ཀླུ་སྨྱོན།
སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཐང་ཀ་སོགས་ལ་དཔྱད་ན་སངས་རྒྱས་རང་ཉིད་ཀྱིས་དབུ་སྐྲ་ཆ་ཚང་མ་གཞར་བར་སྤྱི་བོར་ཐོར་ཅོག་བྱས་ནས་བསྡམས་བཞག་པ་ཤེས་ཐུབ་ཀི དེ་སྔ་མཐོང་བའི་ཁོང་གི་སྐུ་བརྙན་གང་དུ་ཡང་ཁོང་གི་དབུ་རྦད་དེ་རྗེན་པ་ཡིན་པ་དེ་འདྲ་མཐོང་རྒྱུ་མི་འདུག ཤཱ་རིའི་བུ་སོགས་ཀྱི་དབུ་སྐྲ་ནི་རྦད་དེ་གཞར་ཡོད་པ་མཐོང་ཐུབ།
གཙུག་ཏོར་ནི་སྤྱི་གཙུག་གི་རུས་པ་འབུར་བོ་ཞིག་གི་མིང་ཡིན་པས་དེ་དང་དབུ་སྐྲ་ཐོར་ཅོག་བྱས་པ་གཉིས་རྦད་དེ་དངོས་པོ་མི་འདྲ་བ་གཉིས་རེད། འོ་ན་མཆོད་རྟེན་རྣམ་དག་དྲུང་དུ་རང་ཉིད་ཀྱི་དབུ་སྐྲ་རང་ཉིད་ཀྱིས་མ་བཅད་དམ་ཞེ་ན། དེ་ནི་དབུ་སྐྲ་ཐེངས་གཅིག་བཅད་པའི་དོན་དུ་ཟད་ཀྱི། གཅོད་ཐེངས་གཅིག་གིས་དབུ་སྐྲ་རྦད་དེ་སྐྱེ་རྒྱུ་མེད་པར་བསྒྱུར་མི་ཐུབ་བོ།།
གཅེར་བུ་བའི་སྟོན་པ་དཔའ་བོ་ཆེན་པོའམ་མཧྰབིར་ཞེས་པ་དེའི་སྐུ་བརྙན་དང་སྟོན་པའི་སྐུ་བརྙན་གཉིས་ལ་འདྲ་བའི་ཆ་མང་ཞིང་། དགེ་ཆོས་ཀྱིས་གཙུག་ཏོར་ནས་སྤུངས་པ་ལྟ་བུ་ནི་མཧྰབིར་དང་གཙུག་ཏོར་ཙོར་པོར་ཡོད་པ་རང་རེའི་སྟོན་པའི་སྐུ་བརྙན་ཡིན་ཞེས་བརྗོད་འདུག གོང་གི་སྐུ་བརྙན་དེ་ནི་དབྱིན་ཇིའི་དྲ་ཚིགས་མང་པོར་སྟོན་པའི་སྐུ་བརྙན་དུ་འགྲེལ་ཡོད་ཀྱང་། གཙུག་ཏོར་ལ་དཔྱད་ན་དཔའ་བོ་ཆེན་པོའི་སྐུ་བརྙན་མིན་པའི་ངེས་པ་ཡང་མི་འདུག
མཆོད་རྟེན་རྣམ་དག་ཅེས་པ་དེ་ཡང་ནང་པའི་མཆོད་རྟེན་ཞིག་ཡིན་ཚེ་དེ་བཞེངས་མཁན་གྱི་སྦྱིན་བདག་སུ་ཡིན་ནམ། དེ་ལ་རབ་གནས་བྱེད་མཁན་སུ་ཡིན་ནམ།
མཆོད་རྟེན་དེ་བདེ་གཤེགས་མཆོད་རྟེན་བརྒྱད་ཅེས་པའི་ནང་ཚན་ཞིག་ཡིན་ནམ། སངས་རྒྱས་གསེར་ཐུབ་དུས་སུ་བཞེངས་ཟེར་ན་ལོ་བྱེ་བ་ཕྲག་བརྒྱར་མི་འཇིག་པའི་མཆོད་རྟེན་དེ་འདྲ་ཡོད་དམ། དེ་དུས་ཧིན་དུའི་སྤྱི་ཚོགས་ཀྱིས་མཆོད་རྟེན་རྣམ་དག་དེ་ཆོས་ལུགས་གང་གི་མཆོད་རྟེན་ཡིན་པར་ངོས་འཛིན་བྱས་ཡོད། དགེ་ཆོས་ཀྱིས་མཆོད་རྟེན་བརྒྱད་ཀྱི་ཐིག་རྩ་ནི་བོད་པར་གྲགས་པ་ཞིག་ཡིན་པ་ལས་རྒྱ་གར་ན་མཆོད་རྟེན་གྲངས་ལས་འདས་པ་ཡོད་པ་དེ་ཚོ་རང་རེའི་མཆོད་རྟེན་གྱི་ཐིག་རྩ་དང་མཐུན་པ་གཅིག་ཀྱང་མ་མཐོང་གསུངས་འདུག་ལ། ངེད་ཅག་བལ་ཡུལ་དང་རྒྱ་གར་དུ་རྒྱུན་རིང་ལྗོངས་རྒྱུར་བསྐྱོད་པ་དག་གིས་ཀྱང་དེ་རང་དུ་མཐོང་བ་མ་ཡིན་ནམ།
ཤཱཀྱ་ཐུབ་པ་མགོ་རག་ཡིན་རྒྱུ་མ་རེད་བསམ་ནས་དོགས་པ་ཟ་མ་མྱོང་།
ཁྱོད་རང་སྐྲ་འཇོག་བསམ་ན་གཞག་ན་འགྲིག་གི་ཡོད་ཀྱི་རེད། ཧ་ཧ་ཧ་
རྒྱུ་མཚན་འདུག ངེད་ནས་ཀྱང་དེ་དང་ཆ་འདྲ་བ་བསམ་མྱོང་།
ན་རེན་ཛ་ནར་དབུ་སྐྲ་བསིལ་བ་ལས་གཞན་དབུ་སྐྲ་བསིལ་བ་མེད། འདི་ལ་དོགས་པ་སྔ་ནས་ཡོད།
མཆོད་རྟེན་རྣམ་དག་དང་། གཙུག་གཏོར་སྐོར་དཔྱད་པ་ལས། བྱང་སེམས་རྣམ་དག་དང་། རྟེན་འབྱུང་སྟོང་ཉིད་སྐོར་ལ་དཔྱད་ན་ཕན་ཐོགས་ཆེ།
བསྡུས་གྲྭའི་སྐབས་སུ་གཟུགས་རིང་ཤོས་དེ་སངས་རྒྱས་ཀྱི་གཙུག་གཏོར་ཡིན་པའི་མཚན་གཞིར་འཇོག་བཞིན་པ་དང་།
དེ་དང་དུས་མཚུངས་ཐེག་དམན་པ་རྣམས་ཀྱི་སངས་རྒྱས་ཀྱི་གཙུག་གཏོར་དེ། གང་རིང་རིང་བཟོ་བཀོད་བྱེད་བགྱིན་ཡོད་པ་ལ་ཡང་ཁུངས་ཅིག་ཡོད་ངེས་པས་་་་་་་་་
ཧ ཧ ཀླུ་སྨྱོན་རིན་པོ་ཆེས་ཟུར་ཞིག་ནས་སངས་རྒྱས་ཤྰཀྱ་ཐུབ་པ་ནི་རྫོགས་ཆེན་མཁན་པོ་ཆོས་དགའ་དང་ཨེ་མ་ཧོ་ལྟ་བུ་མཚམས་རེ་སྐྲ་སྦྱར། མཚམས་རེ་སྐྲ་རིང་པོ་ཡོད་པར་ཡིན་ས་རེད་ད། རལ་བས་མ་ཡིན་དབྱུགསཔས་མིན། ཞེས་སངས་རྒྱས་ཀྱིས་གསུངས་པ་རེད། གང་ལྟར་ཡག་པོ་གསུངས་འདུག
ཡག་པོ་འདུག
དཔྱད་ཞིབ་ཡག་པོ་གནང་འདུག ཐུགས་རྗེ་ཆེ།
ཀླུ་སྨྱོན་ཟེར་བ་འདིས མ་ཧཱ་བི་ར་ཡང་འབྲི་ཤེས་མི་འདུག
ད་དུང་མཆོད་རྟེན་ཟེར་བ་དེའི་དོན་ཡང་རྟོགས་མི་འདུག དངོས་གནས་རྐང་འདེྲན་རེད།
དེ་འདྲ་དཔྱད་ཞིབ་བྱས་ན་དཔྱད་རྒྱུ་མང་པོ་འདུག། ཤཀྱ་མགོ་རིལ་ཞིག་ཡིན་མིན་དང། རྒྱ་བར་རྒྱ་ནག་ནང་ཤཀྱའི་སྐུ་བརྙེན་ཚང་མ་རལ་པ་ཅན་རེད་འདུག། ང་ཚོ་བོད་ཀྱི་ཆོས་པ་དེ་ཚོའི་འབྱེལ་སྟངས་ཤཀྱ་དབུ་རིལ་ཡིན་པ་བཤད་འདུག། རྣམ་དག་མཆོད་རྟེན་དེ་ནང་པའི་མཆོད་རྟེན་ཡིན་ན་ཤཀྱ་རབ་ཏུ་མ་བྱུང་བའི་སྔོན་ནས་བཞིངས་པ་རེད་དམ། ཡང་ན་ཤཀྱའི་སྔོན་རུལ་དུ་རྒྱ་གར་ལ་ནང་ཆོས་ཡོད་རེད། མཛད་བཅུའི་སྐོར་ལ་དཔྱད་ན་ཐིག་དམན་ལུགས་ཀྱི་ཁས་མི་ལེན་པ་དང། ཐིག་ཆེན་ལུགས་ཀྱི་མཛད་བཅུ་ཁས་ལེན་ཚུལ་མི་འདྲ་པ་གཉིས་འདུག། མཛད་བཅུ་ལབ་མ་ལབ་སྟོན་པའི་ལོ་རྒྱུས་རེད། དེ་ལ་ཐིག་པ་ཆེ་ཆུང་ཟེར་དུས་དོག་གཞི་ཞིག་རང་ཤུགས་ཀྱི་སླེབ་ཡོང་གི་འདུག། རྣམ་དག་མཆོད་རྟེན་དེ་འདྲ་བ་རྒྱ་གར་དང་རྒྱ་ནག་།
གཞན་ནང་ཆོས་དར་སའི་ཡུལ་གང་ལ་ཡང་མཐོང་ཡ་མི་འདུག། མཐོང་ཡ་ཡོང་པ་དེ་བོད་ཡུལ་ཁོ་ན་རེད། དེ་འདྲ་ཡིན་དུས་དེ་ལ་ཡང་དོག་པ་ཞིག་ཡོང་གི་འདུག། གོང་གི་བརྗོད་གཞི་དེ་ཀླུ་སྨྱོན་ལ་ཐུགས་ཆེ་ཞུ་།
བོད་པའི་ལྷ་འབྲི་དགོས་ན་རྒྱ་ནག་གི་དམག་ལས་མང་བ་དང་། བཞེངས་སྲོལ་མི་འདྲ་བ་དེ་དག་ལྷ་བཟོ་བ་ཚོའི་མཛུབ་མགོ་ན་ཡོད་ནི་རེད། བོད་པའི་ལྷ་ཅི་འདྲ་ཡོད་མེད་ལྷ་བཟོ་ཚོའི་ལག་པས་ག་རེ་འབྲི་འབྲི་ཡིན་ནི་རེད། མི་སུས་ཀྱང་ལྷ་རིག་མྱོང་ཡོད་ནི་མ་རེད། ལྷ་བཟོ་ཚོས་ཀྱང་ལྷ་རིག་མྱོང་ཡོད་ནི་མ་རེད། རྒྱ་གར་ལ་སོང་མ་མྱོང་བའི་ལྷ་བཟོ་ཚོས་རྒྱ་གར་གྱི་མ་ཧེ་བྲིས་པ་འདིར་བལྟས་ན་ཤེས། ཧ་ཧ་ཧ་ཧ། བྲིས་ཟེར་ན་འབྲོ་དགོས་ནི་རེད་ཟེར།
ལྷ་བཟོ་ལྷ་གཅིག་ཟེར་བ་དེས་ང་ལ་བཤད་མྱོང་བའི་སྐད་ཆ་དེ་ཐེགས་གཅིག་དྲན་གསོ་གཏོང་དགོས་བྱུང་སོང་།
ད་དུང་ང་ལ་བལྟས་ཏེ།
ཕན་ཚུན་གཅིག་གི་སེམས་པ་གཅིག་གིས་རྟོགས།། སྡོམ་འདི་འདྲ་ཞིག་ཀྱང་སྐྱོར་སོང་།
མདོར་བསྡུས་ན། རི་མོ་མང་པོ་ཞིག་ལྷ་བཟོ་ཚོས་རང་བཟོ་རེད། ཚང་མ་ལ་ཆ་འཇོག་རྒྱུ་ཡོད་ནི་མ་རེད།
ཐེག་དམན་ཁོ་ནས་ལུགས་ཀྱི་མཆོད་རྟེན་དང་། ཐེག་ཆེན་རྡོ་རྗེ་ཐེག་པའི་ལུགས་ཀྱི་མཆོད་རྟེན་གཉིས་ལ་ཁྱད་པར་ཡོད་དགོས་སྙམ།
བོད་ཀྱི་ལྷ་དེ་ཚོ་ལྷ་བྲིས་བ་ཚོའི་ག་རེ་བྲིས་བྲིས་ཞིག་ག་ལ་ཡིན། མདོ་སྔགས་རྫོག་གསུམ་གྱི་ལྟ་ག་རེ་འབྲི་ཡི་ཡོད་ན་དེའི་གཞུང་ལུགས་དང་མཐུན་པ་འབྲི་དགོས་ནི་རེད། དཔེར་ན་དགོན་པ་ནང་ལ་བྲིས་ན་དགོན་དེའི་མཁན་བླ་གང་ཡིན་དེས་ལྷ་བཀོད་བྱས་རྗེས་དེ་ནས་ལྷ་བཟོས་འབྲི་ཡི་ཡོད། སྐུ་མདོག་ཕྱག་མཚན་སོགས་གཞུང་ལུགས་དང་མཐུན་པ་འབྲི་དགོས། དེ་དང་མ་མཐུན་ན་ལྷ་འབྲི་ནོར་ཐེབ་སོང་ནི་རེད། ཁྱེད་ཀྱི་བཤད་པ་བཞིན་བོད་ལྷ་དེ་ཚོ་ལྷ་བཟོ་བས་ག་རེ་དྲན་དྲན་བྲིས་པ་ཞིག་ག་ལ་ཡིན།
རང་རེས་”ཞིབ་འཇུག་”དང་། འབྲུག་པ་ཚོས་”བསྐྱར་འཚོལ།” དབྱིན་ཇི་བས་”Research” ཟེར་བ་འདི་དེང་རབས་སློབ་གསོའི་ཁྲོད་དར་ཁྱབ་ཆེ་ཞིང་། གནས་ཚད་ངེས་ཅན་ཞིག་ཏུ་འཇོག་མོད། སྲོལ་རྒྱུན་གྱི་དགག་གཞག་སྤང་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་སློབ་གསོའི་བྱ་ཐབས་ནང་། སློབ་སྦྱོང་གི་ཚད་རིམ་ཡོངས་སུ་སྤྱད་དེ་མཐར་བསྐྱར་ཞིབ་བྱེད་དུ་ཕྱིར་འཁོར་དགོས་པ་དེ་འདྲ་ཏིལ་ཙམ་མེད། ལར་ནས་དེང་རབས་སློབ་གསོའི་ནང་ཞིབ་འཇུག་གི་གྲུབ་དོན་མང་པོ་ཞིག་སྐྱེ་འགྲོའི་བདེ་དོན་དང་འབྲེལ་བ་ཡེ་ནས་མེད་པར་མ་ཟད། དེས་ཞིབ་འཇུག་པ་དེའི་རིན་བྲལ་གྱི་དུས་ཚོད་ཡོངས་སུ་འཕྲོ་བརླགས་གཏོང་གི་ཡོད།
དཔེར་ན་གོང་དུ་ཐུབ་པར་དབུ་སྐྲ་ཡོད་མེད་དང་། དབུ་སྐྲ་ཐེངས་ཅི་ཙམ་ལ་བསིལ་མིན་སོགས་”ཞིབ་འཇུག་”གང་ཐུབ་བྱས་ཁུལ་མོད། འོན་ཀྱང་དེའི་གྲུབ་དོན་ལ་ཕན་ཐོགས་ཅི་ཙམ་ཡོད་མེད་དེ། ཞིབ་འཇུག་པའི་ཐོག་མའི་དམིགས་ཡུལ་ནང་འཇོག་དགོས་གལ་ཆེ།
དེ་བས་བདེན་བཞིའི་རྣམ་གཞག་སོགས་སངས་རྒྱས་ཀྱི་གསུང་ཚད་མ་ཡིན་མིན་ལ་དཔྱད་ཞིབ་ཅིག་བྱས་ཚེ། དེ་ནི་དོན་དམ་གྱི་ཞིབ་འཇུག་ཅིག་ཡིན་ནོ། །
“ངས་ནི་ཁྱེད་ལ་ཐར་པའི་ལམ་སྟོན་གྱི། །
ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །” ཞེས་སོ། །