆི་མ་ལྡག་འདོད་ན་ལྡག་རྐྱང་བྱོས། ཁྱོད་ཚོའི་རང་དབང་རེད་ད། ཡིན་ཀྱང་དེ་དག་ནོར་འཁྲུལ་རེད་ཅེས་བཤད་ཆོག་པ་དེ་ཡང་ང་ཚོའི་སྨྲ་བརྗོད་རང་དབང་རེད། རྨོངས་དད་མགོ་ཚོས་གཅིན་འཐུང་ནའང་གཅིན་མི་འཐུང་མཁན་ཚོའི་ཟས་ཁང་ནང་དུ་ཁ་ལག་ཟ་མཁན་ཡོང་ཆོག་གི་རེད་ལ་ཚོང་ཁང་ནང་དུ་ཉོ་ཆ་རྒྱབ་མཁན་ཡོང་ཆོག་གི་རེད། རྨོངས་དད་མགོ་ཚོས་གཅིན་འཐུང་གི་འདུག རྩོག་པ་རེད་ཟེར་མི་འོང་། ཟས་ཁང་གི་ཕོར་པ་རྩོག་པ་བཟོ་ཡི་འདུག་ལབ་མི་འོང་།་་་་་ཧཧ
དམའ་འབེབ་བྱས་པ་མ་རེད། དྲང་གཏམ་བཤད་པ་རེད། རྨོངས་དད་མགོ་ཚོས་གཅིན་འཐུང་གི་འདུག་ཟེར་བའི་སྐད་ཆ་འདི་དག་དམའ་འབེབ་རྩ་བ་ནས་མིན། དྲང་གཏམ་བཤད་པ་ཙམ་རེད། དེ་དང་དེ་བཞིན་སངས་ཆོས་ཀྱི་སྐྱོན་དང་ནོར་འཁྲུལ་གླེང་བ་འདི་དག་ཀྱང་དྲང་གཏམ་བཤད་པ་ཙམ་ལས་དམའ་འབེབ་མ་རེད།
གལ་སྲིད་ང་ཚོས་སྐད་ཆ་འདི་དག་དམའ་འབེབ་ཡིན་ན་རྨོངས་དད་མགོ་དེ་དག་དམའ་འབེབ་ལག་ལེན་སྟར་མཁན་རེད། ནང་པའི་དད་ལྡན་ཚོས་གཅིན་འཐུང་བཞིན་འདུག་ལབ་དུས་དམའ་འབེབ་དུ་འགྱུར་ན་གཅིན་འཐུང་མཁན་དེ་དག་དམའ་འབེབ་ལག་ལེན་སྟར་མཁན་ཡིན་དགོས། དེ་འདྲ་ཡིན་དུས་བཤད་མཁན་ལས་ལག་ལེན་སྟར་མཁན་ཉེས་པ་ཆེ་བ་ཡོད།་་་་་ཧཧ
ཡག་པོ་བྲིས་འདུག
ཕྲན་གྱི་མཆན་ཡིག་བཀོད་པ་ཁག་མཆན་སྒོ་བརྒྱབས་ཟིན་པས་ད་བར་དུ་འགྲི་གི་མི་འདུག འདི་ནི་ཚོད་ལྟ་ཞིག་ཡིན།
མ་ཧཱ་ཀ་ལི་ཞེས་བ་ནི་མགོན་པོའི་མིང་ཡིན་ཞིང་དེ་ནི་ཧིན་ངྷི་དང་སིག སངས་རྒྱས་ཆོས་ལུགས་སོགས་ཀྱིས་རང་རང་གི་ལུགས་ཀྱིས་འགྲེལ་བཤད་གནང་སྣ་ཚོགས་གནང་ཡོད་ཀྱང་། དོན་དངོས་དེ་དག་ནི་སྒྲ་ཙམ་འདྲ་མིན་པ། རིག་བྱེད་གཏམ་རྒྱུད་ཀྱི་བྱུང་རིམ་གྱིས་ཆོས་ལུགས་དེ་དག་ལ་ཤན་ཞུགས་ཐེབས་པས་རེད། རྒྱུ་མཚན་ནི། ཚང་མས་ལེགས་སྦྱར་དུ་ཡོད་པའི་ཚིག་ཇི་བཞིན་བེད་སྤྱོད་བཏང་བ་ཙམ་མ་ཟད། ཆོས་ལུགས་སོ་སོས་མགོན་པོས་རང་ཉིད་ཀྱི་ཆོས་ལུགས་སྲུང་རྒྱུ་ཡིན་པ་བརྩེ་གཅིག་ཏུ་ངོས་འཛིན་བྱེད་པས་ཡིན། སིག་ཆོས་ལུགས་ཡིན་ན་མགོན་པོ་ནི་མཐུ་སྟོབས་ཀྱི་དོ་བདག་ལ་ངོས་འཛིན་བྱེད་ཀྱང་། Ujjain སོགས་ཧིན་ཆོས་ཀྱི་གྲུབ་མཐའ་ཁག་ཅིག་གིས་མགོན་པོ་ནི་ལྷ་དབང་ཕྱུག་དམག་གི་ངོ་བོར་དྲག་ཏུ་ཁྲོས་བ་ཡིན་པ་འདོད་པ་མ་ཟད། དེ་ལྟར་དྲག་ཏུ་ཁྲོས་དགོས་བའང་འདྲེ་གདོོན་གྱིས་དབང་ཕྱུག་ལ་མཆོད་པ་འབུལ་མཁན་ཚོ་གནོད་སྐྱོན་བཏང་བས། དེ་དག་འདུལ་ཆེད་དང་། མཆོད་པ་ཕུལ་མཁན་ཚོ་སྐྱོབ་ཆེད་དུ་དབང་ཕྱུག་དྲག་པོའི་ངོ་བོ་སྟེ། མགོན་པོ་རུ་བྱོན་ཞིང་། འདྲེ་རྣམས་འདུལ་ཚུལ་གྱི་གཏམ་རྒྱུད་གསལ་བོ་ཞིག་ད་ལྟའི་བར་དུ་ཡོད་པ་མ་ཟད། ཧིན་ངྷི་བ་མང་པོས་དེ་ལ་ཡིད་ཆེས་བྱས་ནས་མགོན་པོར་མཆོད་པས་ཡིན། མ་ཟད་ཧིན་ཆོས་དང་མགོན་པོ་ལ་རིགས་འདྲ་མིན་ཡོད་པ་བཞིན་སངས་ཆོས་ནང་དུའང་མགོན་པོ་ལ་ཕྱག་གཉིས་དང་ཕྱག་བཞི། ཕྱག་དྲུག་སོགས་ཡོད་པ་མ་ཟད། ནོར་ལྷ་དང་དམག་ལྷ། ཉོན་ལྷ་སོགས་ཀྱི་འགྲེལ་བཤད་སྣ་ཚོགས་ཡོད་པ་ལྟར་རེད།
མགོན་པོ་ཕྱག་བཞི་བ་བོད་ལ་ཡོང་སྟངས་ཀྱི་ཟུར་ཞིག་དཔལ་ལོ་ཙྭ་བ་ནས་རྒྱུད་པའི་མགོན་པོ་ཕྱག་བཞི་བའི་རྗེས་གནང་ཀརྨ་ཡོན་ཏན་རྒྱ་མཚོའི་གསུངས་ལས་འདི་ལྟར་ཏེ། “་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་དཀར་པོའི་ཕྱོགས་སྐྱོང་བ་རྣམས་ཀྱི་ནང་ནས་མཐུ་སྟོབས་ཕྲིན་ལས་ཁྱད་པར་དུ་འཕགས་པ་ནི་ཡེ་ཤེས་ཀྱི་མ་མགོན་ལྕམ་དྲལ་རྣམས་ཡིན་ལ། དཔལ་ནག་པོ་ཆེན་པོ་ལྕམ་དྲལ་ལའང་རིགས་མང་དུ་མཆིས་པ་རྣམས་ཀྱི་ནང་ནས་བཅོམ་ལྡན་འཁོར་ལོ་སྡོམ་པའི་ཐུགས་ལས་སྤྲུལ་པའི་ཡེ་ཤེས་མགོན་པོ་ཕྱག་བཞི་པ་འདི་ལ་སྤྱི་དང་བྱེ་བྲག་གི་རྒྱུད་གྲུབ་ཐོབ་སོ་སོའི་བཀའ་སྲོལ་གྱི་མན་ངག་ཤིན་ཏུ་མང་བར་བཞུགས་ཤིང་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱ་གར་ན་ལེནྡྲའི་གཙུག་ལག་ཁང་གི་སྲུང་མའི་གཙོ་བོར་མངའ་གསོལ། མུ་སྟེགས་ཀླ་ཀློའི་གཉེན་པོར་ཡང་འདི་ཉིད་ཁོ་ནར་བསྔགས། བོད་ཡུལ་འདིར་ཡང་བཀའ་སྲོལ་སྔ་ཕྱི་མང་དུ་བྱོན་པའི་ནང་ནས་སྐབས་སུ་བབས་པ་འདི་ནི། དཔལ་འཁོར་ལོ་བདེ་མཆོག་དང་དབྱེར་མེད་པའི་དཔལ་ཆེན་རྒྭ་ལོ་ཙཱ་བ་ཉིད་དུར་ཁྲོད་བསིལ་བའི་ཚལ་དུ་ཏིང་ངེ་འཛིན་ལ་བཞུགས་པའི་ཚེ་མགོན་བོ་འདི་ཉིད་དངོས་སུ་ཞལ་གཟིགས་ནས་སྒྲུབ་ཐབས་སོགས་རྒྱས་པར་ཕུལ་བ་ནས་བཟུང་སྟེ་ཡེ་ཤེས་མགོན་པོ་ཉིད་དུས་རྟག་ཏུ་འབྲལ་མེད་དུ་གཟིགས། ལོ་ཙཱ་བ་ཉིད་བོད་དུ་ཕེབས་པའི་སྐབས་བོད་ཡུལ་ཆེ་དགུ་ཀུན་གྱིས་ཞབས་ལ་བཏུད་ཅིང་། གདམས་ངག་ཞུས་པ་ལ་སོ་སོའི་སྣོད་དང་མཚམས་པའི་ཆོས་སྦྱིན་བརྩལ། ཁྱད་པར་མགོན་པོ་འདི་ཉིད་ཀྱི་རྒྱུད་དང་མན་ངག །སྒྲུབ་ཐབས་ཀྱི་སྐོར་རྣམས། བཀའ་བརྒྱུད་རིན་པོ་ཆེའི་གྲུབ་ཆེན་རྣམས་ལ། སོ་སོའི་བཀའ་བབས་དང་མཚུངས་པར་གནང་བ་ལས། འདིར་འགྲོ་བའི་མགོན་པོ་ཞང་ཚལ་པ་ནས་བརྒྱུད་པའི་ལུགས་ཀྱི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་འོང་འོས་པ་རྣམས་གྲུབ་པ་ལགས། ། ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་ མར་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་འབུལ་བ་ཞུ།” ཞེས་བ་ལས་གསལ།
དཔལ་ལྡན་ལྷ་མོ་ལ་ལེགས་སྐད་དུ་མ་ཧཱ་ཀ་ལིས་སམ། ཀ་ལིས་ཞེས་ནས་འབོད་པ་ལས་མ་ཧཱ་ཀ་ལི་ཞེས་མི་འབོད་ཅིང་། མི་དགོས་དོན་ཡང་མགོན་པོ་དང་ལྷ་མོ་གཉིས་ཐ་དད་ཡིན་ཁར། ཕོ་མོས་ཁྱད་པ་ཡོད་པས་རེད། ལྷ་མོ་ནི་ཧིན་ངྷ་བས་དབང་ཕྱུག་གི་ཆུང་མ་འདོད་ཁར། མཐུ་སྟོབས་དང་ལས་ངན་གཙང་བཟོ་བྱེད་མཁན། དུས་ཚོད་སོགས་ཀྱི་ལྷ་རུ་འདོད་ཀྱི་ཡོད།
རང་གི་མ་ཤེས་པའི་ཤེས་བྱ་མང་པོ་ཡོད་ རེད་།
བོང་བུ་མ་ཕྱིན་པའི་ལམ་ཁ་མང་པོ་ཡོད་རེད་།
གཅེར་བུ་བུའི་ཆོས་ལུགས།
གཅེར་བུ་བའི་ཆོས་ལུགས་ཀྱི་མིང་ལ་བོད་སྐད་དུ་རྒྱལ་བ་བའི་ཆོས་ལུགས་ཟེར་ཞིང་། གྲུབ་མཐའ་ལ་སྦྱང་མྱོང་མཁན་ཞིག་ཡིན་ཚེ་ཅུང་ཙམ་ཆ་རྒྱུས་ཡོད་ངེས་རེད། ལེགས་སྦྱར་དུ་གཅེར་བུ་ཆོས་ལུགས་ཀྱི་མིང་ལ་རྗེའི་ཟེར་ཞིང་དོན་ནི་རྒྱལ་བའི་དོན་རེད། སྟོན་པ་ནི་རིས་ཤཱ་བྷ་ཡིན་ཞིང་། ཁོ་ནི་སྔོན་ལོ་དུས་རབས་བརྒྱད་དགུ་བར་དུ་བྱོན་ཚུལ་བཤད་ཀྱང་། ཁོང་ལ་མཆོད་པ་ཕུལ་ཞིང་རྒྱལ་བའི་ཆོས་ལུགས་ཡོངས་སུ་ལེགས་འགྲུབ་བྱུང་ཚེ་ནི་སྔོན་ལོ་དུས་རབས་ལྔ་བ་ཙམ་ཡིན་པས་སྟོན་པ་ཤཱ་ཐུབ་དང་དུས་མཉམ་གྱི་ཆོས་ལུགས་ལྟ་བུ་ཆགས་ཡོད། དེ་བརྟེན། སྟོན་པ་བཞེངས་སྐབས་ཧ་ཅང་འདྲ་མཚུངས་ཡོད་པ་ཙམ་མ་ཟད། གཉིས་ཀའི་ལས་འབྲས་ཀྱི་ཆོས་སྐོར་དང་། འཚེ་མེད་གཙོ་བཟུང་བྱེད་ཚུལ་ཧ་ཅང་གི་མཐུན་པ་མ་ཟད། འཚེ་བ་མེད་པའི་ལྟ་གྲུབ་ཉམས་ལེན་བྱེད་མཁན་གྱི་ཆོས་ལུགས་ཤིག་ཁོང་ཚོའི་ལྷག་ཅིག་མེད་པ་བསྒྲུབས་པ་མ་ཟད། རྒན་ངྷེ་ཡི་ཨ་ཧེམ་སའང་དེ་ལས་བྱུང་བ་ཁོང་ཚོས་འགྲེལ་གྱི་འདུག ད་ལྟ་ཆོས་ལུགས་དེའི་རྗེས་འཇུག་རྒྱ་གར་ནང་ས་ཡ་ལྔ་དང་ལྷག་དང་། འཛམ་གླིང་ཡོངས་སུ་ས་ཡ་དྲུག་དང་ལྷག་ཡོད་པ་གྲགས།
རྒྱལ་བའི་ཆོས་ལུགས་ལ་རྩ་བའི་སྡོམ་ཚིག་གསུམ་ཡོད་ཅིང་། ༡༽ འཚེ་བ་མེད་པ། ༢༽ གནས་ལུགས་དང་རིག་པ་ལ་ཡིད་ཆེས་བ། ༣༽ བདག་འཛིན་མེད་པ་བཅས་རེད། མ་ཟད་ལས་འབྲས་ཀྱི་ཆོས་སྐོར་གླེང་སྐབས་ལས་བསགས་རྒྱུ་ཡོད་པ་དང་། སྤངས་རྒྱུ་ཡོད་པ་སོགས་འདོད་ཁར། རྣམ་ཤེས་སམ། ཁམས་བདེ་ཆེན་སྙིང་བོ་ནི་སྤྲོས་བ་དང་བྲལ་ཞིང་། དྲི་མས་མ་གོས་བའི་དྭངས་གཙང་ཡིན་ཚུལ་དང་། དེ་དག་སླད་པ་ཞུགས་ནས་འཁོར་འཁྱམ་ཚུལ་སོགས་སངས་ཆོས་དང་གཅིག་མཚུངས་རེད།
དམ་ཚིག་རྣམ་བཤད་ལས། འཇལ་དཔལ་གྲུབ་པའི་ཞལ་ལུང་། མགོན་པོའི་ཆོ་ག་སོགས་ལས་གསལ་བ་གོང་བཀོད་བཞིན་ཡིན་པ་མ་ཟད། ཡིད་མི་ཆེས་ན་ཞིབ་འཇུག་བྱོས། དཔལ་འཇལ་གཤིན་རྗེ་གཤེད་ཡིན་པའི་སྒྲུབ་ཐབས་དང་བདེན་དཔང་བོད་རྒྱུད་སངས་གཞུང་གི་ཁྲོད་ནས་ཅི་འདོད་དུ་ཡོད་པ་མ་ཟད། སངས་གཞུང ༩༩ ཙམ་གྱིས་རྩེ་གཅིག་ཏུ་ངོས་ལེན་བྱེད་ཀྱིན་ཡོད།
དམ་ཅན་ཆོས་རྒྱལ་གཤིན་གཤེད་དང་འཇམ་དཔལ། འཇིགས་བྱེད་དུ་འདོད་པའི་བདེན་དཔང་དགོས་ན་ཡང་སྐྱར་འདི་ལྟར་ཏེ།
ཡོང་ཁུངས། དགེ་ལུགས་པའི་གྲུབ་མཐའ་སྤྱི་བཤད།
དམ་ཅན་ཆོས་རྒྱལ་ནི་དགེ་ལུགས་པའི་སྲུང་མ་གཙོ་བོའི་གྲས་ཡིན་ལ། སྐྱེས་བུ་ཆུང་ངུའི་ཆོས་སྐྱོང་དགེ་སྡིག་ཤན་འབྱེད་ལས་འབྲས་ཀྱི་སྲུང་མ་ཁྱད་པར་ཅན་ཞིག་ཡིན། འདི་དང་ཕྱོགས་སྐྱོང་བཅུའི་གྲས་ཀྱི་གཤིན་རྗེ་དང་། སྡེ་དཔོན་སུམ་ཅུའི་ནང་ཚན་འཆི་བདག ཐུབ་པ་རིགས་དྲུག་གི་ནང་ཚན་དམ་ཅན་ཆོས་རྒྱལ་རྣམས་ངོ་བོ་གཅིག་པར་གསུངས།
དམ་ཅན་ཆོས་རྒྱལ་འདི་ཕྱི་སྒྲུབ་མ་ཧེའི་གདོང་ཅན། འདི་ལ་འཁོར་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད། ནང་སྒྲུབ་སྲིན་པོའི་གདོང་ཅན། འདི་ལ་འཁོར་ཞི་རྒྱས་དབང་དྲག་གི་གཤིན་རྗེ་བཞི་ཡོད་པའི་ནུབ་ཀྱི་དབང་གི་གཤིན་རྗེ་དང་ཆོས་གསང་སྒྲུབ་དང་དོན་གཅིག བྱང་གི་དྲག་པོའི་གཤིན་རྗེ་དང་ཆོས་རྒྱལ་ཕྱི་སྒྲུབ་གཉིས་དོན་གཅིག དམྱལ་བའི་གནས་ཀྱི་དགེ་སྡིག་ཤན་འབྱེད་གཤིན་རྗེ་ཆོས་དང་དོན་གཅིག་ཡིན། ཡང་གསང་དཔལ་མགོན་དུག་རི་ནག་པོ་ཕྱག་བཞི་པ།དེ་ཡི་ཡུམ་དུས་མཚན་མ་དང་། ཙ་མུཎ་ཏྲི་གཉིས་བཅས་པའི་འཁོར་ཚོགས་སོགས་འདི་ཉིད་སྐྱོ་ལུགས་ལ་བཅོམ་ལྡན་དེ་ཉིད་འཇམ་དཔལ་ཤིན་ཏུ་ཁྲོས་པའི་འཇིགས་བྱེད་ཆེན་པོའི་སྐུར་སྤྲུལ་ནས། འཛམ་གླིང་གི་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ཏུ་གཤིན་རྗེ་གྲོང་ཁྱེར་ཆེན་པོ་མཆིས་པའི་གནས་སུ་བྱོན་ཏེ་དྲག་འདུལ་མཛད་པས། གཤིན་རྗེ་གཙོ་འཁོར་རྣམས་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས། ཇི་སྲིད་བསྐལ་བ་མ་སྟོངས་ཀྱི་བར་དུ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་འཆེས་པར་བཤད།
ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པ་ལས། གཤིན་རྗེ་གཤེད་ཤེས་མི་ཤེས་སྒོ་ནས་མ་རེད། ཐེག་དམན་ཚང་མས་ལྷ་དེ་དག་ཁས་བླང་བགྱིད་མ་རེད། ང་ལ་ག་རེ་ལབ་ནའང་ལབ། ད་ཁྱེད་རང་ཚོས་རང་གི་་འདོད་པ་གསལ་པོར་་འབྲི་བཞིན་པ་ལ་དགའ་བསུ་ཡོད།
ལ་ལ་ནི། ཨ་ནུའི་ཡིག་དཔེ་ལ་ཧ་ལམ་ཨོ་རྒྱན་པད་པདྨི་གསུངས་དང་། མི་ལའི་མགུར་འབུམ་སོགས་ལས་བརྩིགས་སུ་འཛིན་པ་དེ་ཡ་མཚན་ཆེ།་ལ་སོ་སྐུ་རྩེད་ཞུ།་
ད་ཨ་ནུའི་ཡིག་དཔེ་ལྗགས་ལུང་ཞུ་ནའང་ལེགས་འདུག
ཨ་ནུ་ཐང་ལགས་ཐུགས་ཆེ་གནང་དཔེ་ཡགས་པོ་བྲིས་འདུག། ཀརྡོ་གཉེར་ལགས་ཁྱེད་ནི་ཐལ་བ་ཚུབ་སེ་བྲོས་ཚར་འདུག།
འཐད་སྒྲུབ་ཀྱི་རིགས་པ་མེད་ན་འབྲོས་དགོས་ཡིན་ཡིན་པ་རེད། གཞན་དོན་མེད་ཀྱི་རྨོད་ཚིག་་ཀླ་ཀློ་དང་་ལྟ་ལོག་་
བོན་པོ་་་ཟེར་ནས་ལུང་རིགས་མེད་པའི་རྨོངས་རྟུལ་མི་སྨྲ་རོགས། སྔགས་རྫོགས་རྒྱ་གར་དང་བོད་ལ་དར་སྐབས་བན་དྷེ་
ནང་ལ་ནང་འཁྲུགས་མང་པོ་བྱུང་བ་མ་ཟད་ཚོ་ཁག་གཉིས་སུ་བྱེ་འདུག། དཔེར་ན་རྗེ་རེད་མདའ་བས།
གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། འཕྱོན་མའི་བུ་བཞིན་འདི་ལ་སུས་ཡིད་རྟོན། ཞེས་གསུངས།
བོད་ཀྱི་བླ་མའི་ཆོས་ལུགས་ལ་སྐྱབས་ཡུལ་བཞི་ཡོད། བླ་མ་དཀོན་མཆོག། སངས་རྒྱས་དཀོན་མཆོག། ཆོས་དཀོན་མཆོག། དགེ་འདུན་དཀོན་མཆོག་བཅས་བཞི་ཡིན། རྒྱ་གའི་ནང་པའི་ཆོས་ལུགས་ལ་སྐྱབས་ཡུལ་གསུམ་གྱི་གྲངས་ངེས། སངས་རྒྱས་དཀོན་མཆོག། ཆོས་དཀོན་མཆོག། དགེ་འདུན་དཀོན་མཆོག་བཅས་གསུམ་རེད།
དཔྱོད་ལྡན་ཨ་ནུ་ལགས་མ་ཧ་ཀ་ལིའི་སྐོར་དང་གཞན་ཡང་མགོན་པོའི་སྐོར་སོགས་ཁུངས་ལུང་བཅས་གསལ་པོར་བཀོད་པར་བཀའ་དྲིན་ཆེ། ད་ནི་ལྟ་ལོག་དང་དམ་ཉམས་ཟེར་ས་མི་འདུག དཔེ་ཆའི་ཁུངས་བསྐྱལ་འདུག ད་དུང་མ་ནི་ཡིག་དྲུག་གི་སྐོར་ལ་སངས་ཆོས་དང་ཧིན་ཆོས་གཉིས་དབར་ལ་འབྲེལ་བ་ཡོད་མེད་ཅིག་ཁྱེད་ལ་དུས་ཚོད་ཡོད་ན་འབྲི་རོགས་ཞེས་བསྐུལ་མ་ཞུ་གི་ཡོད།
ཚ་བ་མདའ་སྨྱུག་ནས་བྲིས།
“ཕྱོགས་གཅིག་ནས་སྟོན་པ་ཁོང་སྐྱེ་འཆི་འཕོ་འགྱུར་ལ་རང་དབང་ཐོབ་ཅིང་། གདུལ་བྱ་འདུལ་བའི་དུས་ལས་སྐད་ཅིག་ཀྱང་མི་ཡོལ་བར་ནམ་དགོས་ན་ནམ་ཡིན་པར་བཤད་པ་དང་། ཕྱོགས་གཞན་ཞིག་ནས་དུས་ཚོད་མ་རན་གོང་ནས་ཆོས་འཁོར་སྟོང་བསྐོར་མཛད་ཅིང་། སྲས་ཀྱི་ཐུ་བོ་ཚོ་སྒུག་ལོངས་མེད་པར་སྐུ་ཚེའི་འཕེན་པ་རྫོགས་འགྲོ་བ་འདི་དག་ལ་”“འགྲེལ་བཤད་ཇི་ལྟར་བརྒྱབ། དགུང་གྲངས་དྲུག་བརྒྱ་བཞུགས་པའི་སྐུ་ཚེ་ཞིག་ཡོད་ན་ཀླུ་སྒྲུབ་ལས་སྟོན་པ་ཉིད་ལ་མཁོ་ཆེ་བར་མི་འདུག་གམ། གདུལ་བྱ་དབང་པོ་ཡང་རབ་དེ་ཚོ་བསྟན་པ་ཡར་དར་གྱི་སྐབས་སུ་གཅིག་ཀྱང་འོང་རྒྱུ་མེད་པར་ལྔ་བརྒྱ་ཐ་མ་ཚེས་ལ་ཉེ་དུས་གཞི་ནས་ཁྱུ་དང་ཁྱུ་བྱས་ཏེ་གང་ནས་བཤར་ཡོང་བ་ཡིན་སུས་ཤེས། ཐེག་ཆེན་གསུང་སྐབས་སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲ་དང་། ཞུ་མཁན་གནས་བརྟན་ཀུན་དགའ་བོ། ཉན་མཁན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ། ད་དུང་དགེ་བསྙེན་ཕ་མས་གཙོས”“པའི་བྲམ་ཟེ་དང་ཁྱིམ་བདག་དེ་འདྲའི་མང་པོ་ཞིག་ཡོད་འདུག་པ། སྟོན་པ་མྱ་ངན་ལས་འདས་མ་ཐག་སུ་ཞིག་གིས་དེ་ཚོ་ཡོད་ཚད་ལ་བརྗེད་ཟས་བརྗེས་ཆུ་འདྲ་དྲངས་པ་ཡིན་ན་མ་གཏོགས། ཁོ་ཚོས་ཐེག་ཆེན་གསུང་སའི་མི་རེ་གཉིས་ཤིག་ཅི་ལ་མི་རྙེད། དེས་ན་ཉན་ཐོས་སྡེ་པ་དག་གིས་ཐེག་ཆེན་སངས་རྒྱས་ཀྱིས་གསུངས་པའི་བཀའ་མ་རེད། ཀླུ་སྒྲུབ་སོགས་ཀྱིས་རང་བཟོ་བྱས་པའི་བསྟན་བཅོས་རེད་ཅེས་སྨྲ་བ་ལ་ནི་ཐུགས་ཁག་ཁྱོན་ནས་མི་འདུག་སྟེ། དཔེར་ན་དེང་སང་མི་ཁ་ཅིག་གིས། ལྷ་ཡུལ་དང་ཀླུ་ཡུལ་ནས་བླངས་པའི་རྗེ་ཙོང་“ཁ་པའི་གསུང་རྩོམ་ཡིན་ཟེར་ནས་བརྗོད་བྱ་ཆལ་ཆོལ་ཅན་གྱི་དཔེ་དེབ་ཟད་རྒྱུ་རྫོགས་རྒྱུ་མེད་པ་ཞིག་ཕུད་འོང་བའི་དབང་དུ་བཏང་ན། རྗེ་ཡི་ཆོས་བརྒྱུད་འཛིན་པའི་བསམ་ཤེས་ཅན་གྱི་མཁས་པ་སུས་ཀྱང་ཁས་ལེན་གནང་ཐབས་བྲལ་བ་དང་གཅིག་མཚུངས་ཡིན་པའི་ཕྱིར། རྡོ་རྗེ་ཐེག་པའི་ཆོས་སྐོར་རྣམས་ལ་ནི་དེ་བས་ཀྱང་དགུ་འགྱུར་གྱིས་ཁུངས་ལུང་མེད་པ་ཤ་སྟག་སྟེ། གསང་སྔགས་ཀྱི་སྟོན་པ་རྡོ་རྗེ་འཆང་ཞེས་པ་དེ་སངས་རྒྱས་ཤྰཀྱ་ཐུབ་པ་སྐྱ་སར་བབས་པའི་མིང་ཡིན་ཟེར་བ་ལྟ་བུ་གསུང་མཁན་ཁུངས་ལུང་མེད་པ་དང་། ས་གནས་རི་“རབ་ཀྱི་རྩེའམ་རྡོ་རྗེ་བཙུན་མོའི་བྷ་གའི་ནང་དུ་ཡིན་ཞེས་པ་ལྟ་བུ་གསུང་ས་ཁུངས་ལུང་མེད་པ་དང་། རྒྱུད་འཆད་པ་པོ་ང་དང་ཞུ་བ་པོའང་ང་ཡིན་ཞེས་པ་ལྟ་བུ་གསུང་ཡུལ་ཁུངས་ལུང་མེད་པ་དང་། འཁོར་བ་ཐོག་མེད་ནས་བསྟན་པའི་ཆོས་ཡིན་ཞེས་པ་ལྟ་བུ་གསུང་དུས་ཁུངས་ལུང་མེད་པ་དང་། ཉོན་མོངས་མ་སྤངས་ལམ་དུ་ཁྱེར་ཞིང་མ་བསྒོམས་ཐོས་པས་ཆོག་ཅེས་པ་ལྟ་བུ་གསུང་རྒྱུ་ཁུངས་ལུང་མེད་པ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དེར་མཚོ་ཞིག་ཡོད་པ་སྐམ་པའི་ཤུལ་ནས་རང་བྱུང་གི་རྒྱུད་སྡེའི་དཔེ་མཛོད་ཁང་ཞིག་ཐོན། དེའི་ནང་གི་”
“དཔེ་ཆ་རྣམས་གྲུབ་ཆེན་ས་ར་ཧས་རྒྱ་གར་དུ་སྐྱེལ་འདྲེན་བྱས་པ་རེད་ཅེས་པ་ལྟ་བུ་རྒྱུད་པའི་ལོ་རྒྱུས་ཁུངས་ལུང་མེད་པ་བཅས་ཕ་སུ་ཡིན་བཤད་རྒྱུ་མེད་པའི་ནལ་གྱི་བུ་ཞིག་དང་འདྲ་ཡང་། བསམ་བློ་གུ་ཡངས་བཏང་དྲགས་པས་གང་ལ་ཡང་འགལ་འགྲེལ་གྱི་རྣམ་གཞག་བརྩི་མི་དགོས་པར། སློབ་དཔོན་སོ་སོའི་བསམ་ཚོད་དྲན་ཚོད་རེ་དང་། ཅི་དགའ་གང་སྐྱིད་རེ་གདམས་ནས་བཤད་ཆོག་གི་ཡོད་པ་རེད། དེ་བས་རྒྱུད་སྡེ་རེ་རེ་ལ་ལུགས་སྲོལ་མི་འདྲ་བ་ཉི་ཤུ་སུམ་ཅུ་རེ་ཙམ་ཐོན་ཡོང་གི་ཡོད་ལ། དེ་དག་གཅིག་ལས་གཅིག་རླབས་ཆེ་ཞིང”“ཡ་མཚན་པ་དག་དག་ཡིན། མདོར་ན་སྔགས་ཀྱི་ཆོས་འབྱུང་ནི་གནའ་བོའི་རིག་བྱེད་གཏམ་རྒྱུད་ལས་ཀྱང་དགོད་བྲོ་བའི་ལྷ་སྒྲུང་འབའ་ཞིག་སྟེ། རྗེ་རེད་མདའ་བས། གང་ནས་བླངས་པའི་ཁུངས་ཀྱང་མི་སྣང་ན། འཕྱོན་མའི་བུ་བཞིན་འདི་ལ་སུས་ཡིད་རྟོན། ཞེས་གསུངས་”
Excerpt From: ཚ་བ་མདའ་སྨྱུག་བརྩམ།. “ལོག་རྟོགས་སྙིང་སྟོབས།.” iBooks.
ཐེག་དམན་སྐབས་སུ། བུདྷམ་ཤརནམ་ག་ཆ་མི། སོགས་གསུམ་དང་། གསང་སྔགས་སྐབས་སུ། ན་མོ། གུ་རུ་བྷྱེ། ན་མོ་བུ་དྷ་ཡ། སོགས་བཞིར་གསུངས་ཡོད་རེད་དོ།།
ཀརྡོ་གཉེར་ལགས་
གོང་གི་མདའ་སྨྱུག་ལགས་ཀྱི་བྲིས་པ་དེ་དག་ལ་འཐད་སྒྲུབ་ཡོད་པའི་ལན་ཞིག་ཡོད་ན་གསུང་རོགས། དེ་མེད་ན་ཁ་མ་མང་རོགས།
ཀརྡོ་གཉེར་ལགས་ཁྱེད་ཁྱུང་སེ་ལགས་ཕེབས་དུས་ནི་ཐལ་བ་ཚུབས་སེ་བྲོས་སོང། ད་མདའ་སྨྱུག་ལགས་ཀྱི་བྲིས་པ་འདི་ལ་
འཐད་སྒྲུབ་ཀྱི་ལན་ཞིག་ཡོད་ན་གསུང་རོགས། དེ་མེད་ན་ཁ་དེ་མ་མང་ན་བཟང་བསམ།
# 83 སྤུ་གྲི་རེག་གཅོད།་ལགས་ཀྱིས་མཆན་བཏབ་པ།:
March 5th, 2015 at 12:24 PM
ཚ་བ་མདའ་སྨྱུག་ནས་བྲིས།
ཚ་བ་མདའ་སྨྱུག་ནས་བྲིས་པ་ཡིན་ན་ཆོབ་ཚ་བོ་འདུག
སྟོན་པ་དགོང་ལོ་བརྒྱ་བཅུ་ལས་མ་བཞུགས་ན་རྗེས་རབས་སུ་ཡང་དེ་ལས་བརྒལ་ནས་བཞུགས་མི་ཆོག་པའི་ཁྲིམས་དེ་ཚ་བ་མདའ་སྨྱུག་གིས་བཟོས་པ་ཡིན་ན་མ་གཏོགས་གཞན་སུས་ཀྱང་བཟོས་པའི་སྐད་ཆ་མེད། ཧཧ་
སྟོན་པ་དགུང་ལོ་ག་ཚོད་ལ་བཞུགས་མིན་དེ་དངོས་བསྐལ་གྱི་གདུལ་བྱ་ལ་རེག་ལས་པ་ལས་གཞན་ག་རེ་ཡོད་དམ། གདུལ་བྱ་རྫོགས་ན་སངས་རྒྱས་བཞུགས་དགོས་པ་ཅི་ཡོད་དམ། སངས་རྒྱས་གླིང་འདིར་བྱོན་པ་གདུལ་བྱའི་ཆེད་དུ་མ་རེད་དམ།
དེང་སང་འཛམ་གླིང་གི་ས་སྒང་འདིའི་སྟེང་དུ་མི་ལོ་བརྒྱ་ལྷག་སྡོད་མཁན་འདུག་པ་དེ་དག་སངས་རྒྱས་ལས་ལྷག་ཡིན་པར་སྒྲུབ་ཐུབ་བམ། ཁྱེད་ཅག་ཆོས་མེད་སྨྲ་བ་ཚོའི་མགོན་དཔུང་དམ་པ་མའོ་ཙེ་ཏུང་སྐད་གྲགས་ཅན་དེ་ཡང་ལོ་རིང་པོ་འདུག་ཐུབ་མ་སོང་བ།
བསལ་བློ་གཅིག་པ་དང་སེམས་ཁམས་གཅིག་པ། ལྟ་བ་གཅིག་པ་དགོས་ན་དམར་ཕྱོགས་པའི་བསམ་བློ་དང་ལྟ་བ་ལྟར་གྱུར་སོང་བ་མ་རེད་པས།
སངས་རྒྱས་ཀྱིས་ཆོས་གསུང་བ་དེ་ཚོ་གདུལ་བྱའམ་མིའི་སེམས་ཁམས་དང་མཐུན་པར་གསུངས་པ་རེད་པ། གདུལ་བྱ་ལ་ཡང་དབང་བོ་རྣོ་གཏུལ་སོགས་ཡོད་ཆོག་གི་རེད་པ། དེས་ན་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་གདུལ་བྱ་ཡོད་ཆོག་གི་རེད་ལ། དེ་དག་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་རེ་གསུངས་ཆོག་གི་རེད་པ།
དེས་ན་གདུལ་བྱ་ལས་ཅན་དང་ཁྱད་པར་ཅན་ལ་ཉེ་ལམ་གསང་སྔགས་ཀྱི་ལམ་ཞིག་བསྟན་དགོས་ངེས་རེད་པ། དེ་མིན་ན་སངས་རྒྱས་ཆོས་གསུང་བ་ལ་མི་མཁས་པའི་སྐྱོན་འབྱུང་གི་མ་རེད་པས།
གདུལ་བྱ་འགའ་ཞིག་གི་ངོར་སྐྱེ་འཆི་ཡོད་པ་ལྟར་སྣང་ཡང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་མཛད་པ་བཅུ་གཉིས་བྱེ་བ་ཕྲག་བརྒྱ་སྟོན་བཞིན་བཞུགས་པ་གཞུང་ཆེན་པོ་དག་ལ་ལུང་རིགས་ཀྱིས་གཏན་ལ་ཕབ་མི་འདུག་གམ།
སངས་རྒྱས་ཀྱི་ཡོན་ཏན་ལ་སངས་རྒྱས་ཀྱི་ཡོན་ཏན་དུ་མ་མཐོང་ན་སངས་རྒྱས་ནི་མི་ཕལ་བ་དང་ཁྱད་པར་མེད་འགྲོ་གི་མ་རེད་པས།
དེ་ན་ཚ་བ་མདའ་སྨྱུག་ལ་ཡོན་ཏན་ཅི་ཡང་མེད་པ་དང་ཚ་བ་མདའ་སྨྱུག་ནས་བྲིས་པ་ཐམས་ཅད་སྐྱག་རྫུན་རེད་ཅེས་ལབ་ན་ལན་ཅི་ཡོད་དམ།
ཡ་ཡ་བདེ་མོ་བྱོས། ང་ནི་ཉལ་རན་འདུག
རྣོ་རྟུལ་སོགས་བཅོས
ལབ་ཆོག་གི་རེད། སྐྱ་རྫུན་རེད་ཅེས་ལབ་ལོས་ཆོག ལབ་རྐྱང་བྱོས། ཁྱོད་ཀྱིས་ལབ་ཆོག་པ་ཙམ་གྱིས་རྫུན་དུ་མི་འགྱུར་ལ་བདེན་དུའང་མི་འགྱུར།
༡་་་་སངས་རྒྱས་ཕེབས་པ་དེ་གདུལ་བྱའི་ཆེད་དུ་ཡིན་ན་གདུལ་བྱ་བསླེབས་པ་དེ་ཡང་སངས་རྒྱས་ཀྱི་ཆེད་དུ་ཡིན་དགོས་ཀྱི་རེད་བ། རྟེན་འབྲེལ་ལྟོས་གྲུབ་ཡིན་པར་གཅིག་མཚུངས་ཡིན་པའི་ཕྱིར། སངས་རྒྱས་ལོ་ག་ཚོད་བཞུགས་མིན་གདུལ་བྱའི་བསོད་ནམས་ལ་རེག་ལུས་ཡོད་པ་ཡིན་ན་གདུལ་བྱ་ལོ་ག་ཚོད་བསྡད་མིན་སངས་རྒྱས་ཀྱི་བསོད་ནམས་དབང་ཐང་ལ་རེག་ལུས་བསྡད་ཡོད་པ་ཨེ་རེད། སངས་རྒྱས་ལོ་ག་ཚོད་བཞུགས་ཐུབ་མིན་གདུལ་བྱ་བསོད་ནམས་བསགས་མིན་ལ་ཐུག་ཡོད་ན་སངས་རྒྱས་ཟེར་བ་དེ་ཐབས་སྐྱོ་མདོག་ལ།་་་ཧཧཧ
༢་་་ཆོས་མེད་སྨྲ་བ་ཨ་ཕ་མའོ་ཡི་བླ་རྡུངས་ན་ཆོས་ཡོད་སྨྲ་བ་བུ་ཏ་ལའི་བླ་མའི་ཐུགས་ཕོག་ཡོང་། གཟབ་གཟབ་བྱོས། ངེད་ཅག་གིས་ཆོས་མེད་ཟེར་བཞིན་མེད། ཆོས་ཡོད་ཟེར་བཞིན་ཡོད། ཡོད་པའི་མ་ཚོད་ཆོས་ལ་སྐྱོན་འདུག་ལབ་བཞིན་ཡོད། སྐད་ཆ་ཉན་ཤེས་པ་བྱོས། ཁས་ལེན་མེད་ས་ལ་དགག་ལན་བརྒྱབ་པ་འདི་ལུགས་མཐུན་མ་རེད་ད།
༣་་་གདུལ་བྱའི་ཁམས་དང་མཐུན་པའི་སྐད་ཆ་བཤད་ཀྱི་ཡོད་ན་དྲང་པོ་མ་རེད་བ། རྐུ་མ་ཐུག་དུས་རྐུ་གཏམ་བཤད། ཇག་པ་ཐུག་དུས་ཇག་གཏམ་བཤད། ལྟོ་ལྟོག་ཐུག་དུས་ཟས་གཏམ་བཤད། ཆབ་སྲིད་པ་ཐུག་དུས་ཆབ་སྲིད་བཤད། ཆོས་པ་ཐུག་དུས་ཆོས་བཤད། དེ་འདྲ་ཡིན་ན་སངས་རྒྱས་སྐད་ཆ་ལ་ཆ་བཞག་ཞིག་མི་འདུག་ག
༤་་་་བོད་གངས་ཅན་པའི་མི་རབས་གསར་པའི་རྣམ་དཔྱོད་ཅན་མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱི་བྲིས་འདྲ་ཞིག་བཤད་མདོག་མདོག་དང་། མཐོང་ཆུང་དང་ཁྱད་གསོད་འདྲ་ཞིག་གིས་ཚིག་འཕེན་འོང་མདོག་མདོག་བྱས་དུས་ངས་ཁྱོད་ཚོ་ཁོག་གི་ཡོན་ཏན་ཅི་ཡོད་མཐོང་འོང་གི་འདུག སྙིང་རྗེ་ཁྱོད་ཚོ།
དགེ་འདུན་ལགས།
༡་སེམས་ཅན་སངས་རྒྱས་ཀྱི་གདུལ་བྱ་ཡིན་པ་ཁས་བླངས་ན་། སེམས་ཅན་མ་རྫོགས་བར་སངས་རྒྱས་ཀྱི་གདུལ་
བྱ་ཡང་མི་རྫོགས། གདུལ་བྱ་མ་རྫོགས་གོང་སངས་རྒྱས་དགོངས་པ་རྫོགས་ན་སྐྱེ་འཆི་རང་དབང་ཟེར་བ་དེ་རྫུན་
ཕུགས་རྡེབ་སོང་བ་རེད། ༢་སྐྱེ་འཆི་རང་དབང་ཡིན་ན་ཀླུ་སྒྲུབ་ལས་སངས་རྒྱས་དུས་ཡུན་རིང་པར་བཞུགས་ན་
གདུལ་བྱ་དེ་བས་རྒྱ་ཆེ་བར་འགྱུར། ༣་དམར་ཕྱོགས་པའི་མི་སྣ་གཙོ་བོའི་ནང་གི་གཙོ་བོ་མའོ་ཙེ་ཏུང་མི་ལ་།
དམར་ཤོག་གི་ལོ་རྒྱུས་ནང་མའོ་སྐྱེ་འཆི་རང་དབང་ཡིན་དེ་བས་ལབ་མེད།
ད་ནས་བཟུང་། ངས་མདའ་སྨྱུག་མ་གཏོགས། མདའ་ལགས་དུས་ནམ་ཡང་མི་ཟེར། ང་ཕོད་དང། ལྟ་ལོག་འབའ་བ་ཡང་དེབཞིན་ནོ།། སྡིག་ཆེན་ཚེ་ཐུང་བར་ཤོག གུང་ཚེ་ཐུང་བ་ར་ཤོག། །།
ཀུན་གཟིགས་པཎ་ཆེན་བཅུ་པས་ཀྱང་ཐོག་མར་ནོརའཁྲུལ་ཆེན་པོ་བཏང་ཡོད་རེད། ང་ཕོད་ནི། རྒྱལ་འཚོང་པ་རེད། འབའ་ཕུན་ནི། དགོན་སྡེ་དང་བོད་ཀྱི་རིག་གཞུང་མེད་པ་བཟོ་མཁན་གྲས་རེད། མདའ་སྨྱུག་ཀྱང་། ངའི་མིག་ངོར་ཡི་གེ་བྲིས་ཤེས་ཙམ་མ་གཏོགས་མི་གད་སྙིགས་ཅིག་ལས་གང་ཡང་མི་རྩའོ།།
ཚ་བ་མདའ་སྨྱུག་ལ་ག་རེ་ལབ་ཡང་ཁྱེད་རང་འདོད་པ་རེད། ཡིན་ཡང་ལུངས་རིགས་མེད་པའི་འཆལ་གཏམ་སྨྲས་ན་
ཁྱེད་རང་གི་རང་སྐྱོན་ཕྱི་ལ་དོང་འགྲོ་བ་ལས་གཞན་ཡོང་ཡ་གང་ཡོད།
སྡིག་ཆེན་ཚེ་ཐུང་གི་མི་འདུག་ཚེ་རིང་བ་འདུག དཔེར་ན་མའོ་དང་ཏིང་དང་ཅང་དང་བྷུ་ཤུ་ལས་སོགས་ཚེ་རིང་པོ་ཞེ་དྲག་བསྡད་འདུག
དམོད་མོ་གཞན་ལ་བཏབ་ན་དམོད་འབྲས་རང་ལ་འཁོར་ཡོང། རང་གཤེད་རང་ལ་ཕབ་པ་གོ་རྒྱུ་མང་པོ་འདུག་
སྡིག་ཆེན་དང་། སྡིག་ཅན་མ་ཡིན་པ་གཉསི་སོ་སོར་ངོ་ཤེས་པ་ནི། རྗེས་སུ་ཡིརང་གི་གནས་སུ་མཐོང་ངོ་།།
ཁ་རྒྱུན་དུ། སྡིག་ཆེན་དམྱལ་བར་འགྲོ་དུས། བསོད་ནམས་མེ་ལྟར་འབར། ཟེར་སྲོལ་ཡང་འདུག
ཨ་ནུ་ཐང་བསོད་ནམས་ལགས། ༼Katha Upanishad ཡིས་འཇམ་དཔལ་གྱི་སྐུ་འདྲ་བྲིས་ཤིང་།༽ གསུངས་འདུག་པས་སྐུ་འདྲ་ག་འདྲ་ཞིག་བྲིས་ཡོད་པ་ཡིན་ནམ། དྲྭ་ལམ་བརྒྱུད་ནས་བལྟ་ཐུབ་བམ། །
༼སངས་ཆོས་ཀྱི་འཇམ་དཔལ་འདོད་སྟངས།༽ ཞེས་པ་འདི་བོད་བརྒྱུད་སངས་ཆོས་ལ་གོ་བ་ཡིན་ངེས། དེ་ལྟར་ཡིན་ན་འཇམ་དཔལ་གཤིན་རྗེ་གཤེད་དུ་བསྐྱེད་སྒོམ་བྱེད་པའི་ལམ་ལུགས་འདི་བོད་དུ་བླ་མ་སུས་ཡིས་ཐོག་མར་སྲོལ་གཏོད་དང་སྒྲུབ་གཞུང་གི་མིང་དང་དུས་རབས་ག་དུས་བྱུང་བ་བཅས་ཁ་གསལ་བྲིས་ན་དེ་བས་ལེགས་པར་སེམས། །
༼དགེ་ལུགས་པས་འཇམ་དཔལ་སྲུང་མའི་ངོ་བོར་ཐོན་པ་ནི་དམ་ཅན་ཆོས་རྒྱལ་དུ་འདོད་ཅིང་།༽ འདི་ཡང་དགེ་ལུགས་པའི་བླ་མ་སུ་ཡིས་དུས་རབས་ག་དུས་སྲོལ་གཏོད་པ་དང་མཆོད་གཞུང་གི་མིང་བཅས་ཁ་གསལ་པོ་བྲིས་ན་དེ་བས་ལེགས་པར་སེམས། །
བོན་པོ་ལགས།
གཤིན་རྗེ་གཤེད་འཇམ་དབྱངས་ཡིན་པའི་སྒྲུབ་བྱེད་ཀྱི་བདེན་དཔངཁག་གཅིག་ནི་ལམ་མཁྱེན་པའི་གསུངས་ལས་བགྲང་ཡོད་ཀྱང་། ལམ་མཁྱེན་པའི་གསུངས་དེ་དག་ནི་རྒྱབ་ལྗོངས་གཙོ་བོ་ནི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་གཤིན་རྗེ་གཤེད་སྒྲུབ་ཐབས་ལ་གཞི་བཅོལ་བ་རེད། སངས་རྒྱས་ཡེ་ཤེས་ནི་གླང་དར་དང་དུས་མཉམ་པ་གོང་གི་རྩོམ་ཡིག་ནང་དུ་བཀོད་ཟིན་པ་མ་ཟད། སངས་རྒྱས་ཡེ་ཤེས་ནི་མཐུན་མིན་གྱི་འཇམ་དཔལ་གཤིན་རྗེ་དང་འབྲེལ་བ་ཡོད་པ་མ་ཟད། གཤིན་རྗེ་བསྒྲུབས་ནས་འགྲུབ་མཁན་གྱི་བོད་རིགས་དང་པོ་རྣམས་ཀྱི་གྲས་སུ་གཏོགས། ཁོས་གཤིན་རྗེ་གཤེད་ཀྱི་བཀའ་དབང་དང་མན་ངག་བོད་དུ་བསྒྱུར་བ་མ་ཟད་གང་ས་གང་དུ་གནང་བས། གཤིན་རྗེ་གཤེད་ཀྱི་བསྟན་པའི་བདག་པོ་ལྟ་བུ་ངོས་འཛིན་བྱེད་ཀྱིན་ཡོད། མ་ཟད་གཤིན་རྗེ་གཤེད་སྒྲུབ་ཐབས་ཀྱི་ཆོས་སྐོར་ཀུན་ལས་འཇལ་དཔལ་གཤིན་རྗེ་གཤེད་ཡིན་པའི་དཔང་རྟགས་མང་དུ་རེག་གི་འདུག
འཇམ་དབྱངས་ཀྱི་འདྲ་རིས་མ་མཐོང་ཡང་། འཇམ་དབྱངས་བསྒྲུབ་ཐབས་ཀྱི་ཕྱག་ལེན་ཡོད་པ་དབྱིན་ཡིག་ནང་དུ་མཐོང་བ་མ་ཟད། འདྲ་དཔར་ཞིབ་འཇུག་གིས་བཙལ་ན་རྙེད་པའི་རེ་བ་ཡོད་ཁར། ཧིན་དྷི་ཡི་གཤིན་རྗེ་གཤེད་ཀྱི་དཔར་གང་སར་མཐོང་ཡ་འདུག གཞན་ཡང་མགོན་པོ་དང་རྟ་མགྲིན། ལྷ་མོ་དང་གདུགས་དཀར། སྒྲོམ་མ་དང་རྣམ་སྲས་བཅས་ཀྱི་འདྲ་དཔར་ཡང་ཧོན་ཆོས་དང་། དེ་འབྲེལ་གྱི་ཆོས་ལུགས་ཚོའི་ནང་དུ་ཡོད་པ་མང་དུ་མཐོང་། མ་ཟད་དེ་དག་ནི་དཔར་ཡང་ཕྲན་ལ་ཡོད།
བོད་ཡིག་ལྟ་བུ་ཡིན་ན་བན་བོན་གྱི་ཆོས་སྐོར་མང་པོ་ཞིག་ཡོད་པ་ལས་ཆོས་ལུགས་གཞན་གྱི་ཆོས་སྐོར་ཆ་ཚང་བ་ཞིག་ཧ་ལམ་མེད་པས། བན་བོན་གྱི་སློབ་དཔོན་རྣམས་ཀྱིས་ཅི་འདོད་དུ་སྒྲུབ་ཆོག་པ་མ་ཟད། ཆོས་ལུགས་གཞན་ལས་ཅི་འདོད་དུ་ལེན་ཆོག་ཅིང་། བླངས་ཀྱང་བོད་པ་རྣམས་ཀྱིས་བླངས་་བ་མི་ཤེས་བས་ཡིན། རྒྱུ་མཚན་ནི། ཆོས་ལུགས་གཞན་གྱི་སྐོར་ཡིག་རིགས་གཞན་ལ་མ་རྟེན་པ་བོད་ཡིག་ཐོག་མེད་པས་ཡིན།
བོད་ཡིག་ཕྱུག་ཏུ་བཏང་ཆེད་དུ་རབས་བྱུང་ན་འཛམ་གླིང་གི་ཆོས་རྒྱུད་ཀུན་བོད་དུ་བསྒྱུར་དགོས་བ་མ་ཟད། མ་མཐའ་ཡང་ཧིན་ངྷི་དང་། ཁ་ཆེ་སོགས་ཆོས་ལུགས་ཁ་ཁག་ཀུན་གྱི་ཕྱག་དཔེ་ཆ་གནད་བསྡུས་ཤིག་བོད་ཡིག་ཐོག་ཏུ་ཡོད་དགོས་ངེས་རེད། གལ་སྲིད་ཡོད་པ་ན། བོད་པ་རྣམས་ཀྱི་གོ་རྟོགས་མཐོ་པོ་ཡོང་བར་ཕན་ཐོགས་བླ་མེད་དུ་ཡོད་པ་མ་ཟད། བོད་ཀྱི་སྤྱི་ཚོགས་ནང་ཆོས་ལུགས་རེ་ཟུང་གིས་ག་རེ་བསྒྲུབ་བསྒྲུབ་ཀྱི་གནས་སྟངས་མི་འབྱུང་བར་ཕན་པས་ཡིན།
སློབ་གྲྭའི་བྱ་བ་མང་བས་ཀློག་པ་ལ་དུས་ཀྱིས་མ་ལྡངས་ཀྱང་། ཁྱོད་པས་ང་མཁས་ཞེས་རྩོད་ལུགས་སྣ་ཚོགས་མཐོང་ནས། གནས་བརྟན་སྡེ་པའི་གཞུང་ཞིག་ན་གསལ་བའི་ཚིགས་བཅད་འདི་ལྟར་ཡོད་པ་སེམས་ལ་རང་དབང་མེད་པར་དྲན། དེ་ནི།
་
ནང་གི་རལ་པ་ཕྱིའི་རལ་པ།
རལ་པས་སྐྱེ་དགུ་འདི་དག་འཛིངས།
དེ་དེ་འདྲི་ཡི་གོའུ་ཏ་མ།
རལ་པ་འདི་ཉིད་སུ་ཡིས་སེལ།
་
འདི་ཉིད་ལ་ལན་ཁྱེད་མཁས་པ་རྣམས་ཀྱིས་རྒྱབ་དགོས་སོ།
འཆི་མེད་རྩ་གསུམ་འདུས་ཞལ་ཨོ་རྒྱན་རྗེ། །
ཐུགས་རྗེ་འགྲོ་འདུལ་ཕྲིན་ལས་གར་བསྒྱུར་བ། །
རྡོ་རྗེ་འཆང་དབང་སྐྱབས་མགོན་ཀརྨ་པའི། །
ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱལ་གྱུར་ཅིག །
༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེས།
བྱ་བྲལ་སངས་རྒྱས་རྡོ་རྗེས་ནག་རིལ་ལ་དེ་འདྲ་བྲིས་ཡོད་ན་རྒྱལ་བ་རིན་པོ་ཆེས་དོལ་འདྲེ་ཤུགས་ལྡན་ལ་འཇམ་དཔལ་དབྱངས་སུ་བསྟོད་བསྐུལ་དང་གཅིག་པ་རེད་འདུག། ༢༠༡༡ ཡར་མར་ལ་ཀརྨ་པ་སྡིགས་པ་ཞིག་གོ་སོང་། གང་ཡིན་ན་ཉག་རོང་གྲྭ་བ་འགའ་ཞིག་དང་མཁན་པོ་འཇམ་དབྱངས་ཟེར་བ་ཞིག་ཉག་རོང་གི་སྤྲུལ་སྐུ་ཞིག་ངོས་འཛིན་སི་ཀར་ལ་ཞུས་ནས་ཐག་བཅད་པ་བྱ་བྲལ་སོང་གིས། ཧ ཧ ཁོ་རང་བདེན་པ་ཆགས་མེད་ན། གཞན་ངོས་འཛིན་པ་ཡིན་ན་། ཧ ཧ ཞེས་དང་བདུད་འཇོམས་གཉིས་ལ་རྩོད་པ་མི་འདུག ཀརྨ་པ་དེ་འདྲའི་རྩོད་པ་ཅི་ཞིག་ཡིན་ན་ཞུས་པའི་ལན་དུ། ཧ ཧ བདུད་འཇོམས་པདྨའི་རྒྱལ་ཚབ་གུ་རུའི་པད་ཞྭ་སུ་ཞིག་གིས་གྱོན་རུང་བུ་རང་གིས་འབྱོན་ན་ཆོག་གི་རེད། ཀརྨ་པ་ལ་ཞྭ་གཅིག་ལ་མགོ་གཉིས་ཐར་དཀའ་ནི་རེད། དེས་རྩོད་ནི་རེད། ཧ ཧ གསུངས་འདུག་གོ ད་ཕྱིན་ཀར་ཕྱག་གིས་སྐྱག་རྫུན་དག་དྲ་ཐོག་མ་བཞག་ལོ།། བདེན་པ་ཡིན་མགོ་རྒྱལ་བ་དང་དམའ་སྤྲང་པོ་ཡན་ཆོད་ལ་བདེན་པའི་ལམ་ནས་བཟང་ངན་བཤད་དགོས།
འཆི་མེད་རྩ་གསུམ་འདུས་ཞལ་ཨོ་རྒྱན་རྗེ། །
ཐུགས་རྗེ་འགྲོ་འདུལ་ཕྲིན་ལས་གར་བསྒྱུར་བ། །
རྡོ་རྗེ་འཆང་དབང་སྐྱབས་མགོན་ཀརྨ་པའི། །
ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱལ་གྱུར་ཅིག
རིགས་གསུམ་མགོན་པོ་གཅིག་འདུས་ཨོ་རྒྱན་རྗེ། །
སྤྱན་རས་གཟིགས་དངོས་ཕྲིན་ལས་གར་བསྒྱུར་བ། །
རྡོ་རྗེ་འཆང་དབང་སྐྱབས་གཅིག་ཀརྨ་པའི། །
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།
ཨོ་རྒྱན་རིན་པོ་ཆེ་ཡི་རྗེས་འབྲངས་པ། །
ཕྲིན་ལས་མཐའ་བྲལ་སྤྱན་རས་གཟིགས་དབང་ཉིད། །
རྡོ་རྗེ་འཆང་དངོས་ཀརྨ་པ་ཞེས་གྲགས། །
རིགས་གསུམ་གཅིག་འདུས་ཞབས་ལ་གསོལ་བ་འདེབས། །
དྲ་གྲོགས་ཀར་རྡོ་རང་གིས་བྲིས་ན་ཡག་པོ་རེད། དེ་མིན་ཁྱེད་ཚོས་ད་སྔོན་རྒྱལ་བས་ངོས་འཛིན་ཡིན་ལབ་པ་དང་ད་དུང་ངོ་ཚ་མེད་པར་རྙིང་མའི་བྱ་བྲལ་ཀྱང་བསྟན་དཀྲུག་གི་ནང་དུ་དྲུད་ཡོང་ན་ཡག་པོ་གཏན་ནས་ཚོར་མ་སོང་།
གལ་ཏེ་ཞྭ་དམར་ཤོག་གིས་་་
༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེའི་ཞབས་བརྟན།
ཨོཾ་སྭ་སྟི།།
འཆི་མེད་རྩ་གསུམ་འདུས་ཞལ་ཨོ་རྒྱན་རྗེ། །
ཐུགས་རྗེ་མཐའ་ཡས་ཕྲིན་ལས་གར་བསྒྱུར་བ། །
རྡོ་རྗེ་འཆང་དབང་རྒྱལ་དབང་ཀརྨ་པའི། །
ཞབས་པད་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག །
༸རྒྱལ་བ་བསྟན་འཛིན་རྒྱ་མཚོས་གསུངས།།
ཞེས་བཀོད་པ་དང་གཅིག་མཚུངས་རེད།
༸གོང་ས་མཆོག་གི་བྱིན་གྱིས་རླབས། །
སྟོབས་ལྡན་རྒྱ་གཞུང་རྒྱབ་སྐྱོར་ཐོབ། །
སི་ཏུ་བླ་མས་སྙིང་ནས་བསྐྱངས། །
ཀརྨ་པ་དེ་རྒྱལ་གྱུར་ཅིག །
ཨ་ཅག་པདྨ་སྒྲོལ་མ་ལགས། ངོ་དེབ་འདིར་གཟིགས་དང་། འོནད་ཀྱང་ངོ་དེབ་ལྟ་དུས་ཁྱེད་རང་སྙིང་མ་གས་པའི་རེ་བ་ཡོད་དོ།།
https://www.facebook.com/photo.php?fbid=943788362308848&set=a.186948641326161.42644.100000330788732&type=1&theater
https://www.facebook.com/video.php?v=10153103651118418&set=vb.776773417&type=3&permPage=1
པདྨ་ཕྲིན་ལས་ཀྱིས།
http://www.reuters.com/article/2015/03/10/us-china-tibet-india-idUSKBN0M61BY20150310
རྟོག་བཟོ་ཁུང་ལུང་མེད་པ་འབའ་ཞིག་གོ གཤིན་རྗེ་དང་གཤིན་རྗེ་གཤེད་ཀྱི་དབྱེ་བ་ཡང་མི་ཤེས་པ། ཧཱ་ཧཱ།