སིངྒ་ལའི་རང་བཙན་འཐབ་རྩོད་ཀྱི་སྣེ་ཁྲིད་པ་བོད་པ་དཔའ་བོ་ཞིག Posted on 2017-07-202017-07-20 By ཁ་བརྡ་ 16 Comments on སིངྒ་ལའི་རང་བཙན་འཐབ་རྩོད་ཀྱི་སྣེ་ཁྲིད་པ་བོད་པ་དཔའ་བོ་ཞིག གློག་བརྙན་།
དགེ་ཆོས࿒ཀྱིས་ཅིའི་ཕྱིར་དགེ་སློང་དེ་སངྒལའི་གནས་ཡིག་ནང་ཟུར་ཙམ་ཡང་མ་གླེང་བ་རེད། འདི་ལ་གནད་དོན་ཞིག་ཏན་ཏན་ཡོད་པ་འདྲ། གཅིག་ནི་དགེ་སློང་འདི་བསྟན་པ་དག་ཐེར་གྱི་སླད་དུ་འབྲས་ལྗོངས་རྒྱལ་བོས་བཏང་བ་ཡིན་ཚེ་ཁོ་ཡང་ཏན་ཏན་བོད་ཀྱི་མི་རྐང་གླིང་བུ་ཅན་དག་གི་བྱ་སྤྱོད་ལ་སྡང་ཙམ་ཡོད་རྒྱུ་རེད། དེ་བཞིན་དུ་དགེ་ཆོས་ཀྱང་སྐྱ་མིན་སེར་མིན་འདྲ་བྱས་ཏེ་དགོན་པ་དག་ནས་གནས་ཚང་གཡར་ནས་བསྡད་ཙང་དགེ་སློང་གི་སྣང་བར་འགྲོ་ཡོད་རྒྱུ་མ་རེད་སྙམ། ཕྱོགས་གཞན་ནས་དགེ་ཆོས་ཀྱིས་ཏན་ཏན་དགེ་སློང་འདིའི་སྐོར་གནས་དེར་མ་ཕྱིན་སྔོན་ནས་མཁྱེན་ཡོད་རྒྱུ་རེད་ལ། མཁྱེན་པ་ནང་བཞིན་རེ་བ་ཆེན་པོ་ཞིག་བརྒྱབ་ནས་ཕྱིན་ཡོད་རྒྱུ་རེད། ཕར་བསླེབས་དུས་རོགས་རམ་ཞིག་སྣ་བའི་ཟུར་ན་ཡང་མེད་པ་སངྒལའི་གནས་ཡིག་ལ་ལྟོས་ན་ཤེས་ཐུབ་པས་ཕལ་ཆེར་དགེ་ཆོས་ཡིད་ཐང་འདྲ་ཆད་པ་འདྲ། གང་ལྟར་དགེ་ཆོས་ཀྱི་སྨྱུག་ཁ་ནས་ཅིས་ཀྱང་ཡོང་དགོས་པ་ཞིག་འདི་ལྟར་ཆེད་དུ་ཁུ་སིམ་པོར་བཞག་པ་ནི་གནད་དོན་དེ་ཙམ་མ་ཡིན་པར་ད་དུང་ཁོ་གཉིས་བར་ལ་ཞེ་འཁོན་གཞན་ཞིག་ཀྱང་ཡོད་པར་སྣང་ངོ་།
ཨ་ལགས་རྗེ་སྤྲུལ་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུ། བཀའ་དྲིན ཆེ་ཞུ། ཞེས་བྲིས་པ་བཞིན་དུ། ཨ་ལགས་རྗེ་སྤྲུལ་རིན་པོ་ཆེ་མཆོག་ལབདག་གིས་ཀྱང་ཞུ་འོ། བོད་ཀྱི་དགེ་སློང་མ་ཧེནྡ་མཆོག་གི་སྐོར་དགེ་ཆོས་ཀྱིས་རང་གི་གསུང་འབུམ་དེབ་གསུམ་བཞུགས་པར་མ་མཐོང་ཡང་། དགེ་ཆོས་ཀྱིས་རཀ་ར་རིན་པོ་ཆེར་གསུངས་པས། ཁོ་བོའི་དོགས་པ་ཆོད། ཨ་ལགས་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་དགེ་སློང་མ་ཧེནྡའི་མཛད་པ། རྣམ་ཐར་བཀོད་པ་ཡང་། བོད་ཕྱི་ནང་དུ་བཞུགས་པའི་བོད་རིགས་དག་གིས་ཀྱང་བོད་སྐད་དང་། བོད་ཀྱི་གཞུང་ལུགས་མི་ཉམས་གོང་འཕེལ་གོང་འཕེལ་གྱི་གྲོགས་སུ་འགྱུར་བ་སྨོས་ཅི་དགོས། ཞེས་ཞུའོ།
དགེ་ཆོས་ཀྱིས་ཁོང་གི་སྐོར་མ་གླེང་པ་ནི་ང་ཡང་ངོ་མཚར་སྐྱེས། རྒྱུ་མཚན་ཅི་ཡང་ཡིན་སྲིད་ལ་མིན་སྲིད། གཅིག་བྱས་ན་དགེ་ཆོས་གླིང་དེར་ཁྲིམས་འགལ་ཐོག་འབྱོར་བ་ཡིན་ཞིང་། ཁྲིམས་མཐུན་གྱི་ཡིག་ཆ་སོགས་མེད་སྟབས། གསང་སྟབས་ཀྱིས་ཡུལ་བསྐོར་ཞིང་། གཞན་ལ་ཁོང་སྐུ་ངོ་མ་ཇི་བཞིན་གསང་སྟེ་བཞུགས་སྲིད། དེ་ལྟར་ན། མ་ཧིན་རྡ་ར་དང་འབྲེལ་བ་མེད་པར་རྒྱང་རིང་བཞུགས་པ་སྲིད།
ཟུར་གནས་ལགས། དགེ་ཆོས་དང་སྤེན་པ་དོན་གྲུབ་གཉིས་དངོས་སུ་ཐུག་པའི་དཔང་རྟགས་ལ་ད་ཆ་ཕན་ལ་རྙེད་སོང་བྱུང་བ་ནི་ཕྱི་ལོ་ ༡༩༤༣ དགེ་ཆོས་དང་སྤེན་པ་དོན་གྲུབ་བམ་མཧཱེཎྜ་གཉིས་ལྷན་དུ་བསྒྲོན་པའི་པར་སོགས་འདུག་པས་འབྲེལ་མེད་ཀྱི་རྒྱང་རིང་དུ་བཞུགས་མེད་པ་དང་དགེ་ཆོས་ཀྱིས་གསང་སྟབས་ཀྱི་སིངྒལར་ཡང་ཕྱིན་མིན་འདུག ཁོང་ལ་ལམ་ཡིག་ཚད་ལྡན་འབྲས་ལྗོངས་ཀྱི་བློན་ཆེན་གྱིས་བཟོས་སྐོར་མཁས་དབང་བཀྲ་ཤིས་ཚེ་རིང་གིས་དཔེ་དེབ་དབུ་འབྱེད་སྐབས་གསུངས་བྱུང་།
རྒན་འཇམ་དཔལ་དང་། སྲིན་པོ་རྫ་རྒན་དང་གཡག་རྒོད་ལགས། ལེགས་གསོལ་གནང་བར་ཐུགས་རྗེ་ཆེ། སྤེན་པ་དོན་གྲུབ་ཀྱི་མཛད་རྗེས་རྣམས་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་པས་གཞོན་སྐྱེས་ཚོར་ཤེས་གལ་ཧ་ཅང་ཆེ་བས་ཁོང་གི་རྣམ་ཐར་རྣམས་བརྒྱུད་སྤེལ་མང་ཙམ་གནང་རོགས།
གཡག་རྒོད་ལགས། ཁྱེད་ཀྱིས་བཤད་པ་ལྟར། དགེ་ཆོས་ཀྱིས་སྤེན་པ་དོན་གྲུབ་ཀྱི་མཚན་སྙན་གྲགས་སིངྒལར་མ་ཕེབས་པའི་སྔོན་ནས་ཤེས་འདུག་སྙམ་ཏེ། ཁོང་ལ་འབྲས་ལྗོངས་ཀྱི་བློན་ཆེན་མི་ཉག་ཨ་ཏི་( 1902-1988) ཡིས་སིངྒལར་འགྲོ་བའི་ལམ་ཡིག་སྤྲད་པ་དང་། མི་ཉག་ཨ་ཏི་ཡིས་སྤེན་པ་དོན་གྲུབ་ཀྱི་གནང་སྟངས་ཚང་མ་ཤེས་མཁན་ཡིན་པའི་ཆ་ནས་དགེ་ཆོས་ལ་ཁོང་གི་སྐོར་ཏན་ཏན་གསུང་འདུག་སྙམ། ཡང་དགེ་ཆོས་ཀྱིས་སྤེན་པ་དོན་གྲུབ་ཀྱི་ལོ་རྒྱུས་ཡོང་གྲགས་སུ་མ་གླེང་བ་ནི་དགེ་ཆོས་ཀྱི་མིའི་གཤིས་ཀུན་སྤྱོད་ལའང་འབྲེལ་བ་ཧ་ཅང་འདུག་སྙམ་ཏེ། གཏམ་རྒྱུད་གསེར་ཐང་ལས། དེ་ལྟར་ན་གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཐོབ་པའི་ནང་ན་ངེད་རང་སླེབས་སྔ་བ་ཞིག་ཏུ་སེམས། ཞེས་དགེ་ཆོས་ཀྱིས་སིངྒལའི་གླིང་དུ་རྐང་འགྲོས་ཐེངས་དང་པོ་སླེབས་མཁན་དགེ་ཆོས་རང་ཉིན་ཡིན་པར་སྟོན་འདོད་ཀྱིས་རེ་ཞིག་རིང་སྤེན་པ་དོན་གྲུབ་ས་འོག་ཏུ་སྦས་པ་ཡིན་ཤས་ཆེ། ཡང་། གཏམ་རྒྱུད་གསེར་ཐང་ལས། དེ་ལྟར་ན་གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཐོབ་པའི་ནང་ན་ངེད་རང་སླེབས་སྔ་བ་ཞིག་ཏུ་སེམས། ཞེས་སྔར་བོད་ཀྱི་བླ་མ་རྫུ་འཕྲུལ་ཅན་སུ་ཞིག་སིངྒལར་ཕེབས་ཡོད་པ་དང་དུས་རབས་ནམ་ཞིག་ནང་ཕེབས་ཡོད་དམ། དེ་ཡང་ ” འགའ་ཙམ་བྱུང་འདུག་མོད། ” ཅེས་པའི་བརྗོད་ཚིག་བལྟས་ན་ཕལ་ཆེར་བཞི་ལྔ་ཞིག་བྱུང་ཡོད་ཚོད་འདུག་པས་དེའི་སྐོར་མཁྱེན་མཁན་ཡོད་ན་བདག་ལ་བློ་བསྐྱེད་ཤིག་གནང་རོགས་ཞུ།
སིངྒལ་་་ཞེས་པའི་རྒྱལ་ཕྲན་འདི། སྔོན་ཀྱི་ཡིག་ཆ་ཁག་ཏུ་གསལ་བའི་་་སྲིན་གྱི་རྒྱལ་པོ་ལངྐ་མགྲིན་བཅུ་་་ཞེས་པ་དེའི་ཕ་ཡུལ་དེ་ཡིན་ནམ། ཡིན་ན་ཡིན་ཚུལ་མདོར་ཙམ་གསུངས་རོགས་ཞུ། །
རྩ་བའི་ལོ་རྒྱུས་འདི་འདྲ་ཞིག་སྐུ་ངལ་བརྒྱ་ཕྲག་གིས་བསྐྲུན་པར་ཤིན་ཏུ་དགའ་ལ་ཉན་ཤིན་ཏུ་འདོད་པས་ཨ་ལགས་མཆོག་ལ་བཀའ་དྲིན་ཆེ་ཞུ། གཏམ་རྒྱུད་གསེར་ཐང་མར་འབྲས་ལྗོངས་པ་སྤེན་པ་དོན་གྲུབ་བམ། དགེ་སློང་མ་ཧེནྡའི་སྐོར་མ་འཁོད་པར་དགེ་ཆོས་ཀྱི་མི་གཤིས་དང་། ཁོང་གཉིས་བར་གྱི་འཁོན་འཛིན་ཟེར་བ་འདི་ཚོ་ཐལ་གྲགས་པའི་སྐད་ཆ་མིན་འགྲོ། དེའི་ནང་ཁོང་གི་ལོ་རྒྱུས་མ་འཁོད་པ་ལ་རྒྱུ་མཚན་ཁ་ཤས་ཡོད་ཀྱི་རེད་དྲན། དགེ་ཆོས་ཡུལ་དེར་ཕེབས་སྐབས་དགེ་སློང་མ་ཧེནྡའི་སྙན་གྲགས་རྒྱས་ཟིན་ཡོད་མེད་དང་། ཁོང་གཉིས་འདྲིས་གཤིབ་བྱུང་ཡོད་མེད། དགེ་ཆོས་ཀྱིས་སིངྒ་ལའི་ཡུལ་ཆ་ཚང་བསྐོར་ཐུབ་ཡོད་མེད་སོགས་ཞིབ་འཇུག་དགོས་རེད་སྙམ། གལ་ཏེ་སྐབས་དེར་དགེ་སློང་སྙན་གྲགས་རྒྱས་ཟིན་པ་དང་། ཁོང་གཉིས་མཇལ་འཕྲད་ཀྱིས་མཉམ་དུ་བསྒྲོན་པའི་སྐུ་པར་དེ་ངོ་མ་ཡིན་བཞིན་དུ་གསེར་ཐང་མར་ཁོང་གི་ལོ་རྒྱུས་ཟུར་ཙམ་འཁོད་མེད་ན་དེའི་རྒྱུ་མཚན་ངོ་མ་ནི་མི་གཤིས་དང་འཁོན་འཛིན་ཟེར་བ་མ་ཡིན་པར་དགེ་ཆོས་ཀྱིས་ཁོང་བོད་པར་རྩིས་མེད་པ་དེ་རེད། རྒྱུ་མཚན་ཉིད་ཀྱིས་དྲངས་པ་ལྟར། གཏམ་རྒྱུད་གསེར་ཐང་མར། དེ་ལྟར་གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཐོབ་པའི་ནང་ནས་ངེད་རང་སླེབས་པ་སྔ་བ་ཞིག་སེམས་ཞེས་གསུངས་ཡོད་པའི་ཕྱིར།
གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་ནང་། ཁོང་གི་རྨི་ལམ་ནང་ཁོང་མཁའ་འགྲོས་ནམ་མཁའི་ལམ་ནས་གདན་དྲངས་ཏེ་སིངྒ་ལར་ཕེབས་ལུགས་གནམ་གྲུའི་ནང་ནས་ཕེབས་པ་འདྲ་བོ་ཞིག་གསུངས་འདུག མཁའ་འགྲོའི་གནམ་གྲུ་དེའི་ནང་ནས་ཁོང་གིས་ཐུར་དུ་གཟིགས་ཏེ་ལྷ་ས་དང་བལ་ཡུལ་ཝ་ར་ཎ་སི་སོགས་མཇལ། མཐར་རྒྱ་གར་ལྷོ་ཕྱོགས་ནས་རྒྱ་མཚོ་བརྒལ་ཏེ་འཕུར་ལུགས་འདུག རྣམ་ཐར་དེའི་མཚན་ལ་བཀྲ་ཤིས་དབྱངས་སྙན་ཞུ།
Sri lanka ལ་སིངྒ་ལ་ཞེས་ཟེར་བཞིན། དེ་ཡང་སྔར་གྱི་གཏམ་བརྒྱུད་ནང་གི་སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུའི་རྒྱལ་ཕྲན་དེ་རང་རང་རེད།
ཨ་ཁུ་འབྲོག་པ་ལགས། ཕྱི་ལོ་༡༩༤༣ ཡས་མས་སུ་སྤེན་པ་དོན་གྲུབ་ཀྱི་གྲགས་པ་སིངྒའི་ཕྱོགས་བཅུར་རྒྱས་བཞིན་པའི་སྐབས་ཡིན་པ་ཁོང་གི་རྣམ་ཐར་ལས་ཤེས་ནུས། ཁོང་དང་དགེ་ཆོས་བར་འགྲོག་འདྲིས་ཀྱི་དུས་ཡུན་ཤེས་དཀའ་ཡང་། དགེ་ཆོས་ཀྱིས་ཁོང་ལ་ཆེ་བསྟོད་ཞེ་དྲག་བྱས་འདུག་པས་ཡུན་རིང་འགྲོགས་མེད་ཀྱང་ཉིན་ཤས་རིང་འགྲོགས་ཡོད་པ་གོར་མ་ཆག་སྙམ། ཡང་དགེ་ཆོས་ཀྱིས་སིངྒལ་ཡོངས་རྫོགས་སྐོར་བསྐྱོད་བྱས་ཡོད་མེད་ཀྱི་ཐད་ལ། གསེར་ཐང་ལས། ལོ་གཅིག་དང་ཞག་ཤས་མ་ཚང་བའི་ཟླ་བ་བཞི་བསྡད། དེའི་རིང་ལ་གནས་གཅིག་ཏུ་མ་ཆགས་པར། ལྭ་བ་གཡང་ལུགས་ཤིག་གྱོན་ཏེ་དགེ་བསྙེན་གྱི་ཟོབ་ཏུ་ཞུགས་ནས་རྟག་ཏུ་རྒྱུ་འགྲུལ་ཁོ་ན་བྱས་པས་ཕལ་ཆེར་གླིང་གང་བོ་འཁོར་ཙམ་བྱས། ཞེས་བྲིས་འདུག་པས་གླིང་ཡོངས་རྫོགས་བསྐོར་ཡོད་སྙམ་པ་དང་ས་ཁྱོན་གྱི་ཆ་ནས་ཀྱང་བསྐོར་མི་ཐུབ་མི་འདུག ཡང་དགེ་ཆོས་ཀྱིས་སྤེན་པ་དོན་གྲུབ་ཀྱི་མཚན་སྙན་དངོས་སུ་མཐོང་ཡང་དེ་ལྟར་དངོས་སུ་མ་བྲིས་པ་དང་མ་བཤད་ནི། དགེ་ཆོས་ཀྱིས་ཁོང་བོད་མི་མ་བརྩིས་པ་ལས་ཁོང་གཉིས་བར་འཁོན་འཛིན་དང་ཁོང་གི་མི་གཤིས་ལ་འབྲེལ་བ་མེད་པར་དེ་སྔོན་བཤད་མཁན་བྱུང་ཡང་། དགེ་ཆོས་ནི་མི་རིགས་ཀྱི་ལར་རྒྱ་དང་རྒྱལ་རབས་ལ་ཧ་ཅང་མཁས་པས་དེའི་སྐབས་དབྱིན་ཇིས་བཙན་བཟུང་བྱས་པའི་འབྲས་ལྗོངས་དང་མོན་རྟ་དབང་བོད་ཀྱི་མངའ་ཁོངས་ཡིན་པའི་ལྟ་ཚུལ་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་དང་། དེར་མ་ཟད་དགེ་ཆོས་ཀྱིས་སྤེན་པ་དོན་གྲུབ་བོད་པར་བརྩིས་པ་མ་ཟད་ཆེས་མཐོང་ཡང་ཧ་ཅང་བྱས་འདུག་སྟེ། དགེ་ཆོས་ཀྱིས། ” དེ་སྔོན་ཙམ་ལ་སིངྒར་དགེ་སློང་མཧཱེཎྜ་ཟེར་བའི་སྙན་ངག་མཁན་ཡོངས་སུ་གྲགས་པ་ཞིག་བྱུང་འདུག དགེ་སློང་མཧཱེཎྜའི་རྩ་བའི་མི་རིགས་ནི་བོད་པ་རེད་འདུག ཁོང་སིངྒ་ལར་སྙན་གྲགས་ཤིན་ཏུ་ནས་ཆེ་ཞིང་། “ཞེས་བཤད་འདུག་པས་རྒྱུ་མཚན་དེ་དག་བརྟེན་ནས་ཁོང་གཉིས་བར་གནད་དོན་ཆེན་པོ་ཞིག་ལྷག་འདུག་སྙམ་པའི་ཚོར་བ་ངང་གི་བསྐྱེད་ཀྱི་མི་འདུག་གམ།
ཀླུ་སྨྱོན་ལགས། བློ་བསྐྱེད་གནང་བར་ཐུགས་རྗེ་ཆེ། ཡིན་ན་ཡང་གཏེར་སྟོན་ཁོང་རྨི་ལམ་གྱི་ནང་དུ་ཕེབས་པ་རེད་དམ། རྫུ་འཕྲུན་བསྟན་ནས་སྐུ་དངོས་སུ་སིངྒལར་ཕེབས་པ་རེད། གལ་ཏེ་དང་པོ་ལྟར་ན། རྨི་ལམ་གྱི་ནང་དུ་སིངྒལར་ཕེབས་པ་དེ་སིངྒལར་ཕེབས་པར་དགེ་ཆོས་ཀྱིས་ཨེ་བཞེད་སྙམ། ཀླུ་སྨྱོན་ལགས།
ཨ་ལེགས་རྗེ་སྤྲུལ་གྱིས་རིན་ཐང་ཆེ་བའི་དཔྱད་པ་གནང་བར་བཀའ་དྲིན་ཆེ། རྨི་ལམ་བཟུང་ནས་ཤྲཱིའི་ལངྒ་ལ་འགྲོ་མཁན། རིག་འཛིན་བདུད་འདུལ་རྡོ་རྗེ། སྨིན་གླིང་གཏེར་ཆེན། མཆོག་གྱུར་གླིང་པ་སོགས་ཡོད། ལོ་རྒྱུས་ཙམ་འཁོད་པ། པདྨ་བཀའ་ཐང་། རྒྱ་གར་ཆོས་འབྱུང་། འཛམ་གླིང་རྒྱས་བཤད། མི་རྒན་གདུང་བྱང་ཆུབ་རྒྱལ་མཚན་གྱིས་གང་ཐོས་འཇིགས་མེད་གླིང་པས་བྲིས་པ། རྒྱ་གར་ལྷོ་ཕྱོགས་ཀྱི་གཏམ་སོགས་མིང་ཙམ་ཡོད་དོ། །སྐུ་ཚེ་རིང་། ཐུགས་རྗེ་ཆེ།
ཨ་ལགས་རྗེ་སྤྲུལ་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུ། བཀའ་དྲིན ཆེ་ཞུ།
དགེ་ཆོས࿒ཀྱིས་ཅིའི་ཕྱིར་དགེ་སློང་དེ་སངྒལའི་གནས་ཡིག་ནང་ཟུར་ཙམ་ཡང་མ་གླེང་བ་རེད། འདི་ལ་གནད་དོན་ཞིག་ཏན་ཏན་ཡོད་པ་འདྲ། གཅིག་ནི་དགེ་སློང་འདི་བསྟན་པ་དག་ཐེར་གྱི་སླད་དུ་འབྲས་ལྗོངས་རྒྱལ་བོས་བཏང་བ་ཡིན་ཚེ་ཁོ་ཡང་ཏན་ཏན་བོད་ཀྱི་མི་རྐང་གླིང་བུ་ཅན་དག་གི་བྱ་སྤྱོད་ལ་སྡང་ཙམ་ཡོད་རྒྱུ་རེད། དེ་བཞིན་དུ་དགེ་ཆོས་ཀྱང་སྐྱ་མིན་སེར་མིན་འདྲ་བྱས་ཏེ་དགོན་པ་དག་ནས་གནས་ཚང་གཡར་ནས་བསྡད་ཙང་དགེ་སློང་གི་སྣང་བར་འགྲོ་ཡོད་རྒྱུ་མ་རེད་སྙམ། ཕྱོགས་གཞན་ནས་དགེ་ཆོས་ཀྱིས་ཏན་ཏན་དགེ་སློང་འདིའི་སྐོར་གནས་དེར་མ་ཕྱིན་སྔོན་ནས་མཁྱེན་ཡོད་རྒྱུ་རེད་ལ། མཁྱེན་པ་ནང་བཞིན་རེ་བ་ཆེན་པོ་ཞིག་བརྒྱབ་ནས་ཕྱིན་ཡོད་རྒྱུ་རེད། ཕར་བསླེབས་དུས་རོགས་རམ་ཞིག་སྣ་བའི་ཟུར་ན་ཡང་མེད་པ་སངྒལའི་གནས་ཡིག་ལ་ལྟོས་ན་ཤེས་ཐུབ་པས་ཕལ་ཆེར་དགེ་ཆོས་ཡིད་ཐང་འདྲ་ཆད་པ་འདྲ། གང་ལྟར་དགེ་ཆོས་ཀྱི་སྨྱུག་ཁ་ནས་ཅིས་ཀྱང་ཡོང་དགོས་པ་ཞིག་འདི་ལྟར་ཆེད་དུ་ཁུ་སིམ་པོར་བཞག་པ་ནི་གནད་དོན་དེ་ཙམ་མ་ཡིན་པར་ད་དུང་ཁོ་གཉིས་བར་ལ་ཞེ་འཁོན་གཞན་ཞིག་ཀྱང་ཡོད་པར་སྣང་ངོ་།
ཨ་ལགས་རྗེ་སྤྲུལ་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུ། བཀའ་དྲིན ཆེ་ཞུ། ཞེས་བྲིས་པ་བཞིན་དུ། ཨ་ལགས་རྗེ་སྤྲུལ་རིན་པོ་ཆེ་མཆོག་ལབདག་གིས་ཀྱང་ཞུ་འོ།
བོད་ཀྱི་དགེ་སློང་མ་ཧེནྡ་མཆོག་གི་སྐོར་དགེ་ཆོས་ཀྱིས་རང་གི་གསུང་འབུམ་དེབ་གསུམ་བཞུགས་པར་མ་མཐོང་ཡང་། དགེ་ཆོས་ཀྱིས་རཀ་ར་རིན་པོ་ཆེར་གསུངས་པས། ཁོ་བོའི་དོགས་པ་ཆོད།
ཨ་ལགས་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་དགེ་སློང་མ་ཧེནྡའི་མཛད་པ། རྣམ་ཐར་བཀོད་པ་ཡང་། བོད་ཕྱི་ནང་དུ་བཞུགས་པའི་བོད་རིགས་དག་གིས་ཀྱང་བོད་སྐད་དང་། བོད་ཀྱི་གཞུང་ལུགས་མི་ཉམས་གོང་འཕེལ་གོང་འཕེལ་གྱི་གྲོགས་སུ་འགྱུར་བ་སྨོས་ཅི་དགོས། ཞེས་ཞུའོ།
དགེ་ཆོས་ཀྱིས་ཁོང་གི་སྐོར་མ་གླེང་པ་ནི་ང་ཡང་ངོ་མཚར་སྐྱེས། རྒྱུ་མཚན་ཅི་ཡང་ཡིན་སྲིད་ལ་མིན་སྲིད། གཅིག་བྱས་ན་དགེ་ཆོས་གླིང་དེར་ཁྲིམས་འགལ་ཐོག་འབྱོར་བ་ཡིན་ཞིང་། ཁྲིམས་མཐུན་གྱི་ཡིག་ཆ་སོགས་མེད་སྟབས། གསང་སྟབས་ཀྱིས་ཡུལ་བསྐོར་ཞིང་། གཞན་ལ་ཁོང་སྐུ་ངོ་མ་ཇི་བཞིན་གསང་སྟེ་བཞུགས་སྲིད།
དེ་ལྟར་ན། མ་ཧིན་རྡ་ར་དང་འབྲེལ་བ་མེད་པར་རྒྱང་རིང་བཞུགས་པ་སྲིད།
ཟུར་གནས་ལགས། དགེ་ཆོས་དང་སྤེན་པ་དོན་གྲུབ་གཉིས་དངོས་སུ་ཐུག་པའི་དཔང་རྟགས་ལ་ད་ཆ་ཕན་ལ་རྙེད་སོང་བྱུང་བ་ནི་ཕྱི་ལོ་ ༡༩༤༣ དགེ་ཆོས་དང་སྤེན་པ་དོན་གྲུབ་བམ་མཧཱེཎྜ་གཉིས་ལྷན་དུ་བསྒྲོན་པའི་པར་སོགས་འདུག་པས་འབྲེལ་མེད་ཀྱི་རྒྱང་རིང་དུ་བཞུགས་མེད་པ་དང་དགེ་ཆོས་ཀྱིས་གསང་སྟབས་ཀྱི་སིངྒལར་ཡང་ཕྱིན་མིན་འདུག ཁོང་ལ་ལམ་ཡིག་ཚད་ལྡན་འབྲས་ལྗོངས་ཀྱི་བློན་ཆེན་གྱིས་བཟོས་སྐོར་མཁས་དབང་བཀྲ་ཤིས་ཚེ་རིང་གིས་དཔེ་དེབ་དབུ་འབྱེད་སྐབས་གསུངས་བྱུང་།
རྒན་འཇམ་དཔལ་དང་། སྲིན་པོ་རྫ་རྒན་དང་གཡག་རྒོད་ལགས། ལེགས་གསོལ་གནང་བར་ཐུགས་རྗེ་ཆེ། སྤེན་པ་དོན་གྲུབ་ཀྱི་མཛད་རྗེས་རྣམས་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཡིན་པས་གཞོན་སྐྱེས་ཚོར་ཤེས་གལ་ཧ་ཅང་ཆེ་བས་ཁོང་གི་རྣམ་ཐར་རྣམས་བརྒྱུད་སྤེལ་མང་ཙམ་གནང་རོགས།
གཡག་རྒོད་ལགས། ཁྱེད་ཀྱིས་བཤད་པ་ལྟར། དགེ་ཆོས་ཀྱིས་སྤེན་པ་དོན་གྲུབ་ཀྱི་མཚན་སྙན་གྲགས་སིངྒལར་མ་ཕེབས་པའི་སྔོན་ནས་ཤེས་འདུག་སྙམ་ཏེ། ཁོང་ལ་འབྲས་ལྗོངས་ཀྱི་བློན་ཆེན་མི་ཉག་ཨ་ཏི་( 1902-1988) ཡིས་སིངྒལར་འགྲོ་བའི་ལམ་ཡིག་སྤྲད་པ་དང་། མི་ཉག་ཨ་ཏི་ཡིས་སྤེན་པ་དོན་གྲུབ་ཀྱི་གནང་སྟངས་ཚང་མ་ཤེས་མཁན་ཡིན་པའི་ཆ་ནས་དགེ་ཆོས་ལ་ཁོང་གི་སྐོར་ཏན་ཏན་གསུང་འདུག་སྙམ། ཡང་དགེ་ཆོས་ཀྱིས་སྤེན་པ་དོན་གྲུབ་ཀྱི་ལོ་རྒྱུས་ཡོང་གྲགས་སུ་མ་གླེང་བ་ནི་དགེ་ཆོས་ཀྱི་མིའི་གཤིས་ཀུན་སྤྱོད་ལའང་འབྲེལ་བ་ཧ་ཅང་འདུག་སྙམ་ཏེ། གཏམ་རྒྱུད་གསེར་ཐང་ལས། དེ་ལྟར་ན་གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཐོབ་པའི་ནང་ན་ངེད་རང་སླེབས་སྔ་བ་ཞིག་ཏུ་སེམས། ཞེས་དགེ་ཆོས་ཀྱིས་སིངྒལའི་གླིང་དུ་རྐང་འགྲོས་ཐེངས་དང་པོ་སླེབས་མཁན་དགེ་ཆོས་རང་ཉིན་ཡིན་པར་སྟོན་འདོད་ཀྱིས་རེ་ཞིག་རིང་སྤེན་པ་དོན་གྲུབ་ས་འོག་ཏུ་སྦས་པ་ཡིན་ཤས་ཆེ།
ཡང་། གཏམ་རྒྱུད་གསེར་ཐང་ལས། དེ་ལྟར་ན་གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཐོབ་པའི་ནང་ན་ངེད་རང་སླེབས་སྔ་བ་ཞིག་ཏུ་སེམས། ཞེས་སྔར་བོད་ཀྱི་བླ་མ་རྫུ་འཕྲུལ་ཅན་སུ་ཞིག་སིངྒལར་ཕེབས་ཡོད་པ་དང་དུས་རབས་ནམ་ཞིག་ནང་ཕེབས་ཡོད་དམ། དེ་ཡང་ ” འགའ་ཙམ་བྱུང་འདུག་མོད། ” ཅེས་པའི་བརྗོད་ཚིག་བལྟས་ན་ཕལ་ཆེར་བཞི་ལྔ་ཞིག་བྱུང་ཡོད་ཚོད་འདུག་པས་དེའི་སྐོར་མཁྱེན་མཁན་ཡོད་ན་བདག་ལ་བློ་བསྐྱེད་ཤིག་གནང་རོགས་ཞུ།
འབྲས་ལྗོངས་ཀྱི་བློན་ཆེན་མི་ཉག་ཨ་ཏི་དེ་འབྲས་ལྗོངས་བློན་ཆེན་འབའ་ཉག་ཨ་ཐིང་ལ་ཆོས།
སིངྒལ་་་ཞེས་པའི་རྒྱལ་ཕྲན་འདི།
སྔོན་ཀྱི་ཡིག་ཆ་ཁག་ཏུ་གསལ་བའི་་་སྲིན་གྱི་རྒྱལ་པོ་ལངྐ་མགྲིན་བཅུ་་་ཞེས་པ་དེའི་ཕ་ཡུལ་དེ་ཡིན་ནམ། ཡིན་ན་ཡིན་ཚུལ་མདོར་ཙམ་གསུངས་རོགས་ཞུ། །
རྩ་བའི་ལོ་རྒྱུས་འདི་འདྲ་ཞིག་སྐུ་ངལ་བརྒྱ་ཕྲག་གིས་བསྐྲུན་པར་ཤིན་ཏུ་དགའ་ལ་ཉན་ཤིན་ཏུ་འདོད་པས་ཨ་ལགས་མཆོག་ལ་བཀའ་དྲིན་ཆེ་ཞུ། གཏམ་རྒྱུད་གསེར་ཐང་མར་འབྲས་ལྗོངས་པ་སྤེན་པ་དོན་གྲུབ་བམ། དགེ་སློང་མ་ཧེནྡའི་སྐོར་མ་འཁོད་པར་དགེ་ཆོས་ཀྱི་མི་གཤིས་དང་། ཁོང་གཉིས་བར་གྱི་འཁོན་འཛིན་ཟེར་བ་འདི་ཚོ་ཐལ་གྲགས་པའི་སྐད་ཆ་མིན་འགྲོ། དེའི་ནང་ཁོང་གི་ལོ་རྒྱུས་མ་འཁོད་པ་ལ་རྒྱུ་མཚན་ཁ་ཤས་ཡོད་ཀྱི་རེད་དྲན། དགེ་ཆོས་ཡུལ་དེར་ཕེབས་སྐབས་དགེ་སློང་མ་ཧེནྡའི་སྙན་གྲགས་རྒྱས་ཟིན་ཡོད་མེད་དང་། ཁོང་གཉིས་འདྲིས་གཤིབ་བྱུང་ཡོད་མེད། དགེ་ཆོས་ཀྱིས་སིངྒ་ལའི་ཡུལ་ཆ་ཚང་བསྐོར་ཐུབ་ཡོད་མེད་སོགས་ཞིབ་འཇུག་དགོས་རེད་སྙམ། གལ་ཏེ་སྐབས་དེར་དགེ་སློང་སྙན་གྲགས་རྒྱས་ཟིན་པ་དང་། ཁོང་གཉིས་མཇལ་འཕྲད་ཀྱིས་མཉམ་དུ་བསྒྲོན་པའི་སྐུ་པར་དེ་ངོ་མ་ཡིན་བཞིན་དུ་གསེར་ཐང་མར་ཁོང་གི་ལོ་རྒྱུས་ཟུར་ཙམ་འཁོད་མེད་ན་དེའི་རྒྱུ་མཚན་ངོ་མ་ནི་མི་གཤིས་དང་འཁོན་འཛིན་ཟེར་བ་མ་ཡིན་པར་དགེ་ཆོས་ཀྱིས་ཁོང་བོད་པར་རྩིས་མེད་པ་དེ་རེད། རྒྱུ་མཚན་ཉིད་ཀྱིས་དྲངས་པ་ལྟར། གཏམ་རྒྱུད་གསེར་ཐང་མར། དེ་ལྟར་གླིང་འདིར་བོད་ཀྱི་བླ་མ་རྫུ་འཕྲུལ་གྱིས་བྱོན་པ་ནི་སྔར་འགའ་ཙམ་བྱུང་འདུག་མོད། རྫུ་འཕྲུལ་མ་ཐོབ་པའི་ནང་ནས་ངེད་རང་སླེབས་པ་སྔ་བ་ཞིག་སེམས་ཞེས་གསུངས་ཡོད་པའི་ཕྱིར།
གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་ནང་། ཁོང་གི་རྨི་ལམ་ནང་ཁོང་མཁའ་འགྲོས་ནམ་མཁའི་ལམ་ནས་གདན་དྲངས་ཏེ་སིངྒ་ལར་ཕེབས་ལུགས་གནམ་གྲུའི་ནང་ནས་ཕེབས་པ་འདྲ་བོ་ཞིག་གསུངས་འདུག མཁའ་འགྲོའི་གནམ་གྲུ་དེའི་ནང་ནས་ཁོང་གིས་ཐུར་དུ་གཟིགས་ཏེ་ལྷ་ས་དང་བལ་ཡུལ་ཝ་ར་ཎ་སི་སོགས་མཇལ། མཐར་རྒྱ་གར་ལྷོ་ཕྱོགས་ནས་རྒྱ་མཚོ་བརྒལ་ཏེ་འཕུར་ལུགས་འདུག རྣམ་ཐར་དེའི་མཚན་ལ་བཀྲ་ཤིས་དབྱངས་སྙན་ཞུ།
Sri lanka ལ་སིངྒ་ལ་ཞེས་ཟེར་བཞིན། དེ་ཡང་སྔར་གྱི་གཏམ་བརྒྱུད་ནང་གི་སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུའི་རྒྱལ་ཕྲན་དེ་རང་རང་རེད།
དིང་སང་གི་སིངྒ་ལ།
https://en.wikipedia.org/wiki/Sri_Lanka
ཨ་ཁུ་འབྲོག་པ་ལགས། ཕྱི་ལོ་༡༩༤༣ ཡས་མས་སུ་སྤེན་པ་དོན་གྲུབ་ཀྱི་གྲགས་པ་སིངྒའི་ཕྱོགས་བཅུར་རྒྱས་བཞིན་པའི་སྐབས་ཡིན་པ་ཁོང་གི་རྣམ་ཐར་ལས་ཤེས་ནུས། ཁོང་དང་དགེ་ཆོས་བར་འགྲོག་འདྲིས་ཀྱི་དུས་ཡུན་ཤེས་དཀའ་ཡང་། དགེ་ཆོས་ཀྱིས་ཁོང་ལ་ཆེ་བསྟོད་ཞེ་དྲག་བྱས་འདུག་པས་ཡུན་རིང་འགྲོགས་མེད་ཀྱང་ཉིན་ཤས་རིང་འགྲོགས་ཡོད་པ་གོར་མ་ཆག་སྙམ།
ཡང་དགེ་ཆོས་ཀྱིས་སིངྒལ་ཡོངས་རྫོགས་སྐོར་བསྐྱོད་བྱས་ཡོད་མེད་ཀྱི་ཐད་ལ། གསེར་ཐང་ལས། ལོ་གཅིག་དང་ཞག་ཤས་མ་ཚང་བའི་ཟླ་བ་བཞི་བསྡད། དེའི་རིང་ལ་གནས་གཅིག་ཏུ་མ་ཆགས་པར། ལྭ་བ་གཡང་ལུགས་ཤིག་གྱོན་ཏེ་དགེ་བསྙེན་གྱི་ཟོབ་ཏུ་ཞུགས་ནས་རྟག་ཏུ་རྒྱུ་འགྲུལ་ཁོ་ན་བྱས་པས་ཕལ་ཆེར་གླིང་གང་བོ་འཁོར་ཙམ་བྱས། ཞེས་བྲིས་འདུག་པས་གླིང་ཡོངས་རྫོགས་བསྐོར་ཡོད་སྙམ་པ་དང་ས་ཁྱོན་གྱི་ཆ་ནས་ཀྱང་བསྐོར་མི་ཐུབ་མི་འདུག
ཡང་དགེ་ཆོས་ཀྱིས་སྤེན་པ་དོན་གྲུབ་ཀྱི་མཚན་སྙན་དངོས་སུ་མཐོང་ཡང་དེ་ལྟར་དངོས་སུ་མ་བྲིས་པ་དང་མ་བཤད་ནི། དགེ་ཆོས་ཀྱིས་ཁོང་བོད་མི་མ་བརྩིས་པ་ལས་ཁོང་གཉིས་བར་འཁོན་འཛིན་དང་ཁོང་གི་མི་གཤིས་ལ་འབྲེལ་བ་མེད་པར་དེ་སྔོན་བཤད་མཁན་བྱུང་ཡང་། དགེ་ཆོས་ནི་མི་རིགས་ཀྱི་ལར་རྒྱ་དང་རྒྱལ་རབས་ལ་ཧ་ཅང་མཁས་པས་དེའི་སྐབས་དབྱིན་ཇིས་བཙན་བཟུང་བྱས་པའི་འབྲས་ལྗོངས་དང་མོན་རྟ་དབང་བོད་ཀྱི་མངའ་ཁོངས་ཡིན་པའི་ལྟ་ཚུལ་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་དང་། དེར་མ་ཟད་དགེ་ཆོས་ཀྱིས་སྤེན་པ་དོན་གྲུབ་བོད་པར་བརྩིས་པ་མ་ཟད་ཆེས་མཐོང་ཡང་ཧ་ཅང་བྱས་འདུག་སྟེ། དགེ་ཆོས་ཀྱིས། ” དེ་སྔོན་ཙམ་ལ་སིངྒར་དགེ་སློང་མཧཱེཎྜ་ཟེར་བའི་སྙན་ངག་མཁན་ཡོངས་སུ་གྲགས་པ་ཞིག་བྱུང་འདུག དགེ་སློང་མཧཱེཎྜའི་རྩ་བའི་མི་རིགས་ནི་བོད་པ་རེད་འདུག ཁོང་སིངྒ་ལར་སྙན་གྲགས་ཤིན་ཏུ་ནས་ཆེ་ཞིང་། “ཞེས་བཤད་འདུག་པས་རྒྱུ་མཚན་དེ་དག་བརྟེན་ནས་ཁོང་གཉིས་བར་གནད་དོན་ཆེན་པོ་ཞིག་ལྷག་འདུག་སྙམ་པའི་ཚོར་བ་ངང་གི་བསྐྱེད་ཀྱི་མི་འདུག་གམ།