སྐྱོ་བྲག་དགའ་དབང་།
དེང་སྐབས་ང་ཚོའི་སྤྱི་ཚོགས་ཁྲོད་བྱུང་བའི་གནས་ཚུལ་ཛ་དྲག་པའི་གླེང་སློང་ཆེ་ཤོས་ཤིག་ནི། སུ་ཇ་སློབ་གྲྭའི་སློབ་ཕྲུག་གི་རྐྱེན་ཆག་སྐོར་རེད། གནས་ཚུལ་འདི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་མ་ཐག །རྒྱ་ཆེའི་མང་ཚོགས་དག་གིས་སེམས་ཚོར་སྐྱེན་པོས་གླེང་སློང་བྱས་ཡོད་ལ་བྱེད་དགོས་པ་ཞིག་ཀྱང་རེད། འོན་ཏེ་ད་དུང་གནས་ཚུལ་ཇི་མ་ཇི་མ་བཞིན་དང་ཆ་ཚང་བ་ཞིག་ང་ཚོས་ཤེས་རྒྱུ་ལྷག་ཡོད་པའི་ཆད་གསབ་ཏུ། ངས་སུ་ཇ་བོད་ཁྱིམ་ཡིག་ཚང་ནས་ ༢༠༡༡ ཕྱི་ཟླ་ ༨ ཚེས་ ༨ ཉིན་སྤེལ་བའི་ཡི་གེ་དེ་བརྒྱུད་སྤྲོད་བྱ་འདོད་བྱུང་། ཡིག་ཆ་འདིས་སྤྱི་ཚོགས་ཐོག་གླེང་སློང་བྱུང་བའི་སྒྲོ་སྐུར་མང་པོ་ཞིག་སེལ་ཐུབ་ཀྱི་རེད།
ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༨ ཚེས་ ༥ ཉིན་ཚེ་འདས་སློབ་མ་མཁྱེན་རབ་འོད་ཟེར་དང་། ཁང་ཚན་དང་གཙང་སྦྲའི་འགན་བདག་བློ་བཟང་དབྱིག་གཉེན། སློབ་ཨང་། ༠༦།༥༢༥༢།༠༧ དང་། རྒྱ་མཚོ། སློབ་ཨང་། ༠༧།༡༤༢༤།༠༥ བར་ཆེས་བློ་ཕམ་གྱི་གནས་ཚུལ་བརྗོད་དཀའ་བ་བྱུང་དོན། དོ་བདག་འགན་བདག་སོ་སོ་ནས་ཇི་མ་ཇི་བཞིན་ཚིག་ཐོ་བསྡུས་པ། དོན་དམ་གཞི་རྩའི་གནས་ཚུལ་ཆུང་རྩག་ཅིག་གི་རྐྱེན་དབང་གིས་ཚེ་འདས་སློབ་མ་མཁྱེན་རབ་འོད་ཟེར། སློབ་ཨང་། ༠༦།༥༨༦༥།༡༡ ལ་གོང་ཞུས་འགན་བདག་གཉིས་ནས་ཀུན་སློང་བཟང་པོས་འགྲེལ་བརྗོད་ཀྱིས་མཐའ་མར་ཚེ་སྲོག་ཤོར་བ་བློ་ཕམ་གྱི་རང་བཞིན་དུ་གྱུར།
དོན་སྙིང་ཐ་མག་འཐེན་བཅད་ཀྱི་སྐོར་གླེང་བ་དང་། ཚེ་འདས་ལ་ལག་བཀྱག་པའམ་བྲང་ཁོག་ལ་ཁུ་ཚུར་གཞུས་པར་བརྟེན་ས་ལ་འགྱེལ་བ་དང་སྐད་ཆ་བཤད་མ་ཐུབ་པ་དང་འགུལ་བསྐྱོད་རྒྱག་རྒྱུ་མེད་པར་གྱུར་པ། འགན་བདག་གཉིས་དང་ཉལ་ཁང་གཅིག་པའི་སློབ་མ་ཁག་ཅིག་གིས་སློབ་གྲྭའི་སྨན་ཁང་དང་བྷེཇ་ན་ཐའི་མངའ་གཞུང་ས་གནས་སྨན་ཁང་དུ་ཁྱིམ་སྡེའི་སྨན་ལས་བཅས་སྨན་པར་བསྟེན་གཏུགས་བྱས་ཀྱང་དོན་འབྲས་སྨིན་པ་མ་བྱུང་བར་འདས་གྲོངས་སུ་གྱུར་པས་ཕྱིར་སློབ་གྲྭར་ལོག་པ་བཅས་ཀྱི་གནས་ཚུལ་ཞིབ་ཕྲ། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༨ ཚེས་ ༧ ཉིན་ཚེ་འདས་སློབ་མའི་ཨ་ཞང་སེ་ར་བྱེས་ཏྲེ་ཧོ་སྔགས་རམས་པ་བློ་བཟང་རྣམ་རྒྱལ་ལགས་དང་། གཅེན་པོ་བློ་བཟང་ཐུབ་བསྟན་ལགས། དགེ་བཤེས་བློ་བཟང་ཆོས་ལྡན་ལགས། སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་བཅས་ལ། གོང་ཞུས་འགན་བདག་གཉིས་དང་སྐབས་དེར་གནས་ཚུལ་ཇི་བྱུང་དངོས་སུ་མཐོང་བའི་སློབ་མ་བསྟན་འཛིན་བྱམས་པའི་ཚིག་ཐོ་བཅས་འབུལ་ལམ་དང་སྦྲགས་ངག་ལམ་ནས་ཀྱང་སློབ་མས་འགྲེལ་བརྗོད་བྱུང་བ་དྲང་པོར་ཞུས་པ་དང་། དོན་དམ་ད་རེས་ནོར་འཁྲུལ་ཚད་ལས་འདས་པ་བྱུང་བར་ཚེ་འདས་སློབ་མའི་ཨ་ཞང་ལགས་དང་། གཅེན་པོ། དགེ་བཤེས་བློ་བཟང་ཆོས་ལྡན་ལགས། སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་བཅས་ལ་དགོངས་གསོལ་དང་ཐུགས་གསོ་བློ་འགྱོད་དྲག་པོ་དང་བཅས་ཞུས།
དགེ་བཤེས་བློ་བཟང་ཆོས་ལྡན་ལགས་ནས་ནོར་འཁྲུལ་ལ་གཞིགས་པའི་ཁྲིམས་གཅོད་ཇི་འདྲ་གནང་གི་ཡོད་མེད་སྐོར་ཕེབས་པར།
ཁྱིམ་སྡེའི་འགན་འཛིན་ལྷན་ཚོགས། ༢༠༡༡།༨།༧ ཕྱི་དྲོ་ཚོགས་པའི་གྲོས་ཆོད་དུ། འགན་བདག་རྣམས་ལ་ཉེས་རྡུང་གཏོང་མི་ཆོག་པར་ཉེས་རྡུང་བཏང་བ་དང་། མཐར་སྲོག་ཤོར་བ་བཅས་བྱུང་བ་ནི་བློ་ཕམ་དང་སེམས་སྐྱོ་བའི་རང་བཞིན་དུ་གྱུར། དུས་ཡུན་ཆུ་ཚོད་རིང་པོ་བཏངས་ཏེ་ཕན་ཚུན་གྲོས་མོལ་གྱིས་མཐར་འགན་བདག་གཉིས་ཁྱིམ་སྡེའི་སློབ་གྲྭ་ནས་ཕྱིར་འབུད་བྱ་རྒྱུ་ངེས་པ་གྲོས་ཐག་ཆོད།
གནས་ཚུལ་དགེ་བཤེས་ལགས་རྣམ་པར་འབྲེལ་ལམ་ཞུས་པར། ཐག་གཅོད་ཡག་པོ་བྱུང་འདུག །ཐོག་མར་ཕེབས་སྐབས་འཆར་གཞི་སྒྲིག་སྟེ་ཕེབས་པ་དང་ཐག་གཅོད་ཕུང་པོ་མ་བཏོན་གོང་དགོས་ཡོད་ཞེས་བརྗོད་ཡོད། རྒན་བདག་གཉིས་ནས་ཉེས་བརྡུང་བཏངས་ཏེ་ས་ལ་རིལ་བའི་སྐབས་དེར་ཉེས་རྡུང་པ་ཁོ་པ་ངུ་བཞིན་དུ་ཡོད་པ་བྱུང་ཚོད་འདུག་པ། དོན་དམ་ཁོ་པ་གཉིས་ཀྱང་བོད་ནས་རྒྱ་གར་དུ་སློབ་སྦྱོང་ཆེད་འབྱོར་བ་གཅིག་པ་རེད། ད་རེས་ཀྱི་གོ་སྐབས་འདི་ནས་ཤོར་ཚེ་རང་བཞིན་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ལས་མེད་སྟབས་སུ་ཇ་སློབ་གྲྭའི་སྐྱིད་སྡུག་ནས་བྲལ་མི་དགོས་པ་ད་མུར་འཇོག་རྒྱུ། དེ་ཡང་ཁོང་རྣམ་པས་ཕེབས་དགོངས། ༧རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མི་འགལ་བ། ༧གོང་ས་མཆོག་ནས་གསུང་ཆོས་ཇེ་མང་ཞུས་པ། སངས་རྒྱས་ཀྱི་ན་བཟའ་མནབས་པ་བཅས་ཀྱིས་གོ་མ་ཆོད་པ་ལྟ་བུར་སོང་། ད་རེས་ཁོ་པ་གཉིས་མུ་མཐུད་གནས་སྡོད་ཆོག་པ་དང་། སྒྲིག་འགལ་བྱུང་བས་མི་ཚེ་ཆུད་ཟོས་སུ་གཏོང་འདོད་མེད། འདས་གྲོངས་སུ་གྱུར་པ་ལའང་ཕན་ཐོགས་གང་ཡང་ཡོད་མ་རེད། ཁོང་གཉིས་ལ་ཆད་པ་ཆོས་དང་མཐུན་པ་ཞིག་གཏང་ཚེ་ཕན་ཐོགས་དངོས་འབྲེལ་ཡོང་རྒྱུར། སྔ་དགོང་སློབ་གྲྭའི་ཞལ་འདོན་ཡུན་ཕྱག་འཚལ་རྒྱུ་དང་ཚོམས་ཆེན་གཙང་འཕྱིད་བྱ་རྒྱུ་ལོ་གཅིག་ཙམ་བྱས་ཚེ་མི་བསད་པའི་སྡིག་པ་ནས་མྱུར་དུ་ཐར་ཐབས་དང་ངན་སོང་ལ་མི་སྐྱེ་བ་བཅས་ཡོང་རྒྱུར་ཕན། ཡང་ཁོང་གཉིས་ནས་དཔའ་ངོམ་ལྟ་བུའི་རྣམ་འགྱུར་དང་ཚིག་སྤྱོད་བྱས་ཚེ་སློབ་ཕྲུག་གཞན་དང་ཚེ་འདས་ཀྱི་ཕ་ཡུལ་གཅིག་པའི་སློབ་ཕྲུག་རྣམས་བློ་ཕམ་སྐྱེ་གཞིར་སོང་། མ་འོངས་པར་རྙོག་དྲ་མི་བཟོ་བ་དང་འགན་ལེན་བཅས་དོ་བདག་གཉིས་ནས་ཞུ་དགོས་པ་དང་། རྣམ་ཀུན་འགྲོ་སྡོད་སྤྱོད་གསུམ་གྱིས་རྐྱེན་པའི་འཁོན་འཛིན་མི་ཡོང་བ་དམ་དོན་དགོས་རྒྱུ། གལ་ཆེན་དོན་ཆེན་རྟག་ཏུ་དྲན་ཚོར་དགོས་རྒྱུ་ལམ་སྟོན་བཅས་གནང་།
ཁྱིམ་སྡེའི་འགན་འཛིན་དང་སློབ་སྤྱི་གཉིས་ནས་དགོངས་བཞེས་ཧ་ཅང་གི་བཟང་པོ། འཕྲལ་ཕུགས། འདི་དང་ཕྱི་མ། བོད་སྤྱི་པའི་དགོངས་པ། སློབ་མ་གཉིས་ལ་ཐུགས་བསམ་ཆེན་པོ་བཞེས་པ་བཀའ་དྲིན་ཆེ་ཆེ་ཞུས་པ་དང་། འདི་ནས་ཀྱང་གནས་ཚུལ་འདི་རིགས་མི་ཡོང་བར་འབྲེལ་ཡོད་ཚང་མར་འབོད་བསྐུལ་སྔར་ལྷག་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་ཞུས།
དེ་རྗེས་དགེ་བཤེས་ལགས་རྣམ་པ་འགན་འཛིན་ལྷན་ཚོགས་ཐོག་ཕེབས་ཏེ་གནས་ཚུལ་གསལ་བཤད་དང་ཚོགས་མི་རྣམ་པར་ཡང་ཞུ་ཕྱོགས་ལམ་སྟོན་བཅས་ཐུགས་ཉེ་པོའི་ཐོག་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞེས་ཞུས།
ཡང་ ༢༠༡༡ ཕྱི་ཟླ་ ༨ ཚེས་ ༨ ཉིན་ཁྱིམ་སྡེའི་ཡིག་ཚང་དུ་དགེ་བཤེས་ལགས་རྣམ་པ་བཞི་དང་། གཙང་སྦྲའི་འགན་བདག་སློབ་མ་རྒྱ་མཚོ་དང་ཁང་ཚན་འགན་བདག་བློ་བཟང་དབྱིག་གཉེན། སློབ་སྤྱི་བསོད་ནམས་སྲི་ཆོས་ལགས། ཕྲན་འགན་འཛིན་བཅས་ལྷན་འཛོམས་ཐོག་སློབ་མ་གཉིས་ལ། དགེ་བཤེས་བློ་བཟང་ཆོས་ལྡན་ལགས་ནས། ཁ་སང་། ༢༠༡༡།༨།༧ ཉིན་འགན་འཛིན་ལྷན་ཚོགས་ཐོག་བཀའ་མོལ་ཇི་གནང་ངོ་སྤྲོད་དང་། ལྷག་པར་དུ་སློབ་གྲྭའི་སྐྱིད་སྡུག་ནས་ཕྱིར་འབུད་མི་དགོས་པར་ཞུ་དོན། སློབ་གྲྭའི་མཚན་སྙན། ལར་རྒྱ། བོད་ནང་གི་ཕ་མའི་བསམ་བློར་༧རྒྱལ་བ་རིན་པོ་ཆེར་བུ་ཕྲུག་རྩིས་འབུལ་ཞུས་ཡོད་ཅེས་བློ་བདེ་པོ་བྱ་ཡི་ཡོད་རེད། གལ་སྲིད་འདི་ལྟ་བུའི་གནས་ཚུལ་རྒྱ་མིས་ཐོས་པ་བྱུང་ཚེ་བཙན་བྱོལ་བོད་པའི་སློབ་གྲྭའི་ནང་མི་གསོད་ཁྲག་སྦྱོར་སོགས་ཀྱི་གནས་ཚུལ་མང་དག་སྤེལ་རྒྱུར་སོང་བོད་མིའི་ཞབས་འདྲེན། ༧གོང་ས་མཆོག་གི་བཀའ་སློབ་དགོངས་གཞི་དང་འགལ་བ་ལ་སོགས་ཡོང་སྲིད་པས། དེ་དོན་ལྷག་བསམ་རྣམ་དག་གིས་ཕན་ཚུན་རྣམ་འགྱུར་བཟང་པོའི་ངང་འབྲེལ་ལམ་བཟང་པོ་དང་སྤོབས་པ་ཆེན་པོ་མ་ཡིན་པ་ཀུན་དང་མཐུན་པ་བྱ་གལ་ཆེ་བ། དོན་སྙིང་དགེ་བཤེས་ལགས་ནས་སྙིང་ཉེ་པོས་ཕུགས་རྒྱང་འཕྲལ་གསུམ་ལ་དམིགས་ཏེ་ལམ་སྟོན་བཀའ་སློབ་གནང་བར་སློབ་མ་གཉིས་ནས་བརྩི་སྲུང་ཞུ་ཡི་ཡིན་ཞེས་ཞུས།
དེ་རྗེས་སླར་ཡང་སློབ་སྤྱི་དང་འགན་འཛིན་གཉིས་ནས་ཀྱང་། དགེ་བཤེས་ལགས་ཀྱི་བཀའ་སློབ་དང་ཁོང་རྣམས་ཀྱི་དགོངས་བཞེས་རྒྱུན་དུ་དྲན་བཞིན་མི་ཚེའི་ནང་འགྱུར་བ་ཆེན་པོ་ཞིག་འཐེབ་པའི་རེ་བ་ཞུ་ཡི་ཡོད་པ་བཅས་ཞུས།
མཐའ་དོན་ ༢༠༡༡ ཕྱི་ཟླ་ ༨ ཚེས་ ༥ ཉིན་གྱི་ཐབས་སྐྱོའི་གནས་ཚུལ་སྔ་རྗེས་ཐོག །ཚེ་འདས་སློབ་མའི་ཨ་ཞང་སྔགས་རམས་པ་བློ་བཟང་རྣམ་རྒྱལ་ལགས། གཅེན་པོ་བློ་བཟང་ཐུབ་བསྟན་ལགས། དགེ་བཤེས་བློ་བཟང་ཆོས་ལྡན་ལགས། སྐུ་ཞབས་བཀྲ་ཤིས་ཚེ་རིང་དང་། ཁྱིམ་སྡེའི་སློབ་སྤྱི་བསོད་ནམས་སྲི་ཆོས་ལགས། འགན་འཛིན་དངོས་གྲུབ་དབང་འདུས་བཅས་ཕན་ཚུན་གནས་ཚུལ་ཐད་དྲང་པོ་གསངས་པོ་དང་ལྷུག་པོ་བཅས། དོན་སྙིང་ཕྱིས་འབྱུང་འདི་ལྟ་བུའི་གནས་ཚུལ་མི་ཡོང་བར་སློབ་ཕྲུག་ལས་བྱེད་ཡོངས་ནས་དོ་སྣང་དང་གཟབ་གཟབ་བྱ་རྒྱུའི་བཀའ་སློབ་ལམ་སྟོན་ཟབ་མོ་བསྩལ།
སློབ་གྲྭའི་ངོས་ནས་དགེ་བཤེས་རྣམ་པ་ནས་དགོངས་བཞེས་གནང་ཕྱོགས་དང་། ལྷག་པར་དུ་ད་རེས་སློབ་མ་གཉིས་ལ་བཀའ་སློབ་ལམ་སྟོན། ཆོས་དང་མཐུན་པའི་སྡིག་སྦྱོང་བཅས་ཀྱི་ལམ་སྟོན་འདི་ལྟ་བུ་འདི་ཕྱི་གཉིས་ཕན་དང་ཕྱིས་འབྱུང་སློབ་མ་བྱིངས་ལའང་ལེགས་སྤེལ་ཉེས་འགོག་གི་ཚོར་བ་བསྐྲུན་ཐུབ་པ། ལྷག་པར་དུ་༧གོང་ས་མཆོག་གི་བཀའ་སློབ་དགོངས་གཞི་དང་། ད་རེས་གནས་ཚུལ་ཐབས་སྐྱོ་པོ་འདི་ལྟ་བུ་བྱུང་བར་ངེད་རྣམས་ལ་ཕྱིས་འབྱུང་ལས་དོན་ཞུ་ཕྱོགས་ཀྱི་ལམ་སྟོན་བླ་མ་གཅིག་གི་སློབ་མ། མི་རིགས་གཅིག་པ་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བཅས་ལ་དགོངས་ཏེ་ལམ་སྟོན་ཐུགས་རྗེ་ཆེན་པོ་གནང་བ་བཅས། ཁྱབ་ཁོངས་ལས་སློབ་ཡོངས་ལ་རིམ་བཞིན་གསལ་བཤད་དང་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་བཅས། ཞེས་བཀོད་འདུག །
འདོད་པ་རྩ་བ་ནས་མི་ཁེངས་པའི་གྲོས་ཆོད་ཅིག་བཞག་འདུག ཕྱིན་ཆད་རྒྱལ་སྤྱིའི་བཅའ་ཁྲིམས་བཞིན་སློབ་ཕྲུག་ཕོ་མོ་སུ་ཡིན་ཡང་རྒན་བདག་སོགས་ཀྱིས་ཉེས་རྡུང་རྩ་བ་ནས་བཏང་མི་ཆོག་པའི་ཁྲིམས་ལུགས་ཤིག་བཟོས་མ་སོང་། ད་དུང་བྲན་གཡོག་སྤྱི་ཚོགས་དང་ཞིང་བྲན་ལམ་ལུགས་ཀྱི་བྱེད་སྟངས་ལས་གཉིད་སད་མི་ཐུབ་པ་ག་རེ་ཡིན་ནམ། ངོ་མ་སེམས་སྐྱོ་སོང་།
ད་བྱས་དུས་མི་བསད་ན་གུ་ཡངས་ཡིན་ས་རེད། གསོད་མཁན་ཚོ་ངོ་མ་སྐྱིད་གི ང་འདས་པོ་དེའི་གཉེན་ཉེ་ཞིག་ཡིན་ན་རྒྱ་གར་ཁྲིམས་ཁང་དུ་གཏུགས་འཇོག་རྒྱུ་མ་གཏོགས་ལས་ཀ་གང་ཡང་མི་བྱེད། འདས་པོ་ཚོའི་འབྲེལ་ཡོད་རྣམས་དེ་འདྲའི་སྐྱག་ཤོར་ཞིག་ཡིན་པ་ལའང་། མ་གཞི་སྐྱོ་བྲག་དགའ་དབང་གིས་ཉེ་ཆར་ལྕགས་མོ་འཚོ་དང་གསང་བའི་བརྩེ་འདུན་གྱི་འབྲེལ་བ་ཡོད་མདོག་ཅིག་བྲིས་ནས་དྲ་ཐོག་ཏུ་བཀོད་པར། མཛངས་མ་ལྕགས་མོ་འཚོས་སྐྱོ་བྲག་དང་འབྲེལ་བ་ཡི་ཡང་མེད་པའི་གསལ་བཤད་བྱས་རྗེས་སྐྱོ་བྲག་གིས་ལབ་ཚད་ལ་ཡིད་ཆེས་བརླགས་སོང་།
དངོས་གནས། དགེ་བཤེས་ཟེར་བ་དེ་འདྲ་ས་མི་འདུག་ག། དངོས་ཡོད་གནས་སྟང་དང་སངས་རྒྱས་པའི་ཆོས་སྒོ་ཞུགས་པའི་ཕན་འབྲས་རེད་ཐུགས་བསམ་རླབས་ཆེན་བཞེས་ཤག་གདན་ས་ཆེན་པོ་ཞིག་གི་དགེ་བཤེས་ཡིན་ཙང་དགོང་པ་རྒྱ་ཆེ་པོ་བཞེས་པ་ཐུབ་པ་འཚེ་བ་མེད་པའི་ལྟ་གྲུབ་ཉམ་ལེན་མཐར་ཕྱིན་པ་གནང་མཁན། འདི་ཚོ་ང་ཚོའི་དངོས་གནས་སྐྱབས་འགྲོ་རེད། རྗརས་སུ་ཡིད་རང་དང་བསྔགས་བརྗོད་ཡོད།།
ངོ་མ་དགེ་བཤེས་རྣམ་པའི་ཐུགས་རྒྱུད་ཆོས་ཀྱིས་གླན་ཡོད་མེད་མི་ཤེས་མོད། ༧གོང་མཆོག་གི་མཚན་སྙན་དང་དང་བོད་སྤྱི་བའི་དོན་ལ་ཐུགས་བསམ་བཞེས་འདུག ལྷག་པར་དུ་སློབ་བུ་དེ་གཉིས་ཀྱི་མི་ཚེའི་མདུན་ལམ་ལ་ཐུགས་བསམ་བཞེས་འདུག ཉམས་ལེན་ཚང་མ་རང་ཐོག་ཏུ་བླངས་འདུག མི་སུ་ཡིན་ཡང་རང་ཐོག་ཏུ་བབ་དུས་བཟོད་མི་ཐུབ། དོན་རྐྱེན་བྱུང་ཟིན་རྗེས་ཆོས་པ་ཞིག་གིས་དེ་ལས་ལྷག་ཅི་བྱ། སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་འབད་སུ་ཅི་ཞིག གལ་ཏེ་བཅོས་སུ་མེད་ན་ནི། དེ་མི་དགའ་ཅིས་ཅི་ཕན།
རྒྱུད་རིམ་ལ་གནས་ཚུལ་གསལ་པོ་བཟོས་མི་འདུག རྡོག་ཐོ་གཅིག་ཞུས་པ་ཙམ་གྱིས་ཕོ་སར་ཤ་དར་ཁྲག་དར་ཞིག་ཤི་འགྲོ་གི་རེད་དམ། ལག་དམར་བའི་སྐད་ཆ་ལ་ཡིད་ཆེས་བྱེད་ནུས་སམ། དགེ་བཤེས་ལགས་ཀྱིས་ཀྱང་སྙིང་རྗེ་གོ་ལོག་བྱས་འདུག ན་ནིང་དྷི་ལིར་བོད་པ་ནང་ཁུལ་གསོད་རེས་བྱས་དུས་ཀྱང་བྱབ་ཆུང་ཞིག་གིས་སྐད་ཆ་འདི་འདྲ་བར་བཤད་ནས་ངན་པ་ལངས་ཤོར་དུ་གཏང་རབས་འདུག འདི་དག་ངེས་པར་དུ་རྒྱ་གར་གཞུང་གི་ཁྲིམས་ཁང་ནང་དུ་གཏུགས་དགོས་ངེས་རེད། ཅི་བྱས་ན་དེ་བྱོས། འབྱུང་འགྱུར་འདི་འདྲ་བའི་རྙོག་གླེང་མི་ཡོང་བའི་རེ་བ་ཡོད། གཞན་ཕུ་ནུ་ནང་དམེ་བྱེད་མཁན་གྱི་མི་རུལ་འདི་ཚོ་མགོ་བོ་ཇེ་མཐོ་རེད།
ངོ་མ་དགེ་བཤེས་རྣམ་པའི་ ཐུགས་རྒྱུད་ཆོས་ཀྱིས་གླན་ཡོད་མེད་མི་ཤེས་མོད། ༧གོང་ས་མཆོག་གི་མཚན་སྙན་དང་བོད་སྤྱི་བའི་དོན་ལ་ཐུགས་བསམ་བཞེས་འདུག ལྷག་པར་དུ་སློབ་བུ་དེ་གཉིས་ཀྱི་མི་ཚེའི་མདུན་ལམ་ལ་ཐུགས་བསམ་བཞེས་འདུག ཉམས་ལེན་ཚང་མ་རང་ཐོག་ཏུ་བླངས་འདུག མི་སུ་ཡིན་ཡང་རང་ཐོག་ཏུ་བབ་དུས་བཟོད་མི་ཐུབ། དོན་རྐྱེན་བྱུང་ཟིན་རྗེས་ཆོས་པ་ཞིག་གིས་དེ་ལས་ལྷག་ཅི་བྱ། སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་འབད་སུ་ཅི་ཞིག གལ་ཏེ་བཅོས་སུ་མེད་ན་ནི། དེ་མི་དགའ་ཅིས་ཅི་ཕན།
ངན་༷པ་ལ་ངན་པར་མི་བརྩི་ནི་ངན་ལ་ལང་ལ་ཤོར་རྒྱུ་རེད་ཟེར་བ་དེ་ངོ་མ་བདེན་པ་རེད། བདེན་པ་རེད། ནག་ཉེས་པ་དེ་བོད་ནས་གསར་དུ་འབྱོར་བ་ཡིན་ཤས་ཆེ། ཡིན་ན་ཡང་། དེ་ཡིན་ན་ཡ་རབས་སྤྱོད་བཟང་དང་ཉོམས་ཆུང་ཚུལ་མཐུན་བགྱིད་དང་། དྲག་སྤྱོད་ཀྱི་ལས་ཀ་སྤེལ་རྒྱུ་མཚམས་འཇོག་བགྱིད་དང་། དུས་རབས་དང་མཐུན་པའི་འགྱུར་བགྲོས་ལ་སློབ་དང་། གནའ་སྔ་མོ་ང་ཚོ་བོད་ཀྱི་ལམ་ལུགས་དེ་ཡོངས་སུ་དོར་ནས་དུས་རབས་དང་མཐུན་པའི་འགྱུར་བགྲོས་ལ་དང་དོད་བྱེད་དགོས། སྤྱིར་བཏང་བོད་ནས་གསར་འབྱོར་བའི་རིགས་ཀྱི་རྒན་བདག་གམ་ཡང་ན་སློབ་དགེ་འམ་ཆོས་དགེ་སོགས་གང་བྱེད་ཀྱང་སློབ་ཕྲུག་ལ་ཉེས་བརྡུང་བཏང་ནས་སློབ་གསོ་སྤྲོད་པ་དེ་ཐབས་མཆོག་ཏུ་མཐོང་གིན་ཡོད་པའི་བཟོ་འདུག ཕྱོགས་གང་དུ་བལྟས་པ་ཡིན་ན་ཡང་དེ་མཚུངས་མཐོང་རྒྱུ་འདུག ངོ་མ་སྐྱི་གཡའ་བའི་གནས་སྟངས་རང་རེད།
མཆན་བུ་ཁ་ཤས་ཤིག་དངོས་གནས་ངར་དགོད་ཀི ད་དུང་གོ་རིམ་ལྡན་པའི་སྒྲིག་ཁྲིམས་བཟོས་མི་འདུག་ཀྱང་ལབ་ཀོ་ཀི དངོས་གནས་བྱས་ན་རྒྱ་གར་ཁྲིམས་ཁང་ལ་གཏུག་ཀྱང་འགྲིག་གི་རེད། ཁོང་གི་སྤུན་མཆེད་དང་དགེ་བཤེས་རྣམ་པའི་འདི་མ་མཁྱེན་པའང་མ་རེད། སྤྱིར་བཏང་མི་ཕལ་བ་ཅིག་ལ་མཚོན་ན་འདི་འདྲའི་གནས་ཚུལ་ལྷག་དུས་བཟོད་བསྲན་ཐུབ་རྒྱུ་དཀའ་མོ་ཞིག་རེད། དངོས་གནས་དཀྱེལ་ཡངས་ཀྱི་བསམ་བློ་བཏང་འདུག་པས་ཐུགས་རྗེ་ཆེ་ཞུ་ན་འདོད་སོང་། སློབ་གྲྭའི་ངོས་ནས་སྒྲིག་གཞི་ག་འདྲ་བཟོས་ཀྱང་འཁོན་འཛིན་ཙག་ཙིག་རེ་འབྱུང་མི་སྲིད་པ་མ་རེད་ལ་དེའི་བར་ནས་གནས་ཚུལ་ག་འདྲ་ལྷག་རྒྱུའང་བཤད་མི་ཐུབ་པ་ཞིག་རེད། འདི་ལྟ་བུའི་གནས་ཚུལ་ལྷག་ཀྱང་སློབ་གྲྭའི་ངོས་ནས་ཕྱི་ཕུད་བྱ་རྒྱུ་ལས་ཁྲིམས་གཏུགས་བྱ་མི་སྲིད་པ་ཞིག་རེད།
གནས་ཚུལ་དེའི་འབྱུང་རྐྱེན་ནི། བོད་པའི་སློབ་ཕྲུག་ཚོས་འཁྲུག་རྩོད་དང་མི་བསོད་ཀྱི་གློག་བརྙན་བལྟ་རྒྱུ་མང་དྲག་པས་ཡིན། ཁོང་ཚོ་གློག་བརྙན་ཇི་བཞིན་འདས་པོའི་འཆིང་གུང་འོག་ཏུ་ཁུར་ཚུགས་མེ་འབར་བ་ཞུས་པས་ཡིན། དགེ་རྒན་ཡིན་ནའང་དགེ་ཕྲུག་ཉེས་དུས་བསམ་བློ་གནད་དུ་ཕབ་པ་དགོས་པ་རེད། ད་ནས་བཟུང་དགེ་ཕྲུག་ལ་ཉེས་དུས་དབྱུག་པ་དང་ཐག་པའི་རྐུབ་དང་ལྒལ་པའི་སྟེང་མ་གཏོགས་ཞུས་མ་ཆོག་པ་བཟོ་དགོས་རེད།
རྗེས་མ་དགེ་ཕྲུག་གློག་རྒྱུགས་ཀྱིས་ཉེས་པ་དང་། གྲིས་ཉེས་པ། ཐོ་བས་ཞུས་པ་སོགས་དང་། ཡང་སྐེ་བཙིར་ནས་བསད་པ་ཡོང་སྲིད་ཀྱི་རེད། འོ་རེད་ཁ་སེང་གི་བོད་མོའི་སྣ་གཅོད་མཁན་གྱི་མི་དང་། ད་ཐེངས་ཀྱི་མི་གསོད་མཁན་གྱི་མིའི་པར་རེ་ཁྱབ་བསྒྲགས་བཏང་ན་ཉེས་པ་ཡག་པོ་ཡོང་ས་རེད།
དགེ་བདག་གཉིས་པོར་ཆད་པ་དེ་གྲྭ་པ་བཟོ་རོགས། དགེ་བཤེས་ལགས། ཧ་་ཧ།
གདན་ས་ཆེན་པོར་གཞུང་ཆེན་གྱི་སྦྱངས་པ་མཐར་རུ་སོན་ཅིང་། ཐུབ་པའི་བཀའ་ལུང་ངོ་ལྐོགས་མེད་པར་བསྒྲུབས་པའི་དགེ་བཤེས་རྣམ་པའི་མཛད་བཟང་ལ་རྗེས་སུ་ཡིད་རངས་ཞུ། ཡིན་ན་ཡང་སུ་ཇ་སློབ་གྲྭའི་དབུ་ལས་ཡོངས་ནས་གླ་ཕོག་མཆོད་ཐུབ་པ་ཙམ་གཅིག་པུ་མིན་པར་འགན་འཁྲི་ཡོད་པའི་ཐོག་ནས་ནམ་རྒྱུན་སློབ་མའི་ཀུན་སྤྱོད་ལ་བརྟག་ཞིབ་ནན་པོ་བྱས་ཏེ་རྗེས་སུ་བྱ་ངན་དེ་འདྲ་དུས་ནམ་ཡང་མི་ལྷག་པ་བྱ་དགོས། དེང་སྐབས་འཛམ་གླིང་ཕྱོགས་ཀུན་ཏུ་༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་གཞི་རྩའི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ཡ་རབས་བཟང་་སྤྱོད་གོང་འཕེལ་དུ་གཏོང་དགོས་གསུངས་པའི་བཀའ་དེ་དག་ལ་དོན་སྣང་ཆེན་པོ་བྱེད་བཞིན་པ་ལྟར་རང་རེའི་སློབ་གྲྭའི་དབུ་ལས་རྣམ་པས་ཀྱང་མཁྱེན་དགོས་པ་ཞིག་ཡིན།
ད་འགྲིགས་མི་འདུག མ་འོངས་པར་ཡང་བསྐྱར་འདི་འདྲ་ཡོང་གི་རེད། སྤྱིར་ན་གསོད་མཁན་དེ་ཚོའི་མགོ་ལ་ཡང་སྐྱོན་ཆ་ཚང་འགེལ་རྒྱུ་ཡོད་པ་མ་རེད། མི་ཞིག་གིས་ཚུར་རྡུང་གྲབས་བྱེད་ཡོང་དུས་རང་སྲུང་བྱེད་པའི་ཐོབ་ཐང་སུ་ཡིན་ཡང་ཡོད་པ་རེད། མ་འགྲིགས་པ་ཚང་མ་སློབ་གྲྭའི་སྒྲིག་ལམ་དེ་ཚོས་འགྲིགས་གི་མི་འདུག དགོས་མི་དགོས་པའི་ཁྲིམས་མང་ཐག་ཆོད་ཅིག་བཞག དེ་གླགས་མི་ཁེལ་དུ་བརྡུངས་རེས་འཛིངས་རེས་ཐུག མི་གསོད་ཁྲག་སྦྱོར་ཐུག་ཚར་དུས་སྐྱག་པ་རྐུབ་འོག་ཏུ་སྦས་ནས་ཡུལ་ཁྲིམས་ཀྱི་སྟངས་འཛིག་ལ་ཡང་འགྲོར་མི་འཇུག་པ་འདིའི་བཙལ་བྱོལ་ནང་དུ་ཁྲིམས་མེད་ལུགས་མེད་ཀྱི་རྣམ་པ་ཇེ་ཆེར་འགྲོ་བཞིན་འདུག
དཔེར་ན་ཐ་མག་འཐེན་པ་ལྟ་བུ་ཡིན་ན་རང་རང་ལ་དངུལ་ཡོད་ན་ཐ་མག་འཐེན་མི་ཆོག་ལབ་རྒྱུ་ཡོད་པ་མ་རེད། ཡིན་ན་ཡང་ཐ་མག་འཐེན་སའི་ས་མིག་ལོག་ཁ་བཟོ་དགོས་པ་རེད། དཔེར་ན་ཉལ་ཁང་ནང་དུ་འཐེན་ན་འགྲིགས་གི་མ་རེད། སློབ་ཁང་ནང་དུ་འཐེན་ན་འགྲིགས་གི་མ་རེད། ཚོགས་ཁང་ནང་དུ་འཐེན་ན་འགྲིགས་གི་མ་རེད། ཁང་པའི་ཕྱི་ལོགས་སུ་ཐོན་ནས་ཐོག་ཁེབས་ལས་མི་ཊུར་གསུམ་གྱི་རྒྱང་བཀྱེད་ནས་འཐེན་ན་འགྲིགས་གི་རེད། དེ་ཕྱི་རྒྱལ་གྱི་སློབ་གྲྭ་ཚོའི་སྒྲིག་ཁྲིམས་རེད། མ་མཐའ་ཡང་མི་གསོད་རེས་བྱེད་མི་དགོས་ཙམ་ཡོང་གི་རེད།
མི་ཡི་སྤྱི་ཚོགས་ལ་མི་ཡི་སྒྲིགས་ཁྲིམས་ངེས་པར་དུ་དགོས་པར་འདོད། མི་ཡི་སྤྱི་ཚོགས་ཀྱི་སྒྲིགས་ཁྲིམས་ལ་སྙིང་རྗེས་གཏོར་གཤིག་བཏང་ན་དེ་ནི་ངན་པ་རྒྱ་ཡན་ཏུ་གཏོང་པ་ཞིག་རེད། ད་དུང་ཁྲིམས་མེད་ལུགས་མེད་ཟེར་ན་ཡང་དེ་རེད། གོང་དུ་མི་གསོད་མཁན་དེ་ཚོ་ལ་སློབ་གྲྭ་ནང་དུ་གད་བརྒྱབ་པ་ཙམ་གྱིས་ཉེས་པ་དག་འགྲོ་བ་ལྟ་བུ་བཟོས་འདུག འདི་འདྲའི་སྐབས་ལ་ངེས་པར་དུ་སྤྱི་ཚོགས་ཀྱི་དགེ་སྐྱོན་ལ་བལྟ་དགོས་པ་ལས། མི་རེ་ཟུང་གི་ངོ་ལ་བལྟས་བསྡད་ན་སྤྱིའི་ཆ་ནས་འཐུས་ཤོར་ཆེན་པོ་འགྲོ་རྒྱུ་རེད།
མདོར་བསྡུས་ནས་བཤད་ན་སྤྱི་ཚོགས་ཀྱི་སྒྲིགས་གཞི་མ་རབས་ཐ་ཤལ་གྱིས་གཏོར་གཤིག་བཏང་པ་དང་། སྙིང་རྗེས་གཏོར་གཤིག་བཏང་པ་གཉིས་ཀ་གྲུབ་འབྲས་ཀླད་ཀོར་རེད།
ངའི་བསམ་པར་གཙོ་བོ་ཀུན་སློང་ལ་རག་ལས་ཡོད་པས་འགན་བདག་གཉིས་ཀྱིས་ཀུན་སློང་ཕ་རོལ་པོ་དེ་བསད་དགོས་བསམ་པའི་ཀུན་སློང་ཞིག་འཁྱེར་ནས་ཁུ་ཚུར་བཞུས་པ་ཞིག་མིན་པ་ང་ལ་ཡིད་ཆེས་གཙང་མ་ཡོད། དེར་བརྟེན་ཁོང་གཉིས་ལ་ཡང་བསྐྱར་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
རྒན་བདག་ཟེར་བ་འདི་ག་རེ་བྱས་ནས་དགོས་པ་རེད། དེ་སློབ་གྲའི་དགེ་རྒན་དང་ལས་བྱེད་སོགས་ཀྱིས་སློབ་མ་ཚོར་ལྟ་རྟོགས་བྱེད་རྒྱུའི་ལས་འགན་དེ་སྒྲུབ་མ་འདོད་པར་སློབ་ཕྲུག་ཚོའི་མགོར་གཡོགས་པ་རེད། དགེ་ལས་ཚོར་གླ་ཕོག་ཡོད་ཀྱང་སློབ་ཕྲུག་རྒན་བདག་ཚོར་ཁེ་ཕན་རག་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་རང་ཉིད་ཀྱི་སློབ་སྦྱོང་གི་དུས་ཚོད་འཕྲོ་བརླག་ཏུ་བཏང་བ་མ་ཟད་ངན་པ་ལང་ཤོར་ཆགས་ནས་སློབ་ཕྲུག་ཉམ་ཆུང་ཚོར་རྒྱུན་དུ་ཐུབ་ཚོད་བྱེད་རྒྱུ་དང་གོ་སྐབས་བཟུང་ནས་མཐུན་པོ་མེད་མཁན་ཚོར་རྒོལ་ལན་སློག་རྒྱུ་སོགས་བྱས་ནས་ཐ་མ་དེར་ཆེད་དུ་བསད་པ་མིན་ཡང་ལག་ཉེས་ཤོར་བ་འདི་རིགས་ཡོང་གི་ཡོད་པ་རེད། སློབ་ཕྲུག་ཉམ་ཆུང་ལ་ལས་རྒན་བདག་གི་བསུན་བཙིར་མ་བཟོད་པར་འུ་ཐུག་ཐབས་ཟད་ངང་སློབ་གྲ་ནས་རྩ་དགོངས་ཞུ་བའམ་བྲོས་བྱོལ་འགྲོ་བ་སོགས་ཀྱང་ཡོང་གི་ཡོད་ ཁྲིམས་གཏུགས་བྱེད་ན་སྒང་གི་དབུ་འཛིན་དང་སློབ་སྤྱི་སོགས་གཏུགས་དགོས་པ་རེད། མི་དགོས་པའི་རྒན་བདག་ཞིག་བསྐོས་ སློབ་ཕྲུག་ཅིག་གིས་ང་ལ་རྒན་བདག་གིས་རྡུང་གིན་འདུག གསོད་ས་རེད་སོགས་དགེ་ལས་ཚོར་ཞུ་སྐབས་ སྡུག་གྱོང་རེད། སོ་སོའི་ནོར་འཁྲུལ་རེད་སོགས་ཟེར་བ་ལས་རྒན་བདག་གིས་གཞན་ལ་ཐུབ་ཚོད་བཏང་ཡང་སྐྱོན་མེད་པར་བརྩི་བའི་ཉེར་ལེན་གྱིས་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ཐབས་སྡུག་འདི་རིགས་ཡོང་གི་ཡོད་པ་རེད། དེར་བརྟེན་རབ་བྱུང་ན་དགེ་ལས་ཚོས་འགན་མང་ཙམ་ཁུར་ནས་རྒན་བདག་ཟེར་བ་མེད་པ་བཟོ་དགོས། མ་མཐར་ཡང་རྡུང་མི་ཆོག་པ་ངེས་པར་བཟོ་དགོས་པ་ལས་འདི་མུས་སུ་བཞག་ན་འགྲིག་ཐབས་རྩ་ནས་མེད།
ཀླུ་སྨྱོན་ཟེར་བ་དེ་གྲྭ་བ་ཞིག་ཡིན་པའི་མི་ཚད་སྤྲུལ་སྐུ་ཞིག་ཀྱང་རེད་ཟེར། ངོ་མ་ཀུན་སློང་དེ་ཙམ་ཞིག་ལས་འབྲི་མི་ཤེས་པ་དང་བརྗོད་མི་ཤེས་ན་སྟོན་པའི་ན་བཟའ་གྱོན་གོ་ཆོད་མི་འདུག་ལ། བླ་མ་ཞིག་གི་མིང་ཁུར་བ་ཡང་ཚང་མའི་མདུན་ནས་ཡོང་བ་མི་འདུག་ཞེས་དགོངས་ཞུ་ཞུས་ན་ཡག་ཚོད་རེད། གྲྭ་བ་ཞིག་དང་སྤྲུལ་སྐུ་ཞིག་གི་འགན་ཡོད་ཁུལ་ཡིན་ན་ཚཕན་པའི་ལམ་སྟོན་ཞིག་ལས་དབྱེན་དཀྲུག་ཞིག་ཅི་ལ་རྒྱག ཁྱོས་ཀྱིས་མཐོང་མ་སོང་ངམ་དོན་དངོས་ཀྱི་དགེ་བཤེས་ཤིག་དང་གྲྭ་བ་ཞིག་ཡིན་ན་ཁོང་ཚོ་ནང་བཞིན་རེད་འདི་ཕྱི་གཉིས་དང་། སྔ་འདང་གཞུག་གང་འདྲ་མི་འདུག་གམ། ང་མ་ལ་
དགེ་བཤེས་ལགས་རྣམ་པའི་ཐུགས་བསམ་ཡག་པོ་རེད། ཡིན་ན་ཡང་སློབ་གྲྭའི་ངོས་ནས་ད་དུང་བྲན་གཡོག་རིང་ལུགས་དང་། དམར་པོའི་རིང་ལུགས་ཀྱི་བྱེད་སྤྱོད་དེ་ཚོ་རྩ་མེད་བྱེད་རྒྱུར་ཐག་མ་བཅད་ན། ད་ཆ་སུ་ཇར་ཡོད་པའི་སློབ་ཕྲུག་ལྷག་ལུས་རྣམས་ཀྱི་ཕ་མ་སྤུན་མཆེད་དེ་ཚོ་ཐུགས་སེམས་བདེ་བོ་ཡོང་རྒྱུ་ཁག་པོ་རེད། ཨོ་ཧོ་ཧོ།
འདས་པོའི་སྤུན་ཆེད་རྣམས་ནས་དགོང་ཞེས་ཡག་པོ་གནང་འདུག་པས་ལགས་གཉིས་ཐལ་མོ་སྦྱར་ནས་ཐུག་རྗེ་ཆེ་གཞུ་ རེ་ཡ་ སློབ་ཕྲུག་སྟོངས་ཕྲགས་གནས་པའི་སློབ་གྲ་གང་འགྱོག་ཞི་འཇམ་ཡོང་བ་བྱེད་དགོས་འོན་ཀྱང་སློབ་གྲའི་འགན་འཛིན་དང་སློབ་སྤྱི་ལ་འགན་གཙོ་བོ་ཡོད་གང་ཡིན་ཟེར་ན་འདི་ནི་འཛིན་སྐྱོང་བསྒྲིགས་ཁྲིམ་བཟོ་གཏང་གི་གནས་ཚད་མ་འདང་པའི་གནས་ཚུལ་གསལ་པོ་རེད་དེར་བརྟན་ འགན་འཕྲི་ཡོད་པའི་སློབ་སྤྱི་དང་འགན་འཛིན་རྣམས་ལ་འཆད་པ་ནས་བྲལ་བ་གང་ཡིན་ནམ་
སློབ་གྲྭའི་སྒྲིག་ཁྲིམས་ལྷུག་རུ་གཏང་རྒྱུ་དང་། སློབ་ཕྲུག་རྡུང་མི་ཆོག་པ་ངེས་པར་དུ་བཟོ་དགོས། དེ་མིན་འདི་འདྲའི་གནས་ཚུལ་མུ་མཐུད་ནས་ཡོང་ཉེན་ཆེ།
སློབ་ཕྲུག་ཉེས་ཅན་ལ་ཉེས་ཆད་དགོས་ཀྱང་། ཉེས་བརྡུང་བྱ་རྒྱུའི་བརྒྱ་་ཕྲག་དེ་ཡོལ་ཚར་བ་རེད། ཚང་མས་གཟབ་དགོས།
བོད་ནང་གི་བོད་པ་ཚོས་རེ་བ་ཆེན་པོ་རྒྱག་བཞིན་པའི་བཙན་བྱོལ་སྤྱི་ཚོགས་འདི་ན་ཡོད་པ་ནི། ཆབ་སྲིད་ཀྱི་མི་སྣར་བཞེངས་པའི་ལྷག་བསམ་ཅན་རེ་གཉིས་དང་དགོན་སྡེ་གྲྭ་ཚང་ཁག་གི་བསླབ་པ་སློབ་གཉེར་དེ་རེད། དེ་མིན་པ་གང་ཞིག་འདུག་ཅེ་ན། ལྷག་བསམ་ཟོལ་མེད་ཀྱིས་སྐྱོན་བརྗོད་བྱེད་མཁན་རྣམས་ལ་དགྲ་རུ་བལྟ། སྤྲེལ་ལད་དང་ངོ་བསྟོད་བྱེད་པར་དགའ་བའི་གུ་དོག་ཅན་དེ་ཚོ་རེད། དེ་བཞིན་དུ་སློབ་ཕྲུག་གི་མདུན་ལམ་ལ་སེམས་ཁུར་མེད་པའི་དགེ་རྒན་དང་ལས་བྱེད་དེ་ཚོས་བུ་ཕྲུག་གི་ཕ་མའི་རེ་བ་ཆུད་ཟོས་དང་འཐུས་ཤོར། བསམ་བློ་མི་གཏོང་བ་བཅས་རེད།
དོན་རྐྱེན་འདི་ནི་རྒན་བདག་གིས་སློབ་མ་ལ་ལུས་ཀྱི་གནད་ལ་རྒྱག་ཉེས་ཕོག་པ་ལས་བྱུང་བ་ལས་འཁྲུགས་རྩོད་ཀྱི་དབང་གིས་མིན་པས་ཁྲིམས་ཐོག་ནས་བཤད་ཀྱང་སྤྱིར་མི་བསད་པའི་ནག་ཉེས་དང་མི་འདྲ། དེས་ན་དགེ་བཤེས་རྣམ་པའི་གནང་སྟངས་ནི་ཆོས་དང་ཁྲིམས་གཉིས་ཀ་དང་མཐུན་པ་ཞིག་རེད། ཡང་འབུལ་བསྐུལ་ཞུ་རྒྱུ་ཞིག་ལ་རང་རེའི་བོད་པའི་སྤྱི་ཚོགས་ནང་རྒྱ་དམར་གྱིས་ང་ཚོར་སྨད་པའི་ཚིག་རྣམས་བེད་སྤྱད་ནས་རང་རིགས་ལ་སྨད་པ་ནི་སེམས་སྐྱོ་དགོས་པ་ཞིག་རེད། དཔེར་ན་ཞིང་བྲན་ལམ་ལུགས་ཟེར་བ་དང་། གྲལ་རིམ་གྱི་འཐབ་རྩོད་བྱེད་པ་སོགས་བློ་ཕམ་དགོས་པ་རེད།
ངས་བལྟས་ན་གནད་དོན་དེར་དགེ་བཤེས་ཚོས་ཤི་གསོན་ཡོངས་ལ་ཕན་པའི་བྱ་བཟང་ཞིག་བསྒྲུབས་ཡོད་པའི་ངོས་འཛིན་བྱེད་ཀྱིན་ཡོད།