རྫ་ཆུ་ཁ་བ་ཚེ་རིང་བཀྲ་ཤིས།
ངས་ཁར་རྩང་བདུན་རེའི་གུང་གསེང་གི་ཉིན་ཆེད་དུ་ཡིད་བྱུང་བའི་གྲྭ་བ(angry monk )ཞེས་པའི་དགེ་འདུན་ཆོས་འཕེལ་སྐོར་གྱི་གློག་བརྙན་དེར་ཚར་གཅིག་བལྟས་པ་ཡིན། གློག་བརྙན་དེར་དགེ་ཆོས་མཆོག་འཁྲུངས་ཡུལ་དང་ཕེབས་བཞུད་གནང་བའི་ས་གནས། སྐབས་དེའི་རྒྱལ་སྤྱིའི་འགྱུར་འགྲོས་དང་གནས་སྟངས། ཁོང་གི་ཤུལ་བཞག་རི་མོ་དང་རྩོམ་ཡིག ཁོང་དང་འབྲེལ་བ་ཡོད་པའི་ལོ་ན་རྒན་པའི་མི་དང་རྗེས་རབས་པ་ཁོང་གི་སྐོར་ལ་ཞིབ་འཇུག་མྱོང་མཁན་གྱི་གཅར་འདྲི་སོགས་མང་པོ་ཞིག་བསྡུ་བསྒྲིགས་བྱས་ཡོད་ལ། དེ་ནི་དྲན་དབང་མཆོག་གི་མཛད་རྗེས་ཀྱི་སྐོར་ལ་ཕན་རླབས་ཆེན་པོ་ཡོད་པའི་བྱས་པ་ཞིག་ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས་བསམ་ན་ང་ཚོའི་དངོས་སུ་མཇལ་དུ་ཡོད་པའི་ཁོང་གི་གསུང་རྩོམ་གལ་ཆེན་གསེར་ཐང་དང་ཀླུ་སྒྲུབ་དགོངས་རྒྱན། རི་མོ་གྲགས་ཅན་མི་ལ་རས་པ་ལྟ་བུའི་སྐོར་དང་། རྒྱ་དབྱིན་སོགས་སུ་ཕན་ཚུན་བསྒྱུར་བའི་སྤྱོད་འཇུག་དང་ཆོས་ཀྱི་ཚིགས་སུ་བཅད་པ་སོགས་ཀྱི་སྐོར་ལ་གླེང་སློང་འདང་ངེས་གནང་མི་འདུག་སྙམ་པ་དང་། དེ་ལས་གལ་ཆེ་བ་ཞིག་ལ་ཁོང་གིས་ཐུགས་སྣང་ཆེན་པོ་གནང་ནས་ཕེབས་སའི་ལྷོ་མཐའི་ནང་བའི་རྒྱལ་ཁབ་ཤྲི་ལངྐ་དང་འབྲེལ་བའི་སྐོར་ལ་དམིགས་བསལ་གླེང་བརྗོད་དང་ཉམས་ཞིབ་བྱུང་མེད་པ་འདིས་ང་ཚོས་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་རྒྱུ་ཆ་གལ་ཆེན་ཞིག་ལྷག་ནས་ཡོད་པ་ཚོར། བསམ་ཚུལ་འདི་དགེ་འདུན་ཆོས་འཕེལ་གྱི་རབས་བྱེད་ཞབས་བཏགས་མ་དང་། དྲང་བདེན་གྱིས་བསླུས་པའི་སློང་མོ་བ་གཉིས་མཇལ་བའི་སྐབས་སུའང་སྐྱེས་མྱོང་། མ་གཞི་དགེ་འདུན་ཆོས་འཕེལ་གྱིས་ཤྲི་ལངྐའི་སྐོར་ལ་སྐུ་དངོས་ཕེབས་ཀྱིས་མཁྱེན་རྟོགས་དང་ཞིབ་འཇུག་ཡུན་རིང་གནང་སྟེ་རྩོམ་ཡིག་འབྲི་གནང་མཛད་པ་སོགས་ཡོངས་གྲགས་ཡིན་ན་ཡང་། ང་ལ་དེའི་སྐོར་དམིགས་བསལ་སྲེད་ཞིན་ཞིག་ཡོད་པའི་འབྱུང་ཁུངས་ནི་གཤམ་གྱི་དོ་སྣང་འོས་པའི་གཏམ་རྒྱུད་འདི་ཡིན།
དེ་ཡང་བོད་དུ་བསྟན་པ་བསླར་གསོའི་སྐབས་གྱི་མཁས་པའི་གྲས་ཕྲན་གྱི་གཤེས་གཉེན་དམ་པ། རྫ་ཨ་རིག་མཁན་ཆེན་པདླ་ཚེ་དབང་མཆོག་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་སྨད་དུ་འཕགས་ཡུལ་སོགས་སུ་ཆིབས་སྐྱོད་ཀྱིས་ཕྱིར་ཕེབས་གནང་རྗེས་གུས་པར་བཀའ་མོལ་འདི་འདྲ་ཞིག་གནང་མྱོང་སྟེ། ང་རྒྱ་གར་དུ་སླེབས་ཏེ་༸གོང་ས་སྐྱབས་མགོན་ཆེན་པོ་དང་མཇལ་ཅིང་། གནས་མཆོག་རྡོ་རྗེ་གདན་སོགས་འཁོར་རྗེས་སིངྒ་ལའི་གླིང་འདི་ཁོ་ན་ངེས་པར་མཇལ་ཐུབ་པ་ཞིག་བྱ་དགོས་བསམ་པ་ཡིན། སིངྒ་ལའི་རི་མ་ལ་ཡ་དེ་དམ་པའི་རིགས་ཅན་དྲ་མ་ལྔར་གསང་བདག་གིས་ནང་རྒྱུད་བསྟན་པའི་གནས་དེ་ཡིན་པ་སྨིན་ལོ་ཆེན་པོས་བཞེད་པ་རེད། རི་རྩེའི་ཞབས་རྗེས་སོགས་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་འདུག པཎྚི་ཏ་ནགས་ཀྱི་རིན་ཆེན་ཕེབས་པར་བཤད་པའང་རྗུ་འཕྲུལ་གྱིས་ཕེབས་པ་མིན་ནམ་སྙམ་པའི་བགྲོད་དཀའ་བ་འདུག།འོན་ཀྱང་དེང་སང་རིའི་རྩ་བ་ནས་རྩེ་མོའི་བར་ལྕགས་སྐས་རིང་པོ་ཞིག་བཙུགས་ནས་འདུག་སོགས་དང། ཡང་ཡུལ་འདིར་པཎྚི་ཏར་གྲགས་པ་གཉིས་ཤིག་དང་འཕྲད། བགྲེས་པ་དེ་དགུང་ལོ་བརྒྱད་ཅུ་ལྷག་ཟིན་པ་ཞིག་སྟེ། བཀའ་མོལ་སོགས་གནང་ཐུབ་པ་ཞིག་མི་འདུག གཞོན་པ་དགུང་ལོ་དྲུག་ཅུ་བརྒལ་བ་དེར་དབྱིན་ཅིའི་ལོ་ཙཱ་བཅུག་ནས་ཁ་བརྡ་བྱས། ཁོང་གིས་ངེད་ཤྲི་ལངྐའིི་བསྟན་པ་དང་སྟོན་པ་གཉིས་ཀ་དམ་ཆོས་འདུལ་བ་ཡིན་གསུང་། ད་དུང་ཁོང་གིས། ཁོང་གཞོན་ནུའི་དུས་བོད་ཀྱི་དགེ་འདུན་ཆོས་འཕེལ་མཇལ་མྱོང་ཞིང་། ཁོང་གི་སློབ་གྲྭར་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་སྙམ་ངག་གི་སློབ་དེབ་དེ་འདྲ་ཡོད་གསུང་གི་འདུག། དེ་མིན་ཡུལ་དེའི་མཚོ་འགྲམ་ཞིག་ཏུའང་དགེ་འདུན་ཆོས་འཕེལ་དྲན་གསོའི་འདྲ་སྐུ་སེར་ཟིང་ངེ་བ་ཞིག་བཞེངས་སྣང་། ཁོང་ནི་སིངྒ་ལའི་ནང་དུའང་དེ་འདྲའི་མཐོང་ཆེན་པོ་རེད་འདུག།ཅེས་ཐུགས་འགུལ་ཐེབས་བཞིན་གསུངས་བྱུང།
མ་གཞི་བླ་མ་སང་འདི་པས་དགེ་ཆོས་རིན་པོ་ཆེ་ལ་དག་སྣང་དང་ཐུགས་རྩིས་དཔེ་མེད་ཞུ་ཞིང་། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་གསུམ་དེ་ཡང་གར་ཕེབས་ལ་འབྲལ་མེད་དུ་བསྣམས་ཀྱི་ཡོད། གོང་གི་བཀའ་མོལ་འདི་ལས་ང་ཚོས་རྟོགས་ཐུབ་པ་ཞིག་ནི་དགེ་འདུན་ཆོས་འཕེལ་གྱི་ཞིབ་འཇུག་ལ་ཕན་ནུས་ལྡན་པའི་ཁུངས་སྣེ་ཞིག་མཐོང་ཐུབ་པ་དེ་ཡིན། ད་དུང་ཆོས་ཀྱི་ཚིགས་བཅད་དུའང་དེ་ཉིད་བསྒྱུར་ཡུལ་དང་། སློབ་དཔོན་གང་གི་ཞལ་སྔ་ནས་ལ་བསྟེན་ནས་བསྒྱུར་བའི་ཚུལ་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱི་ལུགས་བཞིན་བྲིས་གནང་བར། དཔལ་རལ་གྲིའི་རི་བོའི་དགོན་པ་དང་གནས་བརྟན་འདྲེན་པ་ཆེན་པོ་དྷརྨཱནནྡ་ཞེས་པ་ཞིག་ཀྱང་ཐོན་གྱི་ཡོད།
འོན་ཀྱང་ངའི་མཐོང་ཚུལ་ལྟར་ན་ད་བར་སིངྒ་ལའི་ཡུལ་གྱི་དགེ་འདུན་ཆོས་འཕེལ་དང་འབྲེལ་ཡོད་ཀྱི་བླ་མ་དང་དགེ་རྒན། གྲོགས་པོ་དང་གནས་ཚང་། བརྩམས་ཆོས་དང་ལོ་རྒྱུས་སོགས་ལ་དམིགས་བསལ་རྩད་གཅོད་མ་ཐུབ་པར་མ་ཟད། ཁོང་གི་དྲན་རྟེན་གྱི་སྐུ་བརྙན་དེ་འདྲ་ཞིག་ཡོད་པའང་མིག་ལ་མ་ཐོགས་པ་འདི་དགེ་འདུན་ཆོས་འཕེལ་གྱི་སྐོར་ལ་ཉམས་ཞིབ་ཁྲོད་ཀྱི་ངོ་གནང་དགོས་པའི་སྟོང་ཆ་ལྟ་བུ་ཞིག་ཏུ་སྣང་བས། ད་ནས་སྐད་ཡིག་གི་ཆུ་ཚད་ལོངས་ཤིང་ཞིབ་འཇུག་གི་བློ་ནུས་དང་སྤྲོ་བ་ཡོད་པའི་མཁས་པ་དག་གིས་ས་ཆ་དེར་དངོས་ཕེབས་ཀྱིས། དྲན་དབང་དམ་པ་མཆོག་གི་ནུབ་པར་ཕངས་ཤིང་གཟི་འོད་འབར་བའི་ལོ་རྒྱུས་དང་། ཤུལ་བཞག་གི་རྩ་ཆེའི་ཆ་ཤས་རེ་རེ་ཡིན་ནའང་མྱུར་སྐྱོབ་གནང་ཐུབ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་བསམས་སོ།
གྲོགས་པོ་ཁྱེད་ཀྱི་མ་རྩོམ་མགོ་དེ་གར་angry monk ཞེས་པའི་དོན་ཡིད་བྱུང་བའི་གྲྭ་པ་ཞེས་བསྒྱུར་བ་དེ་ནོར་བ་མིན་འགྲོ ང་ཡིན་ན་ཁོང་ཁྲོ་བའི་གྲྭ་པ་ཞེས་བསྒྱུར་ས་རེད།
གནམ་ལྕགས་འབར་བའི་རི་བོ་དེ་ངོ་མ་ངོ་མཚན་ལྡན་པ་ཞིག་རེད། ཡིན་ན་ཡང་རིགས་ཅན་དྲྭ་མ་ལྔའི་ངོར་གསང་སྔགས་གསུངས་སའི་གནས་ཆེན་ཡིན་མིན་ཐད་སིངྒ་ལ་བ་ཁོ་རང་ཚོའི་ལོ་རྒྱུས་ནང་དུ་ག་རེ་བྲིས་ཡོད་མེད་སྐོར་ཞིབ་འཇུག་རེ་གནང་རྒྱུ་གལ་ཆེ་གི་ཡ།
ཉེ་ཆར་འཇུ་བསྟན་སྐྱོང་གིས་དྲན་དབང་དགེ་འདུན་ཆོས་འཕེལ་འབྲུག་ཡུལ་དུ་ཕེབས་པའི་སྐོར་གྱི་རྩོམ་ཡིག་རིན་ཐང་ཅན་ཞིག་བྲིས་འདུག བར་སྐབས་དེར་དགེ་འདུན་ཆོས་འཕེལ་དང་འབྲུག་རྒྱལ་པོ་གཉིས་ལྷན་བཞུགས་ཀྱི་སྐུ་པར་ཞིག་ཀྱང་དྲ་ཐོག་ཏུ་མཇལ། སྐུ་པར་དེ་དངོས་རྫུན་ཡིན་མིན་ཐད་ལའང་རྩོད་གླེང་མང་ཙམ་བྱུང་། ། དེ་རིང་འདིར་ཡང་རྫ་ཆུ་ཁ་བ་བཀྲ་ཤིས་ཚེ་རིང་གིས་དགེ་འདུན་ཆོས་འཕེལ་གྱི་སྐུ་བརྙན་ཞིག་སིངྒ་ལའི་མཚོ་འགྲམ་ཞིག་ཏུ་ཡོད་ལ་ལས་འཕྲོས་ཏེ་རྩོམ་ཐུང་ཞིག་བྲིས་འདུག མ་གཞི་ནས་འདི་དག་ནི་གནས་ཚུལ་གསར་པ་གསར་རྐྱང་གི་གྲས་ཡིན་སྟབས། དངོས་གནས་ཉན་སྤྲོ་བ་ཞིག་འདུག
ཤི་ལ་བརྩེ་བ་གསོན་ལ་སྡང་འདི་། མགོ་ནག་བོད་ཀྱི་སེམས་པ་ཞིག སྐྱབས་མགོན་བཀའ་ལ་ལྡོག་ཏུ་བལྟ་ཞིང་།འདས་པོ་ཞིག་ལ་དུང་དུང་ཞིག
སྐུ་པར་དེ་རྫུན་པ་ཡིན་པའི་ར་འཕྲོད་གསལ་པོ་བྱས་འདུག
དྲ་གྲོགས་རྣམ་པ་ཚོ། དགེ་ཆོས་མཆོག་གི་སྐུ་བརྙན་སེར་སེང་ངེ་བ་ཞིག་སིངྒ་ལར་ཡོད་ཟེར་བ་འདི་ཡང་མིན་ན་བླ་མས་ཁ་ནོར་འདུག་དང་ཡང་མིན་ན་རྫ་ཆུ་ཁ་བ་བཀྲ་ཤིས་ཚེ་རིང་གི་རྣ་ནོར་འདུག
མཁས་དབང་དགེ་ཆོས་ཞིབ་འཇུག་ཟེར་བ་འདི་འཛམ་གླིང་གི་རིག་པའི་དཔའ་བོ་གང་མང་མང་ཞིག་གི་ཞིབ་འཇུག་གི་རྣམ་གྲངས་ཤིག་དང་ཁྱབ་ཁོངས་སུ་རྩ་བ་སྦོམ་པོ་དང་ཡལ་ག་ལྗང་ལྗང༌། རྩེ་མོ་གནམ་ལ་ཟུག་པ་ལྟ་བུ་ཞིག་ཡིན་པས། ཞིབ་འཇུག་པ་འདི་ཚོའི་མིག་ངོར་མ་ཡོང་བ་ཞིག་ཕལ་ཆེར་གཞན་ན་དཀའ་རྒྱུ་རེད་དྲན། ཕྱོགས་གཞན་ནས་བཤད་ན། དགེ་ཆོས་ཞིབ་འཇུག་འདི་བོད་ཡིག་གཅིག་པུ་ཙམ་དང་བོད་མིག་གཅིག་པུ་ཙམ་མ་ཡིན་པར་འཛམ་གླིང་གི་སྐད་ཡིག་སྣ་འཛོམས་ཀྱི་ལས་སྣེ་གྲས་ཤིག་ཀྱང་རེད་ཡ།
མིང་ཡིག་ཚེ་རིང་བཀྲ་ཤིས་ལ་བཅོས་རོགས།
གཞན། དྲ་གྲོགས་བྱ་རྒྱ་རྒོད་པོས་དགེ་ཆོས་མཆོག་གི་པར་དེ་རྫུན་པ་རེད་ཟེར་འདུག ཁྱོད་ཀྱིས་པར་དེ་རྫུན་པ་ཡིན་པ་ར་སྤྲོད་ཅི་ལྟར་བྱེད་ཐུབ། པར་དེ་དང་པོ་དཔེ་མཛོད་ཁང་གི་བོད་ཀྱི་ལོ་རྒྱུས་བགྲོ་གླེང་སྐབས་ང་ཚོ་ལ་རེ་རེ་གནང་སོང༌། དེ་ནས་ཕྱི་ལ་བཀྲམས་པ་རེད། པར་དེ་དངོས་གནས་ཤིག་ཡིན་པ་རེད། རྗེས་ཕྱོགས་དོན་མེད་ལ་འུར་མ་རྒྱག་རོགས།
མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ད་ལྟ་ང་ཚོ་ཞལ་བྲལ་ཟིན་པ་རེད། ཡིན་ནའང་ཁོང་གི་གང་དགོངས་པ་དང་གང་ནུས་རྩལ་བཏོན་རྒྱུ་ཡོད་པའི་ལོ་རྒྱུས་སོགས་ཡིག་ཐོག་ཏུ་གང་སར་མཇལ་རྒྱུ་ཡོད། དེ་ནི་ང་ཚོས་རྩ་ཆེར་འཛིན་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད། ཡིན་ནའང་དྲ་གཟུགས་ཤིག་ས་གནས་གཞན་ཞིག་ཏུ་ཡོད་པར་ཧ་ལས་རྒྱུ་ཅི་ཡོད། ང་ཚོའི་ལྟེ་ཁྲག་འཐོར་སའང་ང་ཚོ་གསོན་པོ་བསྡད་ཐུབ་ཀྱི་མི་འདུག་པས། དྲ་གཟུགས་སུ་གཞན་གྱི་ས་ཆའི་སྟེང་ཡོད་པར་རྩོད་གླེང་མང་པོ་བྱེད་དགོས་པ་མཐོང་གི་མི་འདུག རྩ་ཆེན་དུ་བརྩིས་ནས་དྲ་གཟུགས་བཞེངས་པ་རེད། ཁྱད་མཚར་མཚར་གྱིས་དྲ་གཟུགས་བླངས་ནས་ང་ཚོར་ཁྱད་གསོད་བྱ་གི་ཡོད། སུས་ཤེས། ལོ་རྒྱུས་དང་དཔར་རིས་ཁ་གསལ་བཤད་རྒྱུ་མེད་པར་གནའ་རབས་ཀྱི་སྒྲུང་གཏམ་རིང་པོ་དེ་འདྲ་བཀོད་མ་ཡོང་རོགས། དགོངས་པ་མ་འཚོམ།
འཇུ་བསྟན་སྐྱོང་གིས་རྙེད་པའི་སྐུ་པར་དེ་རྫུན་མ་མ་རེད། ཡིན་ན་ཡང་རྫུན་མ་བཟོས་པ་རེད། དགེ་ཆོས་འབྲུག་ཡུལ་དུ་ཕེབས་ཤིང་འབྲུག་ཤར་ཕྱོགས་ཀྱི་སྡེ་དཔོན་བཀྲ་ཤིས་སྒང་པ་ཟེར་བ་དེ་དང་འདྲིས་པོ་བྱུང་ཞིང་ཁོང་དང་མཉམ་དུ་སྐུ་པར་ཞིག་ཀྱང་བརྒྱབ་ཡོད་པ་དེ་རྙེད་པ་རེད། ཡིན་ན་ཡང་འཇུ་བསྟན་སྐྱོང་གིས་པར་དེའི་ནང་ནས་འབྲུག་བཀྲ་ཤིས་སྒང་པ་ཕར་གཏུབ། དགེ་འདུན་ཆོས་འཕེལ་སྐུ་རྐྱང་བཟོས་ནས་པར་དེ་པར་འདེབས་སྤུས་དག་ཅིག་བྱས་ནས་བཀྲམ་པ་རེད། རྗེས་སུ་པར་དེ་ལ་བཟོས་བཅོས་བྱས་པ་དང་པར་དེའི་ནང་གི་མི་གཞན་ཞིག་གྲས་གཏུབ་བྱས་ཡོད་ཡོད་པའི་རྐུབ་རྡོལ་ནས་ཚང་མས་པར་དེ་རྫུན་མ་རེད་ཅེས་སྐད་བརྒྱབ་པ་ཙམ་རེད། གོང་དུ་འདོད་ལྷའི་བུ་ལགས་ཀྱིས་འབྲུག་རྒྱལ་པོའི་མཉམ་དུ་སྐུ་པར་བརྒྱབ་འདུག་ཟེར་བ་དེ་ནོར་བ་རེད།
ཤྲི་ལིང་ཁ་ན་རི་བོ་སྐད་གྲགས་ཅན་ཁ་ཤས་ཡོད་པ་འདྲ། ང་ཚོས་གསང་སྔགས་ནང་རྒྱུད་མི་ཡུལ་དུ་ཐོག་མར་བསྟན་པར་འདོད་པའི་གནས་དེ་རི་བོ་གང་ཡིན◌྄ྭ་ནམ། ཤྲི་སྦ་རྡུར་ཟེར་བ་དེ་ཡིན་ནམ། དེ་ཚོའི་ལོ་རྒྱུས་རྩད་གཅོད་པ་དེ་ཙམ་དཀའ་མོ་ཞིག་མ་རེད། དགེ་ཆོས་ཀྱི་སྐུ་བརྙན་ཞིག་བཞེངས་ཡོད་ཚུལ་དེ་གནས་ཚུལ་གསར་པ་རེད། ངས་དེ་སྔོན་དེ་འདྲ་ཐོས་མ་མྱོང་།
དགེ་ཆོས་ཀྱི་ཕྱོགས་ལ་ཞིབ་འཇུག་བྱེད་མཁན་གང་ས་གང་ན་ཡོད་ཀྱང་དེ་འདྲའི་སྐུ་བརྙན་ཞིག་ཡོད་པའི་ལོ་རྒྱུས་གོ་མ་མྱོང་།དེ་སྔ་མཁས་དབང་ཁོང་གི་འཁྲུངས་ཡུལ་ནས་ཅ་ལག་མང་པོ་ཞིག་ལ་མཇལ་བའི་གོ་སྐབས་བྱུང་། དམ་པ་ཁོང་གི་སྐུ་ཚ་གཡང་དྲུང་རྒྱལ་གྱིས་བྱིས་དུས་ཀྱི་ལོ་རྒྱུས་ཅུང་ཟད་གོ་རིམ་ལྡན་པ་ཞིག་མཁྱེན་མོད་རྐྱེན་གང་མང་མང་ཞིག་གིས་ལ་རྩེ་བོད་ཀྱི་དཔེ་མཛོད་ཁང་དུ་བསྡུས་པའི་ཚོགས་འདུ་ལ་ཞུགས་མ་ཐུབ།གལ་ཏེ་གོང་དུ་གླེང་བའི་ལོ་རྒྱུས་དེ་བདེན་པ་ཡིན་ན་ཞིབ་འཇུག་ཐད་སྔར་ལས་སྨན་པར་ངེས།འོན་ཀྱང་བོད་ཀྱི་ལོ་རྒྱུས་ཁྲོད་དོན་དག་གང་མང་ཞིག་གཞན་གྱི་ཟེར་སྒྲོས་ལ་གཞི་བཅོལ་ཡོད་པས་དེ་འདྲ་མི་གཙིགས་པ་ཀུན་གྱིས་མཁྱེན་སྲིད།།འདི་ལྟར་བརྗོད་རྒྱུར་སྤྲོ་བ་ནི་བོད་ཀྱི་ཤེས་ནས་སྨྲ་བ་ཀུན་གྱི་སྐྱོན་ཆ་ལས་རྒྱན་ཆ་ཞིག་མིན་པར་རློམས།།
བཀྲ་ཤིས་ཚེ་རིང་ལགས། དབུ་འཐོམ་ནས་མ་ཞུགས། དགེ་ཆོས་ཀྱི་པར་དེའི་ནང་གི་ཁོང་གི་བཞིན་རས་དེ་ནམ་རྒྱུན་མཐོང་ཡག་ཡོད་པའི་ཁོང་གི་འདྲ་པར་མིག་ཤེལ་གྱོན་བསྡད་པ་དེ་ནས་བཤུས་པ་རེད་འདུག་ག།
འཇུ་བསྟན་སྐྱོང་ཟེར་བས་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་འདྲ་པར་རྫུན་བཟོ་བྱས་པ་དེ་བདེན་པ་ཡིན་ན། དངོས་གནས་སྐྱོ་པོ་རེད། ཁོ་ནི་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་གྱི་གྲས་རེད། ཨོ་རེད་རེད། སྐུ་སྒེར་ཡིག་ཚང་ནས་ཁོང་ཚོའི་ལས་འཆར་ལ་འགྲོ་སོང་ཕོན་ཆེ་གཏོང་བཞིན་པ་ཉེ་བའི་ཆར་མེད་པ་བཟོ་དགོས་དོན་དམ་ཆོས་དཔལ་བཟང་དང༌། འཇུ་བསྟན་སྐྱོང་སོགས་ཀྱིས་ལོ་རྒྱུས་ལ་རྫུན་བཟོ་འདི་ལྟར་བྱེད་བཞིན་ཡོད་པ་ལ་བརྟེན་ནས་ཡིན་གྱི་རེད་མ་གཏོགས། འགྲོ་སོང་གི་ཐད་ནས་སྐུ་སྒེར་ཡིག་ཚང་ལ་དཀའ་ངལ་ཡོད་མི་སྲིད་པ་རེད། དེ་བཞིན་ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་བྲིས་ཚར་བས། ཁོང་ཚོའི་ལས་གཞི་མཇུག་བསྡུ་དགོས་དོན་ཡང་མི་འདུག སྐུ་སྒེར་ཡིག་ཚང་ནས་དམ་དཔལ་ལའང་མདོ་སྨད་ལོ་རྒྱུས་ཤིག་བྲིས་ཞེས་མངགས་པ་ནི་ཡིན་རྒྱུ་མ་རེད། གལ་སྲིད་དེ་ཡིན་ན་ཧོར་འཇིགས་ཀྱི་ལོ་རྒྱུས་ཚར་སོང་ན་གཞན་མི་དགོས་པ་ལྟ་བུ་རེད་དེ། ཡིན་གྱི་མ་རེད། རྒྱུ་མཚན་གོང་གི་དེ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་ངེས་རེད།
ཕན་ཚུན་ལ་ཚིག་རྩུབ་མེད་ན་བཟང་།
བཀྲ་ཤིས་ཚེ་རིང་ལགས།བརྒྱ་བཤད་ཚིག་གི་རྩ་བ་དང་།སྟོང་བྱུག་འོ་མའི་མར་ལོ་ནི་ཇི་ཞིག་བཤད་བསམ་ན་བདེན་ཐུབ་ཡིན་དགོས།
འོང་བཞིན་པའི་ཟླ་བ་གསུམ་པའི་ནང་སིངྒ་ལ་འགྲོ་བའི་སྟ་གོན་བྱས་ཚར། དྲན་ཡུལ་ན་དགེ་ཆོས་སྔོན་ཡུལ་དེ་ལ་ཕེབས་ཡོད་པ་ཞིག་འདུག། ཁོང་ཕེབས་མྱོང་སའི་ས་མིང་སོགས་ཤེས་མཁན་རེ་ཡོད་ན་གསུང་རོགས། ཞེས་ས་མཐའི་གངས་ཞུད་བྱེད་སའི་རི་མགོ་ཞིག་ནས་རེ་བ་དང་བཅས་ཕུལ།
སིང་ག་ལའི་པར་དེ་དགེ་ཆོས་ཨེ་ཡིན་ཡག་པོ་བརྟག་དགོས། སྔོན་ཆད་གྲ་བ་ཞིག་མི་ཚེ་གང་བོར་དེར་བཞུགས་ནས་སྙན་གྲགས་རྒྱས་པའི་མི་ཚད་ཡུལ་དེའི་རྩོམ་རིག་དང་ཆབ་སྲིད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྐོར་ཞིག་མཐོང་སོང་ཕལ་ཆེར་ཁ་བརྡའི་ནང་ནས་ཡིན་ས་ཡོད། གྲ་བ་དེ་ཁོ་ཚོས་བོད་རེད་ཟེར་གི་འདུག་ཟེར། གང་ལྟར་ཡུལ་དེར་སྙན་གྲགས་ཧ་ཅང་རྒྱས་པས་ཐམས་ཅད་ཀྱིས་བརྩི་བཀུར་ཆེན་པོ་བྱེད་ཡུལ་ཞིག་ཡིན་བཟོ་འདུག པར་ལ་ལྟ་དུས་དགེ་ཆོས་དང་འདྲ་བོ་ཞིག་ཀྱང་ཡིན་བཟོ་འདུག
དགེ་ཆོས་ཀྱིས་འདྲ་སྐུ་གཞན་གྱིས་བཞེངས་ལ། རང་རིགས་ཀྱིས་མ་བཞེངས་ན། བོད་རིགས་ནི་ཁྲག་མདོག་ཅན་དང་། རྗེས་ལུས་ཀྱི་རྟགས་སུ་བསྟན་པ་རེད། སྐུ་བརྙན་དེའི་སྐོར་ལ་ངས་གང་ཡང་མི་ཤེས། དགོངས་དག