ཨཱཙཱརྱ་ཨག་ལོད་ཀྱིས།
སངས་རྒྱས་ཟེར་བའི་ཞིང་པ་རྒད་པོ་ཞིག་ཡོད། འདི་ལོ་ཁོང་ལོ་བརྒྱད་ཅུ་གྱ་ལྔའི་ལོ་སྐག་རེད།ད་བར་ཁོས་རང་ཉིད་ཀྱི་གྲོང་གསེབ་ཏུ་ཞིང་ལས་ཁོ་ན་བྱས་ནས་བསྡད་པ་ལས་གཞན་གང་ལ་ཡང་བསྐྱོད་མྱོང་མེད།ཡིན་ཡང་ནམ་རྒྱུན་ཁོས་གྲོང་མི་རྣམས་དང་ལྷག་པར་གྲོང་གསེབ་དེའི་བྱིས་པ་ཚོར་ཁོས་མ་ཕྱིན་པའི་གནས་མེད་ལ། མ་ཤེས་པའི་ཤེས་བྱ་ཡང་དེ་བས་མེད་ཅེས་རང་ཉིད་སངས་རྒྱས་དངོས་ཡིན་ཁུལ་བྱེད། ཉིན་ཞིག་ཁོས་སྐ་རགས་བཅིངས་མི་ཤེས་པའི་རང་གི་ཚ་བོ་ཆུང་ཆུང་སྣབས་ལུད་པ་དེ་ཁྲིད་ནས་པོ་ཏ་ལ་མཇལ་བར་ཕྱིན། གནམ་གཤིས་ཧ་ཅང་ཚ་ལ་ལམ་ཐག་ཀྱང་རིང་བས་ཡུར་རྐ་ཞིག་གི་ཟུར་དུ་ཆུ་བཏུང་ཞོར་ཏོག་ཙམ་ངལ་གསོ་བརྒྱབ། གློ་བུར་དུ་ཚ་བོས་སྤོ་བོ་ལགས་ཁྱེད་རང་ལྷ་སར་ཕེབས་མྱོང་ངམ་ཞེས་དྲིས། སྤོ་བོ་ལགས་ཀྱིས་ངས་ཐམས་ཅད་ལ་ཕྱིན་ཡིན་ལབ་མ་སོང་ངམ་ཞེས་སྐད་ཤུགས་ཆེན་པོས་ལན་བཏབ། སླར་ཡང་ཚ་བོས་འོ་ན་ལྷ་སའི་སྐོར་ཐམས་ཅད་ཤེས་ཀྱི་ཡོད་དམ་ཞེས་མུ་མཐུད་དྲིས། སྤོ་བོ་ལགས་ཀྱིས་སྔར་ལས་སྐད་ཤུགས་དང་ངར་ཤུགས་ཆེ་བའི་སྒོ་ནས་ཤེས་དང་ཤེས་ང་སངས་རྒྱས་མ་རེད་དམ་ཞེས་གཤེ་གཤེ་དང་སྦྲགས་ནས་ལན་དུ་བཏབ།
མུ་མཐུད་ནས་ཚ་བོས་དེས་ན་པོ་ཏ་ལའི་དཀྱིལ་ན་ག་རེ་ཡོད་དམ་ཞེས་དྲིས། སྤོ་བོ་ལགས་ཀྱིས་བསམ་བློ་ཏིལ་འབྲུ་ཙམ་ཡང་མ་བཏང་བར་པོ་ཏ་ལའི་དཀྱིལ་ན་ཇོ་བོའི་སྐུ་བརྙན་གཉིས་བཞུགས་ཡོད་ཅེས་ཏབ་ཏོབ་པོར་ལན་བཏབ། ཚ་བོས་ག་ལེར་སྤོ་བོ་ལགས་ཀྱི་མདུན་ལམ་བཀག་ནས་འདི་ལྟར་ཞུས། སྤོ་བོ་ལགས་ཁྱེད་རང་སངས་རྒྱས་རྫུན་མ་རེད་འདུག གང་ལ་ཞེ་ན། པོ་ཏ་ལའི་སྐོར་ཐམས་ཅད་ཤེས་ཀྱི་མི་འདུག པོ་ཏ་ལའི་དཀྱིལ་ན་ཏ་ཡོད་པ་ལས་སྐུ་བརྙན་མེད། དེ་ཡང་ཇི་ལྟར་ན། ཡི་གེ་པོ་དང་ལ་གཉིས་ཀྱི་དཀྱིལ་ན་ཡི་གེ་ཏ་མིན་འདུག་གམ་ཞེས་ཁ་གསལ་བཀྲལ་པས་སྤོ་བོ་ལགས་ཧང་སང་བ་མ་ཟད་ངོ་ཚས་ངོ་གདོང་ཡང་དམར་པོར་ཆགས། གྲོགས་པོ་ཆུང་ཆུང་ཚོ། ཁྱེད་རང་ཚོའི་ཀླད་པ་ཡང་བྱིས་པ་ཁོང་དང་འདྲ་བའི་སྤྱང་གྲུང་འཛོམས་པོ་ཡོད་པས་ངེས་པར་དུ་བདེ་སྤྱོད་ཡག་པོ་གཏོང་དགོས། མ་ཟད་ཕ་མ་སོགས་ཀྱིས་ཀྱང་རྒྱུན་གཏན་ནས་བྱིས་པའི་དྲི་བ་ལ་སྣང་ཆུང་གཏན་ནས་གཏོང་མི་ཉེན། །
སརྦམངྒལཾ། །
ཧ་ཧ། འདི་སྔོན་དགེ་རྒན་ཞིག་གིས་སློབ་ཕྲུག་ཚོར་འདི་ལྟར་དྲིས་པ་རེད།
སློབ་ཕྲུག་ཚོ། ངས་དྲི་བ་ཞིག་བཏང་གི་ཡིན། ལན་ཡག་པོ་རྒྱབ་ཨ། ཡང་དག་བླ་མའི་མགོ་ལ་ག་རེ་ཡོད་བ་རེད། སློབ་ཕྲུག་ཁ་ཤས་ཀྱི་སྐྲ་ཡོད་བ་རེད་ལབ། དགེ་རྒན་གྱིས་མ་རེད་མ་རེད། ཡང་ཁ་ཤས་ཀྱི་ཙུག་ཏོར་ཡོད་བ་རེད་ལབ། དགེ་རྒན་གྱི་མ་རེད་མ་རེད། ཡང་ཁ་ཤས་ཀྱི་ཞྭ་མོ་ཡོད་བ་རེད་ལབ། དགེ་རྒན་གྱིས་མ་རེད་མ་རེད། ཐར་དགེ་རྒན་གྱི་ སྐྱེ་བ་ཀུན་ཏུ་ཡོད་བ་རེད། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང། གསུང་གི་མི་འདུག་གས་གསུངས་པ་རེད འདི་དང་འདྲ་བོ་འདུག
ཡིན་ཀྱང་ཁ་བྱང་འདི་ཡག་པོ་མི་འདུག གོ་ནོར་ཐེབས་ཉེན་འདུག
ཡང་ན་འདི་ལྟར་དགོས་འདུག སངས་རྒྱས་རྫུས་མ་དང། པོ་ཏ་ལའི་སྒྲུང།
ཐུགས་ཆེ། ད་དུང་།
ཚ་བོ་སྣབས་ལུད་པ་དེས་པོ་དང་ལའི་དཀྱིལ་ན་ག་རེ་ཡོད་དམ་ཞེས་དྲིས་པ་ཡིན་འདུག