སློབ་དཔོན་ཡན་ཧོང་པེན། ལྷ་སྡེ་གནམ་ལོ་ཡག
ངོ་སྤྲོད་མདོར་བསྡུས།
༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽ནི་རྒྱ་ནག་གི་བཙན་བྱོལ་རྩོམ་པ་པོ་དང་རྟོག་གེ་བ། ཁྲིམས་ལུགས་རིག་པ་སྨྲ་བ་བོ་སློབ་དཔོན་ཡན་ཧོང་པེན་དང་བོད་རྒྱ་སྐད་གཉིས་སྙན་ངག་པ། སྒེར་ཚུགས་ཅན་གྱི་བོད་རིག་པ་ཞིབ་འཇུག་པ་ལྷ་སྡེ་གནམ་ལོ་ཡག་གཉིས་ཀྱི་མཉམ་རུབ་བརྩམས་ཆོས་ཤིག་ཡིན། དཔེ་དེབ་འདིས་ལོ་རྒྱུས་ཀྱི་རྒྱུ་ཆ་སྣ་མང་དང་དངོས་མཐོང་གི་གསང་གནས་གང་མང་དཔྱད་གཞིར་བཟུང་ནས་ཀློག་པ་པོ་ལྷན་རྒྱས་ལ་རྒྱ་དམར་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལྐོག་གསོད་བྱས་པའི་དུས་རབས་ཀྱི་གསང་བ་དེ་ཕྱི་བསྒྲགས་བྱས་ཡོད་ཅིང་། དེ་དང་འབྲེལ་ནས་རྒྱ་དམར་གཞུང་གིས་བོད་ལ་སྤེལ་བཞིན་པའི་ཤེས་རིག་རང་བཞིན་གྱི་རིགས་རྒྱུད་རྨེག་མེད་ཀྱི་ཉམས་ཉེན་ངོ་སྤྲོད་ཀྱང་བྱས་ཡོད། ཞིབ་འཇུག་བརྒྱུད་ནས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི་བོད་ཀྱི་དེང་རབས་ནང་ཆོས་ཡང་དར་གྱི་དེད་དཔོན་དང་ཤེས་རིག་བསྐྱར་དར་གྱི་རུ་འདྲེན། བོད་ཀྱི་རྒྱལ་ཁབ་སླར་གསོའི་ལས་འགུལ་གྱི་བསམ་བློའི་དབུ་ཁྲིད་ཡིན་པའི་བསྡོམས་ཚིག་བརྙེད་འདུག
༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽ནི་རྒྱ་དམར་གཞུང་གིས་སངས་རྒྱས་བཀྲོངས་པ་བདེན་དཔང་བྱེད་པའི་བརྩམས་ཆོས་ཤིག་ཡིན་ལ། པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐྱོ་གནས་མཚོན་པའི་དཔེ་དེབ་ཅིག་ཀྱང་ཡིན། དཔེ་དེབ་ཧྲིལ་བོ་ཀློག་སྐབས། ཡིད་འགྱུའི་རྦ་རླབས་འཕྱོ་ཞིང་འཇིག་རྟེན་ཁད་ཀྱིས་དཀྲོགས་པའི་སྣང་བ་ངང་ངམ་ཤུགས་ནས་འཁོར་ཡོང་བ་ཞིག་རེད། མ་གཞི་རྒྱ་དམར་གཞུང་གིས་སངས་རྒྱས་བཀྲོངས་པ་དང་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་འཕྲད་པའི་སྐྱོ་གནས་ནི་བོད་སྒང་བའི་ལས་དབང་ལ་ཐད་ཀར་འབྲེལ་བ་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། དེའི་རྐྱེན་གྱིས་རྩོམ་པ་པོས་དེབ་འདིའི་ལེའུ་ཁག་བརྒྱུད་ནས་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གི་སྐྱོ་གནས་ལས་མངོན་པའི་བོད་སྒང་བའི་སྡུག་བསྔལ་གྱི་ལས་དབང་དང་མཇུག་མཐར་རྒྱ་ནག་རིག་གཞུང་ལ་ཐེབས་པའི་སྐྱོ་གར་ལས་དབང་གི་རྒྱུ་རྐྱེན་ཐད་བགྲོ་གླེང་བྱས་འདུག
མི་རིགས་ཤིག་ལ་མཚོན་ན། རྒྱལ་ཁབ་ལ་ཆག་འཇིག་ཇི་ལྟར་ཡོང་བ་མི་ཤེས་པ་དང་། རང་ཉིད་སྡུག་བསྔལ་ཁྲོད་བྱིངས་པའི་ལས་དབང་གི་འགོ་ཁུངས་མ་རྟོགས་ཚེ། དེ་ནི་ཆེས་བློ་ཕམ་པའི་གནས་ཤིག་ཡིན་པ་བཤད་ག་ལ་དགོས། དོན་ལ་སྡུག་བསྔལ་གྱི་འབྱུང་རྐྱེན་མ་རྟོགས་པའི་དབང་གིས་སྡུག་བསྔལ་ལས་གྲོལ་ལམ་ནོར་གྱི་ཡོད་པའི་ཁར། ལོང་བ་རྟ་ལ་ཞོན་པ་ནང་བཞིན་དུ་ཉེན་ཁ་ཆེ་བའི་བཞུད་ལམ་ནང་ཞུགས་ཀྱིན་པར་མ་ཟད། ལས་དབང་གི་མིད་པར་རལ་གྲི་བཙུགས་ནས་ཐར་ལམ་བརྙེད་པའི་གདེངས་ཚོད་ཅིག་གང་དུ་ཡོད་དམ།
དེ་ལྟ་ནའང་། དཔེ་དེབ་འདི་བརྒྱུད་ནས་བོད་སྒང་བའི་སྡུག་བསྔལ་གྱི་འབྱུང་གཞི་རྟོགས་པ་དང་སྡུག་བསྔལ་ལས་ཐར་བའི་ཁ་ཕྱོགས་བརྙེད་པའི་རེ་བ་ཤིན་ཏུ་ཆེ། ལྷན་རྒྱས་ནས་ལེའུ་རེ་རེ་ཡི་བསྡུས་དོན་ལ་གཟིགས་གནང་ཡོད་པ་ཞུ།
ལེའུ་དང་པོ། ངའི་ལས་སྣང་། སངས་རྒྱས་ཀྱི་སྤྱན་ཟུང་ལས་ཁྲག་དམར་བརྡོལ་བཞིན་འདུག
ཕྱི་ལོ ༢༠༠༠ལོར། སློབ་དཔོན་ཡན་ཧོང་པེན་ལགས་ལོ་ངོ་བཅོ་ལྔར་མ་མཇལ་བའི་པེ་ཅིན་སློབ་ཆེན་སྐབས་ཀྱི་སློབ་གྲྭ་གཅིག་པའི་སློབ་གྲོགས་ཤིག་ལ་འཕྲད་འདུག ཁོང་ལྷན་རྒྱས་ནས་ལྷ་སའི་ལྷིང་འཇགས་ཀྱི་མཚན་ལྗོངས་འོག་ཏུ་ཆང་ཕོར་བཏེགས་ནས་སླར་མཇལ་ལ་རྟེན་འབྲེལ་ཞུས་ཤིང་། ཨ་རག་གི་བཟི་ཁ་བཙན་པོས་ཕན་ཚུན་བར་གྱི་གཏམ་སྒོ་མྱུར་དུ་འབྱེད་ཐུབ་ཡོད་པས། གྲོགས་པོ་དེས་གསུངས་རྒྱུར། ༼ཁྱོད་ཀྱིས་ཧུའུ་ཁྲོང་ཧྭ་ཟེར་བ་དེ་དྲན་གྱི་འདུག་གམ། ཁོ་རང་རྒྱ་ཡིག་སྡེ་ཁག་ནས་རེད། སློབ་མཐར་ཕྱིན་པའི་ལོ་དེར། ང་ཚོ་མཉམ་དུ་བོད་ལྗོངས་སུ་ཡོང་བ་ཡིན། ཕྱི་ལོ ༡༩༩༢ལོར། ཧུའུ་ཅིན་ཐོ་ཡིས་ཧུའུ་ཁྲོང་ཧྭ་ཡི་གོ་ས་སྤར་ནས་ལྗོངས་གུང་གཞོན་ཚོགས་པའི་དྲུང་ཆེར་བསྐོ་འཇོག་བྱས། གཟའ་ཉི་མའི་ཉིན་ཞིག་ཧུའུ་ཁྲོང་ཧྭ་ཡིས་བོད་ལྗོངས་སུ་ཡོད་པའི་པེ་ཅིན་སློབ་གྲྭ་ཆེན་མོ་ནས་ཡིན་པའི་ལས་བྱེད་ཡོངས་ལ་མགྲོན་འབོད་བྱས་ཤིང་། ཁོ་རང་དཔོན་ས་འཕར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་བསྡུས་སོང་། ཉིན་དེར་ཨ་རག་མང་བོ་འཐུང་བ་ཡིན། ང་རང་ར་བཟི་ནས་འགྲོ་བསྐྱོད་བྱེད་མི་ཐུབ་པར་གྱུར་བའི་ཁར། ཧུའུ་ཁྲོན་ཧྭའི་ཁྱིམ་གྱི་མགྲོན་བསུ་ཁང་དུ་གཉིད་ལ་ཤོར་འདུག … … ༽
དེ་ལྟར་ཉིན་གཉིས་པར་ཉིན་གུང་སླེབས་གྲབས་ཡོད་དུས། སློབ་གྲོགས་དེ་ད་གཟོད་གཉིད་ལས་སད་ཡོད་ཅིང་། སྐབས་དེར་ཧུའུ་ཁྲོན་ཧྭ་ལས་ཀར་ཆས་ཚར་ཡོད་པས། ཁྱིམ་ནང་དུ་མི་གཞན་མི་འདུག་ལ། ཁོ་རང་ཡར་ལངས་མ་ཐག་གསང་སྤྱོད་འཚོལ་དུ་ཕྱིན། བཟི་མ་སད་ཀྱི་ལམ་ནས་མགྲོན་བསུ་ཁང་གི་གྲུ་གར་འཁེལ་བའི་སྒོ་ཆུང་ཞིག་ཡོད་པ་དེ་ཤུགས་ཀྱིས་འབྱེད་པ་དང་། གསང་སྤྱོད་ཡིན་ཤག་གིས་ནང་ལོགས་སུ་ལྟ་སྐབས། སྒོའི་ནང་ལོགས་ཀྱི་རྣམ་པས་ཁོ་རང་གི་བཟི་ཉམས་རྦད་དེ་དངངས་སྐྲག་ཁྲོད་བཅུག་འདུག མ་གཞི་སྒོའི་ནང་ལོགས་དེ་གསང་སྤྱོད་མ་ཡིན་པའི་ཁར། གྱང་ངོར་འབྱར་བའི་ཐེམ་ཆ་ཞིག་རེད་ལ། ཞེང་ཆུང་བའི་ཤིང་ལེབ་གྱིས་བཟོས་པའི་ཐེམ་མཐིལ་དུ་གློག་ཤུགས་ཆུང་བའི་སྒྲོན་མེ་དམར་ནག་ཅིག་བཀར་ཡོད་པ་དང་། ཐེམ་ཆའི་དཀྱིལ་དབུས་སུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་པར་བཀལ་འདུག སྐུ་པར་ལ་ལྟ་སྐབས། ལྕགས་ཁབ་གཉིས་པཎ་ཆེན་གྱི་མིག་གི་རྒྱལ་མོ་གཉིས་ཀྱི་སྟེང་དུ་འཛེར་ཡོད་ཅིང་། ཁུར་མཚོས་ཀྱི་འགྲམ་ངོགས་གཉིས་སུ་སྣུམ་རྩི་དམར་བོས་སྤྱན་མཚལ་ལམ། མིག་ཆུ་དམར་བོ་བརྡོལ་བཞིན་པའི་དབྱིབས་གཟུགས་བྲིས་འདུག
དེ་བས། སློབ་གྲོགས་དེའི་བསམ་བློའི་ནང་དུ་འདི་ནི་ཧུའུ་ཁྲོན་ཧྭ་ཡི་གསང་བ་ཞིག་ཡིན་པའི་དོགས་གཞི་འཁོར་ཡོད་པར་མ་ཟད། གསང་བ་དེ་ནི་རྒྱ་དམར་གཞུང་གི་གསང་བ་ཞིག་ཀྱང་ཡིན་པ་སྤྱི་ཚོགས་ཐོག་གི་པཎ་ཆེན་གཤེགས་རྐྱེན་དང་འབྲེལ་བའི་བཤད་སྟངས་ལས་ར་འཕྲོད་ཐུབ་པས། མ་བསམ་ས་ནས་རྟོགས་པའི་གསང་བ་དེའི་ངོ་བོ་ཤིན་ཏུ་ཛ་དྲག་ཡིན་པའི་ཁར། རང་ཉིད་ལ་སྲོག་ཉེན་ཡོང་བར་ཞེད་སྣང་གིས་ཉེན་རྟོག་པའི་ཤེས་བྱ་བཀོལ་ནས་རྐང་རྗེས་ལག་རྗེས་བསུབ་རྗེས། ཧུའུ་ཁྲོན་ཧྭ་ཡི་ཁྱིམ་དང་ཁ་བྲལ་ཡོད་འདུག ཡིན་ནའང་། སྐབས་དེ་ཤེད་ནས་ཁོ་རང་གི་སེམས་ནང་བསུབ་ཏུ་མེད་པའི་རྨ་ཁ་ཞིག་ཏུ་གྱུར་ཡོད་པར་མ་ཟད། ལོ་མང་རིང་ཁོ་རང་གི་སེམས་ནང་ལ་མནར་གཅོད་རིམ་པས་བཏང་ཡོད་པས། ༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽ཞེས་པའི་དཔེ་དེབ་འདི་སློབ་གྲོགས་དེས་མ་བསམ་ས་ནས་རྟོགས་པའི་གསང་བ་ནས་འབྲི་བཞེངས་བྱེད་འགོ་བརྩམས་པ་ཞིག་ཡིན། … …
ལེའུ་གཉིས་པ། བོད་ཀྱི་སྐྱོ་གནས། ཆོས་ཀྱི་རྒྱལ་ཁབ་དམྱལ་བའི་ཞིང་དུ་གྱུར་བ།
བོད་མི(ཕལ་ཆེ་བའི་དབང་དུ་བཏང་ཡོད)ནི་སངས་རྒྱས་ཀྱིས་གདམ་དམངས་རེད། ཁོང་ཚོས་མྱང་འདས་ཀྱི་བདེན་དོན་ལ་དད་པ་བྱེད་ཀྱིན་པར་མ་ཟད། བདེ་སྐྱིད་ནི་ནོར་དད་མ་ཡིན་པར་སེམས་ཁོངས་སུ་བཙལ་དགོས་པར་ཡིད་ཆེས་བྱེད་ཀྱིན་ཡོད། འོན་ཀྱང་། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་འགོར་བོད་ཀྱི་ལས་དབང་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་འདུག རྒྱ་དམར་གཞུང་གི་དྲག་ཤུགས་འོག༼གྲོས་མཐུན་དོན་ཚན་བཅུ་བདུན༽ཟེར་བ་ནས་འགོ་བརྩམས་ཏེ། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་མཇུག་བར། བོད་མི་རྣམས་དམྱལ་བར་བསྐྱོད་པའི་ལམ་ནང་དུ་བཅུག་ཡོད་ཅིང་། དེ་དག་དུས་རིམ་བཞི་ལ་དབྱེ་ཆོག་གི་ཡོད།
༡ ལོ་རབས་ལྔ་བཅུ་བའི་མཇུག་གི་ནང་ཆོས་བསྣུབས་པའི་ལས་འགུལ། ༢ དམར་གསོད་ཆེན་མོ་དང་འཛིན་བཟུང་ཆེན་མོ། ༣ བཀྲེས་ལྟོགས་ཆེན་མོ། ༤ ༼རིག་གནས་གསར་བརྗེ་ཆེན་མོ༽བརྒྱུད་ནས་རྙིང་བཞི་རྩ་གཏོར་རམ། ཤེས་རིག་རྨེག་མེད་དུ་བཏང་བ་བཅས་ཡིན།
དམར་གསོད་ཆེན་མོ་དང་འཛིན་བཟུང་ཆེན་མོའི་རྗེས་སུ། བོད་ཁུལ་གྱི་སྡེ་གྲོང་གཉིས་སུ་སྡུག་བསྔལ་གྱིས་མནར་བཞིན་པའི་བུད་མེད་དང་དངངས་སྐྲག་གིས་འཚོ་བཞིན་པའི་བྱིས་པ། རྒས་ཤིང་འཁོགས་པའི་ལོ་ལོན་ཚོ་ལས་ལྷག་མེད་ཅིང་། ཧ་ལམ་དར་མ་ཆ་ཚང་བསད་ཟིན་པའམ། བཙོན་ར་གང་རུང་དུ་ཚུད་ཡོད། སྐབས་དེའམ། ལོ་རབས་ལྔ་བཅུ་བའི་མཇུག་ནས་ལོ་རབས་དྲུག་ཅུ་བའི་འགོར། རྒྱ་མི་བྱེ་བ་བཞི་བཀྲེས་ལྟོགས་ཀྱིས་ཤི་ཡོད་ཅིང་། ཕལ་ཆེར་སྐབས་དེའི་རྒྱ་ནག་མི་འབོར་གྱི་བརྒྱ་ཆའི་བརྒྱད་ཟིན། བོད་ཁུལ་དུ་བཀྲེས་ལྟོགས་གྱིས་ཤི་བའི་མི་འབོར་གྱིས་ཧ་ལམ་བོད་མི་སྤྱིའི་ཕྱེད་ཀ་ཟིན་ཞིང་། རྒྱུ་མཚན་ནི་བོད་མི་ཚོས་མི་ཤ་མི་ཟ་བའི་ཁར། ཁྱི་ཤ། རྟ་ཤ། བྱ་ཤ། ཉ་ཤའང་ཟ་གི་མི་འདུག དེ་བས། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རང་ཉིད་ཀྱི་ཉེན་ཁ་གཡུགས་ནས༼ཡིག་འབྲུ་ཁྲི་བདུན་མ༽བྲིས་པ་རེད། དོན་ལ་དེ་ནི་རྒྱ་དམར་གཞུང་གི་ནག་ཉེས་ཞུ་གཏུགས་ཀྱི་དཔེ་དེབ་ཅིག་ཏུ་གྱུར་ཡོད།
ཕྱི་ལོ ༡༩༦༧ལོ་ནས་བཟུང་། རྒྱ་དམར་གཞུང་གིས་བོད་ལ་དམག་སྲིད་དབང་བསྒྱུར་བྱས་ཡོད་ཅིང་། བོད་དེ་བཞིན་སྔ་ན་མེད་པའི་དྲག་པོའི་དབང་བསྒྱུར་གྱི་དུས་རིམ་ཞིག་ཏུ་ཚུད་ཡོད། ཕྱི་ལོ ༡༩༦༧ལོ་ནས་ཕྱི་ལོ ༡༩༦༩ལོ་བར། བོད་ལྗོངས་སུ་བོད་མིའི་ཡར་ལངས་རེ་འགའ་བྱུང་ཡོད་ནའང་། དམག་མིས་དྲག་གནོན་བརྒྱུད་ནས་དམར་གསོད་བཏང་འདུག
སྔ་རྗེས་ཀྱི་ལས་འགུལ་བཞི་ལྷག་བརྒྱུད་རྗེས། བོད་མིའི་ཁྲོད་ཀྱི་ཆེས་དཔའ་བོ་དང་ཆེས་སྤྱང་པོ། ཆེས་རྩ་ཆེན། ཆེས་རང་དབང་གི་ཚེ་སྲོག་ཆ་ཚང་ཧ་ལམ་རྨེག་མེད་དུ་བཏང་ཟིན་ཞིང་། སྔར་བསམ་བློའི་རྒྱགས་ཕྱེ་ཡི་སྙེ་མ་ལྡེམ་ལྡེམ་གཡོ་བའི་གངས་ལྗོངས་ཡུལ་གྲུའང་བསམ་བློའི་དབུལ་བའི༼ས་ནག་ལུང་བར༽གྱུར་འདུག
ལེའུ་གསུམ་པ། པཎ་ཆེན་སྣང་བ་མཐའ་ཡས་ནི་སངས་རྒྱས་དང་དཔའ་བོ་གཅིག་ལྕོགས་རེད། ཁོང་གིས་རྡོ་རྗེ་རྒྱ་གྲམ་བཀོལ་ནས་དམྱལ་བའི་སྒོ་མོ་གཏོར་ཡོད།
ཏཱ་ལའི་བླ་མ་དང་པཎ་ཆེན་བླ་མ་རྣམ་གཉིས་ནི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གཙོ་འཛིན་དང་། དེང་རབས་བོད་ཕྱི་ནང་གི་བསམ་བློའི་སློབ་དཔོན་གཉིས་རེད། ཁོང་རྣམ་གཉིས་ཀྱིས་བོད་རྒྱལ་ཁབ་སྟོང་བའི་རྗེས་ཀྱི་བོད་མིའི་དངོས་ཡོད་གནས་སྟངས་ཐད་རྣམ་ཤེས་དང་མི་ཚེ་བཀོལ་ནས་དོ་སྣང་གནང་ཡོད།
དུས་རབས་ཕྱེད་ལྷག་གི་ཡར་སྔོན། ཏཱ་ལའི་བླ་མས་བོད་མི་ཁྲི་བརྒྱད་ཀྱི་དབུ་ཁྲིད་དེ་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་གྱི་ལམ་ཁ་བདམས་ཡོད་ཅིང་། བོད་ཀྱི་རང་དབང་ལས་འགུལ་གྱི་སྒོ་མོ་འབྱེད་ཡོད།
བོད་གངས་ཅན་ལྗོངས་སྔར་བྱུང་མ་མྱོང་བའི་མནར་གཅོད་ཆེན་མོའི་ནང་ལྷུང་སྐབས། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་མི་རིགས་མ་དོར་བར་མིག་ཆུ་གཙང་བོ་ལྟར་བརྡོལ་ཞིང་ཁྲག་དམར་རྒྱ་མཚོ་བཞིན་འཁྱིལ་བའི་དམྱལ་ཁམས་ཀྱི་འཚོ་བར་གདོང་ལེན་བྱེད་རྒྱུ་དེ་བདམས་ཡོད་ཅིང་། སྐབས་དེ་ཤེད་དུ་རྒྱ་དམར་གཞུང་གི་དྲག་སྤྱོད་རིང་ལུགས་ཀྱི་བྱེད་བབས་བླ་ན་མེད་པའི་གནས་སུ་སླེབས་ཡོད་ཅིང་། པཎ་ཆེན་སྣང་བ་མཐའ་ཡས་མཆོག་གི་བྱམས་སྙིང་རྗེ་ཆེན་པོའང་བླ་མེད་ཀྱི་གནས་སུ་འགྲེངས་ཡོད།
དཔེར་ན། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་ཕྱི་ལོ ༡༩༦༢ལོར༼ཡིག་འབྲུ་ཁྲི་བདུན་མ༽བྲིས་ཤིང་། རྒྱ་དམར་གཞུང་ལ་ཡར་སྤྲོད་གནང་། འདི་ནི་བོད་མིའི་ཁྲག་དང་སངས་རྒྱས་ཀྱི་སྤྱན་ཆབ་ཀྱིས་བྲིས་པའི་བོད་ཀྱི་སྡུག་བསྔལ་ཆེན་མོའི་ཚུར་མངོན་ཡིན་པས། དཔེ་དེབ་འདིའི་ནང་དུ་རྒྱ་དམར་གཞུང་གིས་སངས་རྒྱས་ཆོས་ལུགས་ཇི་ལྟར་བསྣུབས་པ། དམར་གསོད་ཆེན་མོའི་བྱུང་བ། འཛིན་བཟུང་ཆེན་མོའི་སྔ་རྗེས། ལྟོགས་སྐོམ་ཆེན་མོའི་བརྒྱུད་རིམ་གྱིས་མཚོན་པའི་མི་གཤིས་ལས་ལྡོག་པའི་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་མཐའ་དག་གསལ་འདོན་གྱིས་བོད་མིའི་གཉའ་བར་ལྷུང་བའི་དམྱལ་བའི་མནར་གཅོད་འབུར་བྲིས་གནང་ཡོད། དེ་མཚུངས་སུ་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་སྐྱོ་གདུང་གིས་བཀླུབས་པའི་གསོལ་འདེབས་གནང་དོན། ༼འགྲོ་བ་མི་རྣམས་ལྟོགས་སྐོམ་ལས་གྲོལ་ཞིང་། སངས་རྒྱས་ཆོས་ལུགས་བར་ཆད་ལས་ཐར་ཏེ། གངས་ཅན་མི་རྣམས་རྨེག་མེད་ལས་རྒྱལ་བར། གསོལ་བ་འདེབས་སོ་བྱིན་མཐུ་ཡིས་སྲུང་ཤིག༽
ཕྱི་ལོ ༡༩༦༤ལོར་ལྷ་སར་བསྐོང་འཚོགས་གནང་བའི་སྨོན་ལམ་ཆེན་མོའི་སྟེང་དུ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རྒྱ་དམར་གཞུང་གིས་ཁོང་ལ་སྤྲད་པའི་མཇུག་མཐའི་གོ་སྐབས་བེད་སྤྱོད་གྱིས་གསུངས་དོན། ༼བོད་ནི་སྔར་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ཏཱ་ལའི་བླ་མ་ནི་བོད་ཀྱི་རྒྱལ་བོ་ཡིན། ད་ལྟ་བོད་ལ་རང་བཙན་གྱི་ཐོབ་ཐང་ཡོད་ཅིང་། བོད་ཀྱིས་ངེས་པར་དུ་རང་བཙན་སླར་གསོ་བྱེད་དགོས།༽
དེ་ལྟར་བོད་རྒྱལ་ཁབ་སླར་གསོའི་གཏམ་བཤད་མ་གྲུབ་པའི་མཚམས་དེ་ག་རང་ནས་པཎ་ཆེན་བཅུ་བ་མཚོག་རྒྱ་དམར་གཞུང་གིས་འཛིན་བཟུང་བྱས་ཤིང་། ཁོང་གིས་རྒྱལ་བ་པཎ་ཆེན་སྐུ་ཕྲེང་ན་རིམ་གཞན་སུ་ཞིག་གིས་ཀྱང་མྱོང་མ་མྱོང་བའི་དམྱལ་ཁམས་ཀྱི་མནར་གཅོད་དང་མི་ཡུལ་གྱི་གདུག་རྩུབ་ཉམས་སུ་མྱངས་ཡོད། དེ་དག་རྗེས་སོར་རྒྱ་དམར་གཞུང་གིས་ཁོང་ལྐོག་གསོད་ཐད་ལ་ཐོག་མའི་ས་བོན་དུའང་གྱུར་འདུག
ལེའུ་བཞི་བ། ལོ་རྒྱུས་སྟེང་གི་ཡུན་ཐུང་བའི་དཔྱིད་ཀ སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་བོད་མིའི་སེམས་ནང་དུ་ནང་བསྟན་ཡང་དར་གྱི་ས་བོན་བཏབ་སོང་།
དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་བའི་མཇུག་ནས་བརྒྱད་ཅུའི་དུས་མཇུག་བར། ཧུའུ་ཡའོ་པང་གིས་ལོ་ངོ་བཅུར་དབང་ཆ་འཛིན་སྐབས། རྒྱ་ནག་དེ་བཞིན་རྒྱ་དམར་དབང་བསྒྱུར་འོག་གི་སྔ་རྗེས་གང་ལའང་བྱུང་མི་སྲིད་པའི་བསམ་བློ་རང་དབང་གི་དུས་རིམ་ནང་སླེབས་ཡོད། དེ་ལྟར་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་བོད་བརྒྱུད་ནང་བསྟན་ཡང་དར་དང་བོད་ཀྱི་ཤེས་རིག་བསྐྱར་དར་ལས་འགུལ་སྤེལ་བའི་དུས་རབས་ཀྱི་རྒྱབ་ལྗོངས་རེག་ཡོད། ཧུའུ་ཡའོ་པང་གི་གཞོགས་འདེགས་འོག རྒྱ་དམར་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གི་ཆབ་སྲིད་གོ་གནས་སླར་གསོ་བྱས། དེ་བས། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་དེང་རབས་བོད་བརྒྱུད་ནང་བསྟན་ཡང་དར་ལས་འགུལ་གྱི་རུ་འདྲེན་པའི་འོས་འགན་ཕྲག་ཏུ་བླངས་ཡོད། དོན་ལ་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནི་བོད་ནང་གི་དེང་རབས་བོད་བརྒྱུད་ནང་བསྟན་ཡང་དར་ལས་འགུལ་གྱི་རུ་འདྲེན་པ་དང་། བོད་ཀྱི་ཤེས་རིག་བསྐྱར་དར་ལས་འགུལ་གྱི་དེད་དཔོན། བོད་རྒྱལ་ཁབ་སླར་གསོའི་བློ་དབྱེད་པ་དང་བསྐུལ་འདེད་པའི་མཚོན་པའི་བསམ་བློའི་གཙོ་འཛིན་ངོ་མ་དེ་རེད།
སློབ་དཔོན་ཆེན་མོ་པཎ་ཆན་བཅུ་བ་མཆོག་གིས་སྤེལ་བའི་རྒྱ་དམར་གཞུང་གིས་བསྣུབས་ཟིན་པའི་ནང་བསྟན་བསྐྱར་དར་གྱི་ལས་འགུལ་ནི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་སྟེང་གི༼བསྟན་པ་ཡང་དར༽གྱི་དུས་སྐབས་ཡིན། དེའང་ལོ་རྒྱུས་སྟེང་གི༼བསྟན་པ་སྔ་དར༽དང༼བསྟན་པ་ཕྱི་དར༽གཞིར་བཟུང་གིས་དུས་རིམ་དབྱེ་བ་ཞིག་ཡིན་པས། ༼བསྟན་པ་ཡང་དར༽ནི་ཏག་ཏག་བསྡད་ཡོད། དུས་མཚུངས་སུ་བོད་བརྒྱུད་ནང་བསྟན་ཤར་དར་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཐེངས་དང་པོ་ནི་ཧོར་ཆེན་པོའི་སྐབས་དང་ཐེངས་གཉིས་པ་ནི་མན་ཇུ་ཆེན་པོའི་སྐབས་ཡིན། དུས་རིམ་འདི་གཉིས་ཀྱི་བོད་བརྒྱུད་ནང་བསྟན་ཤར་དར་གྱི་ཁྱད་ཆོས་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་དེ་བཞིན་རྒྱལ་ཁབ་གྱི་ཆོས་ལུགས་སུ་བཀུར་བ་དེ་རེད་ལ། དབང་ཤུགས་ལ་བརྟེན་ནས་ཤར་ཕྱོགས་རྒྱ་ཡུལ་དུ་སྤེལ་བ་ཞིག་ཀྱང་རེད།
སློབ་དཔོན་ཆེན་མོ་པཎ་ཆེན་བཅུ་བ་མཆོག་གིས་སྤེལ་བའི་དེང་རབས་ནང་ཆོས་ཡང་དར་དང་ཤེས་རིག་བསྐྱར་དར་ལས་འགུལ་ལའང་བོད་བརྒྱུད་ནང་བསྟན་ཤར་དར་གྱི་ནུས་ཤུགས་ཐོན་ཡོད། ཡིན་ནའང་། ཐེངས་འདིར་བོད་བརྒྱུད་ནང་བསྟན་ཤར་དར་ཁྲོད་དབང་ཤུགས་ཀྱི་ལག་པ་བསྲིངས་མེད་ཅིང་། ནང་བསྟན་གྱི་བསམ་བློའི་གཟི་ཤུགས་ལ་བརྟེན་ནས་རྒྱ་ནག་གི་དད་ལྡན་པ་མང་བོ་འགུགས་ཐུབ་ཡོད། དེང་སྐབས་བོད་བརྒྱུད་ནང་བསྟན་ལ་དད་པའི་རྒྱ་ནག་པའི་གཞི་རྒྱ་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཐ་ན་ཆོས་དཔེ་ཀློག་འདོན་སླད་བོད་ཡིག་སྦྱངས་ཀྱིན་པའི་གྲངས་འབོར་ཡང་ཉུང་ཉུང་ཞིག་མིན།
སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་ད་དུང་བོད་ཁུལ་དུ་མི་སྣ་གསོ་སྐྱོང་དང་དཔལ་འབྱོར་རང་ཁ་རང་གསོར་བསྐུལ་འདེད་གནང་ཡོད། དཔེར་ན། བོད་ཁུལ་དུ་མཐོ་སློབ་མང་བོ་གསར་འཛུགས་དང་བོད་གངས་ཅན་སྤྱི་བསྡོམས་དར་སྤེལ་མཐུན་གཉེར་ཁང་གཉེར་བར་རང་ཁ་རང་གསོར་བསྐུལ་བའི་རྟིང་མ་རང་བཞིན་གྱི་དོན་སྙིང་ལྡན་ཡོད།
ལེའུ་ལྔ་བ། སངས་རྒྱས་དགྲོང་མོལ། དཔྱིད་ཀའི་རྗེས་སུ་དགུན་ཁ་སླེབས་ཡོད།
ཕྱི་ལོ ༡༩༨༧ལོའི་འགོར། ཧུའུ་ཡའོ་པང་གི་དབང་ཆ་ཤོར་སྐབས། ཐེངས་དེའི་ཕོ་བྲང་ནང་གི་སྲིད་འགྱུར་གྱི་གཙོ་སྐྱོང་བ་ནི་རྒྱ་དམར་གཞུང་གི་རྒན་རབས་པ་ཞེས་པའི་སྲིད་དོན་ཚོང་བ་ཁག་ཅིག་ཡིན་ལ། ཁོ་རང་ཚོའི་དབང་ཆའང་རྒྱ་དམར་གཞུང་གི་རྩ་འཛུགས་ལས་བརྒལ་ཡོད་ཅིང་། དོན་དངོས་སུ་རྒྱ་དམར་གཞུང་གི་ཆེས་མཐོའི་དབང་ཆ་སྒེར་སྡོམ་བྱས་ཡོད།
ཧུའུ་ཡའོ་པང་གིས་ཨེ་ཤ་ཡ་ཤར་མའི་སྐམ་ས་ཆེན་པོར་ཁྱེར་ཡོང་བའི་ལོ་བཅུའི་རིང་གི་བསམ་བློའི་རང་དབང་གི་དཔྱིད་དཔལ་ཤར་བས། སློབ་དཔོན་ཆེན་མོ་པཎ་ཆེན་བཅུ་བ་མཆོག་ལ་བོད་བརྒྱུད་ནང་བསྟན་ཡང་དར་དང་བོད་ཀྱི་ཤེས་རིག་བསྐྱར་དར་གྱི་ལས་འགུལ་སྤེལ་བར་དུས་རབས་ཀྱི་རྒྱབ་ལྗོངས་རེག་ཡོད། དེ་བས། རྒྱ་དམར་གཞུང་གིས་མི་འགྱངས་པར་ཧུའུ་ཡའོ་པང་རྩ་མེད་གཏོང་བའི་ཆབ་སྲིད་ཀྱི་རྣོ་ཁ་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་གཏད་ཡོད། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་ཡ་ང་བའི་གནས་སྟངས་དེར་ཁ་གཏད་དུས། འཇིགས་ཞུམ་སྤུ་ཙམ་མེད་པར་སངས་རྒྱས་དངོས་ཀྱི་སྤྱོད་པར་ཞུགས་ནས་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བོད་བརྒྱུད་ནང་བསྟན་ཡང་དར་དང་བོད་ཀྱི་རིག་གནས་བསྐྱར་དར་གྱི་ལས་དོན་གཉེར་ཡོད་ལ། དྲག་པོའི་སྲིད་དབང་དང་ཤི་འཐབ་བྱེད་པའི་སྲིད་དོན་གྱི་སྙིང་ཁམས་སྲུང་འདུག
རྒྱ་དམར་རྒན་རབས་སྒེར་སྡོམ་རུ་ཚོགས་ཀྱིས་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གི་གནང་སྟངས་ཀྱིས་རྒྱ་དམར་གཞུང་གིས་བོད་ལ་གཅིག་སྡུད་དབང་བསྒྱུར་བྱེད་པར་འགོག་རྐྱེན་བཟོ་བཞིན་པ་ཧ་གོ་ཡོད་ཅིང་། ཁོ་རང་ཚོས་སློབ་དཔོན་ཆེན་མོ་པཎ་ཆེན་འགོག་རྐྱེན་དུ་ལྟ་དོན་གཤམ་གསལ།
༡ སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་བོད་མིའི་ཁྲོད་དུ་བླ་མེད་ཀྱི་ཤུགས་རྐྱེན་ཡོད་ཅིང་། ཤུགས་རྐྱེན་དེའང་པཎ་ཆེན་སྐུ་དངོས་ཀྱིས་བོད་མིའི་ལས་དབང་ལ་ཐུགས་ཁུར་གནང་བ་ལས་བསྐྲུན་པ་ཞིག་རེད། དཔེར་ན། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་གི་བོད་མི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་གྱ་ལྔར་ཕྱག་དབང་བསྩལ་ཡོད་པ་དང་། ཧ་ལམ་ཀི་རིང་ཞིག་གིས་བསྡེབས་ལངས་བྱེད་དུ་འཇུག་ཐུབ་པའི་གནས་སུ་སླེབས་ཡོད།
༢ རྒྱ་དམར་གཞུང་ལ་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གི་ཆབ་སྲིད་ལངས་ཕྱོགས་ལ་དོགས་པ་འདུག དཔེར་ན། ༼ཡིག་འབྲུ་ཁྲི་བདུན་མ༽ནས་ཕྱི་ལོ ༡༩༦༤ལོར་བོད་རང་བཙན་བསྐྱར་གསོ་དགོས་པའི་འབོད་བསྐུལ། ཕྱི་ལོ ༡༩༨༧ལོར་རྒྱ་དམར་དམངས་ཆེན་ཚོགས་འདུའི་སྒང་དུ༼བོད་ཁུལ་རང་སྐྱོང༽ལག་བསྟར་བྱེད་འོས་པའི་གྲོས་འཆར་བཏོན་པ་བཅས་ལ་ཐུག་ཡོད། ད་ལྟ་ངྷ་རམ་ས་ལ་ནས༼ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང༽ཟེར་བ་དེའང༼བོད་ཁུལ་རང་སྐྱོང༽དང་དོན་གཅིག་མིང་གི་རྣམ་གྲངས་ཙམ་རེད། ཡིན་ནའང་། དུས་རབས་ཀྱི་རྒྱབ་ལྗོངས་ཁ་ཁ་ཡིན་པས། སྔར་པཎ་ཆེན་རིན་པོ་ཆེར་རྒྱབ་བསྐྱོར་མ་གནང་བ་ནི་ནོར་འཁྲུལ་དང་ད་ལྟ་བསྐྱར་དུ་གླེང་བ་དེ་བས་ཀྱང་ལམ་ལོག་ནང་ཞུགས་ཡོད།
སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་དུས་རྒྱུན་རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་མིར་ཐུགས་ཁུར་གནང་བཞིན་པའི་ཁར། ཐེངས་མང་བོར་ལྷ་སར་བྱུང་བའི་ཡར་ལངས་དོན་རྐྱེན་ལ་ལག་པ་འཆིང་ཞིང་། ཡར་ལངས་ནང་ཞུགས་མཁན་ཚོར་གང་ཐུབ་ཀྱིས་ཐག་གཅོད་ཡང་མོ་བྱེད་དུ་བཅུག་པར་རྒྱ་དམར་གཞུང་ཁོང་ཁྲོ་གཏིང་ནས་ཟོས་ཡོད།
ལེའུ་དྲུག་པ། སངས་རྒྱས་དགྲོང་བའི་གྲ་སྒྲིག འདྲེ་ཡི་གྲིབ་མ་གཡོས། བྱུས་ངན་དུག་ཏུ་གྱུར།
ཕྱི་ལོ ༡༩༨༧ལོའི་ཟླ ༡༡ནང་། ཏིང་ཞའོ་ཕེན་ནང་ཚང་གི་མགྲོན་བསུ་ཁང་དུ༼སངས་རྒྱས་དགྲོང་བའི་ཐག་གཅོད་ཚོགས་འདུ༽བསྐོང་འཚོགས་བྱས། ཚོགས་ཞུགས་མི་སྣའི་ཁྲོད་དུ་ཏིང་ཞའོ་ཕེན། ཁྲིན་ཡོན། ལིས་ཞན་ཉིན། པའོ་ཡི་པོ། སུང་ཕེན་བཅས་ཡོད་ཅིང་། སྐབས་དེར་ཝང་ཀྲིན་ན་བཞིན་པ་དང་། ཡང་ཧྲང་ཁུང་དང་ཕུན་ཊིན་གཉིས་ལས་ཀ་གཞན་པར་བྲེལ་བཞིན་པས། ཚོགས་འདུ་དེར་ཞུགས་མི་འདུག
༼སངས་རྒྱས་དགྲོང་བའི་ཐག་གཅོད་ཚོགས་འདུ༽བསྐངས་རྗེས། རྒྱ་དམར་རྒན་རབས་སྒེར་སྡོམ་རུ་ཚོགས་ཀྱིས༼པཎ་ཆེན་དམིགས་བསལ་ཐག་གཅོད༽ཟེར་བའི་ལས་གཞི་ལག་བསྟར་བྱེད་མཁན་གྱི་མི་སྣ་གཉིས་བདམས་ཡོད་ཅིང་། དེ་ནི་ཝུན་ཅཱ་པའོ་དང་ཧུའུ་ཅིན་ཐོ་གཉིས་རེད།
ཝུན་ཅཱ་པའོ་ནི་སྐབས་དེར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་དང་ཀྲུང་གུང་ཀྲུང་དབྱང་དྲུང་ཡིག་སྡེ་ཁག་གི་ཧྲུའུ་ཅི་རེད།(རྗེས་གསབ།)ལས་ཁུངས་འདི་གཉིས་ནི་རྒྱ་དམར་དབུས་གཞུང་གི་ལག་བསྟར་ལས་ཁུངས་ཡིན་ཞིང་། ཝུན་ཅཱ་པའོ་ཡི་ལས་གནས་ལག་བསྟར་ལས་ཁུངས་འདི་གཉིས་ལ་ཁྱབ་ཡོད།
རྒྱ་དམར་རྒན་རབས་སྒེར་སྡོམ་རུ་ཚོགས་ཀྱི་ཚོགས་མི་སུང་ཕེན་གྱིས་ཏིང་ཞའོ་ཕེན་ལ་སྐབས་དེར་ཀེའུ་ཀྲུའུ་ཞིང་ཆེན་གྱི་དྲུང་ཡིག་ཆེན་མོའི་ལས་གནས་ཁུར་བཞིན་པའི་ཧུའུ་ཅིན་ཐོ་ངོ་སྤྲོད་དང་། བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་འཇོག་བྱེད་འོས་པའི་གྲོས་འཆར་བཏོན་པ་རེད། … …
ལེའུ་བདུན་པ། སངས་རྒྱས་བཀྲོངས་པ། མེ་ཏོག་པདྨ་དཀར་བོ་ལྕགས་ཀྱི་ཡོལ་བའི་གྲིབ་རིས་འོག་ཏུ་རྙིད།
ཕྱི་ལོ ༡༩༨༧ལོའི་སྟོན་ཁར། རྒྱ་དམར་རྒན་རབས་སྒེར་སྡོམ་རུ་ཚོགས་ཀྱིས༼སངས་རྒྱས་བཀྲོངས་པའི་གྲོས་མོལ༽བྱས། ཏིང་ཞའོ་ཕེན་གྱིས་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་ཆེས་མཐའ་མཇུག་གི་ཚུར་འགུགས་བྱེད་པའི་ལས་ཀར་བཀོད་འདོམས་ཀྱང་བྱས། དེའང་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་རང་ཉིད་ཀྱི་ལངས་ཕྱོགས་དོར་ནས་རྒྱ་དམར་གཞུང་གི་ལངས་ཕྱོགས་སྒང་ཚུར་ལོག་རྒྱུ་དེ་རེད། ཡིན་ནའང་། སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་གིས་དང་ལེན་གནང་མི་འདུག དེ་བས། པཎ་ཆེན་ལ་ཁ་གཏད་པའི༼དམིགས་བསལ་ཐག་གཅོད༽ལས་གཞིའང་དྲ་མ་ཉམས་པར་ལག་བསྟར་བྱེད་འགོ་ཚུགས་ཡོད་འདུག
ཕྱི་ལོ ༡༩༨༨ལོ་ཧྲིལ་བོར། ཝུན་ཅཱ་པའོ་དང་ཧུའུ་ཅིན་ཐོ་ཡི་བཀོད་སྒྲིག་འོག རྒྱ་དམར་གཞུང་གི་བརྒྱུད་ལམ་ཁག་ནང༼སློབ་དཔོན་ཆེན་མོ་པཎ་ཆེན་ཏང་ལ་བློ་སེམས་གཅིག་ཏུ་མཐུན་པ་དང་། ཁ་བྲལ་རིང་ལུགས་པར་རྟག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད༽ཞེས་པའི་བརྗོད་གཞིའི་འོག་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་དང་། རྒྱ་དམར་གཞུང་གིས་ད་དུང་ལོ་དཀྱིལ་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མིང་ཐོག་ནས་ཡིག་ཆ་སྤེལ་ཏེ། ཕྱི་ལོ ༡༩༦༤ལོར་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ༼མི་དམངས་ལ་ངོ་རྒོལ། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ། ངོ་ལོག་ཟིང་འཁྲུག་སློང་འདུན༽ཞེས་པའི་ཞྭ་མོ་ཆེན་པོ་གསུམ་གཡོགས་ཡོད་པ་ལས་དཀར་འདོན་བྱས། འདི་ནི་མ་འོངས་པར་པཎ་ཆེན་གཤེགས་རྐྱེན་རྒྱ་དམར་གཞུང་ལ་དོགས་པ་རྩ་བ་ནས་ཟ་ཡུལ་མེད་པ་གཏོང་བའི་ཐབས་ལམ་ཞིག་རེད།
ཕྱི་ལོ ༡༩༨༨ལོའི་སྟོན་འགོར་ཝུན་ཅཱ་པའོ་དང་ཧུའུ་ཆིན་ཐོ། ཝུན་ཅཱ་པའོ་ཡིས་ངོ་སྤྲོད་བྱས་པའི་རྒྱ་དམར་མཐོ་རིམ་དཔོན་རིགས་ཀྱི་ཨེམ་རྗེ་ཝང་མེས་ཆིན། ཧུའུ་ཅིན་ཐོ་ཡིས་ངོ་སྤྲོད་བྱས་པའི་ཧུའུ་ཁྲོང་ཧྭ་བཅས་ཀྱིས་པེ་ཅིན་དུ༼དམིགས་བསལ་ཐག་གཅོད༽ལག་བསྟར་བྱེད་སྟངས་ཐད་འཚོགས་འདུ་བསྐང་ཞིང་། ཐེངས་དེའི་འཚོགས་འདུ་ཡིས་ཨེམ་རྗེ་ཝང་མེས་ཆིན་གྱི་གྲོས་གཞི་ལྟར་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བར་དུག་རྫས་བཀོལ་ནས་དགྲོང་བའི་ཁ་ཕྱོགས་གཏན་འཁེལ་འདུག ད་དུང་ཝང་མེས་ཆིན་གྱིས་ཀྲུའུ་མེས་ཊིན་གྱིས་དུག་རྫས་བཀོལ་བའི་འགན་འཁུར་འོས་པའི་གྲོས་གཞི་བཏོན། (ཀྲུའུ་མེས་ཊིན་ནི་རྒྱ་དམར་མཐོ་རིམ་དཔོན་རིགས་ཀྱི་སྨན་པའི་གྲས་ཀྱི་ཨེམ་རྗེ་མ་ཞིག་རེད།)
ཕྱི་ལོ ༡༩༨༩ལོའི་ཟླ ༡ ཚེས ༢༧མཚན་མོར། ཧུའུ་ཅིན་ཐོ་དང་ཝུན་ཅཱ་པའོ་ཡི་གཙོ་སྐྱོང་འོག མུན་ཧོང་ཝེ་དང་ཧུའུ་ཁྲོང་ཧྭ་ཡིས་ལག་བསྟར་བརྒྱུད་ནས་ཀྲུའུ་མེས་ཊིན་ཐད་ཀར་སློབ་དཔོན་ཆེན་མོ་པཎ་ཆེན་མཆོག་ལ་དུག་གཏོང་བའི་ལས་སུ་ཞུགས་ཤིང་། རྒྱ་དམར་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་དུག་བཏང་བ་ལེགས་འགྲུབ་བྱུང་ནས། ཕྱི་ཚེས ༢༨གྱི་ཞོགས་པར་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་དུ་སྐུ་གྲོངས་ཡོད་འདུག
ལེའུ་བརྒྱད་པ། སངས་རྒྱས་ཀྱི་བླ་སྲོག་ལ་ཉམས་པ་མེད། མུན་ནག་ནི་རྟག་བརྟན་དུ་འགྱུར་ཐུབ་མེད།
ཕྱི་ལོ ༡༩༨༧ལོའི་ཟླ ༡ནང་། ཧུའུ་ཡའོ་པང་གིས་གཞན་དབང་སྟབས་བསྟུན་གྱི་ལམ་ནས་རྒྱ་དམར་གཞུང་གི་སྤྱི་ཁྱབ་དྲུང་ཆེའི་གོ་གནས་སྤྲོད་དགོས་ཐུག་ཡོད། འདི་ནི་རྒྱ་ནག་ལ་སྐབས་དེར་ཤར་བའི་རང་དབང་བསམ་བློའི་དཔྱིད་ཀ་ཡལ་འགོ་ཚུགས་པར་ལྟ་ཆོག་གི་ཡོད་ལ། ཡིན་ནའང་། ཆབ་སྲིད་གཏན་ཚིགས་ནི་ལོ་རྒྱུས་ཀྱིས་བསྐུལ་འདེད་ཀྱིས་མདུན་དུ་བསྐྱོད་ཀྱིན་པས། དཔྱིད་ཀ་ཡལ་བའང་གོ་རིམ་ཞིག་ཡིན། ཕྱི་ལོ ༡༩༨༩ལོའི་ཟླ ༡ནང་། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བཀྲོངས་པ་ནི། རྒྱ་དམར་གཞུང་གི་སྲིད་དོན་པ་རྒན་པའི་སྟོབས་ཤུགས་ཀྱིས་རྒྱ་ནག་གི་རང་དབང་བསམ་བློའི་དཔྱིད་ཀ་བཅོམ་པ་དང་བསྟུན་ནས་བསྐྱར་དུ་ནང་ཆོས་བསྣུབས་པའི་ཉེས་པ་འགོ་འཛུགས་བྱས་པར་གོ་དགོས།
གཡོ་ཇུས་འདིའི་དཀྱིལ་སྙིང་ནི། ཆབ་སྲིད་བསམ་བློ། རྩ་འཛུགས་ཀྱི་མ་ལག དཔལ་འབྱོར་གྱི་ཡོང་ཁུངས་བཅས་ནས་བོད་ཀྱི་ནང་བའི་དབུ་ཁྲིད་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ཡང་སྲིད་ལ་ཚོད་འཛིན་བྱས་ཏེ། ཡང་སྲིད་རྣམ་གཉིས་གྲྭ་ལྭ་མནབས་པའི་ཏང་གི་མི་སྣ་ཞིག་ཏུ་བསྒྱུར་རྒྱུ་དེ་རེད། དེ་ལྟར་བོད་ལ་ཚོད་འཛིན་བྱེད་པའི་དམིགས་ཡུལ་བཅངས་ཡོད་ལ། དོན་དངོས་སུ་ནང་ཆོས་མི་རྣམས་ཀྱི་བསམ་བློའི་གཏིང་ནས་ག་ལེར་བསྣུབས་ཀྱིན་པ་རང་རེད།
གསལ་བོར་ཞུས་ན། རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ཡང་སྲིད་རྣམ་གཉིས་གྲྭ་ལྭ་མནབས་པའི་ཏང་གི་མི་སྣར་བསྒྱུར་རྗེས། བོད་བརྒྱུད་ནང་བསྟན་གྱི་སྐྱེ་བ་སྔ་ཕྱིའི་གཞུང་ལུགས་དེར་བསྙོན་འབྱིན་བྱེད་ཐུབ་ཡོད་པར་མ་ཟད། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཐད་ཀར་རྨེག་མེད་གཏོང་འགོ་ཚུགས་ཡོད།
རྒྱ་དམར་གཞུང་གིས་དུག་རྫས་བཀོལ་ནས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སྲོག་ལུས་ཁ་ཁར་གཏོང་ཐུབ་ཀྱི་ཡོད་ཅིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གར་སོང་ཆ་མེད་དུ་གཏོང་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་། དྲག་པོའི་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་བཅུ་བ་མཆོག་གི་བླ་སྲོག་ག་དུས་ཀྱང་གསོད་ཐུབ་ཀྱི་མ་རེད། པཎ་ཆེན་མཆོག་གི་བླ་སྲོག་ནི་ཁོང་གིས་གསར་འབྱེད་གནང་བའི་དེང་རབས་བོད་བརྒྱུད་ནང་བསྟན་ཡང་དར་དང་བོད་ཀྱི་རིག་གཞུང་བསྐྱར་དར་ཁྲོད་འཐིམས་ཡོད་ཅིང་། བོད་མིའི་སེམས་ཁུང་དུ་བརྡོལ་བའི་བོད་ཀྱི་རྒྱལ་ཁབ་སླར་གསོའི་འབོད་སྐད་ཁྲོད་གནས་ཡོད། པཎ་ཆེན་སྐུ་ཕྲེང་བཅུ་བའི་བླ་སྲོག་ལ་ག་དུས་ཀྱང་ཉམས་པ་མེད་ལ། ཁོང་ག་དུས་ཀྱང་བོད་སྒང་བའི་དཀའ་སྡུག་གི་ལས་དབང་དང་ཁ་འབྲལ་མྱོང་མེད་ཅིང་། ཁོང་གི་སྐུ་ཁྲག་གིས་བོད་མི་ཆེས་འུ་ཐུག་པའི་དུས་སུ་རྒྱལ་ཁབ་སླར་གསོའི་རེ་བ་གསོ་བའི་ས་བོན་བསྐྲུན་ཡོད།
དུས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བར་བོད་ནང་དམ་བསྒྲགས་ནས་ཕྱི་ལོ ༢༠༠༨ལོར་བོད་ཁུལ་ཡར་ལངས། མིང་གྲགས་ཆེ་བའི་བོད་རིག་པ་སྨྲ་བ་བོ་དང་ཞི་རྒོལ་ཆེད་མཁས་པ་ཞོགས་དུང་མཆོག་གི༼གནམ་ས་གོ་འབྱེད༽ནས་དེང་སྐབས་བོད་ནང་བསྟུད་མར་བྱུང་བཞིན་པའི་རང་བསྲེག་ངོ་རྒོལ་བཅས་ཀྱིས་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བའི་བླ་སྲོག་ལ་ཉམས་པ་མེད་པ་མཚོན་ཡོད།
ཕྱི་ལོ ༢༠༡༢ལོར་པའོ་ཞིས་ལེ་དོན་རྐྱེན་བྱུང་རྗེས། པའོ་ཞིས་ལེ་བཙོན་དུ་ཚུད་ཡོད་མོད། ད་དུང་ཧུའུ་ཅིན་ཐོ་དང་ཝུན་ཅཱ་པའོ་ལ་འགྲན་སློང་མཚམས་བཞག་མི་འདུག པའོ་ཡིས་འདྲི་བརྩད་མི་སྣར་བཤད་དོན། ༼ཁྱོད་རང་ཚོས་ངའི་སྐྱེས་དམན་ལ་མི་གསོད་ཡིན་ཞེས་ཁས་ལེན་དུ་བཅུག་འདུག བྱས་ཙང་ངས་ལྷན་རྒྱས་དྲི་བ་གཅིག་གཏོང་གི་ཡིན། སངས་རྒྱས་བཀྲོངས་པ་དང་དབྱིན་ཇིའི་གསང་མྱུལ་བ་ཞིག་བསད་པ་གཉིས་ཀྱི་ཉེས་པ་གང་ལྕིའམ། ༽ བར་བཅུག་གི་རོལ་དབྱངས་འདིས་དེ་བས་ཀྱང་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བའི་བླ་སྲོག་ལ་ཉམས་པ་མེད་པ་དེ་མཚོན་ཡོད།
ལེའུ་དགུ་པ། བོད་ཀྱི་ལས་དབང་ཤི་གསོན་གཉིས་ཀྱི་སོ་ཁ་བརྒྱུད་ནས་བསྐྱོད་ཀྱིན་འདུག ཞིས་ཅིན་ཕེན་གྱིས་བཤད་རྒྱུར། ༼ཏཱ་ལའི་སྤྲང་བོར་གྱུར་ནས་ཡང་སྲིད་ཅེས་པའི་རིན་པོ་ཆེ་འདི་མ་གཏོགས་ལྷག་མི་འདུག༽
སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་བརྒྱུད་ནང་བསྟན་ཡང་དར་ལས་འགུལ་དང་བོད་ཀྱི་ཤེས་རིག་བསྐྱར་དར་ལས་འགུལ་ལ་བསྐུལ་འདེད་ཀྱིས་བོད་ཀྱི་རྒྱལ་ཁབ་སླར་གསོའི་ཕུགས་བསམ་ལ་བླ་འགུགས་བྱས་ཡོད་ཅིང་། དེ་ནི་སངས་རྒྱས་དངོས་ཀྱི་བྱམས་སྙིང་རྗེ་ཆེན་པོས་ལོ་རྒྱུས་ཀྱི་འགག་སྒོ་ནས་བོད་ཀྱི་ལས་དབང་ལ་མགོན་སྐྱབས་གནང་བ་ཞིག་རེད། ཕྱི་ལོ ༡༩༨༩ལོར་སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ཞི་དབྱིངས་སུ་འཐིམས་ཚུལ་གནང་རྗེས། བོད་ནང་དུ་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཚམས་ཆད་མ་མྱོང་ཞིང་། དོན་དངོས་ཐོག་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་སྐྱོབ་པའི་ཞལ་ཆེམས་ལག་བསྟར་གནང་བ་ཞིག་རེད། མ་གཞི་དྲག་པོའི་གཞུང་ལ་ངོ་རྒོལ་དང་རང་དབང་ཐོབ་ཐང་རྩོད་ལེན་གནང་བཞིན་པ་ནི་བླ་ན་མེད་པའི་བྱ་བཞག་ཅིག་ཡིན།
དེ་བས། བློ་ཕམ་དགོས་པ་ཞིག་ནི་བོད་ནང་གི་ངོ་རྒོལ་ལས་འགུལ་གྱི་དཀའ་ངལ་རྒྱ་དམར་གཞུང་ཕྱོགས་ནས་བསྐྱེད་ཀྱིན་པར་མ་ཟད། ད་དུང་དཀའ་ངལ་གྱི་ཁར་དཀའ་ངལ་འཕར་མ་ཞིག་ངྷ་རམ་སཱ་ལའི་ཕྱོགས་ནས་བསྐྲུན་བཞིན་པས། འདི་ནི་དགོས་ངེས་མེད་པའི་དོན་དག་ཅིག་རེད།
ཟམ་གདོང་རིན་པོ་ཆེ་ལགས་བཙན་བྱོལ་བོད་གཞུང་གི་ཆེས་མཐའ་མའི་སྲིད་བློན་ལོ་བཅུའི་རིང་གནང་སྐབས། ངྷ་རམ་ས་ལས་རྒྱ་དམར་གཞུང་ལ་འབྲེལ་མོལ་ཟེར་བ་བྱེད་ཀྱིན་པར་མ་ཟད། ཐ་ན་ཡོངས་གྲགས་ཀྱི་ལམ་ནས༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽སྒྲོམ་གཞིའི་ནང་གི་རང་སྐྱོང་ཟེར་བ་ཞིག་གི་དགོས་འདུན་བཏོན་ཡོད། ཟམ་གདོང་རིན་པོ་ཆེ་ཡིས་ཆབ་སྲིད་ལམ་ཕྱོགས་འདི་འཛིན་བཞིན་པ་ནི་ཡ་མ་བརླ་ཆེན་པོ་ཞིག་ཡིན། ཉུང་མཐར་གཤམ་གྱི་དོན་ཚན་གསུམ་ལ་ཐུག་ཡོད།
༡ ཟམ་གདོང་རིན་པོ་ཆེ་ཡི་ཆབ་སྲིད་ལམ་ཕྱོགས་འདི་ནི། བོད་མི་རྣམས་ལོ་རྒྱུས་སྟེང་ནས་བརྒྱུད་ཟིན་པའི་དཀའ་སྡུག་ཆེ་ཞིང་། གཟི་བརྗིད་ལྡན་པའི་རང་དབང་བརྩོན་ལེན་གྱི་ལམ་ཁའི་ལྡོག་ཟླ་ཆགས་ཡོད།
༢ ཟམ་གདོང་རིན་པོ་ཆེ་ཡི་ཆབ་སྲིད་ལམ་ཕྱོགས་འདི་ནི། དངོས་ཡོད་ཆབ་སྲིད་འགྱུར་འགྲོས་རྒྱབ་འགལ་ཆགས་ཡོད།
༣ ཟམ་གདོང་རིན་པོ་ཆེ་ཡི་ཆབ་སྲིད་ལམ་ཕྱོགས་འདི་ཡིས་ཕྱི་སྡོད་རང་དབང་བོད་ཀྱི་སྲོག་རྩ་རང་ངོས་ནས་བཅད་ཡོད།
དེ་བས། བོད་ཀྱི་ལས་དབང་ཤི་གསོན་གྱི་སོ་ཁ་ན་མདུན་དུ་དཀའ་སྡུག་གིས་བསྐྱོད་ཀྱིན་འདུག དོན་ལ་ལྟར་སྣང་གི་འཇིག་རྟེན་འདིར་སྨྲ་བ་ནི་གནས་པའི་ཚུར་མངོན་ཡིན་ཞིང་། སྨྲ་བ་མེད་ན་གནས་པ་ངང་གིས་ཡལ་ཟིན་ཡོད། རྒྱ་དམར་གཞུང་གིས་ངྷ་རམ་སྰ་ལར་མགོ་བསྐོར་བཏང་ནས་རང་ཉིད་ཀྱིས་རང་ཉིད་བསྙོན་འབྱིན་བྱེད་དུ་འཇུག་བཞིན་ཡོད། དཔེར་ན། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་ཕྱི་བསྐྱོད་ལག་འཁྱེར༽ལ་ངོས་ལེན་བྱེད་དུ་འཇུག་པ། ༼བཙན་བྱོལ་བོད་གཞུང༽གི་མཚན་གནས་དང༼སྲིད་བློན༽གྱི་མིང་གནས་མེད་པར་བཟོས་པ། དེར་མཐུད་ནས༼ཏཱ་ལའི་བླ་མའི་ཡང་སྲིད་རྒྱལ་ནང་ཁོ་ནར་འཁྲུངས་པར་འབད་བརྩོན་བྱེད་པའི༽ཟེར་བའི་སྲིད་བྱུས་གོ་སྐབས་ཤིག་ལ་འཁྲུལ་བཞིན་པ་སོགས་རེད།
རྒྱ་དམར་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་གྱུར་ཟིན་པའི་ཞིས་ཅིན་ཕེན་གྱིས་ཀྱང༼ཏཱ་ལའི་སྤྲང་བོར་གྱུར་ནས་ཡང་སྲིད་ཅེས་པའི་རིན་པོ་ཆེ་འདི་མ་གཏོགས་ལྷག་མི་འདུག༽ཅེས་མཐོང་ཆུང་གི་སྐད་ཆ་བཤད་ཕོད་ཀྱི་ཡོད་པ་རེད།
ལེའུ་བཅུ་བ། དེང་རབས་སུ་ནང་ཆོས་བསྣུབས་པའི་ནག་ཉེས་ཀྱི་འབྱུང་ཁུངས། རྒྱ་ནག་པའི་སྐྱོ་སྡུག་དང་ཉེས་འགན།
དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བ་ནས་དེང་གི་བར། བོད་མིའི་ལས་དབང་སྣ་མང་མནར་གཅོད་ཀྱི་ཁྲོད་དུ་གོམ་ཁ་འཁྱར་འཁྱོར་ངང་བསྐྱོད་ཀྱིན་ཡོད། དེ་མཚུངས་སུ་དུས་རབས་ཉི་ཤུ་བ་ནི་རྒྱ་ནག་གི་ཤེས་རིག་ལ་ཕོག་པའི་དམོད་མོ་རང་བཞིན་གྱི་དུས་རབས་སུ་གྱུར་ཡོད། ནུབ་ཕྱོགས་དབང་ཆ་གཅིག་སྡུད་རིང་ལུགས་པའི་ཤེས་རིག་གི་སྲོལ་རྒྱུན་དེ་བཞིན་གུང་ཁྲན་རིང་ལུགས་ཆབ་སྲིད་ཀྱི་ཚབ་མཚོན་དུ་བསྐྲུན་ནས་སླེབས་ཤིང་། རྒྱ་ནག་ཤེས་རིག་གི་ལོ་ངོ་ཁྲི་ལྷག་གི་ལོ་རྒྱུས་རྨེག་མེད་དུ་བཏང་སོང་།
རྒྱ་ནག་པའི་ཤེས་རིག་ལས་དབང་གི་སྐྱོ་གར་ག་ལེར་བོད་མིའི་ལས་དབང་གི་བར་ཆད་དུ་གྱུར་ཡོད། ༼གུང་ཁྲན་རིང་ལུགས་ཤི་གཤེད༽གྱི་དམོད་མོ་བོད་སྒང་བར་འཕོས་ཤིང་། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་རང་ཉིད་ཀྱི་རྣམ་ཤེས༼གུང་ཁྲན་རིང་ལུགས་ཤི་གཤེད༽ལ་བཙོང་ཟིན་པའི་རྒྱ་ནག་དམག་མི་རྣམས་གྲོག་མ་ནང་བཞིན་བོད་ཁུལ་ཁེངས་ཡོད། གལ་སྲིད་མིའི་ངོ་བོ་ནི་ཤེས་རིག་གི་ཚུར་མངོན་ཡིན་ན། གུང་ཁྲན་ཏང་དང་དམག་མི་རྣམས་རྒྱ་མི་མ་རེད་ལ། རྒྱ་ནག་དམར་ཤོག་ཚོགས་པ་ཡིན་པའི་ཁར། བདུད་ཀྱིས་བརླམས་པའི་རིགས་རྒྱུད་ཅིག་རེད།
དེང་གི་བར་མི་མང་བོ་ཞིག་ལོ་རྒྱུས་ཀྱི་དོགས་གཞི་ཆེན་པོའི་ཁྲོད་དུ་ཡང་བསྐོར་བསྐྱར་བསྐོར་བྱེད་ཀྱིན་མཆིས། འདིའི་ནང་དུ་ལྕགས་ཀྱི་ཡོལ་བའི་ནང་དུ་དཔའ་ངར་ཞུམ་མེད་ཀྱིས་དྲག་གཞུང་ལ་འཐབ་རྩོད་བྱེད་པའི་མི་རྣམས་ཀྱང་འདུ། ཅིའི་ཕྱིར་ནུབ་ཕྱོགས་དབང་ཆ་གཅིག་སྡུད་རིང་ལུགས་པའི་ཤེས་རིག་སྲོལ་རྒྱུན་དེ་བཞིན་ད་རབས་སུ་འགྱུར་བའི་དམར་ཤོག་ཚོགས་པའི་ཤེས་རིག་གིས་ཨེ་ཤ་ཡ་ཤར་མའི་སྐམ་སར་དབང་བསྒྱུར་དང་བོད་ཀྱི་ཤེས་རིག་རྨེག་མེད་དུ་གཏོང་བའི་ལག་དམར་དུ་གྱུར་བ་རེད། བོད་ཀྱིས་མྱངས་པའི་མནར་གཅོད་ཀྱི་འབྱུང་ཁུངས་དངོས་རྒྱ་དམར་དྲག་གཞུང་གི་བསམ་བློའི་འབྱུང་གཞི་དེ་གང་ཡིན་ནམ།
རྒྱ་མི་དང་བོད་མིའི་ལས་དབང་གི་ངོས་ནས་བཤད་ན། མི་རིགས་གཉིས་ཀྱི་སུ་ཡིན་ཡང་གུང་ཁྲན་རིང་ལུགས་ཀྱིས་བསྐྱེད་པའི་གྱོང་གུད་མྱོང་མཁན་རེད། མི་རིགས་གཉིས་ཀྱི་སུ་ཡིན་ཡང་ཤེས་རིག་རྨེག་མེད་རང་བཞིན་གྱི་རྒྱལ་ཁབ་སྟོང་བ་དང་དམར་གསོད་ཆེན་མོ། འཛིན་བཟུང་ཆེན་མོ། བཀྲེས་ལྟོགས་ཆེན་མོ། གནོད་སྐྱོན་ཆེན་མོ་སོགས་བརྒྱུད་ཡོད་ཅིང་། ཕྱོགས་གཉིས་ཀའི་རང་་དབང་ལོངས་སུ་སྤྱོད་པའི་ཐོབ་ཐང་འཕྲོག་ཡོད་པར་མ་ཟད། དེང་རབས་ཆབ་སྲིད་ཀྱི་གཡོག་པོ་དང་ཤེས་རིག་བསམ་བློའི་རྒྱལ་ཁབ་སྟོང་བའི་གཡོག་པོར་གྱུར་ཡོད། འོན་ཀྱང་། རྒྱ་དམར་གཞུང་དང་གཞུང་འབྲེལ་ཤེས་ཡོན་པ། ཤེས་རིག་རང་བཞིན་གྱི་མྱུལ་མ་སོགས་ཀྱིས་ནུས་ཤུགས་རྩལ་སྤྲུགས་ཀྱིས་འཛམ་གླིང་སྟེང་རྫུན་ཆེན་ཞིག་བཟོ་བཞིན་ཡོད། དེ་ནི་བོད་ཀྱི་གནད་དོན་གྱི་ངོ་བོ་ནི་བོད་རྒྱ་གཉིས་ཕན་ཚུན་བར་གྱི་མི་རིགས་འགལ་བ་ཡིན་པར་སྒྲུབ་ཀྱིན་པས། རྒྱ་དམར་གཞུང་ལ་སྡང་སེམས་ཆེ་བའི་བོད་མི་ཁག་ཅིག་གིས་ཀྱང་རྫུན་གཏམ་འདིར་ཡིད་ཆེས་བྱེད་ཀྱིན་ཡོད།
དོན་ལ་རྒྱ་དམར་གཞུང་གིས་རྫུན་གཏམ་བཟོ་མཁན་རྣམས་རྒྱ་ཡན་དུ་བཏང་ཡོད་པ་ནི་ཆབ་སྲིད་ཀྱི་དམིགས་འབེན་ཡ་ང་བ་ཞིག་རེད། བོད་རྒྱའི་འགལ་བའི་བརྫུས་སྣང་བརྒྱུད་ནས་རྒྱ་ནག་དམར་ཤོག་གིས་བོད་ནང་བཟོས་ཟིན་པའི་མིའི་རིགས་ལ་རྒོལ་བའི་ཉེས་པ་འགེབས་ཐབས་དང་བོད་མིའི་ངོ་རྒོལ་གྱི་ཁ་གཏད་ཡུལ་མག་མོག་བཟོས་ཡོད་པས། བོད་རྒྱ་མི་རིགས་གཉིས་ཀྱི་བར་འགལ་བ་བསླངས་ཐུབ་པའི་ཁར། ཁག་དབྱེ་དབང་བསྒྱུར་གྱི་དམིགས་འདུན་འགྲུབ་ཡོད་པར་མ་ཟད། བོད་རྒྱ་གཉིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དྲག་གཞུང་ལ་ངོ་རྒོལ་བྱེད་པའི་ལམ་ཁ་བཀག་ཚར་ཡོད།
དེ་ལྟ་རེད་དེ། རྒྱ་ནག་མི་རིགས་ཀྱིས་བོད་ཀྱིས་མྱངས་པའི་གནར་གཅོད་ལ་འགན་འཁུར་དགོས་ཀྱི་ཡོད། གཙོ་བོ་ཕྱོགས་གཉིས་ནས་མཚོན་ཐུབ།
༡ ལོ་རྒྱུས་ཀྱི་སྒང་ནས་རྒྱ་ནག་ཤེས་ཡོན་པས་སྤྱང་ཀི་ཁྱིམ་ལ་བསུས་པ་ལྟར། ཕྱི་འགྱོད་མེད་པར་རྒྱ་དམར་གཞུང་གིས་ཨེ་ཤ་ཡ་ཤར་མའི་སྐམ་ས་དབང་བསྒྱུར་བྱེད་པར་བསམ་བློའི་སྟོབས་ཤུགས་ནུས་ལྡན་ཞིག་གི་རྨང་གཞི་བསྐྲུན་ཡོད།
༢ རྒྱ་ནག་མང་ཚོགས་ཀྱིས་དུས་རྒྱུན་རྒྱ་དམར་གཞུང་རྒྱ་ཡན་དུ་བཏང་ནས་བོད་མིར་མནར་གཅོད་ཚད་མེད་བཏང་བར་གཞོགས་འདེགས་བྱེད་མཁན་དུ་གྱུར་ཡོད།
རྒྱ་མི་རིགས་ཀྱིས་རྒྱ་དམར་གཞུང་གིས་སློབ་དཔོན་ཆེན་མོ་པཎ་ཆེན་དུག་གིས་བཀྲོངས་པ་དང་བོད་མིས་རང་ཉིད་མེ་རུ་བསྒྲོན་ནས་རང་དབང་གི་འབོད་པ་སྒྲོག་བཞིན་པར་ཁ་གཏད་སྐབས། རྒྱ་མི་རིགས་ལ་བོད་མིས་མེ་རླབས་ཁྲོད་ཤ་འཚིག་རུས་འཚིག་གི་ན་ཟུག་བཟོད་བསྲན་བྱེད་ཀྱིན་པས་ཡིད་འགུལ་ཐེབས་ཐུབ་བམ། རྒྱ་མི་རིགས་ལ་རྒྱ་དམར་གཞུང་གི་གཡོག་པོ་ལས་ཐར་ནས་རང་དབང་ལོངས་སུ་སྤྱོད་པའི་མི་ཞིག་ཏུ་འགྱུར་བའི་ཕོད་པ་ཡོད་དམ། ལོ་རྒྱུས་ལ་ངང་སྒུག་བྱེད་ཁོམ་མེད་པར་ཚ་འདྲི་བྱེད་ཀྱིན་འདུག
གསལ་བཤད།
༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽ནི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཆབ་སྲིད་དང་མཚན་ཉིད་རིག་པའི་དཔེ་བསྐྲུན་ཁང་གིས་པར་བསྐྲུན་བྱས།
༼སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ༽སྤྱི་ཁྱབ་འགྲེམས་སྤེལ་ངོ་ཚབ་ནི་ཙི་ཁྲིན་རིག་གནས་ཚད་ཡོད་མཐུན་གཉེར་ཁང་ཡིན།
ས་གནས། ཐེ་ཝན་ཤིན་པེ་གྲོང་ཁྱེར་ཀྲུང་ཧྲན་ལམ་སྒོ་རྟགས་ཨང ༡༡༠ཐོག་ཁང ༧།
ཁ་པར། ༠༢༨༢༢༡༥༦༩༧ གློག་ཏར། ༠༢༨༢༢༡༥༧༡༢
རྩོམ་པ་པོར་འབྲེལ་བ་གནང་ཡུལ།
སློབ་དཔོན་ཡན་ཧོང་པེན། HYPERLINK “mailto:clcm.yuanhb@gmail.com” clcm.yuanhb@gmail.com
ལྷ་སྡེ་གནམ་ལོ་ཡག HYPERLINK “mailto:dongsai@gmail.com” dongsai@gmail.com
བོད་ཡིག་ཏུ་ཡོད་དམ། བཀླག་འདོད་ཀྱི་འགྲམ་ཆུ་ལྡང་ཡོང་། རྩོམ་པ་པོ་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
བཀུར་འོས་སློབ་དཔོན་ཧོང་པེན་ལགས། ༧ཀུན་གཟིགས་པན་ཆེན་ལགས་ཀྱིས་གཤེགས་རྐྱེན་མ་ཤེས་པའི་དཀའ་ངལ་ང་ཚོར་མེད། ཞིང་ལྗོངས་ལྔའི་ཁ་བྲལ་ལ་ང་ཚོས་དགའ་བོ་བྱེད་ཀྱིན་མིན། ཡིན་ནའང་རྒྱ་དམར་དང་རྒྱ་མི་རིགས་ཀྱི་ཁྱད་པར་ད་དུངའང་བདག་གིས་གསལ་བོ་ཤེས་ཀྱིན་མི་འདུག རང་དབང་དང་འདྲ་མཉམ་ཐད་དམར་ནག་གི་ཁྱད་པར་ཕྱེ་འདོད་མེད། འཛམ་གླིང་གིས་ང་ཚོར་བལྟ་གིན་རེད་ལ་ང་ཚོས་ནོར་འཁྲུལ་བྱས་པར་རློམ་གྱིན་མེད། རྒྱ་མི་རིགས་ཀྱིས་ང་ཚོར་དྲང་པོ་གནང་མ་བྱུང་ང་། སྐུ་ཞབས་ཧུའུ་ཡའོ་པང་ལ་ཡང་སྔ་མོ་ནས་གུས་ཞབས་ཡོད། རྒྱ་མི་རིགས་ཟེར་བ་འདི་གཟི་བརྗིད་ཅན་ཞིག་ཡིན་འདོད་ན། ང་ཚོ་དང་མཉམ་དུ་སྤུན་ཟླ་མི་རིགས་བྱེད་འདོད་ན། མཚོན་ཆ་སར་ཞོག་དང་མཉམ་ཟ་མཉམ་འཐུང་བྱེད་ཆོག།
ད་ཡིན་ན་ཧོ་ཅིན་ཏའོ་ལ་སོགས་པའི་རྒྱ་དམར་གྱི་སྤྱོ་ངན་ངོ་མ་དམར་ཐོན་ཐུབ་པ་རེད། དེབ་དེ་བོད་ཡིག་ཏུ་ཡོད་ན་ངེས་པར་གསལ་བཤད་གནང་རོགས་བཀླག་འདོད་ཆེན་པོ་ཡོད། རྩོམ་པ་པོ་གཉིས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་གྲངས་མེད་ཞུ།།
རྩོམ་པ་པོ་རྣམ་གཉིས་ཀྱིས་འདི་ལྟའི་རྩོམ་ཡིག་སྤེལ་བར་རིན་ཐང་ཆེན་པོ་མཐོང་བས་ཐུགས་རྗེ་ཤིན་ཏུ་ཆེ་ཞུ།
རབ་བྱུང་ན་༼སངས་རྒྱས་དགྲོང་བའི་ཐག་གཅོད་ཚོགས་འདུ༽བྱེད་མཁན་རྒྱ་དཔོན་ཚང་མའི་པར་རེ་ཡོད་ན་ལེགས་སྙམ།
ད་ལྟ་༼རྒྱ་དམར་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་གྱུར་ཟིན་པའི་ཞིས་ཅིན་ཕེན་གྱིས་ཀྱང༼ཏཱ་ལའི་སྤྲང་བོར་གྱུར་ནས་ཡང་སྲིད་ཅེས་པའི་རིན་པོ་ཆེ་འདི་མ་གཏོགས་ལྷག་མི་འདུག༽ཅེས་མཐོང་ཆུང་གི་སྐད་ཆ་༽འདི་འདྲ་བཤད་པ་དེ་ནི་རྡ་རམ་ས་ལས་ཉན་ཤེས་བསམ་ཞིབ་བྱ་གཞི་ཡོད་པ་ཞིག་རེད
བཀླགས་ཀྱིན་བཀླགས་ཀྱིན་སེམས་ལ་ན་ཟུག་སྟེར་གི་་་དམིགས་བསལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་གནམ་ལོ་ཡག་ལགས་ཀྱིས་དུས་རྒྱུན་རྩོམ་ཡིག་བཀླགས་རིན་ཐང་ཡོད་པ་དག་དག་བོད་རྒྱ་ཡིག་རིགས་གཉིས་སུ་སྤེལ་གྱིན་འདུག་པས་ཁྱོད་ལྟ་བུའི་སྙིང་སྟོབས་དང་ལྟ་བ་ཡོད་པའི་སྤུན་ཟླ་ཚོ། དུས་རྟག་ཏུ་བདག་གིས་གཙིག་གི་ནོར་བུ་དང་སེམས་ཀྱི་གཏད་ས་ཡིན་་་་་་་་བཀའ་དྲིན་ཆེ
ཡི་རང་སང་བསྔགས་བརྗོད་ཡོད། རྩོམ་ཡིག་རིན་ཐང་ཅན་རེད། གནམ་ལོ་ཡག་ལ་གསང་བ་ཞིག་ཞུ་འདོད་པས་ཡིག་ཟམ་འདིར་འགོད་རོགས།
དཔྱད་གླེང་འདིའི་རིགས་ཀློག་རིན་ཆོག་གོ།
རྫུན་བཤད་དང་འདོད་རྩོམ་དེ་ཚོ་ལ་རི་བོང་ལྕང་འདྲོག་བྱས་མི་ཉན་་་དོན་དངོས་སུ་བོད་གཞུང་དང་རྒྱལ་བ་རིན་པོའི་དགོང་པ་ལ་སྨད་ར་གཏོང་གིས་འདུག།
གནས་ཚུལ་མཁོ་སྤྲོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད།
ལྷ་སྡེ་གནམ་ལོ་ཡག་ལགས། ༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་མགོ་གཉིས་མ་ཅིག་གཏན་ནས་མིན།
ཞིང་ལྗོངས་ལྔའི་ཁ་བྲལ་ལ་ངོ་རྒོལ་བྱེད་མཁན་གྱིས་མིར་སྲུང་སྐྱོབས་གནང་བ་བདེན་སྲིད། ད་ལྟའི་ཧོང་ཀོང་བའི་རྨི་ལམ་ལྟ་བུ་ཡོད་སྲིད། བོད་ཀྲུང་གོ་ལས་ཁ་བྲལ་ལ་གཏོང་མཁན་ཞིག་གཏན་ནས་མིན། སངས་རྒྱས་ཀྱིས་ང་ཚོ་གཡུག་ནས་འགྲོ་འདོད་རྩ་བ་ནས་གནང་གིན་མེད། སྐད་བསྐུར་འདི་ཡང་སློབ་དཔོན་ཡན་ཧོང་པེན་ལ་སྤྲོད་རོགས།
ཁ་གདངས་ཚད་༧གོང་ས་མཆོག་དང་བོད་གཞུང་ལ་མཚན་སྨོད་ཞུས་པའི་ནག་ཉེས་བཙུགས་དོན་ཅི་རེད། རྩོམ་པ་པོ་གཉིས་ཀྱིས་དྲང་བདེན་རང་བཞིན་དང་དངོས་བྱུང་རང་བཞིན་གྱི་རྩོམ་ཡིག་སྤེལ་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
ལྷན་རྒྱས་ཕེབས་ནས་དགོངས་ཚུལ་གསུང་བར་ཐུགས་རྗེ་ཆེ། དེ་མིན་ངའི་ཡིག་སྒམ་གཤམ་གསལ། dongsai@gmail.com
གཞན་པཎ་ཆེན་རིན་པོ་ཆེ་གཤེགས་རྐྱེན་ཁྲིམས་ཐོག་ཏུ་སྐྱེལ་གྱི་ཡིན་ཟེར་བའི་ཚོགས་པའམ། མི་སྒེར་ཡོད་དམ།
ཁ་བརྡ་དྲ་རྒྱའི་ནང་སངས་རྒྱས་བཀྲོངས་པ་ཞེས་པའི་རྩོམ་ཡིག་དེ་མཐོང་དུས་སེམས་ནང་ཡ་མཚན་ཞིག་སྐྱེས་ཤིང་རིམ་པས་རྩོམ་ཡིག་ཀློག་སྐབས་ལོ་བཅུ་ཕྲག་ཟུང་ལྷག་སྔོན་གྱི་དཔའ་བོ་ཞིག་གི་འདས་རྐྱེན་རེད་འདུག་པས་རེ་ཞིག་མིག་ཟུང་མཆི་མས་གང་ཞིང་ཕྱི་ལོ་༡༩༨༩ ལོར་བྱུང་བའི་འདས་དོན་རྣམས་ལ་རྗེས་དྲན་བྱེད་དགོས་པ་ཞིག་ཆགས་སོང་། སྐུ་ཞབས་ལྷ་སྡེ་གནམ་ལོ་ཡག་དང་ལོ་ཤས་སྔོན་དྲ་ལམ་བརྒྱུད་ནས་གནས་ཚུལ་དེའི་སྐོར་བགྲོ་གླེང་བྱ་རྒྱུའི་གོ་སྐབས་བྱུང་ཞིང་། ད་ལན་ཁོང་ནས་དཀའ་བ་བརྒྱ་ཕྲག་གིས་ལྷོ་རོང་ནགས་ཚལ་བརྒྱུད་དེ་ཕྱག་དེབ་དེ་འདྲ་ཞིག་རྩོམ་གནང་བ་ནི་མི་རིགས་འདིའི་མ་འོངས་པའི་ཆེད་དུ་ལོ་རྒྱུས་ཀྱི་རྡོ་རིང་ཞིག་བསྐྲུན་པ་ཡིན། དེས་ཕྱི་ནང་གཉིས་ནས་རྡུང་འདེགས་ཕོག་པའི་ཀུན་གཟིགས་འོད་མཚན་མགོན་པོ་མཆོག་བཤེགས་རྐྱེན་ངོ་མ་དེ་ཤེས་ཐུབ་ངེས་ཡིན།
http://www.bbc.co.uk/news/uk-scotland-south-scotland-24449692
ཨ་ཕྱི་ལགས། གསར་གནས་དེ་ཆེས་ཡིད་སྐྱོ་དགོས་པ་ཞིག་རེད། དེ་མཚུངས་སུ་བཙན་བྱོལ་སྤྱི་ཚོགས་ལ་བློ་སྒོ་འབྱེད་ངེས་པའི་དོན་རྐྱེན་ཡན་གར་བ་ཞིག་ཀྱང་རེད། ག་ལེར་བརྩད་གཅོད་བྱེད་ངེས་ཡིན།
ཕྱི་ལོ ༡༩༦༤ལོར་ལྷ་སར་བསྐོང་འཚོགས་གནང་བའི་སྨོན་ལམ་ཆེན་མོའི་སྟེང་དུ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རྒྱ་དམར་གཞུང་གིས་ཁོང་ལ་སྤྲད་པའི་མཇུག་མཐའི་གོ་སྐབས་བེད་སྤྱོད་གྱིས་གསུངས་དོན། ༼བོད་ནི་སྔར་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ཏཱ་ལའི་བླ་མ་ནི་བོད་ཀྱི་རྒྱལ་བོ་ཡིན། ད་ལྟ་བོད་ལ་རང་བཙན་གྱི་ཐོབ་ཐང་ཡོད་ཅིང་། བོད་ཀྱིས་ངེས་པར་དུ་རང་བཙན་སླར་གསོ་བྱེད་དགོས།༽
དེ་ལྟར་བོད་རྒྱལ་ཁབ་སླར་གསོའི་གཏམ་བཤད་མ་གྲུབ་པའི་མཚམས་དེ་ག་རང་ནས་པཎ་ཆེན་བཅུ་བ་མཚོག་རྒྱ་དམར་གཞུང་གིས་འཛིན་བཟུང་བྱས་ཤིང་། ཁོང་གིས་རྒྱལ་བ་པཎ་ཆེན་སྐུ་ཕྲེང་ན་རིམ་གཞན་སུ་ཞིག་གིས་ཀྱང་མྱོང་མ་མྱོང་བའི་དམྱལ་ཁམས་ཀྱི་མནར་གཅོད་དང་མི་ཡུལ་གྱི་གདུག་རྩུབ་ཉམས་སུ་མྱངས་ཡོད། དེ་དག་རྗེས་སོར་རྒྱ་དམར་གཞུང་གིས་ཁོང་ལྐོག་གསོད་ཐད་ལ་ཐོག་མའི་ས་བོན་དུའང་གྱུར་འདུག་་་་་་་ཟེར་ཞོལ་གཡག་འབྲོང་རྒྱུད་ལགས་འདི་ལ་ཁུངས་དགོས་ཀྱིན་འདུག ཀུན་གཟིགས་པཎ་ཆེན་རིན་པོ་མགོ་གཉིས་མ་ཡིན་པར་སུས་སྒྲུབ་ན་རྒྱ་མི་འགྲོ་འགྲོ་བོད་ལ་མི་འགྲོ། འདི་ལ་གསན་ཤེས་པ་གནང་རོགས། གུང་ཁྲན་རྒྱ་མ་རེད་ཟེར་ན་དག་སྣང་གི་སྐད་ཆ་རེད།
གང་ལྟར་ལྷ་སྡེ་གནམ་ལོ་ཡག་ལ་ཞུ་བགྱིར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྐྱེན་ཁྲིམས་ཐོག་ལ་བསྐྱལ་གྱིན་ཡིན་ཟེར་བའི་ཚོགས་པའམ་མི་སྒེར་འཚོལ་འདོད་ཡོད་ན་ཨུ་ཐུག་པའི་པོ་ཞིས་ལི་ལས་གཞན་ཅིག་བཙལ་རོགས། གསན་ཤེས་པ་གནང་རོགས།
པན་ཆེན་རིན་པོ་གཤེགས་རྐྱེན་གསལ་བོ་བྲིས་པ་ཐུགས་རྗེ་ཆེ། ད་འདི་ངེས་པར་དུ་ཁྲིམས་ཐོག་ཏུ་བསྐྱལ་དགོས་པ་རེད།།
པཎ་ཆེན་རིན་པོ་ཆེའི་སྤྱན་ནས་ཁྲག་བཞུར་བ་ཞིག་བྲིས་འདུག དེ་ཡག་པོ་ཞིག་ཏུ་མཐོང་མ་སོང་། ཆབ་སྲིད་པའི་འགྲེལ་བརྗོད་ཅིག་ཡོད་སྲིད་ན་ཡང་ཆོས་ཕྱོགས་ནས་པཎ་ཆེན་རིན་པོ་ཆེ་ལ་མ་གུས་པ་ཞིག་མཐོང་སོང་། ག་དུས་ཡིན་ན་མཐོང་ཚད་དང་ཡིན་ཚད་ཆབ་སྲིད་ཀྱི་སྟེང་དུ་གཡུགས་མི་རུང་སྙམ། པཎ་ཆེན་རིན་པོ་ཆེ་ནི་བོད་མི་རིགས་རིག་གཞུང་གང་ཐད་ལ་ཐུགས་བརྩེ་ཆེ་བའི་རླབས་ཆེན་གྱི་སྐྱེས་པུ་དམ་པ་ཞིག་རེད། ཁོང་གི་ཐུགས་དགོངས་ལ་དབྱེ་ཞིབ་གང་ཡང་མེད་པར་ཆབ་སྲིད་པའི་ལག་ཆར་སྤྱད་མི་རུང་།
སྐུ་པར་ལ་ལག་པ་གང་བྱུང་འཆང་བ་འདིས་ག་རེ་མཚོན་གྱིས་ཡོད་རེད། མི་འདི་ཚོས་པཎ་ཆེན་རིན་པོ་ཆེ་ཚད་གང་ཞིག་ཏུ་བཞག་ཡོད་པ་གསལ་བོ་རེད། སྐྱུག་བྲོ་བའི་བྱ་སྤྱོད་འདི་ནི་མི་གཤིས་དང་ཁྲིམས་ལུགས་གང་དང་ཡང་མི་མཐུན་པ་ཞིག་རེད། དགོངས་པ་ངེས་པར་དུ་བཞེས་རོགས།
མདུན་ཤོག་གི་ཐད་ནས་བཤད་ན། ལྐོག་གསོད་གྱོད་དོན་འདིའི་ཁུངས་སྣེ་བརྙེད་སའི་སྒྲུབ་བྱེད་ཉག་གཅིག་རེད་ལ། ཞིབ་ཏུ་ཤེས་བསམ་མཁན་ཚོས་དཔེ་དེབ་ཀློག་རོགས་ཞུ་ཡ་ལས་ལྷག་མི་འདུག
བསོད་ནམས་ལགས་ཕེབས་པར་དགའ་ཡོད། ཉིད་ཀྱི་མཐོང་ཐོས་དཔེ་དེབ་འདི་བཞིན་ལེགས་འགྲུབ་ཀྱི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དགེ་གཤེས་དགེ་འདུན་རྒྱ་མཚོས་གསུངས་པ་བདེན་པ་རེད།
ཁྱེད་རང་ཚོས་པཎ་ཆེན་རིན་པོ་ཆེ་མཚོན་བྱེད་རི་མོ་གཞན་ཞིག་བྲིས་ནས་དེའི་སྟེང་མིག་ནང་ནས་ཁྲག་དམར་བཞུར་བ་བྲིས་ན་འགྲིག་གི་རེད།
པཎ་རིན་པོ་ཆེའི་སྐུ་པར་དངོས་གནས་ལ་ལག་པ་འཆང་ཡ་དེ་ཡག་པོ་མ་རེད།
ངེད་ནས་ཀྱང་ཡག་པོ་མཐོང་མ་སོང་ལགས།
༸པཎ་ཆེན་རིན་པོ་ཆེ་མཆོག རྒྱ་གཞུང་གིས་དུག་བཏང་ནས་བཀྲོངས་སྟངས་གསལ་ཁ་དོད་དུ་ཕྱིན་པ་ལ། བོད་རིགས་ཀྱི་སེམས་ནང་མི་བཟོད་པ་ན་ཟུག་ཆེ་རུ་འགྲོ་བཞིན་པ་ནི་འཇིག་རྟེན་ཆོས་ཉིད་ཡིན་པས་་་་་
ད་དུང་དངོས་སུ་དུག་ཕུལ་མཁན། དུག་ཕུལ་སྟངས། རྒྱབ་ཏུ་ངན་བྱུས་གཏིང་མཁན་སོགས་འདི་ལས་ཁ་གསལ་དུ་འགྲོ་བའི་རེ་བ་ཆེན་པོ་ཡོད་ལགས།
ད་ཐེངས་གྲོགས་གནའ་ལོ་ཡག་གིས་བུ་རྟགས་བཞག་འདུག དགའ་སྤྲོ་དང་བསྔགས་བརྗོད་མཉམ་དུ་ཞུ་གི་ཡོད། སྐུ་ཞབས་ཡན་ཧོད་པེན་ལའང་ཞོར་ནས་བཀའ་དྲིན་ཆེ་ཞུ་རོགས།
མཆན་འདེབས་མཁན་ཚོས་རྩོམ་ཡིག་བཀླགས་རྗེས་མཆན་བུ་བཏབ་ན་ཡག་པོ་མེད་འགྲོ དཔེར་ན་དགུ་འདུན་རྒྱ་མཚོ་ལགས་ཀྱི་པར་རིས་དེ་ཡག་པོ་མེད་ཚུལ། ཆོས་ཕྱོགས་ཅིག་ཅིག་མིག་མིག་ཟེར་གི་འདུག དེའི་སྐོར་རྩོམ་ཡིག་གི་ལེའུ་དང་པོར་འདུག་པ་ལྟ་བདེའི་ཆད་དུ་འདིར་བཀོད་ཡོད།
༼དེ་ལྟར་ཉིན་གཉིས་པར་ཉིན་གུང་སླེབས་གྲབས་ཡོད་དུས། སློབ་གྲོགས་དེ་ད་གཟོད་གཉིད་ལས་སད་ཡོད་ཅིང་། སྐབས་དེར་ཧུའུ་ཁྲོན་ཧྭ་ལས་ཀར་ཆས་ཚར་ཡོད་པས། ཁྱིམ་ནང་དུ་མི་གཞན་མི་འདུག་ལ། ཁོ་རང་ཡར་ལངས་མ་ཐག་གསང་སྤྱོད་འཚོལ་དུ་ཕྱིན། བཟི་མ་སད་ཀྱི་ལམ་ནས་མགྲོན་བསུ་ཁང་གི་གྲུ་གར་འཁེལ་བའི་སྒོ་ཆུང་ཞིག་ཡོད་པ་དེ་ཤུགས་ཀྱིས་འབྱེད་པ་དང་། གསང་སྤྱོད་ཡིན་ཤག་གིས་ནང་ལོགས་སུ་ལྟ་སྐབས། སྒོའི་ནང་ལོགས་ཀྱི་རྣམ་པས་ཁོ་རང་གི་བཟི་ཉམས་རྦད་དེ་དངངས་སྐྲག་ཁྲོད་བཅུག་འདུག མ་གཞི་སྒོའི་ནང་ལོགས་དེ་གསང་སྤྱོད་མ་ཡིན་པའི་ཁར། གྱང་ངོར་འབྱར་བའི་ཐེམ་ཆ་ཞིག་རེད་ལ། ཞེང་ཆུང་བའི་ཤིང་ལེབ་གྱིས་བཟོས་པའི་ཐེམ་མཐིལ་དུ་གློག་ཤུགས་ཆུང་བའི་སྒྲོན་མེ་དམར་ནག་ཅིག་བཀར་ཡོད་པ་དང་། ཐེམ་ཆའི་དཀྱིལ་དབུས་སུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་པར་བཀལ་འདུག སྐུ་པར་ལ་ལྟ་སྐབས། ལྕགས་ཁབ་གཉིས་པཎ་ཆེན་གྱི་མིག་གི་རྒྱལ་མོ་གཉིས་ཀྱི་སྟེང་དུ་འཛེར་ཡོད་ཅིང་། ཁུར་མཚོས་ཀྱི་འགྲམ་ངོགས་གཉིས་སུ་སྣུམ་རྩི་དམར་བོས་སྤྱན་མཚལ་ལམ། མིག་ཆུ་དམར་བོ་བརྡོལ་བཞིན་པའི་དབྱིབས་གཟུགས་བྲིས་འདུག༽
འདི་རེད། པར་རིས་འདི་རྩོམ་པ་པོ་རྣམ་གཉིས་ཀྱིས་གང་བྱུང་བཟོས་པ་མ་ཡིན་པར་རྒྱ་རྒན་དེའི་ཁང་པའི་ནང་དུ་ཡོད་ཚུལ་བྲིས་འདུག
སྤྱིར་རྩོམ་ཡིག་འདི་ཡག་ཀྱང་ནང་རྒོལ་གྱི་སྐད་ཆ་དེ་དག་དངོས་གནས་བྱས་ན་མི་དགོས་པ་ཞིག་རེད། ག་ཚོས་བྱ་བ་ཅི་ཞིག་ཞིག་ཡིན་ཡང་སྒྲུབ་ཐུབ་མིན་ལ་མི་ལྟ་བར་ཞེ་མཁོན་དང་ཚོར་ཤུགས་ཙམ་གྱི་དབང་དུ་གྱུར་པ་འདི་ལེགས་པོ་ཞིག་མ་མཐོང་། མ་མཐའ་ཡང་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་ཕྱིན་པ་དང་། རྒྱ་གཞུང་གི་རྩ་ཁྲིམས་སྒྲོམ་གཞིས་འོག་རང་སྐྱོང་ཐོབ་པ་གཉིས་ཀྱི་ཁེ་གྱོང་འདི་ང་ཚོས་ཤེས་དགོས་པ་ཞིག་རེད།
ག་ཚོས་ཞེས་པ་དེ་ང་ཚོས་ལ་བཅོས།
གྲོགས་བཟོད་རྒྱམ་ཕེབས་ནས་ཀློག་བྱང་བཀོད་དེ་ལན་འདེབས་གནང་བར་བཀའ་དྲིན་ཆེ། དེ་མིན་ལུང་རྟོགས་ལགས་ལ་ཞུ་རྒྱུར། དེང་སྐབས་བོད་ནང་མེར་བསྲེག་ལས་འགུལ་བྱུང་ཡུལ་ཆ་ཚང་རྒྱ་དམར་རྩ་ཁྲིམས་འོག་གི་རང་སྐྱོང་ས་ཁུལ་ཡིན་པ་མཁྱེན་པར་གྱིས།
དེང་སྐབས་བོད་པའི་སྲིད་དོན་པ་དག་གིས་བཤད་ཚུལ་ནི་དབུ་ལམ་གྱིས་རྒྱ་བོད་དཀའ་ངལ་མྱུར་སྐྱོབ་དང་བོད་ཀྱི་ཆོས་རིགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླརགསོལ་བཅས་ཀྱི་ལམ་མཆོག་ཞིག་ཏུ་སྒྲོགས་བཞིན་པ་དེས་ཤེས་མེད་དང་འགྱོན་མེད་རྩོལ་མེད་འོག་ཏུ་བོད་མི་དག་གི་སེམས་ཚོར་ཙམ་ལས་དོནདངོས་དང་མཐུན་པའི་སྐད་ཆ་ཞིག་མ་རེད། དབུ་ལམ་གྱིས་བོད་ཀྱི་དཀའ་ངལ་མྱུར་སྐྱོབ་ཕར་ཚད། དབུ་ལམ་གྱི་ཁ་ཕྱོགས་གསལ་ནས་གསལ་དུ་སོང་ནས་བོད་ཀྱི་དཀའ་ངལ་ཆེ་ནས་ཆེ་རུ་སོང་བ་འདིས་གསལ་སྟོན་བྱས་པ་རེད། དབུ་ལམ་སྤྱོད་ནས་གྲུབ་འབྲས་ནི་རྒྱ་མི་བརྒྱ་ཕྲག་ཁ་ཤོས་ཀྱིས་དེར་རྒྱབ་སྐྱོར་ཐོབ་ཚུལ་དེ་རེད། འོན་ཀྱང་དབུ་ལམ་སྤྱོད་ནས་བོད་མི་ཁྲི་ཕྲག་མང་པོའི་སེམས་ལ་རྨ་ཁ་བཟོས་པ་མ་ཟད། བོད་མི་སྟོང་ཕྲག་མང་པོ་བོད་ཀྱི་དབུ་ཁྲིད་ཚོར་བློ་ལོག་ནས་འགྲོ་བཞིན་འདུག། རྒྱ་མི་བརྒྱ་ཕྲག་ཁ་ཤོས་བོད་ལ་ཁ་ཙམ་ཕྱོགས་པ་དང་བོད་མི་སྟོང་ཕྲག་མང་པོ་བོད་ལ་རྒྱབ་ལོག་འགྲོ་བ་དེ་གཉིས་ཀྱི་བར་ཁེ་ཉེས་ཀྱི་བསམ་གཞིག་མེད་པ་འདི་དངོས་གནས་ཡ་མཚན་ཆེ་བའི་སྲིད་དོན་པའི་བྱ་སྤྱོད་ཞིག་མིན་ན་ཅི་ཡིན། ད་དུང་ཡང་རང་བཙན་པ་ལ་སྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ལྟ་གྲུབ་མེད་ཚུལ་དང་དབུ་ལམ་པ་ལ་དེ་ལས་ལྡོག་ཚུལ་བཤད་པ་དེ་ཡང་བདེན་པ་མ་རེད། དབུ་ལམ་པའི་སྒྲུབ་བྱ་དང་སྒྲུབ་བྱེད་ནི་རྒྱ་དམར་གཞུང་གིས་སྒྲགས་པའི་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་དེ་་རང་ལས་དབུ་ལམ་པས་གསར་སྟོད་ཀྱི་ལྟ་གྲུབ་ཡོངས་རྫོགས་ཕྱིར་གཤེགས་རྒྱབ་ཚ་བ་འདི་ཡང་བརྗེད་མི་ཉེས།།
ཧ་ཧ་
བཟོད་རྒྱམ་ལགས
པར་དེ་ཁོའི་ལག་ལ་ཅི་ལྟར་ཡོང་བ་ཡིན་ཟེར།
་ཧུའུ་ཁྲོན་ཧྭ་་ཡིས་་་སྤྲད་པ་རེད་པས།
ལན་འདི་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་བཏབ་ན་འགྲིག
སངས་རྒྱས་ཀྱི་ ༼གདམ་དམངས་༽ རེད་ཟེར་བ་ལས་གདུལ་བྱ་རེད་ཟེར་ན་ཁྱད་པར་ག་རེ་ཡོད་དམ། ཡ་མཚན་ཅན་གྱི་ཚིག་གསར་ཁྱད་མཚར་འདྲ་སླེབས་ཡོང་གི་འདུག
སློབ་དཔོན་ཡན་ཧོང་པེན་ཟེར་བ་འདིས། བོད་མིའི་འདུ་ཤེས་བཞིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་སངས་རྒྱས་འབོད་ཀྱིན་འདུག་བསམ་ནས། བདག་གིས་ནི་ཆེར་གུས་ཞབས་ཀྱིས་ཚིག་བཀུར་འོས་སྦྱར་མོད་འགྲིག་མི་འདུག སྐབས་འཚོལ་བའི་རྒྱ་རྒན་ཐང་མྱི་ཅིག་ཡིན་ས་རེད། བོད་མི་ལྷ་སྡེ་གནམ་ལོ་ཡག་གིས་ཀྱང་ངའི་སྐད་བསྐུར་དེ་ཁོ་ལ་མ་བཤད་ན་འགྲིག་ག
པཎ་ཆེན་སྐུ་གོང་མ་ག་ཚོད་ཀྱིས་རྩ་ཆེན་དང་རླབས་ཆེན་ཡིན་པ་བརྗེད་མེད་ན། ད་ལྟའི་ཁོང་གི་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་ལ་ཤེས་ཡོན་པ་དང་ཞིབ་འཇུག་པས་རྩད་གཅོད་ཞིབ་འཇུག་མེད་པ་ག་རེ་རེད། གཅིག་བྱས།
རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་དགོངས་གཞི་དང་འདེམས་བྱ་མ་གཅིག་པའི་རྒྱུ་མཚན་ཏུ་ཁོང་རྣམ་པ་གཉིས་ཀྱིས་བོད་གངས་ཅན་གྱི་བདེ་སྡུག་ལ་བཏགས་པའི་སྐུ་ཚེ་དང་མཛད་ཚུལ་ལ་དབྱེ་ཞིབ་ཀྱི་ཡང་ལྗིད་ཞིག་ཡོད་པ་ག་འདྲ་འདྲ་ཞིག་ཡོད་པ་རེད། གཉིས་བྱས།
(སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ)་འཚོལ་བ་འམ་རྙེད་པའི་ལམ་བར་ནས་བཙན་བྱོལ་བོད་མིའི་ཆེ་སྣ་ཆུང་གསུམ་ཚང་མ་ལ་དེ་འདྲའི་ཁ་ལྕག་མགོ་ལྕག་ཞིག་འཐེན་དགོས་པའི་ཡང་སྙིང་གི་སྙིང་ནད་ཅི་ཡིན་པ་རེད། གསུམ་བྱས།
(རྒྱལ་ཁབ་སླར་གསོའི་རེ་བ་གསོ་བའི་ས་བོན་བསྐྲུན་དགོས་ན།) དང་པོ་བཙན་བྱོལ་དང་བོད་ཁམས་དཀྲུག་ནས་ཡོང་དགོས་བ་ཞིག་ཡིན་ནམ། རྒྱ་གཞུང་དཀྲུག་ན་འདེབས་ཐུབ་པ་ཞིག་ཡིན་ནམ། བཞི་བྱས།
རྒན་གནམ་ལོ། རྒན་ཡན་དཔོན་གཉིས་ཀྱིས་དང་དུ་བླངས་བའི་ལག་རྗེས་ལ་རེ་འབྲས་དོན་སྨིན་ཡོད་པར་ཤོག། ལྔ་བྱས།
རྒན་དགེ་འདུན་རྒྱ་མཚོ་ལགས།
སྐུ་པར་དེ་དང་ཆ་སྒམ་དེ། ད་དུང་གློག་སྒྲོན་དམར་ནག་དེ་བཞིན་ལྐོག་གསོད་དོན་རྐྱེན་འདིའི་ཁུངས་སྣེ་བརྙེད་པའི་སྒྲུབ་བྱེད་ཡིན་པའི་ཁར། ཁུངས་སྣེ་འདི་བརྒྱུད་ནས་ལྐོག་གསོད་དོན་རྐྱེན་ཡ་ང་བ་འདིའི་ངོ་གདོང་ཧྲིལ་བོ་ལྷན་རྒྱས་ཀྱི་སྤྱན་སྔར་བཤམས་ཡོད་པས། སྐུ་པར་ཙམ་ལས་བརྒལ་ནས་སྐུ་སྲོག་འཕྲོག་མཁན་རྒྱ་དམར་དཔུང་ཁག་ནི་བོད་མི་ཚོས་ཁ་གཏད་ཡུལ་རེད་ལ། བློ་ཁོག་ཡོད་མཁན་ཚོའི་ཕྱག་ཏུ་གཏད་ཡོད།
གཞན་ཞིབ་ཕྲ་ཤེས་བསམ་ན་དཔེ་དེབ་ཀློག་རོགས། དྲ་རྒྱ་ཁག་བརྒྱུད་ནས་ཉོ་ཐུབ་ཀྱི་འདུག
ད་ལྟའི་བོད་ནང་ལ་ལག་བསྟར་བྱེད་བཞིན་པའི་རང་སྐྱོང་དེ་ནི་མིང་ཙམ་གྱི་རང་སྐྱོང་རེད། རང་སྐྱོང་གི་ཐོབ་ཐང་གང་ཡང་མེད་པ་ཧ་ཅང་གསལ་པོ་རེད།
ལྷ་སྡེ་གནམ་ལོ་ཡག་ལགས
རྩོམ་ཡིག་དེ་ཆ་ཚང་བཀླགས་ཟིན་པ་ཡིན། རྩོམ་ཡག་པོ་བྲིས་འདུག ཡིན་ཡང་བདེན་པ་ཡིན་མིན་དེ་གཙོ་བོ་ཡིན། བདེན་དཔང་ལ་ཡིད་ཆེས་འཕར་ངེས་དགོས་པ་རེད། དེ་མེད་ན་ཁས་ལེན་ཐུབ་ས་མ་རེད། བསམ་ཚུལ་དང་དོགས་སློང་། དཔྱད་བརྗོད་སོགས་ཅི་ལྟར་བྲིས་ཀྱང་ངས་དགའ་བསུ་དང་རྒྱབ་སྐྱོར་བྱེད་ངེས་ཡིན། སྐུ་པར་དང་རྩོམ་ཡིག་གཉིས་མཐུན་མ་སོང་། དེས་རྐྱེན་གྱིས་ང་ལ་དོགས་པ་བྱུང་། པར་དེ་ཁོའི་ལག་ལ་ཅི་ལྟར་རེག་པ་དང་དེའི་བརྒྱུད་རིམ་རེད། དེ་གལ་ཆེན་པོ་རེད། དེ་འབྲི་དགོས་ངེས་ལ་བྲིས་མེད་པ་ཡ་མཚན་རེད། སྐད་ཆ་གཞན་ཚང་མ་འཕྲོས་བཤད་རེད། དེ་ཙམ་གྱིས་དོན་སྙིང་ཡོད་མ་རེད།
སྐུ་པར་འདི་གཞན་ངོ་དེབ་ན་གསལ་བོ་འདུག མིག་ནང་ནས་ཁྲག་བཞུར་བ་ལས་ལྕགས་ཁབ་འཛེར་བ་མཐོང་མ་སོང་། ཤིང་སྒྲོམ་དེ་དང་སྒོ་གླགས། ལྕགས་ལོང་སོགས་ལ་བལྟས་ན་ལྷ་སའི་ནང་གི་ཅ་ལག་ཞིག་དང་རྒྱ་མིའི་དཔོན་སྣེ་ཁག་འདུག་ས་ལྟ་བུར་མཐོང་མ་སོང་། དེ་འདྲ་ཞིག་་རྒྱ་པོན་ནང་ཡོད་དོན་མེད། ཡིན་ན་རྒྱུ་མཚན་ཤོད་།
གནམ་ལོ་ཡག་ལགས།
ཁྱོད་ཀྱིས་ངའི་དྲི་བ་ལ་ལན་བཏབ་མ་སོང་། སྐུ་པར་དེའི་ཡོང་ཁོང་དྲིས་པ་ཡིན། རྩོམ་པ་པོ་ལ་དྲིས་ནས་ངེས་པར་དུ་འདིར་ཁྱོད་ཀྱིས་ལན་འདེབས་དགོས་ངེས་རེད། ཁྱོད་རྩོམ་ཡིག་འདི་དང་འབྲེལ་བའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཚར་བ་རེད། རྫུན་གནམ་ལ་མི་ཤོང་བ་ཞིག་བཤད་ཐུབ་ཀྱང་མཇུག་ཅི་ལྟར་བསྐྱངས་མིན་ལ་བསམ་བློ་གཏོང་དགོས་ནི་རེད་ཨ་རོད། རྒྱ་ནག་གིས་དུག་དྲངས་ནས་སྐུ་གྲོངས་ཡོད་མིན་ཅི་ལྟར་ཡང་བདེན་དཔང་དེ་གསལ་བོ་དང་ཁུང་ཞིབ་ཚགས་དགོས་པ་རེད། དེ་མིན་ན་ངལ་བ་དོན་མེད་རེད།
ཡིག་ཁྱོག་འགའ་ཤས་བྲིས་ནས་བདེན་བདེན་འགྲིག་འགྲིག་བཤད་ཆོག་གི་རེད། འདི་འདྲ་ཞིག་གིས་ཚང་མར་མགོ་སྐོར་གཏོང་ཐུབ་ཡ་ཡོད་མ་རེད། འདི་ལོ་རྒྱུས་རང་བཞིན་ཅན་གྱི་གནད་དོན་གལ་ཆེན་ཞིག་རེད། རྩེད་མོ་རྩེ་ཆས་བྱེད་མི་ཉན་ཡ། གནམ་ལོ་ཡག
མ་འོངས་པའི་ལོ་རྒྱུས་དཔྱད་གཞི་ཡིག་ཆ་དག་རྫུན་དུ་གྱུར་ན་འདིའི་འགན་ཆ་ཚང་སུས་འཁུར་དགོས་པ་རེད་ལགས། སྐུ་པར་དེ་ཁོའི་ལག་ལ་ཅི་ལྟར་རེག་
མིན་ཁུང་བསྐྱེད་གསལ་བོ་གནང་རོགས་ཞུ་བ་ཡིན།
པཎ་ཆེན་རིན་པོ་ཆེ་སུ་ཡིས་གྲོངས་མིན་ངས་མི་ཤེས། སྐུ་པར་དང་འབྲེལ་བའི་པར་འདི་རྒྱ་རྒན་དེས་རྫུན་བཟོ་བྱས་པ་མིན་ནམ་སྙམ།
ཁོ་དང་ཁོའི་རྩོམ་ཡིག་སྐད་གྲགས་ཆགས་པར་རེ་བ་བྱས་པ་ཡིན་མི་སྲིད་པ་མིན།
གནད་དོན་གང་ཡིན་ཡང་མཐར་མ་ཐུག་པར་མུ་མཐུད་ནས་ཞིབ་འཇུག་བྱེད་དགོས། ཐག་གཅོད་བྱེད་སྔ་མི་རུང་།
ཁུངས་སྐྱེལ་དང་དཔང་རྟགས་གཅིག་ལས་མ་བྱུང་རུང་དེ་ཚན་རིག་གི་བརྟག་དཔྱད་བྱེད་ཚུལ་དང་མཐུན་པའི་ར་སྤྲོད་འཕེར་ངེས་ཤིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
རྩོམ་པ་པོ་གཉིས་ནས་དཔེ་དེབ་དེ་འདྲ་ཞིག་གྲུབ་ཐུབ་པར་བསྔགས་བརྗོད་ཞུ་བ་ལས་འོས་ཅི་ཡོད། འོན་ཀྱང་ཀུན་གཟིགས་པཎ་ཆེན་མཆོག་ལ་བསྟོད་པའི་ཟོལ་གྱིས་ཚུར་ཕྱོགས་ཀྱི་མཁས་དབང་ཟམ་གདོང་རིན་པོ་ཆེའི་མཚན་དངོས་སུ་སྨོས་ཏེ་ཤུགས་ལ་ཁོང་གི་ཆབ་སྲིད་ལྟ་གྲུབ་དང་ལག་ལེན་གྱི་ཁུངས་གང་ནས་འབྱུང་ས་༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་ཕྱོགས་ལ་མཐའ་གཅིག་ཏུ་ལོ་རྒྱུས་ཀྱི་ནག་ཉེས་སུ་བགྲངས་པའི་སྒྲུབ་བྱེད་ཁག་ཅིག་བཀོད་དེ་སྨད་ར་གཏོང་བ་འདི་ཞིབ་འཇུག་པ་ཞིག་གི་ལྟ་སྟངས་ལས་བརྒལ་ཏེ་ཚོར་སྣང་ཙམ་གྱི་རྗེས་སུ་འཁྱོག་ཡོད་པ་མངོན་གསལ་དོད་པོར་མཐོང་སོང་།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ད་དུས་དངོས་སུ་བཞུགས་ཡོད་ན་ཁོང་གི་དགོངས་པའི་ནང་གི་བོད་ལ་འཐོབ་འོས་ཀྱི་གནས་བབ་ནི་གོང་གི་རྩོམ་ཡིག་ནང་དགག་པ་བརྒྱབས་པའི་ཟམ་གདོང་རིན་པོ་ཆེའི་དགོངས་ཚུལ་དེ་འདྲ་ཞིག་ཡིན་ངེས་པ་ལས། དགོངས་ཕྱོགས་གཞན་ཞིག་འཛིན་སྲིད་པའི་སྒྲུབ་བྱེད་ཚད་ལྡན་རྙེད་པར་དཀའ་སྙམ།
རྒན་དགེ་འདུན་རྒྱ་མཚོ་ལགས། སྐུ་པར་གྱི་འབྱུང་ཁུངས་གསལ་བོ་དག་པོ་བྱས་ནས་ལེའུ་དང་པོའི་ནང་བྲིས་ཡོད། དེ་ལས་གསལ་བོ་ཞིག་དགོས་ན། ཧུའུ་ཁྲོང་ཧྭ་ལ་འདྲི་དགོས་ནི་རེད། ཐབས་ལམ་ཡག་ཤོས་དེ་ཁྲིམས་ཐོག་ལ་སྐྱེལ་རྒྱུ་དེ་རེད་ལ། དེ་ལྟར་ལན་བཏབ་ཡོང་སྲིད་པ་ཞིག་རེད། ཉིད་ལ་སྤོབས་པ་དེ་ཡོད་དམ།
འཇིགས་མེད་བློ་གྲོས་ལགས། གལ་སྲིད་རྒྱ་དམར་རྩ་ཁྲིམས་འོག་ཏུ་བདེ་སྐྱིད་ཅིག་ཡོད་ན། ང་ཚོ་ཕྱི་ལ་ཐོན་དགོས་དོན་མེད་པའི་ཁར། བོད་ནང་མེར་བསྲེག་ངོ་རྒོལ་དེ་ལས་ཀྱང་བྱུང་དོན་ཡོད་དམ།
གལ་སྲིད་རྒྱ་དམར་རྩ་ཁྲིམས་འོག་ཏུ་བདེ་སྐྱིད་ཅིག་ཡོད་ན། ང་ཚོ་ཕྱི་ལ་ཐོན་དགོས་དོན་མེད་པའི་ཁར། བོད་ནང་མེར་བསྲེག་ངོ་རྒོལ་དེ་ལས་ཀྱང་བྱུང་དོན་ཡོད་དམ།
ཟེར།
འདི་སུ་ལ་བཤད་པ་རེད། སུས་ལན་བརྒྱག་དགོས་པ་རེད།
གནམ་ལོ་ཡག་དྲིན་ཆེན་པོ།
ད་ཁྱོད་ཁ་རོགས་པ་ཅིག་སྡོད་ད། ཁྱོས་ངོ་མ་བཤད་མི་ཤེས་གི་ཡ།
ཁྱོད་ཀྱིས་རང་དང་རང་གི་ཁྱིམ་ཚང་ལ་ཅིག་ལྟོས་དང་། ཁྱོད་ལ་འདི་འདྲ་བཤད་པའི་ལྕེ་ཡོད་རེད་པས།
ཡ་ཡ།
གནམ་ལོ་ཡག
ད་ངས་ཅི་ཡང་མི་འདྲི། ཁྱོད་ལ་བཤད་ཡ་མི་འདུག ཁྱོད་འུ་ཐུག་སོང་།
དཔེ་དེབ་དེ་བཙོང་ནས་ཁྱོད་གཉིས་ལ་སྒོར་འགའ་ཤས་རེག་ཡོད་སྲིད་པ་རེད། དེ་ཙམ་གྱིས་དགའ་བ་སྒོམ་ནས་སྡོད་ཅིག
རྡོ་བཙིར་ཡང་ཁུ་ལ་འབུད་རྒྱུ་མེད་ཀི
བོད་མི་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེ་སངས་རྒྱས་སུ་སྒོམས་པ་ལྟར་ན། ཁོ་རང་གྲོངས་ཉེན་ཡོད་པ་མཁྱེན་དགོས་ཀྱང་། མཁྱེན་མེད། མ་མཐའ་ཡང་ཉེན་ཁ་ཡོད་པ་མཁྱེན་དགོས་ཀྱང་དེ་ལྟར་རྟོགས་པས། ཉེན་ཁ་ཡོད་པམི་་སྤྱང་པོ་ཞིག་གིས་ཚོད་དཔགས་བྱེད་ཐུབ་ངེས་རེད།
དེ་བཞིན་ཨ་ཀོང་རིན་པོ་ཆེ་ཡིན་ཡང་ཁོ་རང་ལྐོག་གསོད་བྱེད་ཉེན་ཡོད་པ་མཁྱེན་ཅིང་། དོགས་ཟོན་བྱེད་དགོས་བ་འཚོར་དགོས་ཀྱང་། ཅི་ཡང་མ་འཚོར་པས་དད་ལྡན་པ་ཞིག་ལ་མཚོན་ན་ངོ་ཚ་རེད་ལ། རྒྱ་དང་མཉམ་གནས་བྱེད་རྒྱུའི་བསམ་བློ་བཟུང་ན། འཇུག་འབྲས་དེ་ལས་མེད་པ་་གསལ་བཤད་བྱས་བ་ཞིག་རེད། རྒྱུ་མཚན་ནི། རྒྱ་དང་ཅི་ཙམ་སྟབས་སྟུན་བྱས་ཀྱང་། ཁོ་ཚོས་ཁྱེད་རང་ཉེན་ཁ་མཐོང་ཚེ་ཞི་དྲག་གམ་ལྐོག་གསོད། དུག་གསོད་ཀྱིས་རྩ་མེད་བཟོ་ངེས་རེད། དེ་བརྟེན། དབུ་མ་ཁ་ལ་འཁྱེར་མཁན་ཚོས་ཀྱང་གཟབ་གལ་ཆེ། འཇུག་འབྲས་ཆུ་ངོགས་གཏམ་རྒྱུད་ཀྱི་གསུང་ཅང་ལས་མེད། གསུང་ཅང་ཡང་དུག་སྤྲད་ནས་གསད་པ་རེད། རབས་བྱུང་ན་སྐུ་མདུན་གྱིས་ཀྱང་རྨི་ལམ་སྐྱིད་པོ་ཁོ་ན་བཏང་ནས་མི་བཞུགས་པ་ཆུ་ངོགས་གཏམ་རྒྱུད་སོགས་ལ་གཟིགས་གནང་ཡོང་བའི་རེ་བ་ཞུ་བཞིན་ཡོད།
དབུ་མ་ཁ་ལ་འཁྱེར་མཁན་ཙམ་མ་ཟད་རིས་མེད་ཁ་ལ་འཁྱེར་མཁན་ཚོར་གློ་བུར་དུ་གཤེགས་རྐྱེན་འདི་འདྲ་འབྱུང་ངེས་དང་བྱུང་ཡང་ཡོད། མ་རིག་པའི་བུས་ང་ཚོར་ཞེད་སྣང་མ་སྐུལ་ལོ།
བོད་བསྐྱོད་བཅིངས་གྲོལ་དམག་བོད་དུ་སླེབས་དུས་ཡར་རྒྱས་དང་རོག་སྐྱོར་སོགས་ཀྱི་མི་སེམས་འགུལ་བའི་གླུ་དབྱངས་བགྱེར་བཞིན་སླེབས་པ་རེད། མཐའ་མ་བཅིངས་གྲོལ་ག་འདྲ་སེ་བཏང་སོང་བོད་མི་རིགས་ཀྱི་མིག་ལམ་དུ་ཡལ་མེད་པར་ཁྲ་ལམ་མེར་ཡོད་ཚོད་ཡིན། ད་དུང་དེའི་སྔ་རོལ་དུ་ས་བརྒྱུས་དང་མི་འབོར་ཞིབ་བཤེར་བྱེད་ཆེད་ཟི་ལིང་བཅོམས་པའི་རྒྱ་དངུལ་རྣམས་ཏཱ་ཡང་བཟོས་ཏེས་རྔ་མོང་ལ་བཀལ་ནས་མཆོད་ཡོན་ལ་ཁ་གཡར་ཏེས་སྐུ་དྲག་དང་དགོན་སྡེ་ཁག་འགྱེད་བརྒྱབས་པ་རེད། མཐའ་མ་བཅིངས་གྲོལ་བཏང་རྗེས་ཚང་མ་གཞུང་བཞེས་བཏང་བ་རེད། སྐབས་དེ་དུས་ཀྱི་བློ་མཐུན་པཎ་ཀྲང་ཡང་མི་ལོ་བརྒྱད་ལྷག་ཙམ་བཙོན་དུ་བཅུགས་པ་རེད་ལ་མཐའ་མའི་མཇུག་འབྲས་ཡང་གོང་དུ་རྩོམ་པ་པོས་གསལ་པོ་དག་པོ་བྱས་ནས་གསུངས་སོང་། དེས་ན་ལྷ་སྡེ་གནམ་ལོ་ཡག་གིས་གསུངས་པ་དེ་རང་རེད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་ལ་བདེ་སྐྱིད་གཅིག་ཡོད་ན་ཕྱི་ཐོན་དགོས་པའི་རྒྱུ་མཚན་ཡེ་ནས་མེད་ལ། མ་ཟད་རྩ་ཁྲིམས་ལ་དེ་འདྲའི་ཡིད་ཆེས་ཡོད་ན་ནང་ལ་བསྡད་ནས་མ་བརྩད་པར་ཅིའི་ཕྱིར་ལོ་ངོ་དྲུག་བཅུ་ལྷག་ཡུལ་བགྱར་བྱས་པ་རེད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་མར་ལེའི་རིང་ལུགས་མའོ་ཙེ་ཏུང་གི་དགོངས་པ་ཀྲུང་གོ་དབུ་བརྙེས་པ་ནས་དེ་རང་རེད།
མ་རིག་པའི་བུས་ཉོན་ཅིག ཨ་དཀོན་རིན་པོ་ཆེ་ནི་སྲོག་མདུན་ལ་བཤམ་སྟོན་བྱས་ནས་འགྲོ་མཁན་གྱི་སྐུ་གཤེགས་དཔའ་རྒོད་རྒན་བློ་བཟང་རྒྱ་མཚོ་ལྟ་བུ་ཞིག་ཡིན། དབུས་བོད་མའི་བསྒྲིག་འཛུགས་ཀྱི་དབུ་མའི་ལམ་པ་དག་ཀྱང་བྱ་སྒོང་སོགས་ཀྱིས་འཇིགས་སྐུལ་ལས་རྒྱལ་ཡོད། རང་ལུས་མེར་བསྲེགས་པ་ཚོས་མེ་ཡི་དཀྱིལ་ན་མཆོད་པའི་གླུ་དང་སྙིམ་པའི་གླུ་གཡང་སྙན་མོ་གྱེར་བཞིན་པ་བདག་གིས་མཐོང་ཐོས་བྱུང་། ཁྱེད་ལྟ་བུ་ཀླད་མེད་རྡར་མ་ཅིག་གིས་རང་གིས་འཇིགས་སྣང་དེ་སྐྱེས་བུ་ཀུན་ལ་ཡོད་སྙམ་པ་ནི། བདག་དགོད་ཁ་འཆོར་གི ལྐོག་གསོད་པར་སྐྲག་པའི་མིས་དབུ་མའི་ལམ་ཕར་ཞོག རང་བཙན་ཡང་རྒྱུ་འབྲས་གྱི་འབྲེལ་བ་ལས་མ་ཉམས་པ་ཅིག་རྩོད་མི་ཐུབ།
ཨ་དཀོན་རིན་པོ་ཆེ་ཡི་གཤེགས་རྐྱེན་ལ་མ་རིག་པའི་བུ་མ་མཐོང་བ་ཤིན་ཏུ་མང་། མ་རིག་པའི་བུར་ཨ་དཀོན་རིན་པོ་ཆེའི་སྐོར་གླེང་སློང་གི་ཐོབ་ཐང་མེད། ཁ་བརྡའི་དྲྭ་བདག་ལ་ཞུ་བགྱིར་མ་རིག་པའི་བུ་་་རིག་པའི་བུ་་མིང་ཅན་དོལ་ཚོགས་ཁྱི་ཚུགས་ཅན་འདིར་བོད་མི་དང་མཉམ་དུ་སྐད་ཆ་བཤད་པའི་ཐོབ་ཐང་མེད།
ཁ་བརྡའི་དྲྭ་བདག་ལ་ཞུ་བགྱིར་མ་རིག་པའི་བུ་་་རིག་པའི་བུ་་མིང་ཅན་དོལ་ཚོགས་ཁྱི་ཚུགས་ཅན་འདིར་བོད་མི་དང་མཉམ་དུ་སྐད་ཆ་བཤད་པའི་ཐོབ་ཐང་མེད།
# 174 རིག་པའི་བུ་ལགས་ཀྱིས་མཆན་བཏབ་པ།:
August 21st, 2013 at 6:08 AM
༼རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བརྟེན་ན་ངས་བོད་མིའི་གྲས་ནས་ཕུད་ཀྱི་ཡིན་གསུངས་མེད། དོལ་རྒྱལ་བརྟེན་མཁན་བོད་དོན་ལས་འགུལ་ལ་ཞུགས་མི་ཆོག་གསུངས་མ་སོང་། རྒྱལ་བ་རིན་པོ་ཆེའི་ཆོས་དད་རང་མོས་ཀྱི་རང་དབང་ལ་དོལ་རྒྱལ་ཚོགས་པས་གནོན་ཤུགས་སྤྲད་ན་ཏན་ཏན་ང་ཚོས་རྒྱལ་བ་རིན་པོ་ཆེའི་ཕྱོགས་སུ་ལངས་དགོས་པ་རེད། དོལ་རྒྱལ་དང་ལྷན་དུ་འབྲེལ་བ་བྱེད་དང་མི་བྱེད་དེ་ཡང་ཆོས་དད་མང་ཚོགས་ཁོ་རང་ཚོའི་འདོད་མོས་རེད། ཡིན་ན་ཡང་། རྒྱལ་བ་རིན་པོ་ཆེ་བླ་མར་རྟེན་མཁན་ཞིག་ཡིན་ན་བླ་མའི་བཀའ་ལ་མི་རྩི་མཁན་དང་ལྷན་དུ་ཆོས་ཀྱི་འབྲེལ་བ་བཞག་ན་ཡ་མཚན་པོ་རེད་བསམ།༽
སྐད་ཆ་འདི་ནི་བསམ་བཞིན་དུ་མཐུན་ཕྱོགས་བསྒྲིགས་པ་ལས་བདེན་པ་མིན་པ་འདོད། རྒྱལ་པ་རིན་པོ་ཆེ་དོལ་རྒྱལ་བསྟན དང་མི་བསྟན་གྱི་ཐོབ་ཐང་ཡོད་པ་བདེན་ཡང་། དེ་རྒྱུ་མཚན་དུ་བྱས་ནས་དོལ་རྒྱལ་བསྟན་མཁན་ཚོ་གྲ་ས་ནས་ཕུད་དེ་དགོན་པ་ལོགས་སུ་བཟོས་དགོས་དོན་མེད། དེ་ནི་ཆོས་ལུགས་དབྱེ་འབྱེད་རེད། བོད་གཞུང་ལྟ་ཅི་ཐ་ན་གཞུང་དང་འབྲེལ་བའི་ཚོགས་པ་ཁག་གིས་ཚོགས་མི་བསྡུ་ལེན་སྐབས་དོལ་རྒྱལ་དང་འབྲེལ་བ་མེད་པ་དག་འབུལ་བྱེད་དགོས། དེ་ནི་གྲངས་ཉུང་ཆོས་ལུགས་པ་མཐོང་ཆུང་རེད། རྒྱལ་བ་རིན་པོ་དགའ་མཁན་ཞིག་ཡིན་ན་ཁོང་ལ་རྒྱབ་སྐྱོར་བྱེད་དགོས་བ་བདེན་ཡང་། དེ་རྒྱུ་མཚན་དུ་བྱད་ནས་དོལ་རྒྱལ ཚོགས་པ་ཟིང་ཟིང་གི་འབྲེལ་བ་གཅད་པ་ནི་ཆོས་ལུགས་དབྱེ་འབྱེད་ཀྱི་ཀླ་ཀློས་བྱེད་ཐབས་རེད། བྱེད་ཐབས་བོད་ཀྱོ་མ་འོངས་བར་གནོད་ངེས་རེད།
ཁོས་ནམ་ཞར་རྒྱུན་དུ་ཆོས་དད་མེད་མདོག་བཤད་ནས་ཡོད། ཁོས་དོལ་འདྲེ་གསོ་གི་ཡོད་ས་རེད། གོ་སྐབས་ནམ་ཤར་ལ་༧གོང་ས་མཆོག་མཚན་སྨད་དང་དོལ་རྒྱལ་ཚོགས་པས་༧གོང་ས་མཆོག་ལ་ཁྲིམས་གཏུགས་བྱས་པ་ཁྲིམས་མཐུན་ཡིན་མདོག་བཤད་ཀྱི་ཡོད།
དྲྭ་བདག་རྣམ་པ་ཚོས་བསམ་བློ་ཡག་པོ་ཐོངས། ངའི་ལྟར་ན་མི་འདི་ལྟ་བུ་ལ་ཁྱོན་མི་འདུག འགྲེལ་བཤད་རྒྱབ་ན་གཡོལ་ནས་ལན་ཡོང་གི་མིན་འདུག
# 176 དྲན་དཀར་དཔལ་ཡོན་ Says:
August 21st, 2013 at 11:50 AM
ཁྱེད་ཚོས་ཁ་སངས་པོའི་ཐོག་ནས་སྐད་ཆ་བཤད་ན་བཟང་། གུང་ཁྲན་ལས་༧གོང་ས་མཆོག་ལ་སྡང་ཁུལ་འདྲ་བོ་བྱས་ཏེ་བསྡད་པ་ཡིན་ན། ང་དང་བོད་མིའི་ཁྱེད་ཚོའི་སྤྱོད་ལམ་ལ་བལྟ་དགོས་ཐུག་གི་རེད། མི་བསད་པའི་དོགས་གཞི་ཡོད་པ་དང་མེད་པ་གཉིས་མཚོན་ཐུབ་པའི་ཆེད་དུ། གདན་སའི་ནང་དབྱེ་བ་བྱས་པ་རེད། འདིའི་མིང་ལ་བོད་མི་ཡོད་དོ་ཅོག་གི་བཀུར་གནས་རྒྱལ་བའི་གསུང་རབས་འདུལ་བའི་ནང་ཆོས་དང་ཆོས་མིན་འབྱེད་པའི་ལས་ཅེས་འབོད་ཀྱིན་ཡོད། ཡོད་དོ་ཅོག་ནི་དོལ་རྒྱལ་ལ་མི་བསྟེན་པ་དང་བསྟེན་པ་ཡོད་དོ་ཅོག་ཟེར་གྱིན་ཡོད། ཨ་ཅང་ཅང་ཐབས་འདི་འདྲ་མེད་པ་ཡིན་ན་གྲྭ་བས་མི་བསད་སོང་ཟེར་ནས་སྤྱི་ཚོགས་ཐོག་སྐད་གྲགས་ཆོད་པ་རེད། གྲྭ་བས་མཚན་མཐོང་ཆག་པ་རེད་ལ་དགེ་ལྡན་པའི་མཐོང་ཡང་ཆག་པ་རེད། དགེ་ལྡན་པའི་མཚན་མཐོང་དོལ་རྒྱལ་བས་ཀྱང་མི་དགོས་ལབ་མེད། བྱས་ཙང་དགེ་ལྡན་པས་ཆོས་དང་ཆོས་མིན་འབྱེད་པའི་ལས་བྱས་པ་རེད། བྱུང་རབས་ངོ་མ་འདི་འདྲ་རེད།
བསམ་བཞིན་དུ་ལོག་འགྲེལ་རྒྱག་གིན་ཡོད་ན་ཁྱེད་རང་ཚོའི་འདོད་པ་རེད། དོགས་པ་རྣམ་རྟོག་ཡོད་ན་གང་ཤེས་ཤེས་བཤད་འདོད། དོལ་རྒྱལ་བ་ལ་ལྐུགས་རྟགས་དཔེ་མི་སྲིད་པ་ཅིག་ཡོད་པ་ནི་བོད་མི་ཚོར་ཞེད་སྣང་སྐུལ་བ་དང་། ད་དུང་༧གོང་ས་མཆོག་ལ་འཇིགས་སྐུལ་འདྲ་བོ་བྱས་བསྡད་པ་ཡིན་ན་ཁྱེད་རང་ཚོས་འབད་འབྲས་སུ་༧གོང་ས་མཆོག་མེད་པ་ཡང་ཆགས་སྲིད་ཀྱིན་རེད།
ཉི་མ་དེ་ཡང་བསྐྱར་ཤར་བ་ཡིན་ན། རིས་མེད་པ་ཕྱོགས་ཐམས་ཅད་ལས་རྒྱལ་བ་རེད་ལ་དོལ་རྒྱལ་རྗེ་འབྲང་རྣམས་ཚེ་ཚེ་རབས་སུ། བོད་མི་སྤྱི་བྱིངས་དང་ཁ་བྲལ་བ་རེད། ཆོས་དང་ཆོས་མིན་འབྱེད་པའི་ལས་ནི་དགེ་ལྡན་པ་སྤྱིའི་ཉམས་ལེན་གནང་བ་རེད་དེ།
འོན་གྱང་དོལ་རྒྱལ་རྗེས་འབྲང་བས་དེ་ལྟར་མི་བྱེད་པར་ལྐོག་གསོད་པའི་རྒྱུད་འཛིན་བྱེད་ཀྱིན་འདུག་ག། དེ་ལ་འཇིགས་ཉམས་གང་ཡང་མེད་པར་ལྐུགས་ཉམས་དོད་པོར་བདག་གིས་མཐོང་། གོང་དུ་བསམ་ཚུལ་གསུང་མཁན་གཅིག་བདག་གི་ངོ་ཤེས་གྲོགས་པོ་ཡིན་ན་ཕྱོགས་བསྒྲིག་པ་ལབ་ཆོག་མོད། ངས་དཀོན་མཆོག་དཔང་བཙུགས་བགྱིས་ནས་གཅིག་ཀྱང་ངོ་ཤེས་གྲོགས་པོ་མིན་ལབ་ཀྱི་ཡིན། ཁྱེད་ལ་ཡང་ཟེར་རྒྱུས་ཕངས་ནས་དེ་ལྟར་ལབ་པ་ཡིན་ན་རང་དགར་བྱོས་ཨ།
ཁྱེད་རང་ཆོས་ལུགས་ཀྱི་རྟག་མཐའ་ལྷུང་དྲགས་པས་བོད་ཀྱི་མ་འོངས་བར་གླེང་ན་དད་པ་ཡོད་དགོས་བ་འདོད་པས་རེད། ཆོས་ལུགས་ཀྱི་ཐད་སྤྱོད་འཁུར་ནས་གཞན་གྱི་སྨྲ་བརྗོད་འཕྲོག་མི་ཐུབ་ལ། ཁ་བརྡ་དྲ་རྒྱ་རུ་དད་པ་མཁན་ཁོ་ན་ཡོང་དགོས་བའི་ཆ་རྐྱེན་མི་འདུག དད་པ་མེད་ན་བོད་ཀྱི་མ་འོངས་བར་གླེང་མི་ཆོག་པ་རེད་དམ། ང་ལ་མཚོན་ན་མི་རིགས་དང་པོ་དང་། དད་པ་གཉིས་པ་རེད། ཁྱེད་ལ་མཚོན་ན་དད་པ་དང་པོ་ཡིན་པས་གོང་གི་ལྟ་སྟངས་དེ་བྱུང་བ་རེད། རྒྱུ་མཚན་མེད་པ་དད་པས་འཇིགས་སྐུལ་བཏང་བ་ནི་ཡ་རབས་ཀྱི་བྱ་བ་མ་རེད་ལ། ཤེས་བ་རྣལ་དུ་ཡོད་མཁན་ཞིག་གི་སྐད་ཆ་མིན་པས་རྩོད་འདོད་མེད།
ཆོས་པའི་རྟག་མཐའ་བ་ཁྱི་ཚུགས་ཅན་ཁྱེད་དངོས་གནས་ལྐོག་གསོད་པའི་མདུན་དུ་འཆི་བར་སྐྲག་གི་ཡོད་ན་སྲོག་མདུན་ལ་བསྟན་ནས་འགྲོ་མཁན་ཚོ་ཁག་གི་དཔའ་གཤིས་ལ་བཀའ་སློབ་གནང་ཁུལ་མ་བགྱིས། འདི་ནི་ཁྱེད་ཀྱི་གནས་བབ་ལས་བརྒལ་བ་རེད། ཁྱེད་ནི་གཞི་བྱེས་མཉམ་འཛོམས་ལ་འཇིགས་སྣང་སྐྱེས་ཀྱིན་འདུག་ན་རྒྱ་དང་མཉམ་དུ་འདུག་པར་སྐྲག་གིན་འདུག་ལབ་ན་དེ་ག་རང་རེད། ཕར་སྐོར་ཚུར་སྐོར་དེ་འདྲ་བྱ་དགོས་ཀྱི་མེད། མ་གཞི་ནས་དད་མེད་འདྲེ་མཆོད་པ་ཅིག་ཡོད་དམ།
དད་པ་མེད་པ་ཚང་མ་འདྲེ་ཡིན་ན་དད་པ་ཡོད་མཁན་ཚང་མ་གླན་པ་ག་ལ་མིན། ངས་ཁྱེད་ལ་སྒེར་དངོས་ནས་ཅི་ཡང་ལབ་ཀྱི་མེད་པས། ཁྱེད་ཀྱིས་ངའི་ཁ་རྣ་ལབ་པ་ནི་རྒྱུ་མཚན་མེད་པའི་དན་རྟགས་རེད། དེ་སྔོན་བྲན་དཔལ་གྱི་བློ་འདོན་བྱས་ཁྲི་རལ་ཕམ། མ་འོངས་བར་གླེང་ཁུལ་བྱས་ནས་གཞན་གྱི་སྨྲ་བརྗོད་འཕྲོག མི་ཚང་མས་ཁྱེད་ཀྱི་ཞེན་འདོད་ལྟར་གླེང་དགོས་བ་རེད་དམ།
ཁྱེད་རང་ཤི་ཡ་ཞེད་སྣང་མེད་ཀྱང་། བོད་པ་ཚང་མ་གཞན་གྱ྄ི་ལྐོག་ཇུས་འོག་ནས་ཤི་རུ་མ་བཅུག་རོགས། ཁྱེད་ལ་དད་པ་ཡོད་ཀྱང་། བོད་པ་ཚང་མ་རྨོངས་དད་འོག་ཏུ་མ་སྒྱུར་རོགས།
ཁྱེད་རང་ཉིད་ཀྱིས་དངུལ་འཚོལ་སྟངས་ལ་བསམ་བློ་ཐོངས། གཞུང་ལ་འདྲེ་ནང་བཞིན་སྡང་མདོག འདྲེ་དད་ལ་སྲུང་སྐྱོབས་ཡོད་མདོག མདོར་ན་སོ་སོ་རང་ཉིད་ངོ་ཤེས་པ་བྱོས། ཁྱི་ཚུགས་མ་དོད།
སོ་སོའི་བསམ་ཚུལ་གང་བཤད་ཀྱང་རང་དབང་ཡིན་ཡང་རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་པར་ཁ་ནས་གང་དོན་བྲིས་ནས་ཕ་རོལ་པོར་སྨྲ་འབེབས་བྱེད་པ་ནི་དྲ་འབུ་དེ་ཚོའི་ཁྱད་ཆོས་ཡིན་པར་མ་ཟད་རྣམ་དཔྱོད་ཀྱིས་དབུལ་བའི་སྐྱེ་བོ་དེ་ཚོའི་ཁ་ནས་སྐྱ་དྲི་ལས་དྲི་བསུང་ཐུལ་རྒྱུ་མེད། ཀུན་གཟིགས་ཐམས་མཁྱེན་པ་མཆོག་སྐབས་དེ་དུས་རྐྱེན་ཞིག་གི་འོག་སྐུ་གཤེགས་རྒྱུ་ཡིན་པ་ནི་ཁོང་ནས་མཁྱེན་ཡོད་ལ་སྐབས་དེ་དུས་ཁོང་ལ་གདམ་ཁ་དེ་རང་མེད། གདམ་ཁ་གཞན་དེ་ནི་རྒྱ་དམར་གྱི་བཀའ་བཞིན་བསྒྲུབ་རྒྱུ་དེ་ཡིན་ཞིང་དེ་ནི་ཁོང་གི་གནང་འདོད་གཏན་ནས་མེད། ཕྱི་ལོ་༡༩༨༩ ལོར་དེར་བོད་ལ་མཐའ་མ་ཕེབས་སྐབས་པད་ཅིང་ནང་བསྟན་སློབ་གྲའི་བླ་སྤྲུལ་རྣམ་པར་གསུངས་པའི་ཞལ་ཆེམས་དང་། པད་ཅིང་དུ་བཞུགས་པའི་བོད་རིགས་ལས་བྱེད་རྒན་གྲས་རྣམས་དང་། ཡུན་རིང་འགྲོགས་པའི་རྒྱ་རིགས་ལས་བྱེད་ཁག་གཅིག་ལ་མཇལ་དར་དང་སྐུ་པར་གནང་ནས་ད་ལན་ང་བོད་དུ་ཕེབས་རྗེས་ཡར་ལོག་ཐུག་མིན་ཆ་མ་འཚལ་བས་ཁྱེད་རང་ཚོ་སྐུ་གཟུགས་ལ་ཐུགས་བཅག་དང་། བོད་ཀྱི་དོན་དུ་རྒྱབ་སྐྱོར་དང་། ཕྱག་ལས་རྒྱུན་ཐུད་གནང་དགོས་པའི་བཀའ་སློབ་དང་། ལྷ་སའི་ཆོས་ཚོགས་སུ་བླ་སྤྲུལ་རྒན་གྲས་རྣམས་ལ་གལ་ཆེའི་བཀའ་སློབ་བསྩལ་ཅིང་། སྐབས་དེར་བླ་སྤྲུལ་མཁས་དབང་ཁག་གཅིག་ནས་ད་ལན་ཀུན་གཟིགས་མཆོག་གི་བཀའ་སློབ་དེ་ཡག་པོ་མིན་འདུག་ང་ཚོས་བརྟན་ཞུགས་ཤིག་ཕུལ་དགོས་ཞེས་ཐུགས་མཐུན་ནས་གདན་ས་བཀྲ་ཤིས་ལྷུན་པོར་བཅར་ནས་དེ་དོན་སྙན་གསན་ཞུས་ཀྱང་ཞལ་བཞེས་གནང་མེད་ལ་བླ་སྤྲུལ་རྣམས་ཐུགས་ཚབ་ནས་བཞུགས་སོང་། དེ་བཞིན་རྒྱ་ནག་ནས་བོད་དུ་མ་ཕེབས་གོང་ལ་གདན་ས་བཀྲ་ཤིས་ལྷུན་པོའི་བྱ་བྲལ་རིན་པོ་ཆེར་གདན་ས་རང་ལ་གྲ་སྒྲིག་གྲ་གང་རྒྱས་བྱོས་དེ་ལྟར་མ་བྱས་ན་གདན་སའི་དགེ་འདུན་པ་བགྲེས་པ་རྣམས་ཐུགས་ཕམ་ངེས་རེད། བདེ་ཆེན་སྐལ་བཟང་ཕོ་བྲང་ལ་་མཚོན་རྩི་གཏོང་བ་སོགས་གང་ཡང་བྱ་མི་དགོས་རྙིང་པ་གང་ཡིན་པ་དེ་རང་ལ་འཇོག་གསུངས་པ་དང་། དེ་བཞིན་དགོང་པ་མ་རྫོགས་པའི་སྔོན་དུ་བོད་ཆོལ་ཁ་གསུམ་གྱི་ལས་ཆེ་ཁག་རྣམས་ལ་དགོང་དྲོ་ཞལ་ལག་གཏོང་བ་གནང་ནས་གལ་ཆེའི་བཀའ་སློབ་བསྩལ་བ་དང་མི་རེ་ལ་སྐུ་པར་རེ་དང་། མཇལ་དར་རེ་གནང་ནས་ང་ཚོང་པ་རྒྱག་པ་མ་རྗེད་པ་བྱ་དགོས། ངས་བཤད་པ་རྣམས་སེམས་ལ་བཞག་ནས་བོད་སྤྱི་བའི་དོན་དུ་རང་སྲོག་བློས་གཏོང་གི་ལས་ཀ་བྱེད་དགོས་གསུངས་པ་དང་། དེ་བཞིན་བོད་ཁྱོན་ཡོངས་ནས་ཕེབས་པའི་བླ་སྤྲུལ་དགེ་འདུན་པ་རྣམས་ལ་དགོན་པ་འཛིན་སྐྱོང་དང་བཤད་སྒྲུབ་སློབ་གཉེར་བྱ་ཕྱོགས་སྐོར་སོགས་ལ་བཀའ་སློབ་ཟབ་རྒྱས་བསྩལ་ཅིང་། ལྷག་པར་སྤྲུལ་སྐུ་ངོོས་འཛིན་བྱ་ཕྱོགས་སྐོར་མ་འོངས་ལམ་སྟོན་གྱི་བཀའ་སློབ་གནང་ཡོད། ནམ་རྒྱུན་ཀུན་གཟིགས་མཆོག་ཡར་མར་ཕེབས་སྐབས་སྐུ་གཟུགས་ཡང་ཤ་དོད་པོ་ཡོད་ཀྱང་། སྐབས་དེ་དུས་ཕྱག་འཚལ་སྒང་ནས་ཕེབས་གྲོལ་བཤོལ་ནས་དགེ།འདུན་འདུས་པ་རྒྱ་མཚོའི་སེར་སྦྲེང་གིས་མངོན་བསུས་ཏེ་ཕེབས་སྐབས་སྐུ་བགྲེས་ཉམས་ཆེ་ཞིང་ཡང་སེ་ཞབས་གཏེགས་ཐོག་བཞུགས་ཏེ་སྐུ་ངལ་གསོ་བ་དང་། དགེ་འདུན་པ་སྐུ་བགྲེས་རྣམས་ལ་སྐུ་ན་ཆུང་ཆུང་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་གསུངས་པ་དང་། བླ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་སྒོའི་ཁྲིད་དེར་རྒྱུན་རིང་བཞུགས་ནས་སྐུ་ན་གཞོན་དུས་སྐོར་མང་པོ་གསུངས་སོང་། སྐབས་དེ་དུས་གདན་སའི་དགེ་འདུན་པ་རྣམས་ལ་ད་ལན་སྐུ་གདུང་བཀྲ་ཤིས་རྣམ་རྒྱལ་གྱི་མཛད་སྒོ་འདིར་ཚང་མས་ཡག་པོ་གནང་རོགས་རྗེས་སུ་མཛད་སྒོ་རྒྱས་པ་དེ་འདྲ་བྱ་དགོས་མི་ཡོང་གསུངས་པ་སོགས་གཞན་ཡང་མང་དུ་ཡོད་ཀྱང་ཚང་མ་འདིར་ཞུ་དགོས་དོན་མིན་འདུག ཀུན་གཟིགས་མཆོག་ཁོང་གཤེགས་རྒྱུ་ཡིན་པ་མི་མཁྱེན་པའི་བླུན་པོ་བདག་ལྟ་བུ་ཡིན་ས་མ་རེད་དྲ་འབུ་ལགས།
ཧཧ། མཁྱེན་བཞིན་དུ་དུག་བཞིན་དུ་འཐུང་བ་རེད་ཟེར། སུ་ཞིག་གི་རྣ་བར་འགྲོ། ཤེས་བཞིན་དུ་དུག་དྲངས་མཁན་མ་ཤེས་བ་ནི་བླུན་པ་ལ། རྫུན་བཤད་ན་ཅུང་གནས་ལུགས་དང་མཐུན་པ་ཤོད་དང་། བཤད་སྟངས་ཀྱང་ཤེས་ཀྱི་མི་འདུག གྲྭ་བས་རྫུན་བཤད་ན་ཉེས་བ་མ་རེད་དམ།
དུག་ཅིག་འཐུང་ན་བུ་རབས་ཚ་བོ་ཐམས་ཅན་དུག་ཅན་དུ་འགྱུར་འགྲོ་བ། རང་རིགས་ལ་སྡང་བ། སྤྱི་ཚོགས་དགྲ་བོ། སྤྱི་ཚོགས་ཀྱི་དཔའ་བོ་ལ་ངོ་གནང་བ། བུ་རབས་ཚ་རྒྱུད་ཀྱང་རང་རིགས་ཀྱི་དགྲ་བོ་འགྱུར་ཅིང་གཉའ་ནོན་པའི་ལག་ཆར་འགྱུར་བ། སངས་རྒྱས་བཅོམ་ལྡན་འདས་ལ་ངོ་གནང་དགོས་པ། འདི་དག་ནི་སྦས་གསང་མེད་པར་འབྱུང་ངེས་པའི་དུག་དེ་ལ་གཟབ་གཟབ། དགུ་རྫོགས་གནམ་དགུང་ཡིན་མིན་གྱི་སྐད་ཆ་མཚམས་ཞོག་ལ། དྲན་དཀར་གྱི་སྐད་ཆ་བཤད་མཁན་ལ་སེམས་དགའ་བ་བྱོས། བྲན་དཔལ་ལ་ཡང་དུངས་པ་མེད་མདོག་གིས་ཕན་མི་ཡོང་། དད་པ་ཡོད་ལ་མེད་པའི་རྒྱབ་སྐྱོར་གྱི་ཕན་མི་ཡོང་། གཞི་བྱེས་མཉམ་འཛོམས་ལ་རང་སེམས་ནས་འཇིགས་པ་མེད་པ་བྱོད། རིག་པའི་བུ་ལ་དགའ་ན་མ་རིག་པའི་བུ་ངེས་པ་གལ། དུག་རང་སྟེང་ནས་འཚོལ་ཅིག
བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་མི་མཁྱེན་མདོག་བྱས་ཀྱང་། མཁྱེན་ཡ་པ་གཞན་གྱི་ལྐོག་གསོད་དང་། དུག་གིས་གྲོངས་བ་ནི་རང་ཚང་ཕྱི་རོལ་ཏུ་བསྟན་པ་རེད། ད་སྡུག་སྨྲས་འདོན་ཡང་དད་པ་ཅན་ཚོ་བོད་མི་ཁུལ་ལ་དཔའ་བ་ལས། རྒྱ་ནག་མཐོང་དུས་ཉ་འདར་གྱིས་སྡད་ཅིང་། དབུ་མའི་ཁ་གཡག་ཁྱེར་ནས་ཏང་ལ་མགོ་བཏགས་བྱེད་རྐྱང་རེད། རྒྱ་ནག་གིས་གསར་བོ་གནས་ཚུལ་དེ་ཧ་གོ་ཡོད་ཅིང་། མ་འོངས་བར་གནད་ཡོད་མི་སྣ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ཐབས་ཤེས་ཀྱི་ལམ་ནས་གྲོངས་ངེས་རེད།
ནོར་བཅོས།
བོད་ཀྱི་བླ་སྤྲུལ་རྣམས་ཀྱིས་མི་མཁྱེན་མཁྱེན་ཁུལ་བྱེད་ཀྱང་། མཁྱེན་ཡ་མེད་པ་གཞན་གྱིས་ལྐོག་གསོད་དང་། དུག་གསོད་བྱས་བ་་ནི་རང་ཚང་ཕྱི་རོལ་ཏུ་བསྟན་པ་རེད། ད་སྡུག་སྨྲས་ག་ཚོད་འདོན་ཡང་དད་པ་ཅན་ཚོ་བོད་མི་ནང་ཁུལ་ལ་དཔའ་བ་ལས། རྒྱ་ནག་མཐོང་དུས་ཉ་འདར་གྱིས་སྡད་ཅིང་། དབུ་མའི་ཁ་ཡག་ཁྱེར་ནས་ཏང་ལ་མགོ་བཏགས་བྱེད་རྐྱང་རེད། རྒྱ་ནག་གིས་གནས་ཚུལ་དེ་གསལ་བོ་ཧ་གོ་ཡོད་ཅིང་། མ་འོངས་བར་གནད་ཡོད་མི་སྣ་ཚོ་མཉམ་ལས་བྱེད་ཁུལ་གྱིས་གཅིག་རྗེས་གཉིས་མཐུད་ཀྱིས་ཐབས་ཤེས་ཀྱི་ལམ་ནས་གསོད་ངེས་རེད།
བགྲོ་གླེང་ལྷུག་པོ་བྱུང་འདུག སྤྱིར་བླ་སྤྲུལ་ཚོར་མངོན་ཤེས་ཡོད་མེད་བརྗོད་གཞི་གཞན་ཞིག་རེད། འདིར་གླེང་བཞིན་པ་ནི་ལྐོག་གསོད་ཀྱི་དོན་རྐྱེན་ཡ་ང་བ་ཞིག་རེད་ལ། བྱུང་ན་ཁྲིམས་གཏུག་སོགས་བྱེད་ཐབས་སྣ་མང་གིས་ལྐོག་གསོད་གཏོང་མཁན་ས་རིས་ཐང་གསལ་དུ་གཏོང་རྒྱུ་དང་། མ་བྱུང་ནའང་དོན་རྐྱེན་འདི་ལས་བསླབ་བྱ་བླངས་ནས་མི་རབས་འདི་ནས་འདི་ལྟའི་གཡོ་འོག་ཏུ་མི་ལྷུང་བ་བྱེད་རྒྱུ་ནི་ལྡོག་མེད་ཀྱི་ལས་འགན་ཞིག་མ་རེད་དམ།
དུག་གི་སྐོར་ནས་རེད། སྐབས་དེར་དུག་ཁབ་བཀོལ་འདུག དུག་ཁབ་དེའང་ཆུང་ཞིང་ཁབ་སྣེ་རུ་དུག་བསྒོས་ཡོད་པ་ཞིག་རེད་ལ། སྒོས་སུ་སྐུ་འཁྲིས་ཀྱི་སྨན་པས་ཁྲག་ཤེད་ལ་བརྟག་པ་སོགས་ཀྱི་གོ་སྐབས་བརྒྱུད་ནས་དུག་གཏོང་ཐུབ་ཀྱི་ཡོད་ཅིང་། དབུ་ཁྲིད་རིམ་པའི་མི་སྣར་ཉུང་མཐར་ཉིན་རྒྱུན་བརྟག་དཔྱད་ཐེངས་གཅིག་བྱེད་ཀྱི་ཡོད་པ་རེད། སྐབས་ཐོག་དེར་ཕ་རོལ་བོར་ཚོར་བ་མི་ཡོང་བའི་ཁྱད་ཆོས་ཅན་གྱི་དུག་རིགས་ཤིག་དང་། དེ་བཞིན་ཞིབ་འཇུག་གིས་དམག་གི་སྨན་ཁང་ཞིག་ནས་གསར་བཟོ་བྱས་པ་ཞིག་རེད་ལ། ནད་རྟགས་ལ་སྙིང་གི་ན་ཚ་མངོན་གྱི་ཡོད་པ་རེད། དེ་མ་གཏོགས་སྲོལ་རྒྱུན་ལྟར་དུག་དེ་ནི་འཐུང་ཡ་ཙམ་གཏན་ནས་མ་རེད། ཞིབ་རྒྱས་དེབ་ནང་ཡོད།
རིག་པའི་བུ་ཟེར་བ་དེ་ཕྱོགས་ལྷུང་གདོན་གྱིས་མྱོས་ཤིང་བདེན་དོན་འབྱེད་པའི་རྣམ་དཔྱོད་ཀྱི་དྲི་མས་དབེན་པ་ཞིག་རེད་འདུག་པས་བུང་བུ་ལ་མི་སྐད་བཤད་ཀྱང་དགོས་པས་སྟོང་པར་མ་ཟད་བུང་བུ་གཟིམ་ཆུང་དུ་འཚང་ན་གཟིམ་ཆུང་སྐྱག་པས་བརྒྱང་རྒྱུ་ལས་ཅི་ཡོད།
མཁྱེན་པ་མེད་པའི་བདེན་དཔང་ཕྱི་རོལ་ཏུ་ཐོན་ཡང་ད་དུང་ཨུ་ཚུགས་བྱེད་པ་ནི། ཆོས་དུག་དང་དད་དུག་གིས་ཕོགས་པའི་དན་རྟགས་ཡིན་པས། མི་འདི་ཚོས་ནམ་ཡང་བདེན་པ་མཐོང་མི་ཐུབ་ཅིང་། གཞན་གྱི་བྲན་གཡོག་ཡིན། མི་ཚེ་འཚོ་བའང་བྲན་གཡོག་ལས་མེད་པས་འཇིག་རྟེན་དུ་ཡོང་བར་བདེན་པའི་འགོག་ཆེད་ལྟ་བུ་ཆགས་པས་མི་རིགས་ཤིག་ལ་མཚོན་ན་གོ་རྟོགས་སེལ་བའི་འགོག་རྐྱེན་རེད།
བཀྲ་ཤིས་ལྷུན་པོར་ཡོད་པའི་སྐུ་གདུང་དེ་དམར་གདུང་ངོ་མ་ཡིན་པས་དེ་ལ་དེང་རབས་སྨན་རིག་པས་ཞིབ་འཇུག་བྱས་ན་དུག་བཏང་ཡོད་མེད་ཤེས་རྒྱུ་རེད། ཁྲིམས་ཐོག་ལ་སྐྱེལ་བསམ་ན་ཐོག་མར་སྐུ་གདུང་ལ་བརྟག་དཔྱད་ཆོག་པ་ཞིག་ཁྲིམས་ཐོག་ལ་སྐྱེལ་ཐུབ་དགོས་པ་འདུག
སྤོབས་པ་ལགས་ཀྱི་དགོངས་ཚུལ་ཧ་ཅང་གི་ཡག་པོ་འདུག དོན་དག་གཉིས་ལ་མཉམ་འཇོག་གནང་དགོས་ཀྱི་འདུག ༡ སྐུ་གཤེགས་པའི་སྐབས་ཐོག་དེར་རྒྱ་དམར་སྨན་པ་ཚོས་སྐུ་གདུང་གི་ཕྱི་ནང་གཉིས་ཀར་བཀྲུ་བཤལ་བཏང་ཡོད་པ་རེད། བཀྲུ་བྱེད་ཀྱི་སྨན་ཆུར་ནུས་པ་ཅི་ཞིག་ཡོད་མེད་གསལ་ཁ་བཏོད་ཐབས་མི་འདུག ༢ ཕྱི་ལོ ༡༩༩༦ལོར་པཎ་ཆེན་རིན་པོ་ཆེ་ཡི་ཕ་སྤུན་ནམ་མ་སྤུན་གང་རུང་ཡིན་པའི་གཡེར་གཤོངས་ཆོས་པ་ཚང་གིས་བིས་མདོ་དགོན་ཆེན་ནས་པཎ་ཆེན་རིན་པོ་ཆེ་ལ་རྗེས་དྲན་མཆོད་རྟེན་བཞེངས་པ་འགྲུབ་རྗེས་གྲོངས་ཡོད་པ་རེད་ལ། ནད་རྟགས་རིན་པོ་ཆེ་དང་གཅིག་པ་རེད། དོན་དག་དེ་སྐུ་གདུང་དང་འབྲེལ་བ་ཡོད་པར་སྣང་།
དགོངས་པ་རྫོགས་སྐབས་སྐུ་གདུང་ནག་པོ་གྱུར་པ་དང་། སྐུ་གྲོད་ངོས་དུ་ཨེ་ཁུང་ཆེན་པོ་ཞིག་ཡོད་པ་དང་དེ་བརྒྱུད་ནས་སྐུའི་ནང་ཆ་ཚང་མ་བཀྲུས་ཡོད།
རིག་པའི་བུ་ལྟ་བུ་རྨོངས་པ་གཏི་མུག་གླང་་རྒན་ཁྱེད་ལ་མི་སྐད་བཤད་ཀྱང་མི་གོ་མ་གཞི་ཁྱོད་ལ་ཀུན་གཟིགས་མཆོག་གི་མཛད་པར་འགྲན་པའི་ནུས་པ་ཅི་ཡོད་རྫིག་པོ་ཡོད་ན་མིང་དང་གདོང་པ་དངོས་གནས་སྟོན་དང་། གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་ཆོག དེ་་ལྟར་བྱེད་པའི་ནུས་་པ་མེད་ན་གསང་རས་འོག་གི་རྒྱ་དམར་གྱི་རྒྱུགས་ཁྱི་དང་རང་མི་རིགས་ལ་སྡང་བའི་ཁྱི་རྒན་རང་ཡིན།
རིག་པའི་བུ་ཁྱེད་རང་ལ་ངས་གསལ་པོ་བྱས་ནས་བཤད་ཡོད། བདེན་པ་ཡོད་ན་གདོང་དང་གདོང་དང་མིང་དངོས་ཤོད་དགོས་དེ་ལྟར་བྱེད་པའི་སྤོབས་པ་མེད་ན་ཁྱེད་རང་གི་ཁ་ནས་བཤད་པ་ཚང་མ་བདེན་དཔང་སུས་བྱེད། བདེན་དོན་ཤོད་པའི་ནུས་པ་ཡོད་ན་ཤོག་དང་ང་གྲ་སྒྲིག་ཡོད།
ཁྱེད་ལ་དེ་འདྲ་བློ་ཁོག་དང་པན་ལ་དགའ་ཞེན་ཡོད་ན་རྒྱ་ནག་ལ་སྙིང་ནད་གསོད་དང་། པན་ཆེན་བླ་མ་གསོད་མཁན་ང་མིན། ངས་བཤད་པ་ནི་མི་ཚོས་བསམ་པ་ནང་བཞིན་པན་ལའང་མཁྱེན་པ་མི་འདུག དགྲ་ཡི་དུག་འོག་ལས་གྲོངས་བ་དེས་གསལ་བཤད་བྱས་འདུག་ག མཁྱེན་པ་ཡོད་ན་གཞན་གྱི་གཡོག་འོག་ཏུ་གྲོངས་དགོས་དོན་མི་འདུག་ག
དང་པོ་ཁྱེད་རང་ལ་བདེན་པ་ཡོད་ན་མར་དོན་ཤོག་ཀུན་གཟིགས་མཆོག་རྒྱ་མིས་བཀྲོངས་པ་དངོས་གནས་རེད། ཁྱེད་རང་ལ་བདེན་པ་ཡོད་ན་གཡོལ་དགོས་དོན་ཨེ་ཡོད་ངས་གོང་དུ་ཞུས་པ་བཞིན་དངོས་མིང་དང་དངོས་གདོང་སྟོན་ཤོག་ང་ཚོ་གཏུགས་ཆོག་གི་རེད།
ངས་རྒྱ་མིར་མ་གཏུགས་སྔོན་ལ་བོད་པ་རྒྱ་མི་ཁྱོད་ལ་གཏུགས་ངེས་ད་དོན་ཤོག་ང་དོན་ཡོད།
ངས་ཁྱེད་རང་ལ་གསལ་པོ་ལབ་ཡོད་བདེན་པ་ཡོད་་ན་་མིང་དངོས་དང་གདོང་པ་དངོས་སྟོན་ནས་ང་ཚོ་གཏུགས་ཆོག་གི་རེད། ཨ་ཞང་རྒྱ་མིའི་ཕོག་ཟན་ཡིན་ན་ལས་མིང་དང་གདོང་ཡིབ་དགོས་དོན་ཨེ་ཡོད་ད་དོན་ཤོག་སྐྱག་ཤོར་ཁྱོད།
རིག་པའི་བུ་ཟེར་བ་དེ་རྒྱུ་མཚན་ཡོད་པའི་བསམ་ཚུལ་སྣེ་གཅིག་བཤད་རྒྱུ་མེད་པར་དོན་མེད་བོད་མིའི་བསམ་པའི་གཙོ་འཛིན་རྣམས་ལ་སྒྲོ་བསྐུར་བྱ་རྒྱུ་དེ་དམིགས་དོན་གཙོ་བ་དེ་རེད་འདུག་དེར་བརྟེན་ཁོ་པ་ཙག་ཙིག་ཟས་ལ་རྔམ་པའི་རྒྱ་ཁྱི་ཁྲུལ་མེད་ཅིག་རེད།
རྒྱ་གཞུང་གིས་པཎ་ཆེན་བླ་མ་བཀྲོངས་པའི་ཞེ་ནད་ལས་རྒྱ་ཁྱིའི་བྱ་སྤྱོད་ལ་ཞེ་འཁོན་ཆེ་བ་ཡོད།གང་ཡིན་ཟེར་ན་རྒྱ་གཞུང་ནི་བོད་ཀྱི་མི་རིགས་དང་།རྒྱལ་ཁབ།ཆོས།རིག་གནས་བཅས་ཚང་མའི་དགྲ་ཟླར་སྔར་ནས་གྲུབ་ཟིན་པས་ཧང་སངས་དོན་མེད།དེ་བས་བོད་རིགས་སྤུན་ཟླ་ཞིག་གིས་རང་གི་མི་རིགས་དང་།རྒྱལ་ཁབ།ཆོས།རིག་གཞུང་བཅས་ཀྱི་དགྲ་ཟླར་ལངས་པ་ནི་ཅི་འདྲའི་གླེན་པ་དང་ཅི་འདྲའི་འཁོན་འཛིན་སྐྱེས་འོས་པ་ཞིག་མ་ཡིན་ནམ།རིག་པའི་བུ་རུལ།
སྤྲེལ་ལད་མ་བྱེད། བོད་ནས་ཡོད་ན་ཁྱེད་ཚོས་རྒྱ་ནག་ལ་སྤྲེལ་ལད་བྱས་ཏེ་གོང་མཆོག་ལ་རྒྱབ་འགལ་བྱེད་མི་རེད། ལ་རྒྱལ་ཡོད་ངོ་མ་བྱེད། རང་ཉིད་དང་ལྟ་བ་མི་མཐུན་མཁན་ཀུན་རྒྱ་མིའི་རྒྱུག་ཁྱི་ཡིན་ན་ཁྱེད་གཉིས་སྤྲེལ་ལད་ཀྱི་བདག་པོ་རེད། གང་ནས་ཁ་ཕན་རེག་ན་དེ་ལ་སྤྲེལ་ལད་བྱེད་ཡ་རྙིང་པ་ཚོའི་ཁྱད་ཆིས་གཅིག་རེད། རྒྱུ་མཚན་གཅིག་ཀྱང་མེད་པ་ངན་སྨྲས་བྱེད་པས་ཅི་ལ་ཕན། བླ་མ་རྣམས་ལ་རྣམ་མཁྱེན་ཡོད་པ་འདོད་ན་པཎ་ཆེན་ཆུང་སྲིད་སྟོན་ཤོག དེ་ནས་སྐད་ཆ་བཤད་དགོས།
པན་ཆེན་ཆུང་གང་དུ་ཡོད་མེད་སྟོན་དང་། བསྟན་ཡ་གཅིག་ཀྱང་མེད་པ་མཁྱེན་པ་ཡོད་པ་སྒྲུབ་པ་ནི་མི་རིགས་ལམ་ལོག་ཏུ་ཁྲིད་བྱེད་རེད། མགོ་སྐོར་མ་བཏང་། ཐུགས་རྗེ་ཆེ། བོད་མི་ལ་མགོ་སྐོར་མ་བཏང་། རང་གི་ཞེན་འདོད་སླད་དུ་གཞན་ལ་མགོ་སྐོར་མ་བཏང་།
ཁྱི་ཚུགས་ཅན། ལོག་པའི་དྲི་བ་རང་རེད། འདྲི་ན་རྒྱ་གཞུང་ལ་དྲིས་ཤིག རྣམ་མཁྱེན་མེད་པའི་གུང་ཁྲན་ལ་དྲི་ན་འགྲིག་ག
ཁྱི་ཕྲུག་གི་འདི་རང་གི་ཕ་མ་ལ་དྲིས་ན་ཡག་ག
མགོ་སྐོར་མཁན་འདི་ཚོ་སྐྱག་པ་བསྔོགས་ན་དྲི་མ་ལས་མེད་པས། སྐྱག་དྲི་དེ་ནི་མི་ཆོས་བླ་མའི་ཆོས་རྫུན་མ་རེད་དམ། དད་པའི་ཆེད་དུ་ཆོས་དང་འགལ་ཞིང་། ཞེན་ཁོག་ཆེད་དུ་དྲང་བདེན་དང་འགལ་བས་ཁ་བརྡ་དྲ་བར་སྐྱག་པ་མ་བཏང་རོགས་ཞུ། དྲ་གྲོགས་ཚང་མ་སུན་བྱེད་ལས་ཁྱེད་ཀྱ྄ི་སྐད་ཆ་དེ་ཡིས་ཕན་ཐོགས་མེད། ཁྱེད་ཀྱིས་ང་ཁྱི་ཕྲུག་ཟེར་ཡང་དོན་དངོས་ཁྱེད་ལ་རྒྱུ་མཚན་མེད་པས་ཁྱེད་རང་དེ་ལྟར་འགྱུར་ཞིང་། དེ་ལྟར་འགྱུར་བ་མ་འཚོར་བ་ནི་ཅི་འདྲའི་བླུན་པ་ལ། སྙིང་རྗེ།
སྨོན་ལོག་པ་ཁྱེད་ཀྱི་བོད་པར་འདྲི་དགོས་པ་དང་རྒྱ་གཞུང་ལ་འདྲི་དགོས་པའི་རིགས་ཀྱིས་མི་གོ་མདོག་རྫུན་རེད། ཁྱི་ཕྲུག་རེད་འདུག་ག
རིག་པའི་བུའི་མིང་ཅན་དེ་རང་ཅག་ཁ་བ་གངས་ཅན་གྱི་ལེགས་པའི་ཆ་ཐམས་ཅད་ལ་བདོ་བའི་རྒྱ་དམར་གྱི་རྒྱུག་ཁྱི་གསོན་པོ་ཞིག་རེད། གནས་ལུགས་དང་རྒྱུ་མཚན་ཡོད་ན་མདུན་དུ་དོན་དང་དགའ་བསུ་ཡོད། མི་ངན་དེ་རྒྱུན་རིང་ནས་བོད་ཀྱི་རིག་གཞུང་ལ་ཞེན་པ་ལོག་པའི་ཐན་བྱ་ཞིག་ཡིན་པ་ནི་ཁོ་བས་ཡུན་རིང་ནས་སྨྱོ་ལབ་ཁོ་ན་བཤད་ནས་བསྡད་སོང་།
དད་པ་དང་ཞེན་ཁོག་གཅིག་བུས་གོ་མི་ཚོད། སློབ་སྦྱོང་མང་ཙམ་བྱོས་ནས་གནས་ལུགས་དང་མཐུན་པའི་སྐད་ཆ་བཤད་ཡ་ལས། ཁ་བརྡ་དྲ་བ་འཁྲུག་པ་རྒྱག་ས་མ་རེད། ལྷག་པར་དུ་དད་པ་ཡོད་མདོག་བསྟན་པ་ནི་གླན་རྟགས་ཆེ་བས་རེད། གླན་པ་ཞིག་སྤྱང་པོ ཆགས་དགོས་ན། སློབ་སྦྱོང་མང་ཙམ་བྱོས། ཉམས་མྱོང་མང་ཙམ་གསགས། ཐོས་རྒྱ་དང་མཐོང་རྒྱ་མང་ཙམ་བྱོས།
མ་རིག་པའི་བུས་ཉོན་ཅིག ཁྱོད་ཀྱིས་ཅི་བཤད་ན་ཁྱི་ཚུགས་ཅིག་འདུག སློབ་སྦྱོང་མང་ཙམ་བྱས་ནས་འདི་ལྟར་འདུན་པ་དང་སྨོན་ལམ་ལོག་པར་གྱུར་སོང་བ་རེད་དམ
ེདེབ་འདི་ལྷན་རྒྱས་ནས་བསྐྱར་དུ་ཀློག་དགོས་པར་སྣང་།