ཨེ་མ་ཧོ།
ཀརྨ་པ་མཁྱེན་ནོ།།
ཆོས་སྐུ་སྣང་བ་མཐའ་ཡས།།
ལོངས་སྐུ་སྤྱན་རས་གཟིགས་དབང་།།
སྤྲུལ་སྐུ་པདྨ་འབྱུང་གནས།།
སྐུ་གསུམ་ཀུན་འདུས་མཁྱེན་ནོ།།
ཀརྨ་པ་མཁྱེན་ནོ།།
རྒྱལ་དབང་ཡིད་བཞིན་ནོར་བུ།།
སངས་རྒྱས་མཐའ་ཡས་རྡོ་རྗེ།།
འཛམ་གླིང་རྒྱན་ཏུ་བཞུགས་པ།།
བསྐལ་བཟང་ཆོས་ཀྱི་ཉི་མ།།
ཀརྨ་པ་མཁྱེན་ནོ།།
སྙིགས་དུས་མུན་གླིང་ཁྲོད་ན།།
ངེས་དོན་ཆོས་ཀྱི་རྒྱལ་པོ།།
ཞི་བདེའི་དེད་དཔོན་ཆེན་པོ།།
ཀུན་ཕན་དུང་གི་ཟླ་བ།།
ཀརྨ་པ་མཁྱེན་ནོ།།
དུས་གསུམ་རྒྱལ་བའི་རྒྱལ་དབང་།།
བསྟན་འགྲོའི་དཔལ་མགོན་དམ་པ།།
ཨོ་རྒྱན་མཐའ་ཡས་རྡོ་རྗེའི།།
ཕྲིན་ལས་ས་གསུམ་ལ་ཁྱབ་ཤོག།
ཀརྨ་པ་མཁྱེན་ནོ།།
ཞེས་པ་འདི་ཡང་རབ་གནས་མེ་བྱའི་གྲོ་བཞིན་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་གྱི་སྐབས་སུ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དགེ་མཚན་ལ་དམ་པའི་ཚུལ་དགུས་ཕྱུག་པའི་མཁན་པོ་གཞན་ཕན་མཐའ་ཡས་ཀྱིས་སྐུལ་ངོར་རྒྱལ་ཁམས་པ་ཨེ་མ་ཧོས་གཉུག་མའི་རྩལ་སྣང་ལ་ཇི་ལྟར་ཤར་བ་རྣམས་བཅོས་བསྒྱུར་མེད་པར་ཐོལ་བྱུང་དེ་ཉིད་དུ་སྨོན་པར་དགེའོ།། །། ཤྲཱིཿསརྦ་ལོ་ཀ་བི་ཛ་ཡནྟུ།།
ཧ་ཧ།
བླ་མ་ཡོད་ཚད་ལ་སངས་རྒྱས་དང་། སངས་རྒྱས་རློན་པ་དང་། ཨིན་སྐད་དུ་ལི་ཝིང་བུདྡྷ་སོགས་མ་གསུངས་ན་ནང་ཆོས་དར་བ་ལ་ཕན་ཐོགས་ཆེ་བ་ཡོད་རེད་དོ། །ཨེ་མ་ཧོ་ལགས།། །།
དུས་གསུམ་རྒྱལ་བའི་རྒྱལ་དབང་།།
བསྟན་འགྲོའི་དཔལ་མགོན་དམ་པ།།
ཨོ་རྒྱན་མཐའ་ཡས་རྡོ་རྗེའི།།
ཕྲིན་ལས་ས་གསུམ་ལ་ཁྱབ་ཤོག།
ཀརྨ་པ་མཁྱེན་ནོ།། ་་་་་་་་་་ ཟེར། བླ་མ་གྲྭ་ལོག་ཅིག་ལ།
ཨ་ལས། ཞྭ་དམར་རིན་པོ་ཆེའི་ཀརྨ་པ་དེར་བསྟོད་འདུག འགྲིགས་ཤག ཨེ་མ་ཧོ་འདི་ནམ་ཡིན་རུང་སྤྱི་ཚོགས་ཐོག་ལ་དུག་མཚོན་ཞིག་འཁུར་ནས་ཡོང་གི་རེད། ཁྱེད་ཀྱི་སྡིག་པའི་ལས་དེ་ཚོར་ཡི་རངས་མེད། བཏང་སྙོམས་ལ་འཇོག་གི་ཡིན།
སངས་རྒྱས་ཀརྨ་པ་ཨེ་ཧ་ཧ སྐྱག་པས་ལྐུབ་ཀྱག
སངས་རྒྱས་ཀརྨ་པ་ཨེ་ཧ་ཧ
མཁྱེན་ནོ། མཁྱེན་ནོ། ཀརྨ་པ་མཁྱེན་ནོ།།
རང་ཉིད་གང་ལ་དད་པ་དེ་གཙོ་བོར་བཟུང་ནས་གཞན་ལ་ཁ་མི་གཏོང་བ་གལ་ཆེ་སྙམ།
༈ མགོན་པོ་དམ་གྲིབ་ཀུན་སེལ་གྱི་ཐུགས་དམ་བསྐུལ་བ། །ཧཱུྃ་ཧཱུྃ་ཧཱུྃ། ནག་པོ་ཆེ་ལ་གཏུམ་པའི་གཟུགས། །རྡོ་རྗེ་བེར་ཅེན་ཐུགས་རྒྱུད་བསྐུལ། །དམ་སེལ་དྲི་མ་དབྱིངས་སུ་དག །ཞི་བདེའི་བསྟན་པ་དར་གྱུར་ཅིག །གནས་བརྟན་ཆེན་པོ་ཀརྨ་པ། །ཨོ་རྒྱན་འཕྲིན་ཡས་རྡོ་རྗེ་དང་། །རྣལ་འབྱོར་ཆེན་པོ་ཀརྨ་པ། །འཕྲིན་ལས་མཐའ་ཡས་ཞབས་པད་བརྟན། །ཞྭ་རྩོད་ཞི་བདེའི་ངང་དུ་ཐིམ། །ཐོབ་རྩོད་ཐལ་ཕུང་ནང་ཏུ་བསྐྱུར། །རྡོ་རྗེའི་མཆེད་ལྕམ་ཐུགས་ནང་གཤིམ། །རྩོད་མེད་བསྟན་པ་དར་རྒྱས་ཤོག །འདི་ནི་ཟུར་ཟ་མིན་པར་ལྷག་བསམ་དག་པས་དཔལ་ནག་པོ་ཆེན་པོ་ལ་འཕྲིན་ལས་བཅོལ་བ་སྟེ། རྒྱལ་བའི་ལུང་ལས་སྙིགས་མའི་དུས་སུ་དམ་པ་རྣམས་ལ་སྐུ་ཚེར་བར་ཆད་ཆེ་ཞིང་། ནག་པོའི་ཕྱོགས་ཀྱི་རུ་མཚོན་མཁའ་ལ་ཕྱར་བས་ལྡོག་ཏུ་མེད་པའི་ལན་ངན་ཚབ་པོ་ཆེ་ཐོག་ཏུ་བབ་པར་བཤགས་སྡོམ་དང་སྲུང་མ་གནད་བསྐུལ་གལ་ཆེ་བར་བཤད་པས། ངོ་སྲུང་དང་ཟས་ཕྱིར་མི་འབྲངས་པའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་བཀའ་བརྒྱུད་བླ་མ་གོང་མ་རྣམས་ཀྱིས་ཆོས་བརྒྱད་ཆམ་ལ་འབེབ་པའི་བཀའ་དང་དམ་ཚིག་གཉན་པོ་དགོངས་ལ་འཕྲིན་ལས་དུས་ལས་མ་གཡེལ་བར་མཛོད་ཅིག། ས་མ་ཡ། །ཕྱོགས་གཉིས་ཀས་ཚར་འབུམ་རེ་བཏོན་ན་ཞི་མཐུན་ཡོང་བར་གནོན་མི་ཟའོ། །
མཐའ་ཡས་རྡོ་རྗེ་ཞྭ་དམར་རིན་པོ་ཆེས་སི་ཏུ་ལ་སྐུ་ངལ་བཟོ་ཆེད་ཞར་ལ་ངོས་འཛིན་བྱས་པ་རེད། དེ་ཀརྨ་པའི་ཡང་སྲིད་མིན་པ་ཞྭ་དམར་རིན་པོ་ཆེའི་རྩ་བའི་བླ་མ་ཁྲ་འགུ་རིན་པོ་ཆེས་གསལ་པོ་གསུངས་སོང་།
ད་རྙོག་གྲ་མ་ཤོད། བཀའ་བརྒྱུད་ཚང་ལ་ཤ་ཚ་ཡོད་ན། ཨུ་རྒྱན་འཕྲིན་ལས་མཆོག་བཀའ་བརྒྱུད་བླ་མ་མང་ཆེ་བས་ཀརྨ་པར་ངོས་འཛིན་ཡོད་པས་དེས་ཆོག མཐའ་ཡས་རྡོ་རྗེ་ཁྲིད་ཡོང་མཁན་ཚང་མ་བཀའ་བརྒྱུད་པར་རྙོག་གྲ་བཟོ་འདོད་པ་དེ་ཚོ་རེད། ངོ་མ།
ཨུ་རྒྱན་འཕྲིན་ལས་ངོས་འཛིན་བྱེད་མཁན་མང་ཆེ་བ་བཀའ་བརྒྱུད་ལ་ཤ་ཚ་བའི་མི་དེ་ཚོ་རེད། དྲི་མེད་ལྷག་བསམ་ལགས་རྙིང་མའི་ཆོས་རྒྱུད་འཛིན་པ་ཞིག་གིས་བཀའ་བརྒྱུད་ནང་ལ་བཙངས་ནས་དོན་མེད་རྙོག་གྲ་བཟོ་བ་དེར་ངོ་མ་སེམས་སྐྱོ་བྱུང་། ཨ་རིའི་ནང་ལ་དེ་འདྲ་ག་ཤས་འདུག
དྲི་མེད་པའི་བསམ་འཆར་དེའི་རིགས་ལ་ང་ཡང་དགའ་བོ་ཡོད། ང་ཚོ་ཆོས་ལུགས་ནང་ཁུལ་དང་ཆོས་རྒྱུད་ནང་ཁུལ་མཐུན་ལམ་དང་ཞི་བདེ་ཞིག་དགོས་པ་རེད་མ་གཏོགས་དེ་མིན་ཕྱི་མིས་བལྟ་དུས་ཆོས་ལུགས་ཟེར་བ་དེ་ཉོན་མོངས་དུག་ལྔ་སློང་བྱེད་ཅིག་ལས་མི་ཡི་འགྲོ་བར་ཕན་ཐོགས་མེད་པའི་བསམ་འཆར་ཡོང་སྲིད་པ་རེད། དེས་རྐྱེན་བྱས་ཏེ་ཆོས་ལ་མི་དགའ་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། བླ་མ་རྩ་བ་ཆེ་ཆུང་ཟེར་བ་དེ་རྗེས་འཇུག་པ་མང་ཉུང་དང་རྒྱབ་དཔུང་ཆེ་ཆུང་གིས་མ་རེད།