གཅན་བཟོད་རྒྱམ།
ཕྱོགས་བཅུ་ག་ལེ་ཚང་གི་ཞིང་ནང་ན།།
དེ་དག་རྒྱ་ཆེར་ཚང་གི་བོང་བུ་ཡོད།།
བྱང་ཆུབ་སེམས་དཔའ་སོང་ལ་གཏོད་ལ་ཤོག།
སངས་རྒྱས་སྲས་ཀྱིས་རིག་ན་ངོ་རེ་ཚོ།།
ང་ལོ་བདུན་བརྒྱད་ཀྱི་བན་ཆུང་ཡིན་སྐབས་བཟང་སྤྱོད་སྨོན་ལམ་བློ་འཛིན་བྱས་པ་ ཡིན། དེ་དུས་ང་ཚོའི་དགོན་པའི་བན་ཆུང་མང་པོས་འདི་འདྲ་ཞིག་ཁ་ནང་དུ་གཤགས་བསྡད་འདུག སུ་ཞིག་གིས་བསླབས་པ་དང་དཔེ་ཆ་གང་ཞིག་ལས་བསམ་བཞིན་དུ་བློར་འཛིན་བྱས་པ་ནི་མ་ རེད།
ཧཧཧ ཨ་རོ་གཅན་བཟོད། ཁྱེད་ཚོའི་སྡེ་བའི་ཨ་ཁུ་ཆ་བོས་དི་མོ་དག་དག་འདོན་ནི་ཨེ་རེད།
དི་ཟེར་ན། ངས་ཡང་ཅིག་དྲན་དང་ཐ།
ཆུང་ཆུང་ཡིན་དུས་ཤིག་ལ། དགོན་པའི་ཨ་ཁུ་འགའ་ཞོག་ངེད་ཚང་ལ་ཅིག་འདོན་གི་ཡོང་ཐ། ཉི་མའི་ཕྱི་དྲོ་མཚམས་ཤིག་ལ། རྔ་སྦུབ་ཌ་དྲིལ་དང་བཅས་ཏེ་ཆོམ་ཆོམ་ཤིག་ཤིག་ངང་འདི་འདྲ་ཤིག་འདོན་པ་གོ་བྱུང་།
དཔའ་མོ་རྒྱ་དེ་ག
རྙིང་མོ་རྒྱ་དེ་ག
ཀླུ་མོ་རྒྱ་དེ་ག
དགོན་པ་རྒྱ་དེ་ག
ཟེར་ནས་ཅིག་འདོན་པ་གོ་སོང་
རྗེས་སུ་དཔེ་ཆའི་ནང་བལྟས་དུས་།
ལྷ་མོ་བསྐང་བ་ཟེར་བ་དེ་རེད་འདུག
དེའི་ནང་ན་
མ་གཅིག་དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་་་་ཟེར་བ་སོགས་མང་པོ་ཞིག་ཡོད་པ་དེ་ཚོ་འདོན་གི་ཡོད་པ་འདྲ།
ཡང་ངས་ཁྱོད་ལ་གཞན་ཞིག་འདོན།
སངས་རྒྱས་ཀུན་ལ་རྐུན་མ་རེད།།
དྲང་སྲོང་ལྷ་མོ་བདེན་པ་རེད།།
བྱང་ཆུབ་སེམས་དཔའ་གནམ་ལ་བཏགས།།
ཉན་ཐོས་ཡར་རྒྱུགས་མར་རྒྱུགས་བྱས།།
ཅི་འདྲ་རེད།
འདྲ་པར་དེ་ཁྱོད་རང་རེད་དམ། གལ་ཏེ་མིན་ན་ཁྱོད་ལ་དེའི་བདག་དབང་ཡོད་དམ།??????
ཁ་བ་ཅན་ལགས། འདྲ་པར་འདི་ང་མ་རེད་ལ་ང་ལ་དེའི་བདག་དབང་ཡང་མེད། གལ་སྲིད་འདིའི་བདག་དབང་ངམ་ཆོག་མཆན་ཁྱོད་ལ་ཞུས་ཆོག་ན་དེ་ལྟར་བཀོད་པ་ཆོག་པ་ཞུ། ངས་ནི་གྷོ་གྷོལ་དྲ་བས་ལས་བཏུས་པ་ཡིན་ལ། གྷོ་གྷོལ་དྲ་བ་ལས་བཏུས་པའི་འདྲ་པར་སྟོང་ཕྲག་ལོང་བ་ཉེར་ཚགས་བྱས་ཡོད།
བདག་དབང་ཡོད་མེད་དང་དགོས་མེད་མི་ཤེས་མོད། ཡིན་པ་ནི་༧སྐྱབས་རྗེ་དིལ་མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་སྤྲུལ་པིའ་སྐུའི་སྐུ་བརྙན་རེད།
གཅན་བཟོད་རྒྱམ་སྐུ་ཚེ་རིང་དེ་འདྲ་མི་མཛད་རོགས།
སྔ་འགྱུར་རྙིང་མའི་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་མཆོག་སྤྲུལ་གྱི་སྐུ་དཔར་ལ་ཁྱོད་ཀྱིས་བེད་སྤྱོད་གང་བྱུང་བྱེད་པ་འདི་ཧ་ཅིང་གི་མ་འོས་པ་ཡིན་པས་ད་ལྟ་རང་ཕྱིར་འཐེན་བྱེད་རོགས་ཞུ་སྐུ་ཚེ་རིང་།
དེ་མིན་ཡང་ཁ་བརྡ་གི་དྲ་རྒྱ་འདི་ལ་མི་བདེ་བ་དང་མ་ཚད་ཁྱོད་ལ་ཡང་མ་བདེ་བ་རྟེན་རྟེན་འོང་ངེས།
འདི་དང་པོ་ཁྱེད་ལ་གོ་རྒྱུ་གཏང་ཡོད།
ཨོ་ཡ་ལགས་སོ། ཁ་བརྡ་ལགས། མི་འདི་ཚོས་བཤད་པ་བདེན་ནི་ཡིན་ས་རེད་ཀོ དེང་སང་གི་བོད་མི་འགའ་རེ་ནུབ་ཕྱོགས་སུ་སོང་སྟེ་ནུབ་ལུགས་ཐན་ཐུན་འདྲ་ཤེས་ཁུལ་གྱིས་ང་བོད་རྒན་ཁྲིམས་ཡིན་ན་ཅིག་ལ་སྦྱོར་ཡོང་མདོག་མདོག་བཤད་ཀྱིན་འདུག ཁྲིམས་ཡིན་ན་དེས་ཅི་བྱེད་ཀི་རེད། ཟ་འཐུང་སྤྲོད་བྱེད་ཅིག་རེད་དམ། ཡང་ན་སྐེ་གཏུབ་བྱེད་ཅིག་རེད། དིལ་མགོན་མཁྱེན་རྩེ་རིན་པོ་ཆེའི་ཡང་སྲིད་ཀྱི་སྐུ་བརྙན་ནམ་འདྲ་རིས་ཡིན་ཡང་ངས་ངན་འདྲ་ཅང་བཤད་ཀིན་མེད་ཡ། ང་དང་མ་བན་ཆུང་ཡིན་དུས་འདི་འདྲ་ཞིག་ཡོད་མདོག་མདོག་བྱས་བའི་ཁུལ་ཡིན་མོད། དེ་འགྲིག་མེད་ན་དགོངས་དག་དང་བཅས་པར་དེ་དང་རྩོམ་ཡིག་དེའང་གསུབ་དང་ན་ཆོག ཁ་བརྡ་ལགས། ཁྱོད་དང་ང་ཚོའི་སྐུ་ཚེ་བརྟན་ཅིང་རིང་བར་ཤོག
ཁྱོད་ལ་ཁྲིམས་གི་ལས་དཀའ་བྱེད་རྒྱུ་ཡིན་གང་ཡང་ལབ་མེད།
ཡིན་ན་འང་ཁྱོད་རང་སྔོན་བན་ཆུང་ཡིན་པའི་སྐབས་སུ་དྲན་རྟེན་ཞིག་དགོས་པ་ཡིན་ན་ཡུལ་དམ་པ་རྣམས་བེད་སྤྱོད་བྱེད་པ་ལས་མི་ལག་བདེ་ཞིག་ལ་གསར་དུ་ཁྱོད་རང་གི་ཡིད་ལ་གང་དྲན་ཞིག་འབྲི་བཅུག་པ་ཡིན་ན་དེ་ལ་རྩོད་པ་གང་ཡང་མེད།
དེ་མིན་ཁྱོད་ཀྱིས་ཡང་སྤྲུལ་རིན་པོ་ཆེའི་སྐུའི་བ་སྤུའི་བུ་ག་གཅིག་ཀྱང་མི་དོ་བའི་ལས་དེ་འདྲ་བྱས་ན་འཚམས་པོ་ཨེ་ཡོད་ན།
ཨ་ཨ་ཨ། ཚེ་རིང་སྒྲོལ་མ་ལགས། ངས་ཁྱེད་གཅིག་དྲན་བཏང་གཅིག་དྲན་བཏང་ནི་བོ་བཤད་རྫོས་ཟིག་ཡོད་ནི་མ་རེད། བརྩེ་དུང་ཟེར་བ་འདིས་ཤི་ཏུ་འཇུག་ས་རེད། ཤི་རེ་ཁོ་ཁྱོད་དང་མཉམ་དུ་ཞག་གཅིག་ལ་ཉལ་རྒྱུ་བྱུང་ན་དེ་ནས་ཤི་སོང་རུང་འགྱོད་པ་མེད་ཡ། ཁྱོད་ཀྱིས་ང་ལ་ཡ་མ་བྱས་པས་ངས་འབྲུག་ཟ་མ་གཅིག་བཙལ་བ་ཡིན། བུ་མོ་ཟེར་ན་ནམ་མཁའི་ལྷ་མོ་འདྲ་འདྲའི་ཡག་མ་གཅིག་ཡིན། འོན་ཀྱང་བུ་མོ་དེ་ལོ་ཆུང་བས་ཡང་ཕ་རྒན་ང་མིག་ཆུ་ཤར་རེ་བསྐྱུར་ཨེ་འགྲོ་མི་ཤེས་ཡ། ཧ་ཧ་ཧ་ཧ། ཕྱེད་རྩེད་མོ་ཡིན། རྡོག་རྡོག་བཤད་ན་ངས་ཁྱེད་དྲན་སོང་།
དེང་སང་ཟིག་ཀ ཁ་བརྡ་ནང་དུ་ཕྱོགས་གང་ལ་སོང་ན་ཡང་ང་ཁྱོད་ལ་དགའ་རྐྱང་རྐྱང་རེད་འདུག ད་ཆོས་ལུགས་དང་གཞན་གྱི་རྙོག་དྲ་རྩོད་པ་ལས། ང་ཁྱོད་ལ་དགའ་སོགས་ཟེར་ན་ཡང་ཧྲ་གི འདི་ན་ཡང་འདྲེ་ནག་པོས་ཚེ་རིང་སྒྲོལ་མ་ལ་དགའ་གི་དགའ་རབས་བཤད་བསྡད་ཡོད་ཀི དེ་ན་ང་ཡང་ཚེ་རིང་སྒྲོལ་མ་ལ་དགའ་ཀི འགྲིག་ཀ་ཟེ འདྲེ་ནག་པོ།
ཚེ་རིང་སྒྲོལ་མ་ཡིན་ན་འདི་བུ་མོ་ཡག་མ་ཞིག་ད་ཡོད་མེད་མི་ཤེས་གི་ར། ང་རྒྱལ་ཅན་ཞིག་དང་དོན་མེད་རྙོག་དྲ་ལ་དགའ་མཁན་ལོས་ཡིན་འདོད་ཀི ང་སྤྲུལ་རིན་པོ་ཆེའི་སྐུའི་བ་སྤུའི་བུ་ག་གཅིག་ཀྱང་མི་དོ་བའི་སྐད་ཆ་འདི་ཁྱོའི་ཁ་ནང་ལ་འཛའ་ནི་ཞིག་ཨ་རེད། ད་དི་མོ་དེ་མ་གླེང་ཨེ་གོ དེ་ལས་ང་ཁྱོད་ལ་དོ་མིན་ཤོད་དང་། ཕོ་སར་ཡིན་མདོག་ཁ་བོ་ཞིག་ཡོད་ཡ། གཅིག་ཐང་ན་བློར་འབབ་ན་ཐང་ཡ།
འདྲེ་ནག་པོ་དང་། གཅན་བཟོད་རྒྱམ། གཞོན་ནུ་ཟླ་མེད་གསུམ་ཁ་བརྡ་དྲ་རྒྱ་ནས་མུ་མཐུད་ཡོང་ན།
བོད་ཡིག་ལ་གཏོར་སྐྱོན་ཚད་མེད་ཅིག་ཡོང་གཏན་ཁེལ་རེད།
ཁ་བརྡ་ཚང་ནས་གཟིགས་རྟོག་འདྲ་གནང་རྒྱུ་མིན་ནམ།
ཧ་ཧ་ཁྱེད་རྣམས་ཁག་མེད་བུ་མོ་ལ་སེམས་པ་ཤོར་ཡ་དེ་ངོ་མ་ཆོས་ཉིད་ཞིག་རེད་ཡ།
ཡིན་ན་འང་རྒན་མོ་ང་ད་ལོ་ན་༨༠་རྒལ་འགྲོ་གི་ཡོད་པས་ཕོ་སར་ཁྱེད་ཚོ་ལ་ཕན་ཐོག་གི་མ་རེད་དགོངས་དག
དེ་མིན་ང་ལ་ང་རྒྱལ་ཆེན་པོ་ཞིག་འདུག་བསམ་མཁན་ཚོ་གཅིག་བྱས་ན་ཡིན་རྒྱུ་རེད།
ཡིན་ནའང་ང་ལ་ང་རྒྱལ་བྱེད་རྒྱུའི་ཆ་རྐྱེན་གང་ཡང་ཡོན་ཏན་མེད་པས་ཁྱེད་ཀྱིས་ནོར་འདུག
ང་རྒྱལ་ཅན་ཁྱེད་རེད་འདུག
གོང་ས་མཆོག་གི་ཐུན་མོངས་མ་ཡིན་པས་གསང་སྔགས་རྡོ་རྗེ་ཐེག་པའི་དབུ་བླའི་མཆོག་སྤྲུལ་རིན་པོ་ཆེ་དེ་་ཁྱོད་ཀྱིས་གང་བྱུང་བེད་སྤྱོད་གཏང་བ་དེ་ང་རྒྱལ་མིན་ན་བླུན་མོང་ཡིན་ས་རེད།
ཨ་ཁ་ཁ་དེང་སང་བོད་ཀྱིས་སྤྱི་ཚོགས་ཀྱིས་ནང་ལ་མི་འདི་འདྲ་བླུན་མོང་ཡོད་པ་བློ་ཕམ་ཆེ།
སངས་རྒྱས་ཀུན་ལ་ཕྱག་གཅིག་འཚལ། །
དྲང་སྲོང་ལྷ་མིག་བདེན་པ་རེད། །
བྱང་ཆུབ་སེམས་དཔའ་རྣམས་བཏང་ནས། །
ཉན་ཐོས་རྣམས་ནི་ཁྲིད་ལ་ཤོག །
གཏོད་ཅེས་པ་འདི་བརྟོད་མ་རེད་དམ། རྟ་བརྟོད། བོང་བུ་བརྟོད། བརྟོད་ཐག ལྟ་བུ། མི་ཤེས། མི་ཤེས། ནོར་ཡོད་ན་དགོངས་དག་ཞུ།
ཤ་གླན་བུ་ལགས། ཁྱོད་ནོར་མི་འདུག ང་ནོར་ནས་འདུག
བེའུ་ཆུང་ཞིང་ཚིགས་བར་དུ་རྟོད།།
རྟོད་ཐག་རིང་ཐུང་འཚམ་པོ་བྱོས།།
ཕུར་བའི་ཐོག་ལ་དམ་དུ་མདུད།།
ཞིང་གི་ནང་དུ་མི་སྙོབས་བྱོས།།
ཤ་གླན་བུས་དག་ཕུད་པ་དེས་ཕན་པོ་བྱུང་། ཐུགས་རྗེ་ཆེ།
ཧཧཧཧ་ཁྱེད་མགྱོགས་བྱུང་།
ཨ་རོ་ཆ་བོ། ཁྱོད་ཚོ་མ་འཁྲུལ་གོ ཚེ་རིང་སྒྲོལ་མ་ཟེར་བ་དེ་མཛེས་མ་ཞིག་མ་རེད་ད། གྲྭ་གཟུགས་བུད་མེད་དུ་རྫས་མཁན་ཞིག་རེད། ཁྱེད་ཚོའི་མིག་རྣ་ལ་ཆོ་འཕྲུལ་སྟོན་འདོད་པ་རེད།
འོ་ལགས་སོ་དེང་སང་གྲ་བ་བུད་མེད་དུགྱུར་བ་ཡང་ཡོད་པ་དེ་གཏམ་གསར་རེད།
ཡ་མཚན་དེ་ག་འདྲ་ཞིག་ཡིན་ན
ང་ནི་གྲ་བ་མ་དགོས་ཇོ་མོ་ཞིག་བྱེད་རྒྱུའི་གོ་སྐབས་མ་བྱུང་བས་ཐུགས་ཁྲལ་རྩ་བ་ནས་མི་མཛད་རོགས།
ཡིན་ནའང་ད་ང་ལོ་ན་ཆེ་བའི་ཁྱེད་གྲ་གསར་དང་ཕོ་གསར་རྣམས་ལ་ཕན་ཐོག་ས་མ་རེད་དགོང་དག་ཞུ་བ་ཡིན།
ཧ་ཧ་ཧ་ཧ
ཁྱེད་རང་ངོ་མས་བུད་མེད་ཅིག་ཡིན་ན། ཁྱེད་རང་གི་གློག་འཕྲིན་དང་ཡ་ཧོ་གླེང་མོལ་གྱི་ཁ་བྱང་འདིར་འཇོག་ཨེ་ཐུབ། ང་ཚོ་དང་ཐད་ཀར་གླེང་མོལ་བྱེད་ཨེ་ཐུབ། མི་ཐུབ་མོད། ཁྱེད་རང་མི་སུ་ཞིག་ཡིན་པ་ངས་སྔ་མོ་ནས་ཤེས་ཡོད། རྗེས་མ་ནས་སྤྲུལ་འགྱུར་འདྲ་མིན་དེ་འདྲ་སྟོན་གྱི་མ་བསྡད་ན་དགའ་གི་རེད། སྐྱེས་པ་ཕྱི་མ་འབུ་ནག་མགོ་དགུ་ཅན་ཞིག་ཏུ་སྐྱེས་ཡོང་།
ཧ་ཧ་ཧ་རྒན་མོ་ང་འབུ་ནག་མགོ་ཞིག་གི་སྐྱེ་བ་བླིང་བ་ཡིན་ན་ཁྱད་པར་མེད།
ད་འགྲིགས་ཞག་ཁྱེད་ཀྱིས་ང་སུ་ཡིན་ཤེས་ཡོད་ན་ངའི་ཡི་ཨེས་མེལ་སྤྲད་དགོས་པ་མི་འདུག
ཚེ་རིང་སྒྲོན་མ་ཡིན་ན་འདི་གྲྭ་བ་ཟིག་ཡིན་མིན་མི་ཤེས་དེ། ཨ་ཡེ་ཟིག་ཡིན་ན་ཡང་རྐུབ་ན་བོང་བུའི་རླུག་པ་ལྟ་བུ་ཡོད་མཁན་ཞིག་ཡིན་པ་སྐད་ཆ་བཤད་སྟངས་ལས་ཧ་གོ་ཡོང་གི
ཨོ་ལེ་ར། གཞོན་ནུ་འདིས། ཚེ་རིང་སྒྲོལ་མ་ཟེར་བ་འདི་གྲྭ་གོག་ལ་བདག་པོ་མི་ཐུབ་མཁན་ཞིག་རེད། ཆགས་སྐྱོ་ལངས་དྲགས་ནས་རང་ཉིད་ཀྱི་མིང་ལ་ཡང་བུད་མེད་ཅིག་གི་མིང་བཏགས་པ་རེད། ཁོས་ང་ཚོ་ཡང་ཁོ་རང་ནང་བཞིན་ཆགས་སྨྱོན་བྱུང་ཡོད་པ་རྐྱང་རྐྱང་རེད་འདོད་ཡོད་ནི་རེད། བུད་མེད་ཅིག་གི་མིང་ཞིག་མཐོང་མ་ཐག་ཐོག་ཏུ་རྒྱུགས་འཇོག་མཁན་ཏག་ཏག་རེད་འདོད་ཡོད་ནི་རེད། ད་དུང་ཁོས་རང་ཉིད་ལ་བུད་མེད་ཅིག་གི་མིང་བཏགས་ན་རང་ཉིད་ཀྱི་ཆགས་སྐྱོ་ལ་ཅུང་ཟད་ཕན་པར་འདོད་ཡོད་པ་རེད། ཆགས་སྐྱོ་ལངས་ཅི་ཞིག་བྱེད་དགོས་མིན་མི་ཤེས་མི་འདི་འདྲ་སྙིང་མ་རྗེ་ཨེ་ན།
ཨོ་ལེ་ར། གཞོན་ནུ་འདིས། ཚེ་རིང་སྒྲོལ་མ་ཟེར་བ་འདི་གྲྭ་གཟུགས་མཇེ་གོག་ལ་བདག་པོ་མི་ཐུབ་མཁན་ཞིག་རེད། ཆགས་སྐྱོ་ལངས་དྲགས་ནས་རང་ཉིད་ཀྱི་མིང་ལ་ཡང་བུད་མེད་ཅིག་གི་མིང་བཏགས་པ་རེད། ཁོས་ང་ཚོ་ཡང་ཁོ་རང་ནང་བཞིན་ཆགས་སྨྱོན་བྱུང་ཡོད་པ་རྐྱང་རྐྱང་རེད་འདོད་ཡོད་ནི་རེད། བུད་མེད་ཅིག་གི་མིང་ཞིག་མཐོང་མ་ཐག་ཐོག་ཏུ་རྒྱུགས་འཇོག་མཁན་ཏག་ཏག་རེད་འདོད་ཡོད་ནི་རེད། ད་དུང་ཁོས་རང་ཉིད་ལ་བུད་མེད་ཅིག་གི་མིང་བཏགས་ན་རང་ཉིད་ཀྱི་ཆགས་སྐྱོ་ལ་ཅུང་ཟད་ཕན་པར་འདོད་ཡོད་པ་རེད། ཆགས་སྐྱོ་ལངས་ཅི་ཞིག་བྱེད་དགོས་མིན་མི་ཤེས་མི་འདི་འདྲ་སྙིང་མ་རྗེ་ཨེ་ན།
མཁྱེན་བརྩེ་རིན་པོ་ཆེའི་ཡང་སྲིད་འདི་ཟླ་བ་རྗེས་མར་ཁེ་ན་སྒྲ་རུ་ཕེབ་ཀི་རེད་ཟེར། སྐུ་ཚེ་བརྟན་པར་སྨོན། སྐུ་གོང་མའི་མཛད་བཟང་སྐྱོང་ཐུབ་པའི་སྨོན་ལམ་འདེབས། སྐུ་གོང་མའི་མཛད་རྣམ་ཁོང་གི་ཞལ་སློབ་གཙོ་བོ་དག་ལ་བཅར་འདྲིའི་ལམ་ནས་བྲིས་པ་དབྱིན་འགྱུར་མ་ཞིག་མཇལ་མྱོང་ཞིང་། གོ་སྐབས་རེ་བྱུང་ན་དེ་བོད་ཡིག་ཏུ་ཅིག་བསྒྱུར་ཨེ་ཐུབ་ལྟ་དགོས་སྙམ་ནས་བསྡད་ཡོད།
གདོང་ཐོག་རིན་པོ་ཆེའི་རྣམ་ཐར་དུ་ཁོང་གིས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཆོག་ལ་སྙན་ངག་སློབ་ཁྲིད་ཞུ་སའི་དགེ་རྒན་ཞིག་གི་སྐོར་བཀའ་འདྲི་ཞུས་དུས་ཆོས་ཀྱི་བློ་གྲོས་མཆོག་གིས། དེང་སང་ཁམས་ཕྱོགས་སུ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལས་ལྷག་པའི་སྙན་ངག་མཁས་པ་མེད་པས་ཁོང་གི་མདུན་ནས་སློབས་གསུངས་འདུག
ཨ་རོག་སྐྱིད་ཉལ་རྒྱག་མཁན་ལགས།
ཁྱེད་དི་མོ་ཚེ་རིང་སྒྲོལ་མ་ཟེར་བ་འདི་ལ་མི་དགའ་དགོས་དོན་མེད་ཀ
གལ་སྲིད་མོས་་་་་ཁྱེད་ལ་འདོད་ཆགས་མེད་དམ་ཟེར་ནས་སྐད་ཆ་འདི་དྲིས་ན་ལན་དཀའ་ནི་རེད་ཡ།
ཨ་རོ་རྩམ་པར་དགའ་ཡང་ཁ་རུ་མི་རེག་མཁན། ཁྱོད་ཀྱང་འཁྲུལ་ནས་ཡོད་ས་རེད་ཀོ། ཚེ་རིང་སྒྲོན་མ་ཟེར་བ་དེ་བུ་མོ་མ་རེད་བུ་རེད་ཅེས་བཤད་ཡོད་པ་མ་མཐོང་ངམ། གལ་སྲིད་དེ་བུ་མོ་ངོ་མ་ཞིག་ཡིན་ན་ང་ཡང་དགའ་ས་རེད། རྒྱུ་མཚན་ནི་ང་བུ་ངོ་མ་ཞིག་ཡིན་པས་རེད། ད་དུང་འདོད་ཆགས་སྤོང་མ་ཐུབ་པས་རེད། འོན་ཀྱང་ང་མི་དགའ་དགོས་དོན་མི་དེ་ཕོ་ངན་མོ་རྫས་ཀྱིས་ཆོ་འཕྲུལ་སྟོན་མཁན་ཞིག་རེད། ང་དུས་ནམ་ཡང་མི་བརྫུན་མའི་རིགས་ལ་མི་འགའ་གི། འོ་་་་དེ་ཟེར་ན་ཁྱོད་མི་དེ་ལ་འགའ་གི་ཡོད་པ་མིན་ནམ། དེ་ཡང་ལོས་ཆོག དེང་སང་མཚན་མཐུན་གཉེན་སྒྲིག་ཟེར་བ་ཞིག་ཀྱང་དར་བཞིན་འདུག་ག
ཨ་རོག་་་སྐྱིད་ཉལ་རྒྱག་མཁན་ལགས།
ངས་ཚེ་རིང་སྒྲོལ་མ་ཟེར་བ་འདི་་་་་བུ་ཞིག་ཡིན་པའི་ཁུངས་ཤིག་མ་རྙེད་ཐལ།
ཁྱེད་ལ་མོ་རང་་བུ་ཞིག་ཡིན་པའི་བདེན་ཚོད་ཅི་ཡོད་དམ། དེ་མིན་མོ་རང་ལ་གང་བྱུང་ལབ་མ་འདུག་་་་གལ་སྲིད་མོ་རང་དྲ་རྒྱ་འདི་ལས་བྲོས་སོང་ན་་་་་ངེད་དྲ་གྲོགས་ཚོས་་་མི་ལྡང་ཁྱེད་ཀྱི་མཇེ་ངན་དེ་འཐེན་ནས་བཅད་ན་ཐང་་་་་་
ཨ་རོ་རྩམ་དགའ། ངས་ཀྱང་འཐེན་རོགས་བྱེད།
མ་ཚད་གལ་ཏེ་མོ་འདི་ནས་བྲོས་སོང་ན་མཇེ་མ་སྟུབ་གོང་ན་མཇེ་མགོ་སུ་པན་ཞིག་ཀྱང་བྱུག་འོས།
ཨ་ཙི་་་་་ རྩམ་དགའ་འདི། བདེན་ཁ་མ་འབྱེད་གོང་ནས་ངའི་མཇེ་རྒན་འདི་འཐེན་ནས་གཅོད་ཀྱི་ཡིན་ཟེར། ད་དུང་མེ་ཏོག་དཀར་བོས་ཀྱང་འཐེན་རོགས་བྱེད་ཟེར། ད་ཁྱེད་གཉིས་ཡག་པོ་བྱས་ནས་སྡོད་མ་གཏོགས། ངས་ཨ་ཅེ་ལྕགས་མོ་དང་མཛེས་མ་ཚེ་རིང་ལ་གཏུག་འཇོག་གོ། དེ་ལས་དང་བོ་ནས་ཚེ་རིང་སྒྲོན་མ་ཟེར་བ་དེའི་སྐད་ཆ་བཤད་སྟངས་ལ་གཅིག་བལྟས། ད་དུང་ཁོར་ཁོའི་ཡ་ཧོ་གླེང་མོལ་གྱི་ཁ་བྱང་འདིར་འཇོག་ཏུ་བཅུག་སྟེ་ཐད་ཀར་སྐད་ཆ་ཞིག་བཤད་དུ་ཆུགས་དང་དེ་ནས་ད་ཤེས་ཡོང་ནི་རེད། གལ་སྲིད་ཁོ་དྲ་ཐོག་འདི་ནས་བྲོས་སོང་ན། ངས་ཁྱེད་གཉིས་ལ་མཛེས་མ་ངོ་མ་ཞིག་གདན་འདྲེན་ཞུ་ཡ། ད་ཆོག་ག་ཟེ།
ཨ་ཙི་ཙི་སྐྱིད་ཉལ་་ལགས།
ཁ་བདེ་བོ་མ་བཤད་ཝེ་་་་་གལ་སྲིད་ཚེ་རིང་སྒྲོལ་མ་བུ་ཞིག་ཡིན་པ་ཁྱོད་བདེན་ཡང་་་་་ཨ་ཅེ་ལྕགས་མཚོ་དང་ཚེ་སྐྱིད་གཉིས་ཁྱོད་ལ་དབང་ནི་མ་རེད། ད་དུང་ཁྱེད་གཉིས་ལ་མཛེས་མ་ངོ་མ་ཞིག་བདེན་འདྲེན་ཞུ་ན་ཅིག་་་་་ཁྱོད་མ་གཞི་མཛེས་མ་ལ་སྐད་ཆ་སྙན་མོ་བཤད་མི་ཤེས་པ་མ་ཟད་་་མཛེས་མ་ཞིག་རིག་དུས་ཁ་ལག་གཉི་ཀ་མདར་འགྲོ་ནོ་ཤེས་ནི་རེད་ཀོ །
མཇེ་ནག་འབྲོང་རྭ་འདྲ་ཟིག །
བརླ་གཉིས་བྲག་རིའི་བར་ན། །
ཉིན་ལངས་མཚན་ལངས་བྱས་ཀྱང་། །
བདག་མེད་ཁེར་འདུག་ཡིན་ནོ། །
ཁ་ལྕེ་བདེ་མོ་མིན་པས། །
ལན་པ་རེད་དང་མ་རེད། །
ལག་གཉིས་བྲང་ཁར་བཞག་ནས། །
བསམ་བློ་ལྔ་གསུམ་བཅོ་ལྔ་ཐོངས། །
ཧ་ཧ་ད་འགྲིག་ཨེ་སོང་ལགས།
ཁ་ལྕེ་བདེ་མོ་མིན་པས། །
ལན་པ་རེད་དང་མ་རེད། །
ལག་གཉིས་བྲང་ཁར་བཞག་ནས། །
བསམ་བློ་ལྔ་གསུམ་བཅོ་ལྔ་ཐོངས། །
ཨ་ཙི། རྩམ་དགའ་འདི། ད་ཡིན་ན་ཁྱོས་ང་འདུག་གི་འཇུག་རྒྱུ་མ་ར། སྤྱིར་ཡིན་ན་ངས་ད་ཐེངས་དྲ་ཚིགས་འདིར་མཛེས་མ་ལྟ་བས་ཆོག་མི་ཤེས་པ། མིའི་བུ་མོ་མི་འདྲ་བ་ལྷའི་སྲས་མོ་འདྲ་བ་ཞིག་ཁྲིད་ཡོང་རྩིས་ཡིན་ཏེ། ད་ཁྱོད་ཀྱིས་ཚིག་གཅིག་གིས་མེད་པར་བཏང་སོང་བ་རེད། ཨ་རོ་དྲ་གྲོགས་ཆ་བོ། རྩམ་དགས་བྱིན་པའི་གྱོང་འདི་ཐེག་གི་འདུག་གམ། ཚང་མས་ཁོ་ལ་རུབ་རྡུང་བྱོས།
བཤད་རྒྱུ་གཞན་ཞིག་ནི། ངས་ཨ་ཅེ་ལྕགས་མོ་དང་མཛེས་མ་ཚེ་རིང་གཉིས་ང་ལ་དབང་མིན་ཞིག་བཤད་ཀྱི་མེད། གལ་སྲིད་དབང་ན་ཡང་ང་ལ་མི་དགོས། ངས་བཤད་རྒྱུར། གལ་སྲིད་ཁོ་མོ་གཉིས་ལ་གཏུག་བཞག་ཚེ་ཁྱེད་གཉིས་ཀྱི་མཇེ་གོག་དེ་ཙོར་ད་མདུད་པ་དགུ་བརྩེགས་ཤིག་རྒྱག་གི་རེད།
ངས་མཛེས་མ་འགུག་ཐུབ་མིན་དེ་ཤོག་ནས་གཅིག་ལྟོས་དང་། ངའི་མཐའ་ན་མཛེས་མའི་ཚོགས་ཀྱིས་འཚང་ཁ་ཤིགཤིག་བྱེད་བཞིན་པས་གསལ་བཤད་བྱེད་ཀྱི་རེད། ཁྱེད་གཉིས་ཀྱིས་ཞུ་བ་བྱེད་ན་རེ་རེ་ཡི་གནང་སྦྱིན་ཞིག་བྱེད་བསམ་ཡོད་མོད་ད་ཚར་སོང་ནི་རེད། དེའི་མིང་ལ་ད་རང་ཁ་གསེར་གྱི་སྒོ་མོ་རང་སྲོག་གཅོད་ཀྱི་སྟ་རེ་ཟེར་ནི་རེད། ཚུགས་ཀ་མེད་རུང་ལྡོག་ག་རེ་བྱོས་འདུག་མོད། གླུ་ཤག་ཟེར་ན་དེ་འདྲ་མ་རེད། ངོ་མས་རྩེད་འདོད་ན་ཤོག་དང་ཤག་ཟེར་བ་དེ་ཇི་འདྲ་ཞིག་ཡིན་མིན་ངས་ཁྱེད་ལ་ཤེས་སུ་འཇུག་ཆོག ངས་ལྟོས་ན་ད་ཁ་ཁར་སྡོད་མ་གཏོགས་མཇེ་གོག་གཉིས་པོར་མདུད་པ་དགུ་བརྩེགས་རེ་ཕོག་ཡོང་།
ཨ་ཁ་་་ངའི་འདྲེ་ཁ་འདིས་་་་དེ་རིང་ཡང་ཅུང་ཁ་ཞིག་རེག་སོང་་་ཅིག་ཅིག་མིན་ན་སྐྱིད་ཉལ་ལགས་ནས་བུ་མོ་མཛེས་མ་ལྷ་མོ་འདྲ་ཟིག་ཁྲིད་ཡོང་ས་རེད་དེ་་་་་་ད་ཚར་སོང་་་་ཨ་ཁ་་་་་མཛེས་མ་ཟོག་ཁྲིད་མ་ཡོང་ན་མ་ཡོང་ར་་་་་ཁོང་ཉིད་ངའི་ཐོག་ལ་ཅུང་ངར་འདུག་ཚོད་རེད་་་་་ཨ་ཁ་་་མི་དགོས་ས་ནས་་་
ད་དེ་རིང་ངས་མི་ཤེས་ཤེས་ཁུར་གྱིས་་་་་བཟོད་གསོའི་སྙན་གཞས་ཤིག་གཏོང་དགོས་དང་ཐལ།
གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །
མ་མཁའ་མགྲོན་འབུམ་གྱིས་བསྐོར་བ་ཡི། །
རྗེ་ཡུམ་ཆེན་ཨ་ཡ་ཏྰ་རེ་མས། །
གྲོགས་ཐུགས་དགོངས་དྭངས་བའི་བཀྲིས་ཤོག །
མཚོ་གཡུ་བྱུར་ཤེལ་གྱི་ཕོ་བྲང་ན། །
ཀླུ་ན་ཆུང་མཛེས་མའི་འཁོར་ཚོགས་དག །
མཇེ་རྡོ་རྗེར་མགོ་བོ་མ་འཁོར་བར། །
གྲོགས་ཐུགས་དགོངས་དྭངས་པའི་བཀྲིས་ཤོག །
དུང་ནུ་འབུར་འོ་མའི་རང་མདངས་ཅན། །
དགོང་ལྷ་མོར་འདྲ་བའི་བུ་མོ་དག། །
སྐད་སྙན་མོ་འགྱུར་ཁུག་སྟོང་ལྡན་གྱིས། །
གྲོགས་ཐུགས་དགོངས་དྭངས་པའི་བཀྲིས་ཤོག །
ཧ་ཧ་ཧ་་
དེ་ཚོ་མི་ཆོག་རྒྱུ་ར་མེད་ཀི། སྐྱིད་པོ་ཞིག་བྲིས་ཡོད་ཀི། ཨ་རོ་རྩམ་དགའ། སེམས་ལ་སྐོར་ལོག་དྲན་གོ་ནི་མིན་ན། ང་ངར་ད་མེད་དྲ།
ཁྱོད་གཉིས་ཀྱིས་གཅིག་གཅིག་ལ་བཤད་ཤེས་ཉན་ཤེས་ཀྱི་གླེང་མོལ་བྱས་བར་ཡིད་ཤོར་ནི་ཞིག་རེད།
རྩམ་དགའ་འདི་གནས་འདིར་ཡོང་ནས་རྩོམ་རྩལ་ཅན་ཞིག་ཏུ་འགྱུར་བཞིན་འདུག་བེ། ཨ་རོགས། མདང་དགོས་བཤད་པ་ཁ་དན་ཚིག་ལ་གནས་མ་སོང་མ་དགོངས་རོགས། དེ་རིང་ང་དངོས་ནས་བྲེལ་བ་ཧ་ཅང་ཆེས་པས་འབྲེལ་བ་བྱེད་ཐུབ་མ་སོང་། སང་དགོང་ད་ཡིན་དཱ།
བཟོད་རྒྱམ་་་་་རེད་རེད་་་་་བྲེལ་ལ་མེད་ཀི་་་་་་་ཁྱེད་རང་ག་དུས་ཤིག་ལ་ཁོམ་ན་ཁ་པར་ཐོངས་ར་་་་་ཆང་སྐྱིད་པོ་ཞིག་འཐུང་ན་འདོད་ཀི་་་་་དེ་ཙམ་ཡིན་་་་བདེ་མོ།
ང་ཡོང་ན་ཨེ་ཆོག ཆང་སྐྱོན་མི་བྱེད་ཁོ་ཐག་ཡིན་ཡ། ད་དུང་ལ་གཞས་འགའ་ཤས་ཀྱང་འཐེན་ཆོག
བཀྲིས་བདེ་ལེགས་དྲ་གྲོགས་རྣམ་པ།