གོང་དཀར་ངག་རྣམ། ས་རཱ།
—-(དགེ་རྒན་ཡོད་དོ་ཅོག་དང་། ཕ་མ། སློབ་ཕྲུག་བཅས་ཚང་མས་སྐར་མ་གཅིག་གི་དུས་ཚོད་སྤྱད་དེ་བལྟ་ཀློག་བྱེད་དགོས།) སྒྱུར་བ་པོས།
སིང་ག་པུར་ནང་གི་སློབ་སྤྱི་ཞིག་གིས་ཡིག་ཚད་ཀྱི་སྔོན་ཙམ་དེར་སློབ་ཕྲུག་གི་ཕ་མར་བཏང་བའི་ཡི་གེ་ཞིག
བརྩེ་བའི་ཁྱིམ་བདག་ལགས། ཁྱེད་རང་གི་ཕྲུ་གུའི་ཡིག་ཚད་ཁག་མགྱོགས་པོ་འགོ་ཚུགས་ལ་ཉེ། ཁྱེད་རང་ཚོ་ཚང་མ་སོ་སོའི་ཕྲུ་གུའི་སྦྱངས་འབྲས་ལེགས་པོ་ཡོང་རྒྱུའི་ཐད་དངོས་གནས་སེམས་འཚབ་ཡོད་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་། ཁྱེད་ཚོས་དྲན་དགོས་པ་ཞིག་ལ། ཡིག་རྒྱུགས་གཏོང་མཁན་གྱི་སློབ་མའི་ཁྲོད་དུ་ཨང་རྩིས་མི་ཤེས་མཁན་གྱི་སྒྱུ་རྩལ་པ་དང་། ལོ་རྒྱུས་སམ་ཡང་ན་དབྱིན་ཇིའི་རྩོམ་རིག་ཐོག་དོ་སྣང་མེད་པའི་ཁེ་ལས་པ། དེ་བཞིན་རྫས་འགྱུར་རིག་པའི་སློབ་ཚན་གྱི་བརྒྱ་ཆ་དང་འབྲེལ་བ་མེད་པའི་རོལ་མོ་བ་དང་། དངོས་ཁམས་ཚན་རིག་ལས་ལུས་རྩལ་གལ་ཆེ་བའི་རྩེད་འགྲན་པ་སོགས་ཡོད། གལ་སྲིད། ཁྱེད་རང་གི་ཕྲུ་གྲུའི་ཡིག་རྒྱུགས་ཀྱི་བརྒྱ་ཆ་རྩེར་སོན་བྱུང་ན་དེ་ནི་རླབས་ཆེན་རེད།
གལ་ཏེ་དེ་ལྟར་མ་བྱུང་ན། ཁོང་ཚོའི་སེམས་ནང་གི་གདེང་སྤོབས་དང་། ཁྱད་འཕགས་ཀྱི་རང་གཤིས་ལ་དོ་ཕོག་གཏོང་མི་ཉན། ཁྱེད་ཚོས་ཁོང་ཚོར། གལ་ཡོད་མ་རེད། དེ་ནི་ཡིག་རྒྱུགས་ཙམ་རེད་ཅེས་བརྗོད་དགོས།
ཁོང་ཚོར་རང་ཉིད་ཀྱི་མི་ཚེའི་ནང་ཡིག་རྒྱུགས་ལས་ཆེ་བའི་འཇོན་ཐང་ངོམ་སའི་སྡིངས་ཆ་རེ་ཡོད། བརྒྱ་ཆའི་སྐར་གྲངས་ཇི་ཙམ་ཐོབ་མིན་ལ་མ་ལྟོས་པར་ཁོང་ཚོར་མུ་མཐུད་བརྩེ་དུང་བཅང་རྒྱུ་དང་། ཁོང་ཚོའི་འཇོན་ནུས་ལ་ཚོད་བགམ་མ་བྱེད། དེ་ལས་ཁོང་ཚོ་ནི་འཛམ་གླིང་གི་མི་བྱས་པ་ཅན་དུ་འགྱུར་རྒྱུར་རེ་སྒུག་བྱེད།
ཡིག་རྒྱུགས་གཅིག་དང་བརྒྱ་ཆའི་སྐར་གྲངས་དམའ་པོ་ཞིག་གིས་ཁོང་ཚོའི་རྨི་ལམ་དང་རིག་རྩལ་འཇོམས་མི་སྲིད། མ་ཟད་མཁས་པ་དང་སྣེ་འཁྲིད་པ་དག་ཁོ་ན་འཛམ་གླིང་གི་མི་བདེ་སྐྱིད་དང་ལྡན་པ་ཡིན་པར་མ་བསམ་རོགས་གནང་།
ཁྱེད་རང་གི་བརྩེ་བའི་སློབ་སྤྱིས་གུས་འདུད་དང་བཅས་ཏེ།
་་་་་་་་་ ཁོང་ཚོར་རང་ཉིད་ཀྱི་མི་ཚེའི་ནང་ཡིག་རྒྱུགས་ལས་ཆེ་བའི་འཇོན་ཐང་ངོམ་སའི་སྡིངས་ཆ་རེ་ཡོད། ་་་་་་་་་་་་